སྐྱོ་བྲག་དགའ་དབང་།
སངས་རྒྱས་ཀྱི་བཀའ་ལུང་གིས་ཟིན་པའི་གང་ཟག་དག་ནི་སྐྱེས་བུ་དམ་པ་ཡིན་པའི་ངོས་འཛིན་གྱིས་ལུང་ལ་འཚང་ཁ་བྱེད་ཅིང་། སྙིང་ཁམས་ཆེ་བ་འགས་ནི་ལུང་རྫུན་བཟོ་ཡང་བྱས་ཡོད། འོན་ཏེ་དོན་དངོས་ལ་ལུང་གིས་ཟིན་ཚད་བཟང་པོ་ཞིག་མིན་པར་ངན་པ་ཡང་ཡོད་དེ། ད་ལྟའི་དགེ་སློང་ཚོའི་གཤིས་སྤྱོད་ལ་བལྟས་ན་ཏིང་འཛིན་རྒྱལ་པོའི་མདོ་ལུང་གིས་གསལ་པོར་ཟིན་པའི་དགེ་སློང་ཤ་སྟག་ཏུ་མངོན་ཅིང་། འདིའི་དགེ་སློང་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་། །དགེ་བ་སློང་དང་ཟས་སློང་དང་། །ཞི་བར་གནས་དང་ལམ་ཞུགས་དང་། །ལེགས་པར་འཚོ་དང་ཆགས་སྤངས་དང་། །ཡིད་འོང་ཕྱིར་ན་དགེ་སློང་ངོ་། །ཞེས་པའི་དགེ་སློང་ངོ་མ་དེ་མིན་པར། དབྱེ་བ་མིང་གི་དགེ་སློང་གང་ཡིན་དང་། །རྟགས་ཙམ་འཛིན་དང་ཡང་དག་དགེ་སློང་སྟེ། །ཞེས་གསུམ་དུ་གསུངས་པའི་ཡ་གྱལ་རྟགས་ཙམ་འཛིན་པའི་དགེ་སློང་དེ་ཡིན། མདོ་ཚིག་རྣམས་གོ་བདེ་བོ་ཡོད་ནའང་ཁ་གསལ་དུ་གཏོང་ཆེད་འཇལ་དཔལ་གྲགས་པའི་གསུང་གྲགས་ཕྲེང་གཞི་ལ་བཞག་སྟེ་འགྲེལ་བཤད་ཕྲན་བུ་རེ་བྱེད་ཀྱི་ཡིན། ལ་ལ་དག་ནི་འདི་སྐད་དུ། །བདག་ཅག་བྱང་ཆུབ་ཞུགས་ཞེས་ཟེར། །ཞེས་པ་ནི་ཐེག་པ་ཆེན་པོའི་ལམ་ཞུགས་ཀྱི་གང་ཟག་ཡིན་པར་ཁས་འཆེ་བའོ། མ་དུལ་ཞིང་ནི་མ་བྱང་བ། །ཞེས་པ་ནི་ལས་ཉོན་མ་བྱང་བས་ཚོགས་གསོག་གི་ཞིང་དུ་གྱུར་པའི་རྒྱུད་ཞི་དུལ་མེད་པའོ། །གཅིག་ལ་གཅིག་ཀྱང་རི་མོ་མེད། །ཅེས་པ་ནི་ཕན་ཚུན་གཅིག་གིས་གཅིག་ལ་དགྲར་མཐོང་བ་ལས་གུས་བཀུར་མེད་པའོ། །ཆོས་དག་ལ་ཡང་མི་གནས་ཤིང་། །ཞེས་པ་ནི་མྱ་ངན་ལས་འདས་པའི་ཆོས་ཉིད་ལ་རབ་ཏུ་མི་གནས་པའོ། །སྒྲ་འདོད་པ་དག་འབྱུང་བར་འགྱུར། །ཞེས་པ་ནི་ཆོས་པའི་མིང་ཁུར་བ་ལ་དགའ་བའོ། །དེ་ལྟ་བུ་ནི་དེ་མོས་ཏེ། །ཤེས་ཀྱི་ཁེ་ནི་ཚོལ་བའི་ཕྱིར། །འདུས་པ་དག་ལ་སེམས་བྱེད་ཅིང་། །རྙེད་པ་འདོད་པ་འབྱུང་བར་འགྱུར། །ཞེས་པ་ནི་རྙེད་བཀུར་གྱི་ཆེད་དུ་དགེ་འདུན་འདུས་པ་རྣམས་འཚོང་བ་སྟེ་དེང་སང་བླ་མའི་ཞིང་ཁ་གྲྭ་ཚང་དུ་གྲགས་པ་དེའོ། །རྒྱགས་དང་བག་མེད་ཟིལ་ནོན་པས། །རྙེད་དང་བཀུར་སྟི་དོན་དུ་གཉེར། །ཞེས་པ་ནི་རྙེད་བཀུར་ཅུང་ཟད་ཐོབ་པས་སེམས་ཁེངས་ཤིང་དྲེགས་ནས་བག་མེད་ཀྱི་སྤྱོད་པས་དུས་འདའ་བའོ། །བཀུར་སྟི་རྙེད་ལ་བརྟེན་ནས་ནི། །ཤེས་ཀྱི་ཁེ་རྣམས་ཚོལ་བ་དག །གཙུག་ལག་ཁང་དང་མཆོད་རྟེན་བྱེད། །ཅེས་པ་ནི་རྙེད་བཀུར་གྱི་ཆེད་དུ་གཙུག་ལག་ཁང་དང་མཆོད་རྟེན་བཞེངས་པའོ། །ཁྱིམ་མི་མོ་ལ་ཆགས་ཤིང་མོས། །ཞེས་པ་ནི་ཁྱིམ་བདག་མོ་ལ་དགའ་ཞེན་བྱེད་པའོ། །དམིགས་པ་དག་ལ་རྟེན་བྱེད་ཅིང་། །ཞེས་པ་ནི་ལྟ་བ་དངོས་འཛིན་ལ་བརྟེན་པའོ། །འདོད་པའི་སྲེད་ལ་ཤིན་ཏུ་གནས། །བདུད་ཀྱི་ཡུལ་དུ་གནས་ནས་ནི། །ཁྱིམ་པ་དག་གི་ལས་བྱེད་འགྱུར། །ཞེས་པ་ནི་འདོད་ཡོན་ལ་ཤིན་ཏུ་ཞེན་པས་བདུད་ཀྱིས་འཆིང་བ་ཁྱིམ་པའི་ལས་ལ་རྟག་ཏུ་འབད་པའོ། །འདོད་པ་མེ་ལྕེ་འདྲ་བ་ནི། །ཁྱིམ་པ་དག་ལ་སྟོན་པར་འགྱུར། །ཞེས་པ་ནི་ཁ་ནས་ཁྱིམ་པ་རྣམས་ལ་འདོད་པ་རྣམས་ནི་མེ་ལྕེ་ལྟ་བུའོ་ཞེས་སྟོན་པར་བྱེད་པའོ། །དེ་དག་གི་ཡང་ཁྱིམ་ཞུགས་ནས། །དེ་ཡི་རིགས་ཀྱང་སུན་བྱེད་འགྱུར། །ཞེས་པ་ནི་སྦྱིན་བདག་གི་ཁྱིམ་དུ་བསྡད་དེ་རིགས་དག་སུན་པར་བྱེད་པའོ། །དེ་དག་ལ་ནི་ཁྱིམ་པ་རྣམས། །སྟོན་པ་ཉིད་དུ་འདུ་ཤེས་འགྱུར། །ཞེས་པ་ནི་ནང་ཆོས་ཀྱི་གོ་རྟོགས་ཞན་པའི་ལས་དང་པོ་རྣམས་ཀྱིས་ཆོས་སྟོན་པའི་བླ་མར་འདུ་ཤེས་པའོ། །རབ་ཏུ་གནས་བཅས་དེ་དག་གི། །བུ་དང་ཆུང་མ་སུན་པར་བྱེད། །ཅེས་པ་ནི་སྡོད་སའི་གནས་ཚང་གི་བུ་སྨད་སུན་པར་བྱེད་པའོ། །སུ་དག་དེ་ལ་ཟས་སྐོམ་གྱིས། །ཕན་འདོགས་པ་ནི་བྱེད་པར་འགྱུར། །དེ་ཡི་བུ་མོ་བུད་མེད་ལ། །ཆུང་མ་ཉིད་དུ་འདུ་ཤེས་འགྱུར། །ཞེས་པ་ནི་རོགས་པ་བྱེད་མཁན་གྱི་སྐྱེས་པའི་བུ་མོ་བུད་མེད་དག་ལ་རང་གི་ཆུང་མ་ཉིད་དུ་འདུ་ཤེས་པའོ། །དེ་དག་འདིར་ནི་རབ་བྱུང་ནས། །ཇི་ལྟར་གཞན་གྱི་བུད་མེད་ཆགས། །ཁྱིམ་པ་བདག་གི་ཆུང་མ་ལ། །དེ་ལྟར་མོས་ཤིང་ཆགས་མི་འགྱུར། །ཞེས་པ་ནི་གཞན་གྱི་བུད་མེད་ལ་ཁྱོ་ག་ལས་ལྷག་པའི་དགའ་ཞེན་བྱེད་པའོ། །ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་པ་ནི་འདུལ་བ་ལས། སྲོག་ཆགས་རྣམས་ཀྱི་སྲོག་མི་གཅོད། གཞན་གྱི་བདོག་པ་མི་འཕྲོག །བགྲོད་པར་བྱ་བ་མ་ཡིན་པ་བགྲོད་པར་མི་བྱེད། རྫུན་གྱི་ཚིག་མི་སྨྲ། མྱོས་པར་འགྱུར་བའི་བཏུང་བ་མི་འཐུང་ངོ༌། །ཞེས་ཁྱིམ་པའི་བསླབ་བྱ་གཞི་ལྔ་གསུངས་པ་ཙམ་གྱི་སྲུང་སྡོམ་ཡང་མེད་པའོ། །དེ་དག་རྔ་དུང་རྫ་རྔ་ཡིས། །ང་ལ་མཆོད་པ་བྱེད་འགྱུར་ཏེ། །མཆོད་པའི་དམ་པ་གང་ཡིན་པ། །ནན་ཏན་འདི་ནི་མེད་པར་འགྱུར། །ཞེས་པ་ནི་ཆོ་ག་ཕྱག་ལེན་དུ་བསྙད་པའི་ཁ་འབུད་ལག་རྡུང་ཙམ་ལས་སྒྲུབ་པའི་མཆོད་པ་དང་བྲལ་བའོ། །དེ་དག་བདག་ཉིད་ཚུལ་ཁྲིམས་འཆལ། །ཚུལ་ཁྲིམས་གནས་པ་མཐོང་ནས་ནི། །ཕན་ཚུན་དུ་ཡང་འདི་སྐད་དུ། །འདི་དག་ངེད་དང་འདྲ་ཞེས་སྨྲ། །ཞེས་པ་ནི་བདག་ཉིས་ཚུལ་འཆལ་ཡིན་ནའང་ཚུལ་ཁྲིམས་དང༌། སྤྱོད་པ་དང༌། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དག་མཐོང་བ་ན་བདག་ཅག་ཇི་ལྟ་བ་འདི་དག་ཀྱང་དེ་དང་འདྲ་བ་ཡིན་ནོ་ཞེས་སྨྲ་བའོ། །སྡིག་པའི་སྤྱོད་ཡུལ་ཚུལ་ཁྲིམས་འཆལ། །དེ་དག་ཚུལ་ཁྲིམས་བསྔགས་ཐོས་ནས། །ཀུན་ནས་ལངས་པ་འདི་སྐད་དུ། །སངས་རྒྱས་མཁྱེན་པ་འདི་མིན་སྨྲ། །ཞེས་པ་ནི་ཚུལ་འཆལ་སྡིག་སྤྱོད་དག་གིས་ཚུལ་ཁྲིམས་ཀྱི་བསྔགས་པ་བརྗོད་པ་ཐོས་ན་ཁོང་ཁྲོ་ལངས་ཏེ་འདི་དག་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྨྲ་བའོ། །དེ་དག་ལ་ནི་ངོ་ཚ་མེད། །དགེ་སྦྱོང་གི་ནི་ནོར་སྟོར་ཏེ། །མི་བདེན་ཚིག་གིས་རྩོད་བྱེད་ཅིང་། །སངས་རྒྱས་བྱང་ཆུབ་རབ་ཏུ་སྤོང་། །ཞེས་པ་ནི་ངོ་ཚ་དང་བྲལ་བས་རྫུན་ཚིག་ལ་བརྟེན་པ་དག་ནི་དད་པ་ལ་སོགས་པ་དགེ་སྦྱོང་གི་ནོར་སྟོར་བས་སངས་རྒྱས་ཀྱི་གོ་འཕང་མི་འཐོབ་པའོ། །ངན་སེམས་ལྡན་པ་དེ་དག་ནི། །སངས་རྒྱས་བསྟན་པ་འདི་བོར་ཏེ། །ཆོས་རྣམས་རབ་ཏུ་སྤངས་ནས་ནི། །མནར་མེད་པར་ཡང་གནས་པར་འགྱུར། །ཞེས་པ་ནི་ངན་སེམས་ཀྱིས་ཀུན་ནས་བསླངས་པའི་སྤྱོད་ལོག་གིས་ཆོས་སྤོང་གི་ལས་བསགས་པས་མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུར་བའོ། །མདོ་ཚིག་འདིས་ནི་རྟགས་ཙམ་འཛིན་པའི་དགེ་སློང་དག་གི་གཤིས་སྤྱོད་དམར་རྗེན་དུ་བསྟན་ཏེ་འགྲོ་ས་དམྱལ་བ་དམར་མེད་ལས་མེད་པར་བཤད་པ་དག་ལ་གཞིས་བྱེས་གང་ནའང་ཡོད་ཅིང་རྒྱ་བླ་ཞེས་མིང་ཐོགས་པ་དག་གིས་བསམ་གཞིག་ཕྲན་བུ་རེ་བགྱིས་ཏེ་ཉེས་པ་ལ་ཉེས་པར་མཐོང་བས་ཡོ་བཅོས་རེ་གནང་ཐུབ་ན་ཅི་མ་རུང་སྙམ་མོ། །
གསང་སྔགས་རྡོ་རྗེ་ཐེག་པའི་སྤྱིའི་ལུང་དང་ཁྱད་པར་ཀརྨ་པ་དེ་བཞིན་གཤེགས་པའི་སྒེར་ལུང་དུ་ཀར་རབས་བཅུ་དྲུག་པ་དང་བཅུ་བདུན་པའི་བར་དུ་ན་ཐའི་མིང་ཅན་མཁན་པོ་དགའ་དབང་ཡང་ལུང་གིས་ཟིན་ཡོད་སྐད་འདུག།
མདོ་པདྨ་ནག་པོ་ལས། སྟོན་པའི་དུས་སུ་དགའ་རབ་དབང་ཕྱུག་དང་།། བཅུ་དྲུག་དུས་སུ་སྟོབས་དགའ་གཡུལ་རྒྱལ་གྲགས།། བཅུ་བདུན་པ་ལ་ཅོ་ཐུག་དགའ་དབང་ཞེས།། དགའ་ཡི་མིང་ཅན་དག་གིས་བསྟན་པ་བསྣུབས།།
སྐྱོ་བྲག་དགའ་དབང་ལགས་ལ་བཀའ་དྲིན་ཆེ་ཞུ། འདིས་ཙམ་ཡང་རྒྱལ་བསྟན་ཡུན་གནས་སྨན་པའི་རྒྱུར་གྱུར་ཅིག་གུ།
མིའུ་ཕྲུག་ལགས། ཐུགས་བསམ་པོ་ཡག་པོ་ཞིག་བཏངནས་མཆན་གནང་ན་བཟང་། ཁྱོད་ཀྱང་མིང་ག་ཚད་གསར་བཟོ་བྱས་ངས་གོ་བཞིན་ཡོད། འོན་ཀྱང་མིང་གསལ་བཀོོད་ཀྱིས་མིན། སྤྱིར་བཏང་ཁྱེད་རང་གི་མཇེ་དང་མཛུམ་མོ་གཉིས་རང དབང་རེད་ཁ་བརྡ་ནང་ལ་དོན་ཆོས་ལུགས་སུ་སྡང་གཟུགས་མ་གནང་ན་དགེ་ད་ལྟ་ཕན་ཚུན་རབ་དཀར་ཞོ་སྨྱོ་ལྟ་བུ་འཇམ་སྐབས། ཁྲག་མཚོ་དུག་རླང་ལྟ་བུ་མ་འཚོར་ན་བཟང་
ཞོ་སྙོལ། ་་་་་་་དོན་མེད་ཆོས་ལུགས། དག་བཅོས་གནང་།
སྲིད་པའི་དོ་རར་ཡིད་སྐྱོ་༽ཞིང་།
དབེན་གནས་བྲག་༽སྟོང་ཕུག་པ་ལ།།
ཏིང་འཛིན་རྩོལ་བ་ལ་དགའ་༽ཞིང་།།
བཀའ་བརྒྱུད་གོང་མའི་རྗེས་ལ་དབང་༽།།
ཞེས་དད་དམ་མོས་གུས་ངང་ནས་གནས་མཆོག་རྡོར་གདན་ནས་སྤྲིངས།།
སྲོག་ཆགས་རྣམས་ཀྱི་སྲོག་མི་གཅོད། །གཅིག་
གཞན་གྱི་བདོག་པ་མི་འཕྲོག །གཉིས།
བགྲོད་པར་བྱ་བ་མ་ཡིན་པ་བགྲོད་པར་མི་བྱེད། །གསུམ།
རྫུན་གྱི་ཚིག་མི་སྨྲ། བཞི་།
མྱོས་པར་འགྱུར་བའི་བཏུང་བ་མི་འཐུང་ངོ༌། །ལྔའོ། །
ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །
ཚུལ་ཁྲིམས་རྣམ་པར་དག་པ་དང་། །
བརློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱི། །
ཚུལ་ཁྲིམས་ཕ་རོལ་ཕྱིན་མཛད་ཤོག །
སྙིང་རྗེ་སྐྱོ་དགའ་ཞལམང་ཙམ་ལས་ ལུང་གིས་བསྟན་དགོས་པ་དེ་འདྲའི་ནུས་པ་ཡོད་མཁན་ཞིག་ཡིན་རྒྱུ་མ་རེད་། བཞི་བརྒྱ་ནད་ཀྱི་རྩ་བ་དེ་སུ་ཡིན་ད་དུང་ཁྱེད་ཚོས་ཤེས་མི་འདུག་ལ་། དམར་ནག་གྱོད་ཀྱི་སྡོང་པོ་ད་དུང་གཏིང་དཔོགས་མི་འདུག་། ཁ་སང་དུས་དེབ་ཐོག་འགྱུར་བསྟན་སོགས་ཀྱིས་བཤད་པ་གནད་ལ་གང་འཚམ་ཡག་པོ་སོང་འདུག་། ཡིན་ན་ཕུང་གཞི་ངོ་མ་་དེ་ཁོང་ཚོས་ ཞལ་ནས་ཤེས་ཡོན་དང་རིག་གཞུང་མ་ནི་འདོན་འདོན་ཤེས་ཀྱང་ ཁོག་ནས་ བསམ་མནོ་བ་དང་ ཤེས་ཡོན་པ་ དེ་བཞིན་ཐོས་བསམ་པ་བཅས་ལ་ཡིད་ཆེས་མེད་པར་བལྟ་ཚུལ་ངན་པ་འཛིན་རྒྱུ་དེ་རེད་། འབྲོང་ཚ་སོགས་ནི་ཕལ་ཆེར་ཁོང་ཚོའི་རྒྱུག་ཁྱི་ཡང་ཡིན་སྲིད་།
སི་ཏུའི་ཀརྨ་པར་ཞེན་ནས། །འབམ་རོམ་བཀའ་བརྒྱུད་བསྟན་པ་བསྣུབས། །ཉེས་ལྟུང་ཡོད་ན་དེ་ལས་མིན། །རང་ཉིད་ཉེས་ལྟུང་གོས་བཀླུབས་ནས། །གཞན་ལ་གྲོས་འདེབས་ལྟུང་བའི་རྒྱུ། །ཁ་ནས་བཤད་བཟོ་སྟབས་འགྲིགས་ཀྱང་། །སྡིག་པའི་རྦབ་རྡོ་རང་གིས་སྒྲིལ། །ཁྱོད་ཀྱི་རང་གཉིས་སྒབ་ནག་པོས། །ལེའུ་ཅན་དང་ཁྲིའུ་ཅན། །ཟ་འཐུང་འགྲོ་བསྐྱོད་ཡོངས་འགར་ན། །ཉེས་ལྟུང་ཁྲི་ཁྲག་ཁྱུར་མིག་གཏོང་། །ད་དུང་སྦོམ་དང་སྤམ་པ་སོགས། །འདུལ་འཛིན་ཁྲོད་དུ་རྒྱ་ཡན་འཆོར། །རང་འཁྲུལ་འདུལ་བའི་དགྲ་རུ་གྱུར། །ཀྱེ་མ་དགའ་དབང་སྐྱོ་བའི་རྒྱུ། །
ཀ་དག་ཆོས་དབྱིངས་ནས་སི་ཏུའི་ཀརྨ་པ་ཞེས་བྲིས་འདུག་པས་དེའེ་འབྲེལ་བཤད་ཁུངས་ལུང་དང་ལྡན་པ་ཞིག་བཀོད་རོགས་ཞུ།
སྐྱོ་བྲག་སོགས་མདོག་ཉེས་པས་དགའ་གྲོགས་མ་རག་་སྟབས་ གཞན་ལ་ཕྲག་དོགས་དང་ཁོང་ཁྲོ་བྱས་པ་ཡིན་སྲིད་ལ་ ཅུང་ཐོས་རྒྱ་ཡོད་མདོག་གནང་བ་དེ་བས་ཡིན་ཤས་ཆེ་།
དགེ་སློང་རྣམ་པ་ལྔ་ནི། སློང་བའི་དགེ་སློང་དང་། མིང་གི་དགེ་སློང་། ཁས་འཆེས་པའི་དགེ་སློང་། བསྙེན་པར་རྫོགས་པའི་དགེ་སློང་། ཉོན་མོངས་དང་བྲལ་བའི་དགེ་སློང་བཅས་ལྔའོ། །ཁྱིམ་པས་འདུལ་བའི་ཕྱག་དཔེ་ཀློག་མི་རུང་བ་བཞིན་་དུ་ཁྱིམ་པས་དགེ་སློང་ཕ་མ་དང་། དགེ་ཚུལ་ཕ་མའི་སྤྱོད་པ་ཡང་གླེང་བའི་འོས་མ་ཡིན་ནོ། །
བོད་ཁམས་ལགས། སྐྱོ་བྲག་དགའ་དབང་ངས་ཡག་པོ་ཡོད་པ་བྱས་། ད་དགའ་གྲོགས་སྐོར་གནས་ཚུལ་ཡོད་ན་ཐབས་སྐྱོ་བོ་རེད། བྱས་ན་སྔ་མོའི་སྐྱོ་བྲག་དང་། སྐྱོ་བྲག་ལ་འགྱུར་བ་ཕྱིན་ཡོད་ཁི། ད་བློ་ཕམ་དགོས་རྒྱུ་མི་འདུག་ཀྱང་། བསྔགས་བརྗོད་བསྟོད་ཚིག་ཞུ་ཡུལ་སྔ་དྲག་ཐལ། སྔོན་ལོ་ཤས་ལ་གནས་བཟང་པོ་གོ་་སྐྱོ་བྲག་གཟོབ་གཟོབ གནང་རོག ཁོང་དེང་སང་བཀའ་བརྒྱུད་ཚང་བླ་བྲང་ཡོད་དམ། རུམ་བཏེག་ལ་ཡོད་དམ། བོད ཁམས་ལ་གསན་ནམ།
སྔོན་གྱི་བཀའ་བརྒྱུད་གོང་མའི་ཕྱག་ཤུལ་དེ་ཏི་སིའི་ཕ་རོལ་ཏུ་བཞག་ནས། ཀམ་ཚང་སྲིད་དོན་གྱི་རྦ་རླབ་ཚོགས་པའི་མཚུར་ཕུ་བླ་བྲག་བ་དེ་ཚོ་ངོ་མ་རྒྱུད་དུལ་ཡག་ལ་ཐབས་ཤེས་གང་འདྲ་དགོས་ན། སྐྱབས་མགོན་རིན་པོ་ཆེ་གསུང་ལ་མི་ཉན། ཀརྨ་ཨོ་རྒྱན་འཕྲིན་ལས་གསུངས་ལ་མི་ཉན་། ཕལ་ཆེར་ཨུ་ནའི་པུ་ལི་སུ་སྦ་སྨྱུག་དེ་ཕན་པོ་ཡོད་འདུག་དེང་སང་སྔོན དག་མི འདྲ་མཉམ་པོ་ཆགས་འདུག་པས་གོ་ཐོས་བྱུང་།
བློ་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ སེལ་བ་། འཁྲུལ བ་ཡར་ཤེས་སུ་འཆར་བར་བྱུན་གྱིས་རློབས་ཤིག
མཉམ་མེད་དྭགས་པོ་ཆོས་བཞི་དག་ལྡན་པར་ཤོག་ཅིག
བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་བསྟན་པ་རྒྱས་པར་ཤོག
དེ་འཛིན་གྱི་སྐྱབས་མགོན་རྣམས་སྐུ་ཚེ་ཞབས་པད་བརྟན་པར་ཤོག་
རང་གཞན་ཐམས་ཅད་རྒྱུད་ལ་བྱིན་གྱིས་རློབ་ཏུ་གསོལ།།
༄། གོང་ནས་མཆན་བུ་ནང་འདྲ་མིན་མང་བྲིས་འདུག་ཟེར་ནས་ག་ལ་ཁ་པར་འབྱོར་སོང་། ཕྲལ་དུ་ངས་ཁ་བརྡ་བཀླགས་ཡིན་སྤྱིར་བཏང་སོ་སོ་རང་དབང་རེད་། ཡིན་ནའང་ཕལ་མོ་ཆེ་འདི་ནང་དུ་ང་ཚོ་ཆོས་སྒོ་ནང་དུ་བཞུགས་མཁན་དང་། མ་ཟད་ཆོས་འཆད་ཁྲིད་གནང་མཁན་ཁག་འདུག་ཤེས་གསལ་རེད། ལྷག་པར་བཀའ་བརྒྱུད་གོང་མའི་རྗེད་འཛིན་གྲས་ཡིན་པ། ཕན་ཚུན་སྡང་ཞུགས་རྩ་ནས་མ་བྲིས་དགེ་ཚན་ཆེ་། དྲ་གྲོགས་རྣམ་པ་དང་ལྷག་པར་དུ་ཆོད་ཀྱི་མཁྱེན་པའི་བདག་ོ་སིང་དུས་ཐུགས་རྒྱུད་ལ་ཉོན་མོངས་ཀྱི་ཕྱོགས་རེད་ཡོད་མ་རེད་ཡིད་ཆེས་ཡོད་། ཡིན་ནངའ་གནས་ཚུལ་འདིའི་རིགས་རྒྱལ་ཕྱི་ནང་ཐམས་ཅད་གཟིགས་ཀྱིས་ཡོད་དུས་ལ་ལས་དྲང་ངེས་ཀྱི་དབྱེ་ཞིབ་མ་ཤེས་པ་རིགས་སེམས་དོ་ཕོག་དཔེ་ཡོང་ཉེན་འདུག་ངས་རེ་བསྐུལ་དང་གུས་པ་ཆེན་པོས་ཞུས་ཀྱིས་ཡོད། གཟབ་པར་མཛད་ན་བཀྲིན་ཆེ། དེ་ཙམ་དུས་ཚོད་ཡང་ཁ་བརྡ་ལ་བཏང་ནང་ལ་ཆུད་ཟོས་སུ་སོང་མ་ཡིན་ནམ། སྤྱིར་བོད་ཕྱི་ནང་བསྟན་པ་སྤྱི་དང་། ཡང་རང་རེ་བཀའ་བརྒྱུད་པའི་སྐོར་འདྲ་མིན་ཅི་ཡང་ཕན་མི་ཐོགས་མངིན་གསལ་རེད། ཅི་སྟེ་རྒྱུ་མཚན་ཞུ་རྒྱུ་ཡོད་ན་ནི་མི དང་མི་འཕྲད་ནས་བཀའ་མུལ་ལྷུག་པོར་གནང་ན་འདི་ཕྱི་གཉིས་ཕན་དང་འབྱུང་འགྱུར་སློབ་ཕྲུག་ཚོ་ལའང་མིག་ལྟོས་བཟང་པོ་ཞིག་རེད་སྙམ། ཅི་སྟེ་ནོར་ཕྲུལ་འདུག་དགོངས་འགལ་མེད་པར་ཞུ།
དང་པོར་དཔལ་དགྱེས་ཁ་ལ་གཡང་གིས་འཁོར། །གཉིས་པར་གཞི་མེད་བོད་པའི་ནང་དམེར་སྦྱོར། །གསུམ་པ་རྒྱལ་དབང་ཀརྨ་པ་ལ་སྨད། །བཞི་བར་ཆོས་རྒྱུད་ཁག་ལ་དབྱེན་སྦྱོར་བྱེད། །ལྔ་བར་རང་བཙུན་ཡིན་མེད་མདོག་དེ་སྟོན། །དྲུག་པར་ཅི་ཡང་མེད་པའི་ཁོ་རང་གྲུམས། །
གྲྭ་ཀརྨ་ལགས། ཁྱེད་ཀྱི་ལེགས་པོ་གསུངས་འདུག་རྗེས་སུ་ཡི་རངཡོད། སྤྱིར་བཏང་ག་རེ་བྲིས་ན་ཡག་པོ་རེད། ཆོས་ལུགས་སྡང་གཟུགས་མང་མ་བྲིས་ན་ཡག་གི། ཚང་མ་རང་རེ་བོད་རྒྱུད་ནང་བསྟན་ཐམས་ཅད་དོན་དུ་བསམ་སྤྱད་གནང་ཤེས་ན་བུ་རམ་སྒོར་མོ་རེད། སྤྱད་མ་ཤེས་ན་ནི་ག་རེ་ཡིན་ཁུལ་བྱས་ན་དོན་ལ་རང་ཉིད་སྡུག་བསངལ་རྒྱུ་རེད། མཉམ་མེད་དགས་པོ་ལྷ་རྗེས། ཆོས་ཆོད་བཞིན་མ་བྱས་ན་ཆོས་ཀྱིས་སླར་ངན་སོང་དུ་སྐྱེ་བའི་སྒོ་འགྲོ་ཉེན་རེད། གསུངས་འདུག་པས། མ་ཟད་བོན་པོ་ཡང་སྔོན་གྱི་བོན་པོ་དང་དེང་སང་བོན་པོ་གཉིས་ཐ་དད་རེད། དེང་སང་བོན་ནི་དོན་ནང་པ་རེད་མིང་ག་རེ་བཏགས་ཀྱང་ཁྱད་ཡོད་མ་རེད། དེ་དོན་ལགསསོ།།
མཆན་༡༠ པའི་དྲིབ་ལན་ཞིག་ང་རང་གོ་བ་ལྟར་ཞུ་གི་ཨིན། སི་ཏུ་ཀརྨ་པ་ཞེས་བརྗོད་དུས། ཏ་ཡི་སི་ཏི་ལརིན་པོ་ཆེ་རྒྱལ་མཆོག་༡༦ པས་འདའ་ཁའི་ཞལ་ཆེམས་གནང་ཡོད་བཤད་ཚུལ་ཡོད་རེད། དེ་རྟེན་སི་ཏུའི་ཀརྨ་པ་ཞེས་ཞུས་ཀྱིས་ཡོད། མ་ཟད་བཞུགས་སའི་ས་ཆའི་མིང་ལ་སི་ཏི་པུར་ཞེས་གང་ཟག་མིང་གནས་ལ་ཐོག་སོང་བ་རེད། །
སྐྱོ་བྲག་ལགས་ཀྱིས་དྲན་སྐུལ་ཡག་པོ་གནང་འདུག
འོན་ཀྱང་དེང་སང་གི་དགེ་སློང་དག་གི་བྱེད་ཚུལ་ལ་བལྟས་ན།
དེ་དག་ལ་དགེ་སློང་ཞེས་འབོད་པ་ལས།
མཇེ་སློང་དང་རྒྱུ་སློང་ཞེས་བོས་ན་ལེགས་པར་སེམས།
མཆན་འབྲི་མང་ཆེ་བ་སྤྱི་སྒེར་གཞན་ལ་སྐྱོན་འདོགས་ཆོལ་ཁ་ཆོས་ལུགས་དབྱེན་སྦྱོར་མ་ཟད་བླ་མ་སྐྱེས་ཆེན་དམ་པ་རྣམས་ལ་གཞི་དང་གཞི་མེད་བག་ཙམ་ལ་བརྟེན་ནས་སྐུར་འདེབས་སོགས་མ་ཉེས་ཁ་གཡོགས་ཁོ་ནས་དུས་འདའ་མཁན་མི་ཉུང་བ་ཞིག་ལ་ངས་འདི་ལྟ་བུ་མཆན་རྐྱང་རྐྱང་བྲི་བསྡད་པ་ཡིན་ན་རང་གཞན་གཉིས་ཕུང་རེད་བརྗོད་འདོད་བྱུང་། མ་གཞི་མཆན་བུ་བཀོད་པ་ཡིན་ན་དངོས་ཤུགས་བརྒྱུད་གསུམ་ནས་རྒྱུ་མཚན་ལྡན་པ་ཞིག་དགོས། དཔེར་ན་དངོས་ཡོད་གནས་ཚུལ་དང་མཐུན་པ་མ་རྟོགས་ལོག་རྟོག་ཐེ་ཚོམ་བསལ་བའི་ཁ་ལོ་སྒྱུར་ནུས་པ་དགེ་སྐྱོན་ལྩི་ཡང་རང་གཞན་གཉིས་ཕན་སྤྱི་སྒེར་ཡར་རྒྱས་འཕྲལ་ཕུགས་བསམ་བློ་བ་བདེན་རྫུན་དབྱེ་འབྱེད་བཅས་ལ་བསམ་ཚུལ་བཀོད་པ་ཡིན་ན་དྲྭ་རྒྱ་བལྟ་ཀློག་བ་མང་ཞིང་དེ་ལས་གཟུ་བོའི་བློས་དཔྱད་ཀྱིས་བསམ་ཚུལ་མཚན་ཉིད་དང་ལྡན་པ་རྐྱང་རྐྱང་གྲུབ་སྟེ་ཁ་བརྡ་སོགས་དྲྭ་བདག་རྣམས་ཀྱིས་སྐུ་ངལ་འཛེམ་མེད་ཐོག་ནས་ཕྱག་རྗེས་དག་ལ་ནག་ཐིག་མེད་ཅིང་དོན་མཐུན་འགྱུར་བ་དྲྭ་ནང་གི་མཆན་མཁན་ཀུན་ལ་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་བརྒྱུད་ནས་མ་ཤེས་པ་ཤེས་དེས་ཀྱང་གོང་འཔེལ་གྱི་རྒྱུར་འགྲོ་ནུས་པ་རྨད་བྱུང་གི་ཐབས་ལམ་སྒོ་མ་ནོར་བའི་སྒང་ནས་བེད་སྤྱོད་བཀོལ་ཤེས་པ་མཛད་ན་བླ་ན་མེད་དོ།།
སྐྱོན་བརྗོད་བྱས་ན་ཁུངས་སོ་སོའི་གྲྭ་ཚང་གི་ཡིག་ཚང་ལ་གྱིས། དེ་མིན་དག་སྣང་སྦྱོངས། ཁ་སྡིག་མ་གསོག
ཨོ་་་་་དོལ་གྱིས་རློམ་པའི་མཆོག་དེ་འདྲ་ཨ་ཡིན། དེང་སང་དགེ་སློང་ཐམས་ཅད་རང་ད་ཐབས་དམན་པོ་མིན་འགྲོ་་་་ལ་ལས་གནས་ཚུལ་མི ཡོད་མོད་ཀྱང་ཐམས་ཅད་བསམ་ན་ཨི འགྲིག་་་་ཧཧཧཧཧཧཧ་ད་ཡིན་ན་ཞུས་གིས་་་་་ཧཧཧཧཧ་ཨ་ཁུ་ཆོས་རྒྱལ་ཟེར་མཁན་དེ་མེད་ན་་་་འགྲིག་གི་འདུག་་་་ཨིན་ན་དེ་བཙན པོ་ཞིག་ལས་དབང་དྲག་པོས་ཟློག་དཀའ་
ད་དེ་འདྲ་ཅང་གསུངས་ན་ཅི་ཕན། ཁྱོད་ལ་སྡིག་པ་ཡོད་རེད། ང་ལ་མེད་ཟེར་བ་འདྲ་འདུག སུ་རྟགས་ཙམ་ཡིན་འདྲ་་སུ་ཡང་དག་ཡིན་ན་འདྲ་།
ང་ཚོ་མགོ་མ་འཁོར། བོད་མདོ་སྨད་ཕྱོགས་གང་འདྲ་གནང་གིས་འདུགཧང་སང་དགོས་་པ་རེད་འདུག་ལ་བོད་མི རེ་ཚེ་སྲིག་ཤོར་བ་ལ་ཕམ་དགོསཡག་ཞིག་འདུག
ད་དྲ་གྲོགས་ཚང་མས་རེ་བསྐུལ་གནང་ནས་ཚེ་སྲོག་བདག་གཅེས་ངང་ནས་ཤེས་ཡོན་དང་འཕྲོད་རྟེན་ངང་ནས་རྩ་དོན་གནང་རོག་ཅེས་། འབུལ་བསྐུལ་ཞུས་ན་ནུས་པ་ཡོང་ངེས་རེད། དེ་སྐོར་ཐུགས་བསམ་བཞེས་རོག་
བོད་ཀྱི་དུས་བབ་ཀྱི་་རིག་པ་འདོན་པ་྄ཞེས་པའི་ནང་འགྱུར་མེད་བསྟན་འཛིན་ལགས་ནས། སྐྱོ་བྲགདགའ་དབང་ཟེར་བ་དེས་ཀརྨ་པ་ལོག་ལམ་ལ་ཁྲིད་རྒྱུའི་ཉེན་ཁ་་ཡོད་པ་ལ་སེམས་ཁྲལ་ཡོད་གསུངས་འདུག་པས། དེའེ་ལན་དུ་སྐྱོ་བྲག་དགའ་དབང་ལས་རྒྱུ་འབྲས་མཁས་ལེནམཁན་ཡིན་པ་དང། ཀརྨ་པ་ཡང་བ་་གླང་ཁྱོད་ལྟ་བུ་མ་རེད་དེར་རྟེན་ཁྱོད་རང་སེམས་ཁྲལ་དགོས་དོན་མེད་ཞེས་ཞུ།
འབམ་རོམ་བཀའ་བརྒྱུད་རྒྱང་དུ་གཡུག་པར་སྐྱོ། །
རང་མགོ་ཅི་ཡིན་མི་ཤེས་རྨོངས་རྡོ་བྲག །
གཞན་གྱི་རྗེས་སུ་འབྲངས་བར་ཤིན་ཏུ་དགའ། །
རང་ཉིད་རང་ལ་མི་དབང་གཞན་གྱིས་དབང་། །
སྐྱོ་བྲག་དགའ་དབང་ཞེས་པའི་དོན་འགྲེལ་ཡིན། །
སྡིག་པས་མཁར་རྩིག་ལྟུང་བས་ལྩགས་རི་བསྐོར། །སྐྱོ་བའི་བྲག་ངོས་འདྲེ་ཆུའི་རླབས་ཀྱིས་གཙེན། །དགའ་བའི་མི་ཚེ་བྲན་གཡོག་དབང་དུ་སོང་། །ཀྱེ་མ་ཀྱེད་ཧུད་ཁྱོད་ཀྱི་ལས་འདི་ཅི། །
ལུང་གིས་ཟིན་པའི་དགེ་སློང་། སྐྱོ་བྲག་དགའ་དབང་གི་ཆེད་རྩོམ་འདི་ནི་དགོས་མེད་ལས་མེད་ཅིག་གིས་ལས་རེད་ཤག
༄། ཀམ་ཚང་བཀའ་བརྒྱུད་པ་
གྲ་དགའ་དབང་དང་གཅིག།
རུམ་བཏེག་བསྐལ་བཟང་ཉི་མ་དང་གཉིས།
ཌི་ལིའི་ཀརྨ་ཡེ་ཤེས་གསུམ་ཡོད་པ་ཐུགས་བསམ་གནང་ནས་ཕྱག་ལས་གནང་ན་དགའ་ཡོང་དེ་མིན་གཏན་གཏན་མཚམས་ལ་བཞུགས་རྒྱུ་ཡོང་འདོག་རེད། སྔོན་ལོ་ཀམ་ཚང་ལས་ཀ་འདྲ་བྱས་ཡོད་། ད་བར་བཙན་བྱོལ་སྤྱི་ཚོགས་ཀྱི་དགོན་སྡེ་ཡོངས་རྫོགས་ལ་དཀའ་ངལ་གང་འདྲ་སྤྲད་མ་སོང་བས། ཁྱོད་ཚོས་ཤོག་སྒོར་ཁྲིམས་འགལ་ཅང་བྱས་ནས་། རྒྱ་གར་གསང་བའི་ལས་ཁུང་སོགས་དགོན་སྡེ་ཁག་ལ་ད་བར་མི་ལོ་ལྔ་བཅུ་ནང་བྱུང་མ་མྱོང་བ་ཞིག་སུ་བཟོས་ཡོད་དྲན་གི་འདུག་གམ་། དེ་ཁྱོད་ཚོ་ཡིན་པ།་བཙན་བྱོལ་ནང་དཀའ་ངལ་བཟོ་མ་ཡོང་ཨ། སྲིད་དོན་གྱི་ཟློས་གར་དེ་ཁྱོད་ཚོས་ཁྲབ་དཀའ་ངལ་དེ་བཙན་བྱོལ་དགོན་པ་རྣམས་ལ་སྤྲད། ཞབས་འདེགས་རེད་ཞབས་འདྲེན་ལན་རྒྱོབས་དང་བརྟན་བརྟན་ང་ཚོ་གདོང་བསྟན་སྐད་ཆ་བཤད་ཆོག། ཁྱོད་ཚོ་ཁ་པར་ཨང་གྲངས་བཏང་ཤོག་ཡང་ན་ང་ཚོས་ཁ་པར་སྤྲད་ཆོག་ཁྱོད་གསུམ་བསྡ་དགའ་ཡོང་དཀོན་མཆོག་གསུམ་ལབ་ཡོད་ད།
འཕན་པོ་རྒྱལ་མཚན་ཟེར་བ་ཁོང་། ཞེ་དྲགས་ངར་གྱི་འདུག་ད། ཁྱེད་ཚོ་གསུམ་ལ་བློ་ཁོག་ཡོད་ན་ཁ་པར་ཨང་གྲངས་སྤོད་ད་ཁོང་ལ། ཧཧཧཧ
ཀར་མ་དབུ་རྒྱན་ལོག་པར་ཁྲིད་མཁན་དགར་དབང་གཅིག་པུ་ཨེ་ཡིན་ དབད་སྟོབས་རྫུ་འཕྲུལ་ལྡན་པ་གཞན་ཡང་ཡོད་འགྲོ་། ཞིབ་འཇུག་གྱིས་ ཁོ་གཅིག་པུ་ཡིན་ན་ད་ལས་སླ་གི། ཀར་མ་པ་མཁྱེན་། དབུ་རྒྱན་ལོག་ལམ་མི་འཕྱན་ཤོག་། ལྟ་ལོག་ཐུགས་ལ་མི་འཁྲུང་ཤོག།
སྔོན་ལོའི་གནས་ཚུལ་དེ་ཐབས་སྡུག་དཔེ་བྱས་རེད། མཚུར་ཕུ་བླ་བྲང་ལས་སྣེ་ཚོད་བྱེས་བཏང་ཕལ་ཆེར་ཐབས་སྡུག་རེད། སྤྱི་ཚོགས་བོད་ཀྱི་བླ་ཆེན་རྣམས་དང་དགོན་ཆེན་ལ་དཀའ་ལས་ངོ་མ་སྤྲད་ཡོད་འདུག མ་ཟད་ཀམ་ཚང་བླ་གྲས་ཆོད་རྒྱུད་གཞན་དང་མི་འདྲ་ཌོ་ལར་ཡག་པོ་ཡིད་ཙང་འབྲུག་གོ་མོ་གྲ་ཅང་ཉོས་ནས་ཡང་བཙན་བྱོལ་བོད་ཁྲོད་མཚན་དམས་བྱུང་ཡོད་པས། ་སྤྱི་ལོ་༢༠༡༢ ལ་དེ་འདྲ་མ་གནང་བ་དགོངས་བཞེས་གནང་རོག་སྐུ་མཁྱེན། དགའ་དབང་མཁྱེན་ནོ།
སི་ཏུ་དེང་སྐབས་གོ་ཡག་ཚུར་ཡག་མི་འདུག་ག་བ་ཡོད་རེད། ཁ་ཤས་ཀྱིས་ཁོང་ལྡི་ལི་དང་ཤེས་རབ་གླིང་བར་མ་གཏོགས་ཕེབས་པའི་ཆོག་མཆན་ཡོད་ལི་མ་རེད་ཟེར། ད་དུང་ལྡི་ལིར་ཁྲིམས་ཁང་དུ་ཆར་ཅན་ཕེབས་དགོས་ལི་རེད་ལབ་ཀྱིན་འདུག ཀརྨ་པ་ཡི་བསྐོར་དང་རྒྱ་ནག་གོང་མའི་དུས་རྟ་རྫིའི་ཞྭ་མོ་༼ཀརྨའི་ཞྭ་ནག་༽དེའི་དོན་དག་ཁྲིམས་བཏུག་གིན་ཡོད་རེད་ལབ་ཀྱིན་འདུག མ་ཤེས་ནས་དྲིས་པ་ཡིན། གཅིག་གསུང་རོགས།
ཀ་དག་གི་མཆན་བཀླགས་པ་དང་བཟོད་ཐབས་མེད་པའི་གད་མོ་ལྟག་རྒོད་ཅིག་ཤོར་སོང་་ཧཧཧཧཧ། ཧུ་ཧུ་ཧུཧུ།
ངས་གོ་ཚོར་ལའང་དེ་འདྲ་ཞིག་གོ་མྱོང་། འོན ཏེ་དེའི་སྐོ་ང་ཚོས་མི་གླེང་། ཕར་སྐྱོར་འཇོག དོན་དག་མེད་ཁི།
གོ་ཚོད་ལ་ཀམ་ཚང་གང་དགའ་སྤྲུལ་སྐུས་དེང་སང་ཡང་མོ་ཌ་གཟིགས་པོ་ཉིས་བས་རྒྱ་གར་བ་ཚོས་ལག་འཁྱེར་དང་གོར་མོ་སོགས་ཞིབ་འཇུག་བྱ་རྒྱུ་རེད་ཟེར། ཡང་བོད་པའི་བླ་གྲ་རྣམས་གསང་བསི་ལས་ཁུང་ནས་རྐུབ་ཞུས་དག་གཏོང་ཡག་འདྲ་། རང་རེ་བླ་གྲ་རྣམས་གཟབ་གཟབ་གནང།
དྲ་གྲོགས་རྣམས། ཁ་སྡིག་ཚིག་གིས་མ་བསགས་རོགས། །ང་ཚོ་བློ་རྨོངས་འཁོར་བར་འཁྱམས། །ཀརྨ་པ་ཞེས་མཚན་ཟུང་ལ། །རྒྱལ་བའི་བསྟན་པར་འབར་བ་མཛད། །མཐའ་ཡས་དང་ནི་འཕྲིན་ལས་གཉིས། །བཅུ་དྲུག་རིག་པའི་རྣམ་ཀྱི་སྤྲུལ། །དེ་ལ་དབྱེན་འབྱེད་མ་བྱེད་རོགས། །དག་སྣང་མཛོད་དང་དགེའི་ཕྱོགས་འགྲོ། །སྐྱོ་བྲག་དགའ་དབང་ཞེས་པ་དེ། །རང་ཉིད་གྲོད་པ་གང་བདེར་བསྐྱོད། །འབམ་རོམ་བཀའ་བརྒྱུད་དགྲ་བཞིན་རྩིས། །དེ་ནི་ཁོ་རང་སྔོན་གྱིས་ལས། །ཡང་ན་འབམ་རོམ་བཀའ་བརྒྱུད་ཆོས། །ཁོང་ལ་སྨན་པའི་འབྲས་བུ་མེད། །གང་ཞིག་རྒྱུ་མཚན་ལ་གཟིགས་ནས། །འབམ་རོམ་བཀའ་བརྒྱུད་ཕན་མེད་མཐོང་། །གང་ལྟར་མངོན་པའི་འབྲས་བུ་འདིར། །འབམ་རོམ་ཉེས་པའི་སྐྱོན་ཞིག་མཐོང་། །དེ་ནི་སྐྱོ་བྲག་དགའ་དབང་གིས། །ཤེས་རབ་རྣམ་པར་དཔྱད་པའི་འབྲས། །ཡང་ཡང་སྟོན་པའི་སྐྱོ་བྲག་ལགས། །
སྤྱིར་ཏང་བླཡ་ཆེན་དཔོན་ཆེན་རྣམ་ནམ་རྒྱུན་ཁ་བྱང་གི་ཡོད་ཙང་ག་རེ་ཡིན་ན་ཤོད་ཤེས་གི་རེད་ཧང་སན་ཡེ་མེད་ཀི་ དེང་སན་འཛམ་གླིང་དམང་ཁྲོད་ ག་རེ་ཤོད་གི་འདུག་མ་བལྟ་ ག་རེབྱེད་གི་འདུག་ལྟོས། ཞེས་ཤོད་སྲོལ་ཅིག་ཡོད་པ་བཞིན་། གཙོ་བོ་ག་རེ་གནང་བྱུང་ལྟོས་ཤིག།
ངས་མཆན་ནང་ཀམ་ཚང་གང་དགའ་སྤྲུལ་སྐུ་བྲིས་ཡོད་དེ་ནོར་ཞག་གངས་དཀར་སྤྲུལ་སྐུ་ཞུས་རེད་ཟེར་། དེ་འདྲ་ཨི་ཡིན་ནམ་ལན་གནང་རོག