བདེ་ཆེན་སྒྲོལ་མ།
དྲ་གྲོགས་སྤོབས་པ་ལགས་དང་བོན་གྱི་གནས་ཆེན་སྐོར་གླེང་མོལ་བྱེད་པ།
ཉིན་འགའི་སྔོན་ཞིག་ལ་ངས་ཚགས་པར་ཞིག་ལས་དྲ་གྲོགས་སྤོབས་པས་བོན་གྱི་སྐོར་ལ་གང་དྲན་དྲན་ཞིག་བཤད་ཡོད་པ་མཐོང་། དེ་རིང་ཡང་ཁོང་གིས་བོན་གྱི་སྐོར་ལ་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པའི་མཆན་བུ་འགའ་དང་རྩོམ་ཡིག་ཅིག་མཐོང་སོང་། ཁོང་གིས་བོན་གྱི་སྐོར་ལ་ཅི་ཡང་ཤེས་གི་མི་འདུག་ཟེར་བའི་སྤོབས་པ་ང་ལ་སྤུ་ཙམ་མེད་ན་ཡང་། ཁོང་གིས་བོན་གླེང་ཡོང་དུས་གཟབ་ནན་དང་ཞིབ་ཚགས་དེ་ཙམ་མེད་པར་ཧམ་པ་ཆེན་པོ་བཤད་ཀྱི་འདུག གནས་ལུགས་ལ་མི་གཞོལ་བར་ཚོར་སྣང་ཚ་བོ་འབྲི་གིན་འདུག མཚམས་མཚམས་ལ་རྫུན་ཚིག་རེ་ཟུང་ཡང་མཐོང་རྒྱུ་འདུག སྤྱིར་རིག་གནས་ཞིབ་དཔྱད་པ་ཞིག་གི་ངོས་ནས་བཤད་ན་གོང་གི་འདི་དག་ནི་རང་རྒྱུད་ནས་གཏན་ཏུ་འདོར་དགོས་པའི་མཛེ་ནད་ལྟ་བུ་ཡིན་པ་ངས་ཅི་ལ་བཤད་དགོས། སྤོབས་པ་ཁོང་གིས་མཁྱེན་མཁྱེན་པ་ཡིན་ནི་རེད། ད་མངས་སོང་། གྲོས་གཞི་དངོས་ལ་ཞུགས་ན་འདི་ལྟར་རེད། སྤོབས་པ་ལགས་ནས་མཆན་བུ་ཞིག་ཏུ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་༼འོལ་མོ་ལུང་རིང་ཤམ་བྷ་ལ་ལྟ་བུར་བཤད་པ་དེ་ནི་གཤེན་རབ་ཟེར་བ་ཞིག་འཇིག་རྟེན་འདིའི་ཡུལ་གང་ཞིག་ཏུ་འཁྲུངས་པ་ཡིན་པའི་དཔང་རྟགས་མི་རྙེད་པས་རེད།༽་ཅེས་རང་གིས་མི་ཤེས་ཤེས་མདོག་གིས་ཧམ་བཤད་བྱས་འདུག གནས་ལུགས་ལ་གཞི་མི་བཅོལ་བར་རང་གི་ཚོར་སྣང་གིས་གཞན་མགོ་གཅོག་ཐབས་བྱས་འདུག བོན་གཞུང་རང་གི་ལུགས་ལྟར་ན། འོལ་མོ་ལུང་རིང་ལ་ཡོན་ཏན་གྱི་འོལ་མོ་ལུང་རིང་དང་། ས་ཚིགས་ཀྱི་འོལ་མོ་ལུང་རིང་གཉིས་༼མདོ་དྲི་མེད་གཟི་བརྗིད་ཀྱི་ལུགས།༽སུ་འཇོག་གི་ཡོད། ཡོན་ཏན་གྱི་འོལ་མོ་ལུང་རིང་ནི་ཆོས་གཞུང་གི་ཤམ་བྷ་ལ་དང་འདྲ་བར་དག་པའི་ཞིངས་ཁམས་ཤིག་ལ་ངོས་འཛིན་པ་དང་། ས་ཚིགས་ཀྱི་འོལ་མོ་ལུང་རིང་ནི་ང་ཚོ་འཇིག་རྟེན་པས་མིག་གིས་མཐོང་ཐུབ་པའི་སྟོན་པ་གཤེན་རབས་ཀྱི་འཁྲུངས་ཡུལ་ཞང་ཞུང་གི་ས་ཆ་རང་ཡིན་ནོ། དེས་ན་ས་ཚིགས་ཀྱི་འོལ་མོ་ལུང་རིང་ནི་གང་ཡིན་ཟེར་ན། དེ་ནི་གདོད་མའི་ཞང་ཞུང་གི་ཡུལ་༼གདོད་མའི་ཞང་ཞུང་གི་སྐོར་ལ་ཞང་ཞུང་ཞིབ་འཇུག་པ་གྲགས་ཆེན་གར་ཞྭ་བ་ཚེ་རིང་རྡོ་རྗེ་མཆོག་གིས་འདི་ལྟར་བཀོད་ཡོད། ས་ཁམས་བརྟག་དཔྱད་(རྐྱཔྱཏྲདྟྣརྡྣཐྲདྲཏྲཎརྡ ཁྲདྲརྣརྟདྲརྣཐྲ)ཀྱི་ལམ་ནས་དེང་དུས་ཀྱི་དངོས་ཆས་རྙིང་པ་རྙེད་པ་ལ་བརྟག་ན། སྔར་ཞང་ཞུང་གི་རྒྱལ་ཁབ་ཀྱི་ས་ཁྲ་ནི་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཡོད་པར་མངོན། ཤར་ཕྱོགས་ནས་ནུབ་ཕྱོགས་བར། གཙང་ནས་“ཧིན་ངྷུ་ཀུ་ཤ” (གྱདྲརྣརྟསྤྱ ྒསྤྱཔྲད)ཡི་རི་རྒྱུད་ཀྱི་བར་གྱི་ས་ཆ་དང་། བྱང་ཕྱོགས་ནས་ནུབ་ཕྱོགས་ཀྱི་ས་ཆ་ལ་རི་བོ་“ཀུན་ལུན་ཤན”(ྒསྤྱརྣ རྒསྤྱརྣ ྔདཎརྣ)་ནས་“ཧི་མ་ལ་ཡའི་རི་ཕྲན་”(གྱདྲནཎརྡཎཕྲཎརྣ ཐྣྣྤ དདྲརྡརྡཔྲ)་ནམ་རྒྱ་གར་གྱི་རྒྱ་ཐང་ཆེན་པོ་འགོ་ཚུགས་སའི་ས་ཆ་བར་དང་། ཡང་ན་དེང་སང་གི་ས་ཁྲ་ལ་ཆ་བཞག་ན། བལ་པོ་ནས་“ཀ་ཤི་མིར”་བར་གྱི་ཧི་མ་ལ་ཡའི་རི་རྒྱུད་བཅས་དང་། བོད་གཙང་དང་མངའ་རིས་ཀྱི་བྱང་ཐང་། ལ་དྭགས། སྤུ་རིགས། སྦལ་ཏི་དང་། གིལ་གི་ཏ་དང་། ཧ་ཛ་རའི་ཡུལ་ལྗོངས་ཁག་བཅས་ཡོད་པ་རེད། དེ་ལ་ཆུ་ཀླུང་ཆེན་པོ་རྟ་གཙང་པོ་དང་། སེང་གེ་གཙང་པོ་དང་། གང་གཱ་དང་། བྱཱས་དང་། ཅ་ན་བ་དང་། ཤ་ཡོག་དང་། གིལ་གི་ཏ་བཅས་ཀྱི་ཆུ་ཀླུང་རྣམས་ཞང་ཞུང་གི་ས་ནས་བབས་ཡོད་པ་རེད་ཅེས་གསུངས་འདུག༽ཞིག་ཡིན་པར་ཤེས་ནས་སྨྲ་བའི་རྒྱལ་སྤྱིའི་བོན་རིག་པ་མཁས་ཆེན་ཚོ་ཞལ་མཐུན་པ་ཡིན། གཞན་ཡང་བོན་གཞུང་༼མདོ་འདུས༽་ཀྱི་ལུང་དུ་གསལ་བའི་སྟོན་པའི་འཁྲུངས་ཡུལ་འོལ་མོ་ལུང་རིང་གི་ཡུལ་ལྗོངས་བཀོད་པའི་ནང་གི་“རི་བོ་གངས་ཅན་ཏི་སེ”་དང་“མཚོ་མ་པང་”། “གཡུ་མཚོ”། “ཆུ་བོ་ཆེན་པོ་བཞི་”ལ་སོགས་འབྱུང་བ་ཡང་གོང་གི་གར་ཞྭ་བའི་ལུང་འདི་དང་ཡོངས་སུ་ཐོད་ཐུག་པས་ཞིབ་ཏུ་བརྟག་ན་ས་ཚིགས་ཀྱི་འོལ་མོ་ལུང་རིང་དེ་ཤེས་ཐུབ་བར་འདོད། ཡིན་ནའང་། སྐུ་ཉིད་ཀྱིས་ད་དུང་འདི་ཙམ་གྱིས་མི་ཆོག་པར་འོལ་མོ་ལུང་རིང་འདིའོ་ཞེས་དངོས་སུ་ས་ཆ་ཆེ་གེ་མོ་ཞིག་ལ་མཛུབ་མོ་འཛུགས་དགོས་ཟེར་ནས་ཨུ་ཚུགས་བྱེད་ན། བདག་གིས་ཀྱང་ཕར་ལ་དྲི་བ་ཆུང་ཆུང་ཞིབ་ཕུལ་ཆོག་པ་ཞུ། ཁྱེད་ཀྱིས་བོད་པ་མཁས་བླུན་མང་པོ་ཞིག་གིས་བོད་ཡིག་གི་བྱེད་པོར་འཇོག་བཞིན་པའི་སློབ་དཔོན་ཐོན་མའི་འཁྲུངས་ཡུལ་དངོས་དེ་འདི་ཞེས་ད་ལྟའི་བོད་དབུས་གཙང་ཕྱོགས་ཀྱི་ས་ཆ་གཅིག་ལ་མཛུབ་མོ་ཚུགས་དང་། དེ་འཇོག་རྒྱུ་མེད་ན་ཐོན་མི་ཁོང་བོད་ཡིག་གི་བྱེད་པོ་ཡིན་པ་དང་། ཁོང་གིས་མདོ་རྒྱུད་ཉེར་གཅིག་བསྒྱུར་ཟེར་བ་སོགས་སྐྱག་རྫུན་དུ་འགྲོ་བས་ཧ་ཅང་ཚབས་ཆེ་ལ། གལ་སྲིད་མི་ནུས་ན་ནི་དེ་དེ་མཚུངས་སོ།།
ཡང་མཆན་བུ་གཞན་ཞིག་ཏུ་སྤོབས་པ་ལགས་ནས་ཆོས་ཀྱི་གནས་ཆེན་༼རྡོ་རྗེ་གདན་༽ལྟ་བུ་རེ་ཟུང་ཞིག་གི་མིང་ནས་བཟུང་སྟེ་བོན་ལ་ཡང་འདི་ལྟ་བུ་ཡོད་ཆོག་ཀྱང་ཞེས་རྣམ་འགྱུར་མ་རུང་བ་ཞིག་དང་མཉམ་དུ་རང་གི་བོན་རིག་པའི་ནང་སྙིང་གི་སྲབ་མཐུག་ཕྱི་ལ་གསལ་བོ་བསྟན་འདུག ང་རང་གིས་བསམ་ན། བོན་ལ་གོང་གི་ཆོས་བཞིན་གྱི་གནས་ཆེན་མེད་པར་འདོད་མཁན་ནི་ཁྱེད་རང་གཅིག་པུ་མ་ཡིན་པར་བོད་རིག་པའི་མཁས་པ་ཡིན་ཟེར་མཁན་གྱི་ཁྲོད་ན་ཧ་ཅང་མང་གི་འདོད། གནས་ལུགས་ཀྱི་ངོས་ནས་གླེང་ན། ཆོས་ལ་ཆོས་ཀྱི་གནས་ཆེན་གྲངས་མང་ཡོད་པ་བཞིན་བོན་ལ་ཡང་བོན་རང་གི་གནས་མཆོག་གང་མང་ཞིག་ཡོད་པ་ལོ་རྒྱུས་ཀྱི་ཤོག་ངོས་ན་གསལ་བོ་ཡིན་པ་རེད། དེ་ཡང་སྟོན་པ་གཤེན་རབ་ཀྱིས་དངོས་སུ་ཞབས་ཀྱིས་བཅག་མྱོང་བའི་གནས་ལ་ཡང་༼ཀོང་པོ་བོན་རི།༽ད་ལྟ་ཀོང་པོར་ཡོད། ༼མདའ་དྲངས་ཆུ་མིག༽ད་ལྟ་དྭགས་པོར་ཡོད། ༼སེ་མོ་བོན་ཐང་།༽ད་ལྟ་ཀོང་དྭངས་གཉིས་ཀྱི་མཚམས་སུ་ཡོད། འདི་དག་ལོ་རྒྱུས་དང་སྦྱར་ནས་བཀོད་ན་མངས་བར་དོགས་ནས་ངོ་སྤྲོད་ཙམ་དུ་བཀོད་པ་ཡིན། གཞན་ཡང་ཞང་བོད་གཉིས་ཀྱི་ལོ་རྒྱུས་ལ་ཡོངས་སུ་གྲགས་པའི་གནམ་གྱི་ཁྲི་བདུན་ལས་གཉིས་པ་མུ་ཁྲི་བཙན་པོའི་སྐབས་ཀྱི་བོན་གྱི་འདུ་གནས་གྲགས་ཆེན་སོ་བདུན་ཡང་ད་ལྟ་བོད་དབུས་གཙང་ཕྱོགས་སུ་ངོས་འཛིན་གསལ་བོར་ཐུབ་ལ། དེ་དག་ལས་འགའ་ཞིག་འདིར་མང་མང་གི་སྤྱན་ལམ་དུ་བཀོད་ན། ༼འདམ་ཤོད་སྣར་མོ།༽ད་ལྟ་འདམ་གཞུང་དུ་ཡོད། ༼འཕན་ཡུལ་བྲག་དཀར།༽ད་ལྟ་འཕན་པོར་ཡོད། ༼རྐོང་ཡུལ་བྲེ་སྣ།༽ད་ལྟ་ཀོང་པོ་བུ་ཆུའི་གཞུང་དུ་ཡོད། ༼སྐྱིད་ཤོད་ལུང་ནག༽ད་ལྟ་སྐྱིད་ཤོད་ལྷོ་རྒྱུད་དུ་ཡོད། ༼གཡེ་ལུང་གོང་བ།༽ད་ལྟ་ཨེ་དང་དྭགས་པོའི་མཚམས་སུ་ཡོད་པ་བཅས་ནན་ཏན་གྱིས་བརྟག་ཅིང་དཔྱད་ན་ཤེས་རྒྱུ་མང་པོ་ཡོད་དོ། བདག་གི་བསམ་ཚུལ་ལ་སྤོབས་པ་ལགས་ནས་གོང་གི་འདི་དག་མ་མཐོང་བ་དང་མ་ཤེས་པ་ཁྱད་མཚར་ཆེ་ལ། ཤེས་ཤིང་མཐོང་ཡང་ཕྱོགས་ཞེན་གྱི་དབང་དུ་སོང་ཡོད་པ་ཡིན་ན་ཉེས་ཆེ་ཞེས་རེ་ཞིག་མཇུག་བསྡུས་བ་ཡིན།
ཡ་ངའི་གྲོགས་པོ་རྙིང་པ་སྤོབས་པ། ད་ལུང་རིགས་ཀྱི་བང་རྩལ་འདྲན་པའི་དུས་ལ་བབ་སོང་། ཁྱོད་ལ་རོགས་པ་འདྲ་དགོས་ན་ཀི་ནེའུ་ལེ་འདྲ་ཞིག་གྱིས་ཤོག་དང་། ང་སྐད་ཅིག་གིས་བོས་ན་གློག་ཞགས་ལས་མྱུར་བ་ཞིག་བྱས་ནས་སླེབས་ཡོང་གོ
ངེད་ཀྱིས་རྩོམ་ཡིག་འདི་གྲོགས་ཀྱི་དྭངས་མ་བདེ་ཆེན་སྒྲོལ་མའི་པོད་ཁུག་ནས་ཉིན་འགའི་སྔོན་ལ་མཐོང་། བྐླག་འདོད་ཞིག་སྐྱེས་རུང་། སྐབས་དེ་དུས་ྐློག་ཁོམ་མ་བྱུང་།
དེ་ནས་ཁ་སང་སོང་ནས་བལྟས་དུས། རྩོམ་ཡིག་དེ་བརླགས་ཚར་འདུག དེ་ནས་རྩོམ་པ་པོར་སྒེར་ངོས་ནས་འབྲེལ་བ་བྱས་ཏེ་རྩོམ་ཡིག་དེ་དྲ་ངོས་ལ་འཇོག་ཐུབ་ན་ཡག་པོ་འདུག་ལབ་པ་ཡིན། དེ་རིང་རྩོམ་པ་པོའི་མཆོག་མཆན་བརྒྱུད་བསྐྱར་དུ་འདིར་བཀོད་པ་ཡིན། ྐློག་མཁན་རེ་གཉིས་ལ་ཕན་ཐོགས་པའི་རེ་བ་ཡོད། བསྐྱར་དུ་ངེད་ཀྱི་གྲོགས་པོར་ཡང་ཐུགས་རྗེ་ཆེ་ཞུ།
བདེ་ཆེན་སྒྲོལ་མས་ངའི་ཉོག་བཤད་ལ་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་དེ་ཚོའི་སྐོར་ལ་བསམ་བློ་བཏང་རྗེས་གཞི་ནས་ལན་རྒྱག་གི་ཡིན། དེ་མིན་རྟགས་གསལ་གཏོང་གཏོང་བྱས་ནས་ཁྱོད་ཀྱི་ཁ་འགོག་ཐབས་ཙམ་བྱས་ཀྱང་ཕན་ཐོགས་མེད་པ་རེད། རང་གཞན་ལ་བློ་སྐྱེད་ཅུང་ཟད་རེ་ཨེ་འབྱུང་བསམ་པ་དེ་ངས་བོན་གྱི་སྐོར་ལ་དོགས་སློང་བྱས་པའི་དམིགས་ཡུལ་ཉག་གཅིག་ཡིན་སྟབས་བསམ་བློ་རེ་བཏང་ནས་ལན་ཕོག་ས་རེ་ཡོད་ན་ཅིག་བྲིས་ཡོང་གི་ཡིན།
རེད་དངོས་གནས་ཧམ་པ་བཤད་ཡོད་ན་ཡག་པོ་རྩ་བ་ནས་མ་རེད། དེང་སང་དོན་དག་ག་རེའི་ཐོག་བཤད་ན་རྒྱུས་མངའ་དང་འབད་རྩོལ་གང་ཡང་བྱེད་མི་དགོས་པར་ཁྱི་ཐང་གི་ཟུག་སྐྱོར་བྱེད་མཁན་ཡང་མང་པོ་འདུག་ག རང་རེའི་སྔོན་བྱོན་དམ་པ་རྣམས་ཀྱི་ཕྱོགས་དུས་ལ་མགོ་རྨོངས་དགོས་པ་དུ་མ་ཞིག་ཡོད་པ་ཟད་འོ་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་འདས་སྐོར་ལ་ཡང་མི་མཐུན་པ་ཇི་སྙེད་ཞིག་ཡོད།
ཡང་སྐབས་འགར་མང་མོས་ཀྱི་ཆ་འཇོག་ལས་དོན་དངོས་ཀྱི་རྗེས་སུ་འགྲོ་བའི་ངེས་པ་ཡང་མེད། དཔེར་ན་ད་ལྟ་རྒྱ་གར་ནང་ཡོད་པའི་མཚོ་པད་མ་འདི་རྣམ་ཐར་དང་ལོ་རྒྱུས་བཅས་ཀྱི་ནང་གི་ཨོ་རྒྱན་རིན་པོ་ཆེའི་འཁྲུངས་གནས་ལ་བལྟས་ན་མགོ་རྙོག་ཆེན་པོ་ཡོད་ཀྱང༌། ད་ལྟ་མི་མང་བྱིངས་ཀྱིས་རྒྱ་གར་ནང་ཡོད་ཚོ་པད་མ་འདི་ཨོ་རྒྱན་རིན་པོ་ཆེའི་འཁྲུངས་གནས་ལ་ངོས་འཛིན་གྱིས་དད་དངས་བྱེད་བཞིན་ཡོད སྤྱིར་ན་ལོས་རྒྱུས་མང་ཕལ་ཆེར་སྤྱི་ཚོགས་ཀྱིས་ཆ་འཇོག་གང་བྱས་ཀྱི་རྗེས་སུ་འགྲོ་བཞིན་ཡོད་པ་ལས་ཞིབ་ཚགས་ཀྱིས་དཔྱད་ན་དོན་དངོས་འདི་ཞེས་འཇོག་དཀའ། དེས་ན་ངའི་བདེན་ཁྱོད་རྫུན་དང་ང་ཡོད་ཁྱོད་མེད་ཀྱི་སྐད་ཆ་ནི་འབྲུག་སྐད་ལྟར་དོན་གྱིས་སྟོང་པ་ཞིག་མ་ཡིན་ནམ།
སྤོབས་པ་མཐའ་ཡས་འདི། ལག་པ་བསྲེངས་ས་མང་དྲགས་ནས། མིང་རྫུན་འདྲ་མིན་བྱས་ནས་དྲ་རྒྱ་འདྲ་མིན་ནང་འཛུལ་ཏེ། བང་ཆེན་ནང་སྙོག་དྲ་ལུང་པ་གང་བཟོས་འདུག ཨ་ཧོ་ཧོ། དགོངས་པ་ཅུང་ཟད་བཞེས་དང༌། ནང་ཁུལ་དཀྲུགས་ཤིང་བསླངས་ནས་ཕན་ཐོགས་ག་རེ་འདུག བྱེད་སྟངས་འདི་ཡག་པོ་མ་རེད། ཨོ། གཅིག་བྱས་ན་བསངས་དུད་ཟེར་བའི་མིང་བརྫུས་བཟོ་མཁན་དེས་སྤོབས་པའི་གློག་འཕྲིན་ཁ་བྱང་བརྐུས་པ་ཡིན་འགྲོ། གང་ལྟར་བསངས་དུད་ངན་ལྷོང་བུད་ཚར་ཐལ། སྤོབས་པ་དང་ཁོང་གཉིས་གཅིག་ཡིན་མིན་ཐོག་དོགས་པ་མང་གི། ད་དུང་བང་ཆེན་དྲ་བདག་གསེར་རྟ་དང༌། བསངས་དུད། སྤོབས་པ་གསུམ་གཅིག་པ་ཡིན་མིན་སྐོར་ལུང་པ་གང་རེ་བཤད་རེས་བཟོས་འདུག ཨ་ཙི། ད་བསམ་བློ་ཅུང་ཟད་ཐོངས་དང༌། ཐུགས་ཡིད་མ་ཆེས་ན་བང་ཆེན་དྲ་རྒྱ་ནང་འཛུལ་དང༌། ཐལ་བ་གནམ་ལ་འཕྱུར་གི་འདུག
བདེ་ཆེན་སྒྲོལ་མ་ལ་ཡི་རངས་ཡོད། གནས་ཚུལ་གང་ཡིན་རུང་། ཕྱི་གསལ་ནང་གསལ་གྱིས་ཚང་མའི་མདུན་ལ་སྟོན་ནུས་པ་དེ་ཡག་པོ་རེད། ང་ཚོས་མིང་ཆེན་པོ་དཔེར་ན། ཕྱག་གཉིས་པ་ཟེར་མཁན། སྨྱོན་པ་ཟེར་མཁན། རིགས་པ་ཟེར་མཁན། འོ་ད་དུང་སྟག་སྨྱོན་ཟེར་མཁན། རིག་འབྱུར་ཟེར་མཁན། ཟུར་གནས་ཟེར་མཁན། ད་དུང་ཡང་སངས་ཟེར་མཁན་གྱི་མིང་སྐད་གྲགས་ཆེ་བ་ཞིག་བཏགས། དོན་དངོས། ཞི་མི་ནང་བཞིན་ཡིབ་ནས་གཞན་ལ་སྨོད་པ་ལས། ངོ་ཐོག་རྒྱུ་མཚན་དང་གནས་ཚུལ་ངོ་མ་མིའི་མདུན་ཐོག་ལ་ཤོད་ཕོད་མཁན་མེད། གནས་སྟངས་འདི་ནི་ང་ཚོ་བོད་ཀྱི་ཤེས་ཡོན་ཅན་གྱི་མིང་འཛིན་པ་མང་ཆེ་བ་ཞིག་གི་དངོས་ཡོད་རེད། ངོ་ཚ་རྒྱུ་མེད་པ་འདི་ཁོང་ཚོའི་ཁྱད་ཆོས་འབའ་ཞིག་སྣང་།
ཁྱེད་ངོ་མ་བློ་ཁོག་བྱུང་། ཡི་རངས་ཡོད།
ངས་བོན་གྱི་འབྱུང་ཁུངས་སྐོར་ལ་དྲི་བ་བཞི་བཀོད་པ་དེ་ཚོ་དོག་པ་ཆེ་ཤོས་དེ་འདྲ་རེད་མོད་བདེ་ཆེན་སྒྲིལ་མས་དེ་ཚོ་ལ་ལན་གཅིག་ཀྱང་བརྒྱབ་མི་འདུག
དེ་འདྲ་བཤད་ཀྱིན་འདུག ཁོས་ངའི་གློག་འཕྲིན་བརྐུ་བཤུ་བྱས་པ་ཡིན་ནམ་དངོས་གནས་དེ་ལྟར་འདྲ་མཚུངས་ཆེན་པོ་ཞིག་ཡིན་མི་ཤེས། གང་ལྟར་ཡིག་འབྲུ་གཅིག་གི་གོ་རིམ་གོང་འོག་ཙམ་ལས་ཁྱད་པར་མི་འདུག ལ་ལ་ཞིག་གིས་ང་དང་གསེར་རྟ་ཚུལ་ཁྲིམས་ལྷ་སའི་བསང་དུད་ཟེར་བ་དེ་གསུམ་མི་གཅིག་རེད་ཟེར་ནས་འབར་གྱིན་འདུག ཡིན་ན་ཡང་གཙོ་བོ་དེ་ལྷ་སའི་བསང་དུད་ལ་བརྟེན་ནས་བང་ཆེན་དྲྭ་བདག་ལ་དཀའ་ངལ་ཅིག་སྤྲོད་བཞིན་ཡོད་པ་གཏན་འཁེལ་རེད། ང་འདིའི་ནང་དུ་དྲུད་ཅི་ཐུབ་བྱེད་པ་འདི་ངས་བོན་གྱི་སྐོར་ལ་དོག་སློང་ཁ་ཤས་ཤིག་བྱས་སྟབས་དེ་ཆོལ་ཁའི་ན་ཚ་ཞིག་དང་སྦྱར་ནས་ཐག་ཞོར་འབྲེང་དྲུད་ཨེ་ཐུབ་ལྟ་བཞིན་ཡོད་པ་འདྲ་། ངས་བེ་རི་འཇིགས་མེད་སོགས་ལ་སྐྱོན་བརྗོད་བྱེད་མ་མྱོང་མོད་བོན་གྱི་སྐོར་ལ་དོག་སློང་བྱས་པ་དེ་བོན་གྱི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལ་ཁ་གཏད་གཅོག་ཆེད་རེད་ལབ་ཀྱིན་འདུག སྤྱིར་བཏང་དེ་ཁྱད་མཚར་རེད། ངས་བོན་གྱི་སྐོར་ལ་དོགས་སློང་གི་ཟོལ་འདྲ་པོ་ཁ་ཤས་རེ་བྱས་པ་ལས་སྨོན་ལམ་མཐར་ཕྱིན་སྒེར་ལ་སྐྱོན་བརྗོད་བྱེད་མ་མྱོང་། དེ་འདྲ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས་ཁམས་ཀྱི་མཁས་པ་ཚོར་ཁ་གཏད་གཅོག་གི་འདུག་ཅེས་པ་ལྟ་བུ་ཞིག་ལབ་ཀྱིན་འདུག བང་ཆེན་ནང་དུ་ང་དང་ལྷ་སའི་བསང་དུད་གཉིས་གཅིག་ཏུ་སྦྱར་བ་དེ་ལ་ཁུངས་སྐྱེལ་ག་རེ་ཡོད་མེད་མི་ཤེས། གསེར་རྟ་ཚུལ་ཁྲིམས་དང་ངེད་གསུམ་གཅིག་ཡིན་པ་ལ་དེ་ལས་ཀྱང་ཁུངས་འདྲ་བྱས་ནས་སྐྱེལ་བསམ་པ་ཡིན་མི་ཤེས།
བདེ་ཆེན་སྒྲོལ་མས་བོན་ལ་གནས་ཆེན་མང་པོ་ཡོད་ཚུལ་ཞིག་བཤད་འདུག གནས་ཆེན་ཟེར་བ་དེར་དངོས་བྱུང་ལོ་རྒྱུས་ལྡན་པའི་གནས་ཆེན་དང་རྣལ་འབྱོར་བའི་དག་སྣང་དང་འབྲེལ་བའི་གནས་ཆེན་སྟེ་རིགས་གཉིས་ཡོད། ངས་བོན་ལ་མི་འདུག་ཅེས་པ་དེ་སྔ་མ་དེ་རྗོད་ཀྱིན་ཡོད།
ཨ་རོ། སྤོབས་པ་ཁྱོད་མི་ཚེགས་ཡང་ཟེར་ནོ་རེད། དེ་རིང་ཕྱི་དྲོ་ཆུ་ཚོད་ལྔ་བ་ནས་འགོ་བཙུགས་ཏེ་མཚན་གྱི་ཆུ་ཚོད་དང་པོ་དབར་དུ་མཆན་བརྒྱབ་སོང་།
བདེ་ཆེན་སྒྲོལ་མ་གཉིད་ཀྱི་ཞིང་ཁམས་ན་ཡོད་ནི་རེད་ཡ། ཁྱེད་ཀྱི་དེ་ཚོར་ལན་མགྱོགས་པོར་རེག་རྒྱུ་ཅུང་ཙམ་འགོར་གྱི་རེད།
ཡིན་ན་ཡང་། ཁྱེད་གཉིས་ཀྱི་བགྲོ་གླེང་དེ་ཧ་ཅང་ཡག་གི། མུ་མཐུད་དུ་ཡིན་ད། དེ་ཙམ་ཞུ།
རྫུན་ཕྲ་མ་ཚིག་རྩུབ་ལྟ་བུའི་ངག་གི་ལས་ལ་འཆད་བྱ་དེ་བཤད་སོང་ཤོད་བཞིན་འདུག་ལྟ་དུའི་ཚིག་སྦྱོར་ཞིག་འབྲི་སྟངས་ཡོད་ད་ན་ཡང་། ཧམ་པ་དང་ཧམ་སེམས་ལྟ་བུའི་ཡིད་ཀྱི་ལས་འདི་རིགས་ལ་བཤད་སོང་ཞེས་ངག་གིས་ལས་གསོག་སྟངས་དང་སྦྱར་ནས་འབྲི་སྲོལ་དང་བཤད་སྲོལ་ཞིག་དེ་སྔ་མེད་ལ། བཙན་བྱོལ་སྤྱི་ཚོགས་ནས་མགོ་བཙུགས་ཏེ་འདི་ལྟར་འབྲི་སྲོལ་ཞིག་དང་བཤད་སྲོལ་ཞིག་དར་ཁྱབ་ཏུ་སོང་དང་འགྲོ་བཞིན་འདུག དེ་བཞིན་ང་བཟའ་གི་ཡིན་ལྟ་བུ་ཡང་ངོ་།།གང་ལྟར་སྤོབས་པས་ཧམ་པ་བཤད་སོང་ཟེར་ན་ཚིག་རང་སྟེང་ནས་གོ་རྒྱུ་ཆེན་པོ་ཞིག་མི་འདུག
ནོར་བཅོས། ལྟ་བུའི་ ཡོད་ན་ཡང་།
སྤོབས་པ་ལོ་བརྒྱ། ཁྱེད་ཀྱིས་དངོས་བྱུང་གི་ལོ་རྒྱུས་ལྡན་པའི་གནས་ཆེན་དང་། རྣལ་འབྱོར་པའི་དག་སྣང་ཤར་བའི་གནས་ཆེན་ཞེས་གཉིས་སུ་ཕྱེས་ནས་བོན་པོ་ལ་དང་པོ་དེ་མེད་ཅེས་བཤད་འདུག དེས་ན་དང་པོ་དེའི་ཚད་ཇི་ལྟར་འཇོག་ལན་ཞིག་ཡོད་དགོས
ཨ་ཙི། མིའུ་ཕྲུག་ཚེ་རིང་རྒྱུ་བོ། ཁྱོས་དེ་འདྲའི་གླེན་འདྲི་ཞིག་མ་བྱེད་དང་། ད་ཉི་མ་གཅིག་ལ་རྩམ་པ་དང་ཕྱེ་གཉིས་ལ་ཁྱད་པར་ཅི་ཡོད་འདྲི་ཡོང་ས་རེད།
སྤོབས་པ་ཡིན་ན་འདིས་ཅི་བཤད་བསམ་པ་རེད། མཆན་གཅིག་ན་ངའི་ཉོག་བཤད་ལ་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཟེར་ནས་བཀོད་ཡོད་གི། ཡང་འོག་ན་ངས་དེ་ཚོའི་སྐོར་ལ་བསམ་བློ་བཏང་རྗེས་གཞི་ནས་ལན་རྒྱག་གི་ཡིན་ཟེར་ནས་བཀོད་འདུག དྲང་མོར་བཤད་ན། དང་པོ་རང་གིས་ཉོག་བཤད་བྱས། དེ་ནས་མིས་དཔྱད་གཏམ་བྲིས་ཡོང་དུས་གཞི་ནས་བསམ་བློ་གཏོང་དགོས་ན་ཅི་འདྲའི་དགོད་བྲོ་བ་ལའང
ང་ལ་ས་ཚིགས་ཀྱི་འོལ་མོ་ལུང་རིང་དེ་དགོས་ཀྱི་ཡོད། སྟོན་པ་གཤེན་རབ་བོད་ཀྱི་སྟོད་མངའ་རིས་སུ་འཁྲུངས་པ་ཡིན་ན་ཁོང་གི་གསུངས་དེ་བོད་སྐད་དུ་ག་རེ་བྱས་ནས་སྒྱུར་དགོས་པ་རེད། ངས་དུས་རབས་བཅུ་པའི་སྔོན་དུ་བོན་གྱི་བཀའ་བསྟན་ཡོད་མེད་སྐོར་ལ་དྲི་བ་བཞི་བཀོད་ཡོད་པ་དེ་ཚོ་ལ་ཁྱེད་ཀྱིས་ལན་གཅིག་ཀྱང་བརྒྱབ་མི་འདུག སྟག་གཟིག་གམ་རྟགས་གཟིགས་ཟེར་བའི་ལུང་པ་དེ་ལ་མཛུབ་མོ་ཐོག་མར་འཛུགས་དགོས་ཀྱི་རེད། དེང་སང་བོན་གྱི་ཞིབ་འཇུག་པ་ཡིན་ཟེར་མཁན་ཚོས་སྟབས་གར་བདེ་བལྟས་ནས་ལྕེ་གཡོ་བཞིན་འདུག་མོད་སྟག་གཟིག་གམ་རྟགས་གཟིགས་ཟེར་སའི་ལུང་པ་དེ་ཚོ་གར་ཡོད་མ་ཤེས་ན་འོལ་མོ་ལུང་རིང་གར་ཡོད་ངོས་འཛིན་མི་ཐུབ། དེ་མ་ཐུབ་ན་བོན་གྱི་ལོ་རྒྱུས་སྔོན་མ་དེ་ཚོ་ལ་ཨུ་ཁུངས་རྡོལ་ཡོང་གི་རེད།
ཁྱེད་ཀྱིས་ཐོན་མི་དང་གཤིབ་བརྡུར་གྱི་དྲི་བ་ཞིག་བཀོད་པ་དེ་ལ་སྙིང་པོ་མི་འདུག ངས་མི་ཞིག་འཇིག་རྟེན་འདིར་སྐྱེས་ཚད་གང་དུ་སྐྱེས་པ་ད་ལྟ་ང་ཚོས་ཤེས་དགོས་ཞེས་བཤད་ཀྱིན་མེད། བོན་གྱི་བཀའ་བརྟན་ནམ་བཀའ་བསྟན་ཞེས་པའི་གླེགས་བམ་དེ་ཚོ་ནང་པ་སངས་རྒྱས་པའི་བཀའ་བསྟན་གྱི་ཚིག་ཁ་བསྒྱུར་བྱས་པ་དང་འདྲ་བཟོ་བྱས་པ་ཙམ་ལས་སྟོན་པ་གཤེན་རབ་ནས་བརྒྱུད་པའི་ཁུངས་སྐྱེལ་ཡིད་ཆེས་ཐུབ་པ་མེད་པ་གཞི་ལ་བཞག་ནས་དུས་རབས་བཅུ་པའི་སྔོན་དུ་བོན་གྱི་གླེགས་བམ་དེ་ཚོ་ཡོད་མེད་ལ་དོག་འདྲི་དང་འབྲེལ་གཤེན་རབ་ཟེར་བ་ཞིག་འཇིག་རྟེན་འདིར་བྱུང་མྱོང་ཡོད་མེད་སྐོར་ལ་ཁོང་གི་འཁྲུངས་ཡུལ་དང་འབྲེལ་བའི་དོག་འདྲི་འདི་བྱུང་བ་རེད། ཐོན་མི་གང་དུ་འཁྲུངས་པ་མ་ཤེས་ཀྱང་ཁོང་གིས་གསར་དུ་བཟོས་པའི་ཡི་གེ་དང་བོད་སྐད་དུ་བསྒྲུར་བའི་མདོ་དང་བསྟན་བཅོས་དེ་ཚོ་ལས་ལྷག་པའི་ཐོན་མི་འཇིག་རྟེན་འདིར་འཁྲུངས་པའི་དཔང་རྟགས་གང་ཡང་དགོས་ཀྱི་མ་རེད། དཔེར་ན་ངས་ཁྱོད་བདེ་ཆེན་སྒྲོལ་གང་དུ་ཡོད་པ་སོགས་ཤེས་ཀྱིན་མེད་པ་རེད། ཡིན་ན་ཡང་ཁྱེད་ཀྱིས་ཟིན་བྲིས་ལ་དཔག་ནས་བདེ་ཆེན་སྒྲོལ་མ་ཞེས་པ་ཞིག་ག་ཤེད་ཅིག་ཏུ་ཡོད་པར་ཡིད་ཆེས་ཆོག་པ་ལྟ་བུ་རེད།
སྤོབས་པ་ཡིན་ན་འདིས་ཡང་ཁ་ངན་ལ་སྐོར་གྱི་འདུག ངས་ཁྱོད་ལ་དྲི་བ་གཅིག་འདྲི། ཁྱོད་ཀྱི་མཆན་བུ་ན་བོན་གྱི་བཀའ་བརྟན་ནམ་བཀའ་བསྟན་ཞེས་པའི་གླེགས་བམ་དེ་ཚོ་ཟེར་ནས་བྲིས་འདུག དེ་ན་ཁྱོད་ཀྱིས་བོན་གྱི་བཀའ་བརྟན་གླེགས་བམ་དེ་ཚོ་འདིར་དྲ་གྲོགས་མང་པོར་གསལ་ཆ་ཡོང་བའི་ཆེད་དུ་ངོ་སྤྲོད་ཅིག་བྱོས་དང༌། ཁ་སང་ཡང་ཁྱོད་ཀྱིས་འདི་ལྟར་འུར་བརྒྱབ། ཧམ་པ་བཤད་ཙང་བདེ་ཆེན་སྒྲོལ་མས་ཁྱོད་ཀྱི་གཉའ་ནས་བཟུང་ནི་རེད།
སྤོབས་པ་ཟེར་བ་ཁོང་གིས་ཐོན་མི་འཇིག་རྟེན་འདིར་བྱོན་པའི་རྒྱུ་མཚན་ཁོང་གིས་གསར་དུ་བཟོས་པའི་ཡི་གེ་སོགས་བཀོད་འདུག་དེ་རྒྱུ་མཚན་ཡག་པོ་ཞིག་རེད། འོན་ཀྱང་བོད་ཡིག་འདི་དངོས་གནས་ཐོན་མིས་བཟོས་པའི་ཁུངས་སྐྱེལ་དཔུང་རྟགས་གང་ཞིག་ཡོད་དམ།
ཁ་རོ། དྲ་གྲོགས་ཚོ། ད་སྤོབས་པ་ཁུ་སིམ་ལ་ཞོག ཁོས་བྲིས་པ་འདི་བསམ་ཚུལ་ཡིན་ཤས་ཆེ། འདིར་ཚིག་རེ་རེ་བྱས་ནས་ཞིབ་དཔྱོད་གཏོང་དགོས་ན། ནུབ་ཕྱོགས་པའི་ཆོས་ལུགས་མཁས་པ་འགས། བོན་པོ་འདི་ཨི་རན་ནམ་སྟག་གཟིགས་ཀྱི་ཆོས་ལུགས་སྟེ། ཁ་ཆེའི་ཆོས་ལུགས་ལས་ཟུར་དུ་འཕྱུར་བ་ཞིག་ཡིན་པའི་དཔྱད་གཏམ་བྲིས་ཡོད་པ་མ་ཟད། ཁུངས་ཡང་ག་ལེར་ག་ལེར་སྐྱེལ་ཡོང་གི་འདུག ཁྱེད་ཚོ་སུས་འདི་ལ་དཔྱད་ཞིབ་བྱས་ནས་ལན་བརྒྱབ་པ་ཡིན་ནམ། ད་དུང་ཡོད། ནང་པའི་གསང་ྔཱགས་དེ་ཡང་ཧི་རྡུའི་ཆོས་ལུགས་ལས་བྱུང་བ་ཞིག་པ་བདེན་པ་ཐུག་ནས་ཤོད་ཀྱི་འདུག དེར་བརྟེན། རྒྱལ་བ་རིན་པོ་ཆེས་དེང་སང་རྒྱུད་དེ་ཐུན་མོང་རེད་ཅེས་གསུངས་མགོ་བཙུགས་སོང་།
ཨ་རོ་གྲོགས་པོ། ཨི་རན་གྱི་ཆོས་ལུགས་ལས་ཆད་ན་ཁ་ཆེ་ནས་བྱུང་དགོས་ཀྱི་ཡོད་དམ། ཨོ་ད་དེ་གཏམ་གསར་པ་ཞིག་རེད་འདུག་ག ནུབ་ཕྱོགས་པའི་ཆོས་ལུགས་མཁས་པ་སུ་སུ་དང་དེ་དག་གིས་བྲིས་པའི་བོན་ཆོས་དེ་ཁ་ཆེའི་ཆོས་ལུགས་ལས་ཟུར་དུ་ཕྱུངས་བར་དཔྱད་པའི་རྩོམ་ཡིག་གི་མིང་རྣམས་དྲ་ཐོག་འདིར་ཁྱེད་ཀྱིས་ཅིག་འགོད་གནང་རོགས། ཐུགས་རྗེས་གཟིགས། ང་རང་དེ་ལ་ཅིག་ལྟ་སྙིང་འདོད་ཀི།
༧གོང་ས་མཆོག་གིས་རྒྱུད་དེ་ཐུན་མོངས་རེད་ཅེས་པ་གསང་སྔགས་དེ་ཧིན་རྡུ་ལས་བྱུང་བ་རེད་གསུངས་ཀྱི་ཡོད་ན། རྒྱུན་དུ་༧གོང་ས་མཆོག་གིས་བོད་ཀྱི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་འདི་དཔལ་ཎ་ལེན་དྲ་ནས་བྱུང་བའི་ནང་པ་སངས་རྒྱས་པའི་ཆོས་རྒྱུད་དྲི་མ་མེད་པ་གསུངས་པའི་དོན་གང་ཡིན་ནམ།
ཨ་རོགས་ཚོ། རིག་པ་སྣ་མགོ་ལ་གཏད་ནས་རྒྱང་བཀྱེད་ནས་སྡོད་མ་གཏོགས། ཡང་འདི་ཚོས་ཆོས་ལུགས་ཀྱི་སྐད་ཆ་བཤད་མགོ་བཙུགས་སོང་ང་། བར་མ་བར་ནས་རྣ་ཅོག་གཞར་ཡའི་ཉེན་ཁ་ཡོད་རེད་དྭ།
ནུབ་ཕྱོགས་པས་བྲིས་པའི་བོན་ཆོས་ཀྱི་དཔྱད་བརྗོད་དེ་ཚོར་ལྟ་ན་ The Tibet journal ནང་རྒྱུགས། སྟག་གཟིག་འོལ་མོ་ལུང་རིང་འཚོལ་འདོད་ན་ཡང་དེར་རྒྱུགས། བློ་སྒོ་འབྱེད་ཐུབ་པའི་དཔྱད་བརྗོད་རེ་ཟུང་རྙེད་སྲིད། སྔོན་མའི་ངའི་མཆན་ཞིག་གི་ནང་འདོན་ཐེངས་གང་གང་གི་ནང་དེའི་སྐོར་བྲིས་ཡོད་མེད་རོབ་ཙམ་བཀོད་ཡོད་བསམ་སོང་། ཆོས་ལུགས་ཟེར་བ་འདི་ཡིན་གཅིག་མིན་གཅིག་ཁུངས་གཅིག་རང་གཅིག་ནས་བརྒྱུད་ཡོང་དགོས་པ་ཞིག་དུ་བསམ་ནས་འཚོལ་ཞིབ་བྱས་ན་ཁྱེད་ཚོར་རྙེད་རྒྱུ་མོ་གཤམ་གྱི་ཕོ་མཚན་ལས་ཡོད་མི་སྲིད། འཛམ་གླིང་ཧྲིལ་བོའི་ཆོས་ལུགས་ཚང་མ་གཅིག་གིས་གཅིག་ལ་ཤན་ཞུགས་ནས་ཤ་ཐིམ་རུས་ཐིམ་དུ་སོང་བསྡད་ཡོད་ས་ནས་ཁྱེད་ཚོར་ཡང་ན་གནམ་ནས་འབབ་དགོས་པ་དང་མིན་ན་ས་ནས་སྐྱེས་ཡོང་དགོས་པའི་ཆོས་ལུགས་ཤིག་གང་ན་ཡོད།
མ་གཞི་བོན་ཆོས་དང་ཞང་ཞུང་རྒྱལ་ཁབ་གཉིས་གཞི་གཅིག་ཏུ་བསྲེས་ནས་བཤད་རྒྱུ་ཨེ་ཡོད། ཆོས་ལུགས་ཀྱི་ཁྱབ་ཚད་ནི་རྟག་པར་རྒྱལ་མཚམས་ལ་དབྱེ་བ་མེད་པར་གཅིག་ནས་གཅིག་ལ་བརྒྱུད་དེ་འགོས་ནད་ཅིག་གམ་ཡང་ན་ནུས་པ་ཅན་གྱི་སྨན་ཞིག་བཞིན་ཕྱོགས་མཐའ་གང་སར་ཁྱབ་འགྲོ་གི་ཡོད་པ་རེད།
སྟག་གཟིག་འོལ་མོ་ལུང་རིང་དེ་ཞང་ཞུང་ན་ཡོད་ན་དེའི་མིང་ལ་སྟག་གཟིག་ཟེར་དོན་ཅི་རེད། སྟག་གཟིག་ནི་གནའ་བོའི་ཤེས་རིག་དཔལ་ཡོན་ཕུན་སུམ་ཚོགས་ཤིང་དཔུང་སྟོབས་ཆེ་བའི་རྒྱལ་ཁབ་ནུབ་ཡོ་རོབ་ནས་ཤར་རྒྱ་ནག་ལ་ཐུག་ཐུག་བར་རྒྱལ་ཁབ་མང་པོེ་དབང་དུ་བསྒྱུར་བ་དང་། དེ་མིན་ཡང་རིག་གནས། སྨན། ཆོས་ལུགས། ཚོང་འབྲེལ་ཀྱིས་ཤུགས་རྐྱེན་མ་ཐེབས་ས་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཡིན་པ་དང་།
ང་ཚོའི་སྟོད་མངའ་རིས་དཀྱིལ་སྙིང་དུ་བྱས་པའི་ཞང་ཞུང་དེ་རྒྱལ་ཕྲན་ཆེན་པོ་ཞིག་མིན་ན་ཡང་སྟག་གཟིག་དང་སྐབས་ཤིག་རིང་ས་འབྲེལ་ཡིན་པའི་ཆ་ནས་བོད་ལ་མཚོན་ན་ཤེས་རིག་དཔལ་ཡོན་གྱི་ཕ་ས་མ་ས་ལྟ་བུ་ཞིག་ཆགས་ཡོད་པ་དེ་གསལ་པོ་རེད།
གྲོགས་པོ་ཉི་འོད། བོན་ཆོས་དང་ཁ་ཆེའི་ཆོས་ལུགས་གཉིས་འབྲེལ་བ་ཡོད་པའི་སྐོར་ལ་གོང་གི་མཆན་ནས་ཞིབ་དཔྱད་བྱས་ན་ཤེས།
རྒྱུད་དེ་ཧིན་རྡུ་ནས་བྱུང་བ་ཡིན་མིན་ཁྱེད་ནས་ཞིབ་འཇུག་ཏོག་ཙམ་གྱིད་དང་གྲོགས་པོ། ངས་ཁྱེད་ལ་རྒྱ་གར་གི་རྒྱུད་དེ་ནང་ཆོས་ནང་ལ་དར་བ་རེད་ཅེས་ཟེར་རྒྱུ་མིན་། ཁྱེད་རང་གིས་ཞིབ་འཇུག་ཏོག་ཙམ་བགྱིད་ནས་ང་ལ་འདྲི་བ་འདོན་ན། ངས་ལན་རྒྱག་རྒྱུ་ཡིན། ངས་ཞིབ་འཇུག་བྱེད་པའི་དེབ་དེ་ཚོ་ཧིན་རྡི་ནས་དབྱཻན་ཡིག་ལ་བསྒྱུར་བའི་ཧིན་རྡུའི་ཆོས་འབྱུང་དེ་ཚོ་ཡིན། དེབ་དེ་ཚོ་ནང་ཆོས་མ་དར་གོང་ནས་བྲིས་པ་རེད་འདུག་གྲོགས་པོ།
དགེ་ཆོས་ཀྱི་རྒྱ་གར་གྱི་གནས་ཡིག་དེ་ཚོའི་ནང་ལ་ཡང་འགའ་ཤས་གསལ་འདུག
གནའ་བོའི་ཞང་ཞུང་ཟེར་ན་དུས་རབས་གང་གི་སྐབས་ཀྱི་ཞང་ཞུང་ཤོད་ཀྱི་ཡོད། ཞང་ཞུང་དེ་ཏུན་ཧོང་ནང་བོད་ཀྱི་རྒྱལ་ཕྲན་སིལ་མ་བཤད་སྐབས་རྒྱལ་ཕྲན་མང་པོ་ཡོད་པའི་ནང་གི་གཅིག་མ་གཏོགས་མིན་པ་དང་། ཡང་བོད་ཀྱི་རྒྱལ་རབས་ཁག་ནང་། སྟོད་མངའ་རིས་སྐོར་གསུམ་སྡེ་ཚོ་དགུ་རུ་དབྱེ་ནས་བཤད་ན་མངའ་རིས་སྐོར་གསུམ་གྱི་དགུ་ཆའི་གཅིག་མ་གཏོགས་མིན་པ་རེད། སྲོང་བཙན་རྗེས་ཙམ་རྒོད་གཡུང་གི་ཁྱད་པར་ཕྱེ་སྐབས་ཀྱི་རུ་རེ་རེའི་སྟོང་སྡེའི་གྲངས་ཀར་ཅིག་བལྟས་ན་ཡང་དེའི་སྐབས་ཀྱི་ཞང་ཞུང་གི་ཆེ་ཆུང་ལ་རོབ་ཙམ་ལྟ་ཐུབ།
གཞན་ལ་གཤེ་ན་ཁྱེད་རང་ལ་ཁ་ལྕེ་བདེ་བོ་ཞིག་འདུག་སྟེ་རང་ལ་ཡང་རྒྱུ་མཚན་དང་དཔངས་རྟགས་ཀྱིས་ཕོངས་འདུག གཞན་ཞིག་ནས་ལུང་ཞིག་འདྲེན་རྒྱུ་རྙེད་པ་ཙམ་གྱིས་གང་བཤད་པ་དེའི་ཁུངས་སྐྱེལ་དུ་འགྲོ་དཀའ། ཞང་ཞུང་ནས་དར་བའི་ཆོས་རིག་དང་སྐད་ཀྱིས་ཤུགས་རྐྱེན་ཐེབས་ཚད་ཞང་ཞུང་རྗེ་བོའི་མངའ་ཁོངས་སུ་བསྡུས་ཡོང་ན་ག་འདྲ་ཡིན་ན།
རྒྱལ་བོའི་མིང་། དུས་རབས། མངའ་ཁོངས་ཆེ་ཆུང་སོགས་རེ་རེ་བཞིན་གསལ་པོར་བཀོད་རྒྱུ་ཡོད་ན་སུས་ཀྱང་ཁས་ལེན་ངེས།
ང་ཚོའི་ལོ་རྒྱུས་པ་མང་ཆེ་བ་རྒྱ་སྐྱེད་རིང་ལུགས་པ་རེད། ས་ཆ་ཞིག་ལ་དམག་ཅིག་རྒྱབ་ནས་ཐོབ་པ་ཡིན་ན་ཡང་དབང་དུ་བསྡུས་པ་རེད་ཅེས་ཤོད་ཀྱི་ཡོད་པ་རེད། དཔེར་ན། ཉེ་དུས་ཀྱི་མཁས་དབང་ཚོས་བྲིས་པའི་སྲོང་བཙན་སྒམ་པོའི་སྐབས་ཀྱི་མངའ་ཁོངས་བརྗོད་པ་གཅིག་པོས་མཚོན་ཐུབ།
ཆོས་གཞུང་ནང་གི་ལྷ་སྒྲུང་ལྟ་བུ་དུས་ཚོད་དང་རྒྱུ་མཚན་ངེས་གཏན་མེད་པ་དེ་ཚོར་ཡང་ཁུངས་བཅོལ་ནས་ཡར་ཞབས་ཀྱིས་བཀྱག་པ་རེད། མར་ཕེབས་མྱོང་བ་རེད། རྟ་རྐུན་མས་དེད་ནས་སྟོན་པ་རང་ར་མདའ་རྒྱུག་དགོས་པ་དེ་འདྲ་བྲིས་ཡོང་ན་ཁུངས་འཁྱོལ་ཐབས་ཡོད་པ་མ་རེད། དེས་ན་ངའི་ཕ་ཡུལ་དུ་ཡང་སྟོན་པ་དངོས་སུ་ཞབས་ཀྱིས་བཅགས་པའི་ཞབས་རྗེས་མཐོང་རྒྱུ་འདུག
མ་གཞི་ང་ཚོའི་མཁས་པ་མང་པོ་ཞིག་ནས་ཕྲ་མཐོང་ཆེ་ཤུལ་ཐོགས་ནས་བོད་དང་འབྲེལ་བའི་བྱ་དངོས་ལ་ལྟ་གི་ཡོད་པ་རེད། གྲོང་གསེབ་ཀྱི་ནང་དུ་བསྡད་ནས་བལྟས་ན་གྲོང་གསེབ་དེ་ཧ་ཅང་ཆེ་ལ། གྲོང་གསེབ་ཀྱི་ཕྱི་རུ་ཕྱིན་ནས་གྲོང་གསེབ་ལ་བལྟས་ན་གྲོང་གསེབ་ཧ་ཅང་ཆུང་།
ཉི་འོག་ལགས། ཐོན་མིའི་བོད་ཡིག་བཟོས་པ་དེར་ངས་ཁུངས་སྐྱེལ་དཔང་རྟགས་གསར་པ་ཞིག་སྟོན་དགོས་པ་མི་འདུག ཨ་མདོ་དགེ་ཆོས་གྱིས་ཐོན་མི་རྒྱ་གར་དུ་ཕེབས་སྐབས་ནི་རྒྱ་གར་དུ་གུབྟའི་རྒྱལ་རྒྱུད་ཚོས་རྒྱལ་སྲིད་སྐྱོང་བའི་སྐབས་དང་ཁེལ་ཤིང་དེའི་སྐབས་ཀྱི་ཡིག་གཟུགས་དེ་བོད་ཡིག་འབྲི་མཁན་ལག་དེ་ཙམ་མི་བདེ་བ་ཞིག་གིས་བོད་ཡིག་བྲིས་པ་ལྟ་བུ་ཞིག་ཡིན་ཚུལ་དཔེ་དང་བཅས་པ་གཏམ་རྒྱུད་གསེར་ཐང་དང་དེབ་དཀར་གཉིས་ཆར་ལ་བཀོད་ཡོད་ཐོག་དགེ་ཆོས་ཀྱི་དགེ་རྒན་པནྜི་ཏ་ར་ཧུ་ལས་ཀྱང་དགེ་ཆོས་ཀྱིས་དེའི་སྐོར་ལ་ཞིབ་འཇུག་བྱས་ཚུལ་དང་མ་དཔེ་དེ་ཡང་ལག་ནུའི་འགྲེམ་སྟོན་ཁང་ན་ཡོད་ཚུལ་སོགས་གསལ་པོར་གསུངས་འདུག གལ་སྲིད་ཁྱེད་ལ་དུས་ཚོད་དང་། ལག་དངུལ། ཤེས་ཡོན་བཅས་ཀྱིས་འདངས་བ་ཞིག་བྱུང་ན་དེར་ཕེབས་དང་གཟིགས་ཐུབ་ངེས་རེད། པནྜི་ར་ཧུ་ལའི་དགེ་ཆོས་ཆོས་དང་འབྲེལ་ཡོད་ཀྱི་གསུང་ཁག་གཅིག་བོད་སྐད་དུ་བསྒྱུར་ནས་ཡོད་པ་ཨ་མདོ་རྔ་བའི་ཇོ་ལེབ་ཆོས་འཕེལ་གྱིས་དུས་དེབ་ཏུ་གསལ་པོར་བཀོད་ཡོད་པ་དེར་གསལ། དེབཞིན་བརྡ་སྤྲོད་གཞུང་ལུགས་ལ་ན་བསམ་ན་ལེགས་སྦྱར་གྱི་རྣམ་དབྱེའི་གྲངས་དང་བཅས་པ་བོད་ཡིག་ལ་དོད་ཐུབ་ཡོད་པ་གནས་བརྒྱད་རྩ་འགྲེལ་ལ་གཟིགས་ཙམ་བྱས་ན་ཤེས་ཐུབ། རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པར་ཡོད་པའི་རྒྱལ་ཡོངས་འགྲེམ་སྟོན་ཁང་ཡང་རྒྱ་གར་གྱི་དུས་རབས་རིམ་བྱུང་གི་ཡིག་གཟུགས་ཀྱི་འགྱུར་བ་ཅི་བྱུང་དཔེ་རིས་ཧ་ཅང་རྒྱས་པ་ཡོད་ཅིང་དེར་ཡང་བོད་ཡིག་ནི་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ཚུལ་ཁུངས་སྐྱེལ་རྒྱས་པ་འདུག་པས་དེར་ཕེབས་ཙམ་ཐུབ་ན་ལེགས། ཡིན་ན་ཡང་བོན་གྱི་རྗེས་འབྲངས་པ་ཡིན་ཟེར་མཁན་འགའ་རེས་ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཞིག་ཡོད་ཟེར་བ་ཐོས་ཀྱང་དེ་ཡོད་ན་ཐོན་མིས་ཡི་གེ་ག་རེ་བྱས་ནས་བཟོས་པ་རེད། བོད་ཀྱི་རྒྱལ་པོ་གནམ་རི་ཡན་ཆོད་ཀྱི་རྒྱལ་རབས་དེ་མིང་ཐོ་ཙམ་ལས་མེད་པ་ག་རེ་བྱས་པ་རེད། ད་ཡོད་བོན་གྱི་བཀའ་བསྟན་ནམ་བཀར་བརྟེན་ཡིན་ནམ་དེ་ཚོ་དངོས་གནས་སྟོན་པ་གཤེན་རབས་བྱ་བ་ཞིག་ལས་བརྒྱུད་པ་བདེན་ནང་དོན་རིག་པའི་ཐ་སྙད་ཀྱང་ཆ་ཚང་ཞིག་དེའི་སྔོན་ནས་བོད་ལ་ཡོད་དགོས་པར་འགྱུར་བས་ཡི་གེ་གསར་དུ་བཟོས་པ་ལ་དགོས་དོན་མེད་པར་འགྱུར་བ་རེད།
ནོར་བཅོས། ཉི་འོད། བདེན་ན།
ཡི་གེའི་བཟོ་དབྱིབས་སྣ་སྣེ་ཟ་ཟུར་ཙམ་འདྲ་བའི་བཟོ་ལ་བོད་ཡིག་འདི་དེ་ལས་བཟོས་འདི་ལས་བཟོས་ཞེས་བཤད་ན་འཛམ་གླིང་གི་ཡིག་རིགས་རྙིང་པ་དེ་ཚོའི་ནང་དབྱིབས་ཟུར་འདྲ་བ་ཙམ་མང་པོ་ཡོད་པས་ངལ་བའི་རྒྱུ་ལས་མ་འདས།
ཁྱེད་ཚོས་མཁས་པ་ཞིག་གིས་དཔྱད་བརྗོད་སྤེལ་བར་བདེན་ཁུངས་ཆེ་མདོག་བྱེད་ཀྱི་འདུག དེས་ན་དགེ་ཆོས་ཀྱིས་ཁོང་རྒྱ་གར་དུ་ཕྱིན་སྐབས་འདྲ་བ་མཐོང་ཞེས་པའི་སྐོར་ལ་མགོ་མཚུངས་ཀྱིས་བགག་བཞག་བྱས་པའི་དཔྱད་བརྗོད་སྤེལ་བ་མང་པོ་ཡོད།
ཡང་འདྲ་བ་བཤད་དགོས་ན་ལོ་ཤས་སྔོན་བོད་བྱང་ཐང་གི་ས་ནས་ཞང་ཞུང་གི་ཡིག་བྱང་ཞིག་རྙེད་ཡོད། དེར་ཚན་འཕྲུལ་གྱིས་བརྟགས་སྐབས་ལོ་གྲངས་སྟོང་ཕྲག་ཁ་ཤས་ཕྱིན་ཡོད་པ་བཤད་ཀྱི་འདུག
ཞང་ཞུང་སྨར་ཡིག་ཟེར་བ་དེ་དང་བོད་ཡིག་དབུ་ཆེན་གཉིས་རྨང་གཞི་གཅིག་མཚུངས་སུ་མདུག་པ་མཐོང་གསལ་རེད། ཡང་ཐོན་མིས་ཡི་གེ་དང་སུམ་རྟགས་བཟོས་མདོ་བསྟན་བཅོས་བསྒྱུར་སོགས་མང་པོ་བཤད་ཀྱི་འདུག ཐོན་མི་དེ་བོད་ཡིག་རྨོངས་ཀྱི་རྒྱལ་ཁབ་ཏུ་སྐྱེས་ཤིང་མཚར་ལོངས་བྱུང་རྗེས། སྐབས་དེར་ཐག་རིང་ལ་ཆ་རྒྱུས་ཡུལ་རྒྱུས་མེད་པའི་རྒྱལ་ཁབ་རྒྱ་གར་བར་གོམ་པ་བརྒྱབས། རྒྱ་སྐད་དང་རྒྱ་ཡིག་གསར་དུ་སྦྱངས་ནས་ཕུལ་ཕྱིན་བསླབས་ཏེ་བོད་དུ་ཕེབས། བོད་ཡིག་གསར་དུ་བཟོས། དེ་ལ་སུམ་རྟགས་སྦྱོར། དེ་ནས་མདོ་དང་བསྟན་བཅོས་ཀྱི་གླེགས་བམ་མང་པོ་བསྒྱུར་ཟེར། ཁོང་གིས་བཟོས་པའི་སུམ་རྟགས་ཀྱི་ཁྲིམས་དང་ཡིག་སྦྱོར་འདི་དག་དུས་རབས་ཉི་ཤུ་པའི་ནང་ལ་ཡང་བདེ་ལམ་ལམ་ཡིན་པའི་མཛད་རྗེས་བགྲང་བཞིན་ཡོད། འོན་ཀྱང་དེ་དག་ལ་ཞིབ་ཏུ་བསམ་ན་སྐབས་དེའི་གནས་སྟངས་དང་མཐུན་རྐྱེན་དེ་ག་ནང་བཞིན་དུས་ཚོད་དེའི་འཕེལ་རྒྱས་སམ་འགྱུར་བ་སོགས་ཕྱོགས་གང་སར་བརྟགས་ན་སྐབས་དེའི་མི་གཅིག་གི་མི་ཚེའི་ནང་འཕེལ་རྒྱས་དེ་འདྲ་ཞིག་གཏོང་ཐུབ་རྒྱུར་ཡིད་ཆེས་དང་ཁུངས་སྐྱེལ་ག་འདྲ་བྱེད་ཐུབ་བམ། ད་དུང་ཁོང་གི་ཡི་གེ་བཟོ་སྟངས་ཀྱི་བྱ་རིམ་དེ་དག་དམངས་ཁྲོད་ཀྱི་སྒྲུང་གཏམ་ཆུང་ཆུང་ཞིག་དང་འདྲ་བའི་ཚོར་སྣང་སྐྱེ་ཐུབ།
བོན་པོ་དེ་ཁ་ཆེའི་ཆོས་ལུགས་ལས་བྱུང་བའི་སྐོར་ད་ལྟ་བར་ངས་མ་མཐོང༌། དེ་འདྲ་ཡོད་ན་རྩོམ་པོ་དང་རྩོམ་མིང་མི་སྟོན་པ་གང་ཡིན། ཅི་སྟེ་དེ་འདྲ་ཞིག་ཡོད་ན་ཡང་ཁུངས་འཁྱོལ་མན་ལྟ་བ་ལས་ཅིག་བྲིས་འདུག་ཟེར་ནས་ཨ་གསར་མི་བྱེད།
གསང་སྔགས་སྐོར་ངས་དྲི་བ་ལ་ལན་མི་འདུག་མ་དྲིས་པའི་ལན་འདེབས་ལ་སྙིང་པོ་མེད། འོན་ཀྱང་གྲོགས་པོའི་ཟེར་བ་ལྟར་ནང་ཆོས་མ་བྱུང་སྔོན་ནས་བྲིས་བཞག་པའི་ཧིན་དྷུའི་ཆོས་འབྱུང་གི་དཔེ་རྙིང་ཞིག་ཡོད་ན་དེར་བལྟ་རྒྱུ་ཡིན། དེ་མིན་ག་ཤིག་ས་ན་ཅིག་འདུག་ཟེར་ཏེ་ཐམས་ཅད་དེ་ལ་ཕུགས་གཏུགས་ན་གང་འདྲ་ཆགས་མིན་མི་ཤེས།
བསམ་ཤེས་ནི་བསམ་ཤེས་རང་རེད་འདུག
ཁ་སང་ཁོང་གིས་ནང་པའི་གསང་སྔགས་དེ་ཧིན་དྷུ་ལས་བྱུང་བར་བཤད་པ་བདེན་པ་ལ་ཐུག་ཡོད་ཟེར། ཡང་དེ་རིང་ཁོང་གིས་རྒྱ་གར་གྱི་རྒྱུད་དེ་ནང་ཆོས་ལ་དར་བ་རེད་ལབ་ཀྱི་མེད་ཟེར། སང་ཉིད་ཡང་ཁོང་གིས་གང་ཞིག་ལབ་ཀྱིན་ཡིན་ནམ།
ཉི་འོད། དེ་བདེན་ན་གལ་ཆེན་པོ་རེད། ད་ལྟ་ཞང་ཞུང་གི་ཡིག་བྱང་ཡིན་ནམ་དེ་འགྲེམ་སྟོན་ཁང་གང་ཞིག་ན་ཉར་ཡོད་པ་དང་ཚན་རིག་པ་སུ་དང་སུས་བརྟག་དཔྱད་བྱས་ཚུལ་ཁ་གསལ་ཙམ་བཤད་ཐུབ་ས་རེད་དམ། དེའི་སྐོར་ལ་དཔྱད་རྩོམ་བྲིས་པ་དེ་འདྲ་ངོས་སྦྱོར་བྱེད་ཐུབ་བམ། ང་ལ་མཁར་རྨེའུ་བསམ་གཏན་དང་ཁྱོད་ཚོས་ཕ་ཡི་དཔང་པོ་བུ་ཡིས་བྱེད་བཞིན་འདུག་སྙམ་པའི་དོག་པ་ཡོད།
སྤོབས་པ་ལགས། བོད་བྱང་ཕྱོགས་མངའ་རིས་ནས་རྙེད་པའི་ཡིག་རྙིང་ཞང་ཞུང་སྨར་ཡིག་དེ་ད་ལྟ་འགྲེམས་སྟོན་ཁང་གང་གི་ནང་ཡོད་པར་མ་ཤེས་ཀྱང༌།
ཞང་ཞུང་གི་སྨར་ཡིག་དེ་རྙེད་པའི་སྐོར། སྤྱི་ལོ་༡༩༩༤ལོར་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་བཏོན་པའི་༼བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ་༽ཞེས་པའི་དེབ་དེའི་ཤོག་ངོས་༡༠༥ལ་གཟིགས། དེའི་ནང་༼བོད་ལྗོངས་ནས་ལོ་སུམ་སྟོང་སྔོན་གྱི་གནའ་བོའི་ཡི་གེ་ཞིག་རྙེད་༽ཅེས་འཁོད་པའི་འོག་སྟོད་མངའ་རིས་ནས་རྡོ་བརྐོས་སྨར་ཡིག་རྙེད་ཚུལ་སོགས་བཀོད་ཡོད།
སྐབས་དེར་༧གོང་ས་མཆོག་གིས་ཀྱང་བོད་མངའ་རིས་ཕྱོགས་ནས་ཞང་ཞུང་སྨར་ཡིག་རྙེད་པའི་སྐོར་ལ་བཀའ་སློབ་ཅིག་གནང་སྟེ་བོད་ཀྱི་ཡི་གེའི་བྱུང་ཁུངས་དང་ཤེས་རིག་སྐོར་གསུངས་ཡོད། དེ་ཡང་ཁྱེད་ཀྱིས་སྐུ་སྒེར་དང་ཤེས་རིག་སོགས་འབྲེལ་བ་གང་དགོས་བྱོས་དང་ཐོབ་ངེས།
སྤོབས་པ་ལགས།
ཁྱེད་ཀྱིས་ཕ་ཡི་དཔུང་པོ་བུས་བྱེད་བཞིན་པའི་དོགས་པ་ཡོད་ཟེར། གྲོགས་པོ་དཔུང་པོ་ཐུབ་ན་བུས་བྱས་ཀྱང་དགྲས་བྱས་ཁྱད་པར་མེད། སྤྱིར་ན་རེ་བ་དང་དོགས་པ་བྱས་ཏེ་ཉལ་བསྡད་ན་ཕན་པ་གང་ཡང་མེད། བོད་རེ་བས་བརླགས། རྒྱ་དོགས་པས་ཕུང༌། ཟེར་བ་གོ་ཨེ་མྱོངས། དེ་ལས་ཁྱེད་ཡར་ལངས་ཏེ་ལས་ཀ་ཞིག་གནང་ན་འགྲིག་གི་རེད། དེ་ལ་བཀག་སྡོམ་མེད་ཀི།
ཨ་ལ་ཀུ་རེ་ཡིན་དགོངས་པ་མ་འཚོམས།
སྤོབས་པ་ལགས། ཐོན་མིས་བོད་ཡིག་གསར་དུ་བཟོས་པའི་ཁུངས་སྐྱེལ་གསལ་པོ་མེད་ཙང་བོད་ཡིག་འདི་ཐོན་མིས་གསར་དུ་བཟོས་པ་གཞིར་བཞག་བྱས་ཏེ་དགོས་པ་ཡོད་མེད་ཀྱི་སྐད་ཆ་བཤད་ན་དེ་བས་དགོས་པ་མེད།
བོད་རྒྱལ་གནམ་རི་ཡན་གྱི་རྒྱལ་རབས་རྒྱས་པ་མེད་པ་དེ་ཁྱེད་ཀྱིས་དེའི་སྔོན་ལ་ཡི་གེ་མེད་པའི་རྒྱུ་མཚན་རེད་མདོག་མདོག་བྱས་འདུག
ཧོད་ཙམ་བལྟས་ན་དེ་རྒྱུ་མཚན་ཆེ་མདོག་ཁག་པོ་མཐོང་ཀྱང་ཞིབ་མོར་དཔྱད་ན་དེ་ལས་གཞན་པའི་རྒྱུ་མཚན་མང་པོ་ཡོད་སྲིད། ང་ཚོའི་རྒྱལ་རབས་རྙིང་པ་དེ་ཚོའི་ནང་གཉའ་ཁྲི་ནས་རྒྱ་གར་ནས་ནང་ཆོས་མ་དར་གོང་གི་རྒྱལ་པོ་རྣམས་ཆོས་ཕྱོགས་ལ་འབྲེལ་བ་མེད་སྟབས་ལོ་རྒྱུས་རྒྱས་པ་མ་བཀོད་པར་བསྟན་ཡོད།
བོན་ལ་ཡང་བན་བོན་འཐབ་རྩོད་ཀྱི་རྒྱུད་རིམ་ནང་གོད་ཆགས་མང་པོ་བྱུང་ཡོད་པས་ཐུན་མིན་བོན་གྱི་ལོ་རྒྱུས་ལ་དེ་བས་གེགས་རྐྱེན་མི་ཐོབ་མི་སྲིད།
འཇིག་རྐྱེན་ཐད་ང་ཚོ་བོད་ཀྱི་ལུགས་སྲོལ་ལ་རང་དང་ལྟ་བ་མི་མཐུན་པའི་ཆོས་སམ་སྲོལ་ལུགས་དེ་དག་མེ་ཆུས་རྐྱེན་གྱིས་མེད་པ་བཟོ་བ་དང་ཡང་ན་དེ་དག་ལྟས་ངན་པ་དང་མ་རུང་བར་རྩིས་ཏེ་སྒོ་ཐེམ་དང་འདྲ་སྐུ་མཆོད་རྟེན་སོགས་ཀྱི་འོག་ཏུ་སྲི་གནོན་གྱི་ཚུལ་དུ་སྦས་སྲོལ་ཡོད། དཔེར་མཚོན་ཙམ་ཞུས་ན་ཉེ་ཆར་ལོ་གཉིས་ཀྱི་སྔོན་བོད་བསམ་ཡས་ཀྱི་ཉེ་འགྲམ་དགའ་ཐང་འབུམ་པ་ཆེ་ཞེས་པའི་ས་གནས་ཀྱི་ནང་པའི་མཆོད་རྟེན་ཞིག་རོ་ཆེན་པོ་ཞིག་གི་འོག་ནས་བོན་གྱི་དཔེ་ཆ་གཏོ་ཡི་སྐོར་ཞིག་ཐོན་ཡོད། བོན་དཔེ་དེ་ཞིབ་འཇུག་པ་སྤ་ཚབ་དབང་འདུས་ཀྱིས་གཙང་བཤུས་བྱས་ཏེ་ཉིས་སྟོང་བདུན་ལོའི་བོད་ལྗོངས་ཞིབ་འཇུག་ཐོག་མ་དཔེ་དང་གཙང་བཤུས་གཉིས་ཀ་བཀོད་འདུག དཔེ་ཆ་དེའི་ཡིག་གཟུགས་དང་ཚིག་འགྲོས་གཉིས་ཀ་ཏུན་ཧོང་ཡིག་རྙིང་དང་འདྲ་མཚུངས་སུ་འདུག དཔེ་ཆ་དེ་དུས་རབས་གང་གི་ནང་བྲིས་པར་ངས་གསལ་པོར་མ་རྟོགས་ཀྱང་གོ་ཐོས་ལ་ཅུང་ཙམ་སྔ་མོ་ཡིན་པའི་སྐད་ཆ་འདུག་
བོད་ཡིག་གང་ནས་བྱུང་མ་བྱུང་ལྟ་ན་བོད་ཀྱི་ལོ་རྒྱུས་གཅིག་པོའི་ནང་གཟའ་རོ་ནང་བཞིན་མགོ་འཁོར་ནས་བསྡད་ན་ཁྱབ་ཆུང་བར་སེམས། ངས་བོད་ཡིག་གང་ནས་བྱུང་མིན་ལ་རྐང་བཙུགས་ནས་ཉམས་ཞིབ་དེ་འདྲ་བྱས་མེད་ཀྱང་ཞར་དང་ཞོར་ལ་དོ་སྣང་རེ་བྱས་པ་ཡིན།
སྔོན་མ་ཞིག་ལ་ངས་བོད་ཀྱི་དཔེ་མཛོད་ཁང་ནས་ཡིག་རིགས་སྐོར་གྱི་ཉམས་ཞིབ་པ་ཞིག་ནས་དབྱིན་ཡིག་ནང་བྲིས་པའི་དེབ་རྒན་ནང་ལོགས་ཚང་མ་ཡིག་གཟུགས་ཀྱི་འདྲ་རིས་རྐྱང་རྐྱང་གིས་ཁེངས་པ་ཞིག་ཤོག་གྲངས་རེ་རེ་བཞིན་སློག་གི་སློག་གི་མར་ཕྱིན་པ་ཡིན། དེས་རང་བཞིན་གྱིས་ང་ལ་ངོ་མཚར་སྐྱེ་བཅུག་སོང་ལ། ངས་བོད་ཡིག་ཡང་མིན་ན་འབྱུང་ཁུངས་འདི་ཡིན་དགོས་ལ་དེ་མིན་ན་འབྱུང་ཁུངས་དེ་ཡིན་དགོས་བསམ་པའི་འཛིན་སྟངས་དེར་འགྱུར་བ་བཏང་སོང།
དེའི་ནང་ད་ལྟའི་ཁ་ཆེའི་ཡི་གེ། བོད་ཡིག། རྒྱ་གར་དང་རྒྱ་གར་ཉེ་འཁོར་གྱི་ཡི་གེ་སྐོར་ཞིག་བཅས་ཚང་མ་རྩ་བ་གཅིག་ལས་སྐྱེས་པའི་སྡོང་བོ་གཅིག་གི་ཡལ་ག་ཡིན་པའི་ཁུངས་སྐྱེལ་ཡིག་གཟུགས་ཀྱི་འགྱུར་རིམ་རི་མོའི་ལམ་ནས་བསྟན་འདུག་པས་དེ་ལ་ཡིད་མ་ཆེས་རང་ཆེས་བྱུང་ལ་ངོ་མཚར་སྐྱེ་དགོས་པ་ཞིག་བྱུང་། དེའི་སྐབས་ངས་དབྱིན་ཡིག་ཅུང་ཟད་ཀློག་ཤེས་ཀྱི་ཡོད་ན་དེ་རིང་འདིར་ཁྱེད་ཚོ་ལ་དེབ་མིང་དང་རྩོམ་པ་པོའི་མིང་། ཡིག་གཟུགས་དེ་ཚོའི་བྱུང་འཕེལ་སྐོར་སོགས་མཁོ་འདོན་ཅུང་ཟད་བྱེད་ཐུབ་མདོག་ཁ་བོ་རེད་དེ་ད་ཅི་བྱེད། ཁ་འདུག་མ་ཐུབ་པ་ཙམ་རེད།
དོན་ངོ་མར་བོད་ཡིག་ཁ་ཆེའི་ཡི་གེ་ལས་བྱུང་ཟེར་བ་དང་། རྒྱ་གར་གྱི་ཡི་གེ་ལས་བྱུང་ཟེར་བ། ཞང་ཞུང་སྨར་ཡིག་ལས་བྱུང་ཟེར་བ་ཚང་མར་ཁུངས་འདུག བོད་ཡིག་ཡར་དེད་ན་ཞང་ཞུང་ཡི་གེར་ཐུག་པ་དང་། ཞང་ཞུང་བོན་ཆོས་དང་ཡི་གེ་གནའ་བོའི་ཁ་ཆེའི་ཡི་གེ་དང་ཆོས་དང་འབྲེལ་བ་ཡོད་པ། དེ་རྒྱ་གར་གྱི་ཡི་གེ་དང་ཡང་འབྲེལ་བ་ཡོད་པ་བཅས་ཡར་དེད་ཕྱིན་ན་འབབ་ས་གཅིག་ལ་འབབ་ཀྱི་ཡོད་པ་འདྲ་སྟེ་ཅི་གོ ཁྱེད་ཚོ་མཁས་པ་ཚོས་ཤེས། ཉམས་ཞིབ་པ་ཚོས་ཤེས།
ཡིག་རིགས་གཞན་དེ་ཚོ་དུས་རབས་རིམ་བརྒྱུད་ཡི་གེའི་གཟུགས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ་སྔོན་མ་སྔོན་མའི་ཡི་གེ་དེ་ཚོ་རྗེས་མ་རྗེས་མས་ཀློག་མི་ཤེས་པའི་ཚོད་དུ་འདུག་ཀྱང་ང་ཚོའི་བོད་ཡིག་དེ་དུས་རབས་བདུན་པའི་རྒྱ་གར་གྱི་ཡི་གེ་ནས་ཚུར་འགྱུར་བ་ཆེན་པོ་ཕྱིན་མེད་པའི་བཟོ་འདུག བོད་ཡིག་ནང་ཡིག་གཟུགས་འབྲི་སྟངས་འདྲ་མིན་ཞིག་བྱུང་ཡོད་པ་འདི་འགྱུར་བ་འགྲོ་བའི་སྔོན་འགྲོ་ལྟ་བུ་ཞིག་ཡིན་ཀྱང་སྲིད། རིམ་པས་དབུ་མེད་གཅིག་པོ་འབྲི་གོམས་འབྱུང་རྒྱུ་དེ་འདྲ་ཡོང་མ་སྲིད་པ་མིན་པ་རེད། ལྷ་སས་དབུ་མེད་གཅིག་པོ་འབྲི་བ་འདིས་བོད་ཡིག་ལ་འགྱུར་བ་ཞིག་ཐེབས་གྲབས་ཐེབས་གྲབས་བྱས་པ་རེད་དེ། སྟབས་ཡག་ནས་གནའ་བོའི་དཔར་ཤིང་དང་དཔེ་རྙིང་དེ་ཚོ་ངེས་པར་ཀློག་དགོས་པ་སོགས་ལ་བརྟེན་འགྱུར་བ་འགྲོ་མ་ཐུབ་པ་རེད།
ང་ཚོར་ཡང་ཡིག་གཟུགས་འབྲི་སྟངས་གསར་པ་དུ་མ་ཞིག་བྱུང་ན་ཡང་གསར་པ་གསར་པ་བླངས་ཏེ་རྙིང་པ་རྙིང་པ་མ་དོར་བ་ལ་བརྟེན་ནས་ད་ལྟ་ང་ཚོར་ངོམ་རྒྱུ་ཡོད་པའི་དབུ་ཅན། དབུ་མེད། ཚུགས་རིང་། ཚུགས་ཐུང་། འཁྱུག་ཡིག འབྲུ་ཚ་ཟེར་བ་སོགས་ཡིག་གཟུགས་ཕུན་སུམ་ཚོགས་པོ་བྱུང་འདུག
དྲ་གནས་ནང་ཝི་ཁི་ཕེ་ཌི་ཡ་ནང་ཕྱིན་དང་། ཞང་ཞུང་དང་བོན་གྱི་སྐོར། གཞན་གནའ་བོའི་སྟག་གཟིག་གི་ཡིག་གཟུགས་འདྲ་མིན་སྐོར་ཅུང་ཟད་རེ་རྙེད་རྒྱུ་འདུག སྟག་གཟིག་སྤུངས་ཡིག་ཟེར་བ་དེ་མགོ་སེར་གཅིག་གིས་Iran-elam གྱི་ཡི་གེ་ཡིན་ཚུལ་ཤོད་ཀྱི་འདུག ཡིན་ན་ཡང་། ང་ཚོས་མཐོང་བའི་སྟག་གཟིག་སྤུངས་ཡིག་ཟེར་བ་དེ་དང་ཁྱོན་ནས་འདྲ་གི་མི་འདུག
ངས་གོང་དུ་ཅུང་ཙམ་བཤད་ཡོད། རྒྱ་གར་གྱི་ཡི་གེའི་འགྱུར་རིམ་དང་དེ་ལས་བོད་ཡིག་སོགས་ཅི་ལྟར་བྱུང་ཚུལ་གྱི་དཔེ་རིས་རྒྱས་པ་ཞིག་རྡི་ལི་རྒྱལ་ཁབ་དཔེ་མཛོད་ཁང་དུ་འདུག ཞང་ཞུང་གི་ཡི་གེ་ཟེར་བ་ཞིག་ཡོད་ཟེར་བ་དེ་དངོས་གནས་གནའ་བོའི་དུས་སུ་ཡོད་པ་ཡིན་དང་ཕྱིས་སུ་འགྲོ་མགོན་ཆོས་འཕགས་ཀྱིས་སོགས་ཡིག་གསར་བཟོ་དང་ཨ་གས་ཚེ་ཏན་ཞབས་དྲུང་གིས་བློ་ལྡན་ཡིག་གསར་དང་རིག་ལྡན་ཡིག་གསར་ལྟར་ལག་བདེ་ཚོས་ཡིག་གཟུགས་མི་འདྲ་བ་རེ་ཙམ་གསར་བཟོ་ཡིན་ད་དུང་བརྟག་དགོས་པ་ཞིག་རེད། སྨྲར་ཡིག་ཡིན་ནམ་དེ་དུས་རབས་བཅུ་པའི་སྔོན་དུ་ཡོད་པའི་ཁུངས་སྐྱེལ་ག་རེ་ཡོད་པ་རེད། དེའི་སྟེང་དུ་བྲིས་པའི་དཔེ་ཆ་དེ་འདྲ་དུས་རབས་བཅུ་པའི་གོང་དུ་ཡོད་པའི་སྒྲུབ་བྱེད་ཁུངས་སྐྱེལ་ཚད་ལྡན་རྙེད་པ་གནའ་རྫས་རྟོག་ཞིབ་པ་སུས་ཁས་ལེན་བྱས་འདུག འགྲེམ་སྟོན་ཁང་དུ་བཞག་འདུག འདི་ཚོ་ག་ཤེད་ཅིག་ནས་ཅིག་རྙེད་འདུག་དང་ཅིག་གིས་ཅིག་བཤད་འདུག་ལྟ་བུར་ཡིད་ཆེས་བྱས་ནས་མི་འཇོག་དང་གསར་དུ་རྙེད་པའི་དཔང་རྟགས་ཡོད་མེད་ལྟ་རོགས།
ངས་བསམ་ན་ད་ལྟ་བར་དུ་བོན་དང་བོད་གནའ་བོའི་ཤེས་རིག་ལ་ཞིབ་འཇུག་ངོ་མ་བྱེད་མཁན་སྲིད་མཐའ་མ་བཀག་ཙམ་ལས་བྱུང་མི་འདུག་སྙམ། དེ་ཡང་མཁར་རྨེའུ་བསམ་གཏན་ལྟ་བུ་ཡིན་ན་ཁོ་རང་ཡང་བོན་གྱི་རྗེས་འབྲངས་པ་ཞིག་ཡིན་སྟབས་བོན་པོ་ཚད་སྒྲུབ་དང་བོན་པོ་ངོ་སྤྲོད་ལྟ་བུ་རེ་བྱས་པ་ལས་ཞིབ་འཇུག་བྱས་པ་ཆེར་མི་འདུག་སྙམ། ངས་ཁོང་གི་དེབ་དེ་ཚོའི་ཐོ་གཞུང་ལྟ་བུ་ཞིག་བྐླགས་པ་ཡིན། དེ་ཚོ་མང་ཆེ་བ་བོན་དང་བོད་ཀྱི་གནའ་བོའི་ཤེས་རིག་ལོ་རྒྱུས་ངོ་སྤྲོད་ཀྱི་སྐོར་ལྟ་བུ་རེད་འདུག ད་ང་ཚོས་ལྟ་ཡ། གཅིག་བྱས་ན་དེ་རིང་བོན་པོ་ཡིན་ཟེར་མཁན་ཚོས་བོན་ལ་ཞིབ་འཇུག་བྱས་ནས་བོན་ཟེར་བ་དེ་བོད་ཀྱི་གནའ་བོའི་བོད་ཀྱི་རྒྱ་ཆེ་གཏིང་ཟབ་ཀྱི་ཤེས་རིག་ཅིག་ཡིན་པའི་ཁུངས་སྐྱེལ་བྱས་ཟེར་བའི་དེ་ཚོ་རང་སྡེ་མཁས་པའི་དགྲ་བླ་དཔུང་བསྟོད་ཆགས་ཡོད་སྲིད་པ་རེད།
བོད་ཡིག་གི་འབྱུང་ཁུངས་ནི་རྒྱ་གར་གྱི་གནའ་བོའི་ཡིག་རྙིང་ལེགས་སྦྱར་ལས་བྱུང་བ་རེད་ཟེར་ན་ང་ཡིད་འཐད་ཡིན། རྒྱུ་མཚན་ནི་ཡུལ་ཝཱ་ར་ཎ་སུ་ལ་སྟོན་པའི་ཆོས་འཁོར་དང་པོ་བསྐོར་སའི་མཆོད་རྟེན་ཞིག་ཡོད། མཆོད་རྟེན་དེའི་རྒྱལ་སྒོའི་ཁ་གཏད་ཀྱི་འགྲེམས་སྟོན་ཁང་ཞིག་གི་ནང་དུ་རྒྱ་གར་གྱི་དུས་རབས་རིམ་བྱུང་གི་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་གྱང་ངོས་སུ་ལྡེབ་རིས་ཤིག་གི་ཚུལ་གྱིས་སྦྱར་ནས་ཡོད། དེའི་ནང་གི་དུས་རབས་དྲུག་པ་དང་བདུན་པའི་རྒྱ་གར་གྱི་ཡིག་རྙིང་དེ་དག་གི་ཡིག་གཟུགས་ནི་ད་ལྟའི་བོད་ཡིག་དབུ་ཅན་་དེ་སློབ་ཕྲུག་ཆུང་ཆུང་ཞིག་གིས་བྲིས་པ་དང་འདྲ་བོ་དངོས་གནས་མཐོང་གི་འདུག། དེའི་རྒྱུ་མཚན་གྱིས་ཐོན་མིས་སྔར་མེད་པའི་ཡིག་གཟུགས་ཤིག་བོད་ཡིག་ཏུ་གསར་གྱིས་བཟོས་པ་རེད་ཟེར་ན་ང་གཏན་ནས་ཡིད་ཆེས་ཀྱི་མེད། ཁོང་སློབ་སྦྱོང་བྱེད་ས་ཡང་རྒྱ་གར་ཡིན་པ་ལ་གཞིགས་ནས་བཤད་ན་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་འབྲི་བཞེངས་བྱས་པ་རེད་ཟེར་ན་འགྲིགས་ཙམ་རེད། ཡིད་མི་ཆེས་ནི་ཡོད་ན། ཝཱ་ར་ཎ་སའི་ སཱ་ར་ཎ་ཐའི་འགྲེམས་སྟོན་ཁང་ནང་ལ་སོང་དང་རྒྱ་གར་གྱི་དུས་རབས་རིམ་བྱུང་གི་ཡི་གེ་རྣམས་གྱང་ངོས་ན་ད་དུང་བཤམས་ནས་བཞག་འདུག ཡིག་གཟུགས་དེ་དག་ནི་ཁྱེད་ཀྱིས་ཀློག་ཤེས་པ་མ་ཟད་དོན་ཡང་གོ་བ་ཡིན། རྒྱུ་མཚན་ བོད་ཡིག་གི་མ་ཕྱི
བོད་ཡིག་གི་འབྱུང་ཁུངས་ནི་རྒྱ་གར་གྱི་གནའ་བོའི་ཡིག་རྙིང་ལེགས་སྦྱར་ལས་བྱུང་བ་རེད་ཟེར་ན་ང་ཡིད་འཐད་ཡིན། རྒྱུ་མཚན་ནི་ཡུལ་ཝཱ་ར་ཎ་སུ་ལ་སྟོན་པའི་ཆོས་འཁོར་དང་པོ་བསྐོར་སའི་མཆོད་རྟེན་ཞིག་ཡོད། མཆོད་རྟེན་དེའི་རྒྱལ་སྒོའི་ཁ་གཏད་ཀྱི་འགྲེམས་སྟོན་ཁང་ཞིག་གི་ནང་དུ་རྒྱ་གར་གྱི་དུས་རབས་རིམ་བྱུང་གི་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་གྱང་ངོས་སུ་ལྡེབ་རིས་ཤིག་གི་ཚུལ་གྱིས་སྦྱར་ནས་ཡོད། དེའི་ནང་གི་དུས་རབས་དྲུག་པ་དང་བདུན་པའི་རྒྱ་གར་གྱི་ཡིག་རྙིང་དེ་དག་གི་ཡིག་གཟུགས་ནི་ད་ལྟའི་བོད་ཡིག་དབུ་ཅན་་དེ་སློབ་ཕྲུག་ཆུང་ཆུང་ཞིག་གིས་བྲིས་པ་དང་འདྲ་བོ་དངོས་གནས་མཐོང་གི་འདུག། དེའི་རྒྱུ་མཚན་གྱིས་ཐོན་མིས་སྔར་མེད་པའི་ཡིག་གཟུགས་ཤིག་བོད་ཡིག་ཏུ་གསར་གྱིས་བཟོས་པ་རེད་ཟེར་ན་ང་གཏན་ནས་ཡིད་ཆེས་ཀྱི་མེད། ཁོང་སློབ་སྦྱོང་བྱེད་ས་ཡང་རྒྱ་གར་ཡིན་པ་ལ་གཞིགས་ནས་བཤད་ན་རྒྱ་གར་གྱི་ཡི་གེ་ལ་དཔེ་བྱས་ནས་བོད་ཡིག་འབྲི་བཞེངས་བྱས་པ་རེད་ཟེར་ན་འགྲིགས་ཙམ་རེད། ཡིད་མི་ཆེས་ནི་ཡོད་ན། ཝཱ་ར་ཎ་སའི་ སཱ་ར་ཎ་ཐའི་འགྲེམས་སྟོན་ཁང་ནང་ལ་སོང་དང་རྒྱ་གར་གྱི་དུས་རབས་རིམ་བྱུང་གི་ཡི་གེ་རྣམས་གྱང་ངོས་ན་ད་དུང་བཤམས་ནས་བཞག་འདུག ཡིག་གཟུགས་དེ་དག་ནི་ཁྱེད་ཀྱིས་ཀློག་ཤེས་པ་མ་ཟད་དོན་ཡང་གོ་བ་ཡིན། རྒྱུ་མཚན་ བོད་ཡིག་གི་མ་ཕྱི་ཡིན་པས་ཕྱིར།
སྤོབས་པ་ཁྱོད་ངས་ངོ་ཤེས། ཁྱོད་དངོས་གནས་དཔེ་ཆའི་ཐོ་གཞུང་ཙམ་ཀློག་ནས་སྡོད་མཁན་རང་རེད་འདུག མཁར་རྨེའུ་བསམ་གཏན་དེ་ཆོས་ལུགས་ཕྱོགས་འཐེན་གྱི་རི་ལ་འཛེགས་ཏེ་བོན་ལ་འདོད་ཞེན་ཚད་སྒྲུབ་ཀྱི་དར་ཆ་སྒྲེང་མཁན་ཞིག་ཡིན་མིན་རྒྱལ་སྤྱིའི་བོད་རིག་པའི་གར་སྟེགས་ཐོག་གསལ་པོར་ཆགས་ཟིན་པ་ཞིག་ཡིན་པས་ཁྱོའི་རྨོངས་བཤད་ཀྱིས་གཞན་མགོ་སྐོར་མི་ཐུབ། ཁོང་གིས་བོན་ལ་སྦྱངས་པ་རྒྱུ་མཚན་དུ་བྱས་ནས་མ་བརྟགས་མ་དཔྱད་པར་བོན་ཚད་སྒྲུབ་པ་དང་རྗེས་འབྲང་པ་སོགས་ཟེར་ཏེ་ཁག་དཀྲི་བྱེད་ཀྱི་འདུག དེ་ལྟར་ན་ཁྱོད་རང་ཡང་བོན་ཞེན་ཅན་ཞིག་ཡིན་འགྲོ ཁྱོད་ཀྱི་ཤ་རྩ་ཁྲག་རྒྱུན་རྣམས་ཕ་མེས་ཀྱི་བོན་པོ་དག་ལས་བྱུང་བས་སོ། གལ་ཏེ་ཁྱོད་རྒྱ་མ་བོད་དང༌། ར་མ་ལུག རྟ་མ་བོང་ལྟར་མ་ཡིན་ན། འོན་ཀྱང་ཅིག་བྱས་ན་དེ་ལྟར་ཡིན་ན་ཐང༌།
ཁྱོད་ཀྱིས་བོན་འབྲང་པ་ཟེར་ཏེ་མཐོང་ཆུང་ལྟ་བུའི་ཚིག་ཟུར་ཞིག་ཕྱུངས་ཀྱི་འདུག་ཀྱང༌། ཁྱོད་ང་གཉིས་ལྟ་བུས་བོན་ལུགས་ལ་རྒྱུས་མངའ་བྱས་པའི་འབེལ་གཏམ་ཞིག་བརྗོད་དཀའ་ནའང༌། བོན་ཞེས་པ་དེ་བོད་ས་སྒང་འདིའི་ཐོག་དང་པོའི་ཆོས་ལུགས་སུ་བྱུང་བ་ནས་བཟུང་དཀའ་བ་བརྒྱ་ཕྲག་བརྒྱུད་དེ་ད་བར་གནས་བསྡད་པ་དེ་ལ་མགོ་མེད་པའི་ཁོག་སྟོད་ཅིག་ཡོང་མི་སྲིད།
སྤྱིར་ཁྱོད་ང་གཉིས་ཆུ་མོ་ཐུར་འདེད་བྱེད་པ་ལས། ལོ་རྒྱུས་ཡར་འཚོལ་ཤེས་མཁན་དེ་རེད་མི་འདུག དེང་སང་བོད་ཀྱི་ས་ཕྱོགས་གང་སར་འཛམ་གླིང་ཁྱོན་ཡོང་དང་འདྲ་བ་མི་ལོ་སྟོང་ཕྲག་བཞི་བཅུའི་སྐོར་ནས་བཟུང་རྡོ་ཆས་དུས་རབས་དང་ཡོ་ཆས་ཚན་རིག་འཕེལ་རིམ་གྱི་དཔུང་རྟགས་དངོས་རྫས་དུ་མ་ཐོན་བཞིན་ཡོད་ན་ཡང༌། ད་དུང་ཁྱོད་ནི་དེ་ལས་ལྡོག་སྟེ་ཕ་མེས་ཀྱི་བོད་འདི་རྨོངས་བླུན་ཡིན། མུན་ནག་ཡིན་ཟེར། ད་དུང་དེ་ནས་ཡར་ཅུང་ཙམ་ཕྱིན་ན་མི་མེད་ཡིན། ལུང་སྟོང་ཡིན། རྒྱ་ཚོ་ཡིན་ཟེར་ཏེ་ཨུ་ཚུགས་རྒྱག་སྲིད།
ནོར་བཅོས
སྤོབས་པ་ཁྱོད་ངས་ངོ་ཤེས་སོང༌།
མཁར་རྨེའུ་བསམ་གཏན་གྱིས་དེབ་མང་པོ་བྲིས་ཡོད་པ་རེད། དེ་ཚོ་ཕལ་ཆེ་བ་བོན་དང་བོན་ལ་འབྲེལ་བའི་བོད་ཀྱི་ཤེས་རིག་དད་མོས་ངོ་སྤྲོད་ལྟ་བུ་རེད། ཡིན་ན་ཡང་དེབ་དེ་ཚོ་སྐད་གྲགས་ཡོད་པ་དེ་ཙམ་མ་རེད། བོད་མིས་བྲིས་པའི་དེབ་ཅིག་ལ་རྒྱལ་བ་རིན་པོ་ཆེའི་གསུང་དེབ་རྣམས་ཀྱིརྗེས་སུ་བསོད་རྒྱལ་རིན་པོ་ཆེའི་བོད་ཀྱི་སྐྱེ་འཆི་ཞེས་པའི་དེབ་དེ་ཧ་ཅང་ལེགས་པོ་བྱུང་ཡོད་པ་རེད། གཤམ་འདིར་དེབ་དེའི་སྐོར་དཔེ་སྐྲུན་ཁང་གིས་ངོ་སྤྲོད་བྱས་པ་ཞིག་དབྱིན་ཡིག་གི་སྟེང་དུ་ཡོད་པ་འདིར་དྲངས་པ་ཡིན།
Sogyal Rinpoche is the author of the highly-acclaimed and ground breaking book, The Tibetan Book of Living and Dying. Over 1.6 million copies of this spiritual classic have been printed, in 27 languages and 54 countries. It has been adopted by colleges, groups and institutions, both medical and religious, and is used extensively by nurses, doctors and health care professionals.
ཕྲུ་གུ་ཁྱོད་རང་སྙིང་རྗེ། ཆོས་པས་བྲིས་པའི་དེབ་དང་ཞིབ་འཇུག་པའི་བྲིས་པའི་དེབ་གཉིས་རང་རང་ས་ནས་གོ་གནས་དང་གདེང་འཇོག་བྱེད་མཁན་སོ་སོར་ཡོད་པ་རེད། དེ་ཁྱོད་ཀྱིས་མི་ཤེས་པ་འདྲ། ཆོས་པས་བྲིས་པའི་དེབ་ཕལ་ཆེ་བ་ཉལ་སར་ཉལ་ནས་ཀློག་ཀྱང་དཀའ་ངལ་མེད་པ་རེད། ཞིབ་འཇུག་པས་བྲིས་པའི་དེབ་རྣམས་ཀློག་མཁན་ཉུང་བ་བདེན་པ་རེད། ཡིན་ན་ཡང་ཀློག་མཁན་ཕལ་ཆེ་བ་རྣམས་ཞིབ་འཇུག་པ་རང་ཡིན་ཙང༌། སྤྱི་ཚོགས་དེའི་ནང་ལ་མཐོང་ཡོད་མེད་བལྟ་དགོས་པ་རེད། ཞིབ་འཇུག་པའི་དེབ་རིགས་ལ་མཆན་དང་ཐོ་སོགས་མང་པོ་ཡོད་པས་དེ་ཀློག་ཀྱིན་དེབ་གཞན་མང་པོ་ཞིག་ཀྱང་མཉམ་དུ་ཁ་འབྱེད་དགོས་པ་རེད། འདི་ལས་སླ་པོ་མ་རེད་ཕྲུ་གུ།
མཁར་རྨེའུ་བསམ་གཏན་གྱིས་བྲིས་པའི་དེབ་ཕལ་ཆེ་བ་བོན་པོའི་སྐོར་རེད་ཟེར་བ་དེ་ཁྱོད་རང་གི་འོལ་ཚོད་རེད། རྒྱལ་དབང་ལྔ་པ་དང༌། རྒྱལ་དབང་ལྔ་པའི་གསང་བའི་སྒྲུབ་ཐབས། ཕོ་བྲང་ཞི་བ་ལྷ། རྫོགས་པ་ཆེན་པོ། གླང་དར་མ་སོགས་ཀྱི་སྐོར་ལ་བྲིས་པ་རྣམས་ཀྱང་བོན་པོའི་སྐོར་ཡིན་མིན་དཔྱོད་དང་དེ་ནས་མང་ཉུང་ཤེས་ཡོང༌། འོན་ཀྱང་རྒྱལ་བ་རིན་པོ་ཆེ་དང་མཁར་རྨེའུ་བསྡུར་མདོག་འདྲ་ཞིག་བྱེད་པ་དེ་ནི་ཁྱོད་རང་གི་རྣམ་རྟོག་རེད། དཀའ་ངལ་འདི་ཁྱོད་ཀྱི་ཆོས་ལུགས་ཀྱི་ཞེན་ཁོག་དང་ཕྱོགས་རིས་ལས་ཐོན་པ་ཡིན་ལས་ཆེ། གང་ལྟར་བསམ་གཏན་རྒྱལ་བ་རིན་པོ་ཆེ་དང་འདྲ་འདྲ་བརྩི་མཁན་སུ་ཡང་མེད་པས་ཁྱོད་རང་ཐུགས་བདེ་བར་བྱོས། འདིར་མཁར་རྨེའུ་ཡི་དེབ་རྣམས་སྙན་གྲགས་ཡོད་ན་ཁྱོད་ལ་ན་ཟུག་ཅི་ལ་འདུག དེ་ཡ་མཚན་ཞིག་རེད།
མཁར་རྨེའུ་ཡི་དེབ་དེ་ཚོ་སྙན་གྲགས་ཡོད་མེད་ལ་ཁྱོད་རང་བསྙོན་མི་དགོས་པར། རྡ་སའི་དཔེ་མཛོད་དུ་ཕྱིན་ནས་ཕྱི་རྒྱལ་བོད་རིག་པའི་སྐོར་ལ་ཞིབ་འཇུག་བྱས་པའི་དེབ་འཕྲེང་དེ་ཚོ་གཅིག་ཀློགས་དང༌། དེ་ནས་ཤེས་ཡོང༌། དེ་ཚོའི་ནང་མཁར་རྨེའུ་ལུང་འདྲེན་མི་བྱེད་པ་ཕལ་ཆེར་་་་་་་་་་་་་་་ མ་གཞི་ཁྱོད་རང་ལྟོས། དེ་ཚོའི་ནང་བསོད་རྒྱལ་རིན་པོ་ཆེ་ཡོད་མེད་ཀྱང་མཐོང་ཡོང༌། གཞི་ནས་ཞིབ་འཇུག་པའི་དེབ་དང་ཆོས་ལུགས་པའི་དེབ་གཉིས་ཀྱི་ཁྱད་པར་མ་ཤེས་ཀྱང༌། དོགས་པ་ཞིག་སྐྱེ་ངེས།
མ་གཞི་བོན་པའི་མི་དང་ཆོས་ཀྱི་མིང་གོ་བ་དང་ཁྱོད་སྡོད་མི་ཚུགས་པར་གྱུར་པ་དེ་ང་ལ་གསལ་བཤད་ཅིག་བྱ་རོགས། བགྲོ་གླེང་འདྲ་ཡིན་ན་དྲང་ཐོག་ནས་བྱས་ན་དབྱིངས་ཡོད་རེད་ཕྲུ་གུ་་་་་་་་་་་་་་་་་་་་་
ཨུ་ཚུགས་རང་འཐས་ཀྱི་དིག་གཏམ་ནི་ཆང་རྒན་གྱིས་སྤྲོ་བའི་སྦིར་གཏམ་རང་ཡིན།
སྤོབས་པ་འདི་ཆོས་ལུགས་ཀྱི་ཞེན་ཁོག་གིས་རུལ་སྡོད་མཁན་ཞིག་གམ་བོན་ལ་དམིགས་ཀྱིས་སྡང་མཁན་དེ་འདྲ་ཞིག་མིན་འདྲ། ཁ་སྔོན་ཁོས་བོན་པོའི་སྐོར་ཐོག་དང་པོ་གླེང་སློང་བྱེད་དུས་ངས་མི་འདི་བོན་ཞེན་ ཅན་ཞིག་རེད་དྲན་སོང་། དེའི་དུས་ངས་ཁོར་ཨ་ལགས་ཀླུ་སྨྱོན་༼ཨ་ལགས་ཀྱིས་དེའི་དུས་བོད་རང་བཙན་ལ་ཁུངས་ལུང་མི་འདུག་མདོག་མདོག་བཤད་ཙང་ངས་ཁོང་ལ་བསྐུར་འདེབས་བྱས་མྱོང་།༽ལ་རྒྱབ་སྐྱོར་དང་ཆོས་ལུགས་ཀྱི་ཞེན་ཁོག་དེ་འདྲ་དྲུད་ཡོང་གི་འདུག་མདོག་མདོག་བཤད་མྱོང་། རིམ་པས་དཔྱད་དུས་ཀླུ་སྨྱོན་དང་སྤོབས་པ་གཉིས་ནི་གཟུར་གནས་ཡིན་པ་མ་ཟད་མ་ཤི་ན་གསོད་རྒྱུའི་མི་ངན་དེ་འདྲ་རེད་མི་འདུག དེ་མིན་མཁར་རྨེའུ་བསམ་གཏན་ལགས་ཀྱི་བྲིས་རྩོམ་ལ་ཞིབ་འཇུག་བྱེད་རྒྱུ་ལས་ཁོང་མཁས་པ་ཡིན་མིན་ང་ཚོས་རྩོད་དགོས་དོན་ཡོད་པ་མ་རེད་དྲན་གི དེ་ནི་བཤད་མི་དགོས་བཤམས་བཞག་ཡོད་ཐལ།
མཁར་རྨེའུ་བསམ་གཏན་མཁས་པ་མ་རེད་ཟེར་གྱིན་མེད། ཁོང་གིས་དེབ་ཁ་ཤས་ཀྱང་བྲིས་ཡོད་པ་རེད། ལག་ཁྱེར་ཡང་མཐོན་པོ་ཐོབ་ཡོད་པ་རེད། ཡིན་ན་ཡང་ཁོང་གི་དེབ་མང་ཆེ་བ་དེ་བོན་དང་འབྲེལ་ཡོད་ཀྱི་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་ལྟ་བུ་རེད། ཕྱི་རྒྱལ་བ་ཁ་ཤས་རེའི་རྣ་བར་གསར་པ་འདྲ་ཞིག་ཐོས་པས་སྙན་པོ་བྱུང་ཡོད་པ་ཡང་ཡོད་རྒྱུ་རེད། ངོ་སྤྲོད་ལྟ་བུ་དེ་ཚོ་དེ་ཙམ་གྱི་བྲིན་པོ་བྱུང་བ་ཡང་མེད་པ་རེད། ལེགས་བཤད་མཛོད་ཟེར་བའི་བོན་གྱི་ལོ་རྒྱུས་དེ་ཁོ་རང་གིས་བསྒྱུར་བ་ལ་ཁོ་རང་གིས་མཆན་འགྲེལ་ལྟ་བུ་བཀོད་པ་རེ་ཡང་ཡོད་པ་རེད། ཞིབ་འཇུག་བྱས་ནས་གནས་ཚུལ་གསར་པ་བཤད་པ་དེ་ཙམ་མང་པོ་མི་འདུག རྒྱལ་དབང་ལྔ་པའི་སྐོར་ཞིག་ཀྱང་བྲིས་ཡོད་པ་རེད། རྒྱལ་དབང་ལྔ་པའི་ལེགས་ཉེས་ཀྱི་ཕྱོགས་གང་ཞིག་གཙོ་བོར་བྱས་ཏེ་བྲིས་ཡོད་མེད་ཅིག་ལྟོས་དང་། དེ་ལ་ལྟོས་ན་ནམ་མཁའི་ནོར་བུས་ཞིབ་འཇུག་དྲང་པོ་བྱེད་མདོག་གི་རྣམ་འགྱུར་ཐོན་འདུག ཡིན་ན་ཡང་ནམ་མཁའི་ནོར་བུས་ཀྱང་གདོད་མའི་བོན་ལ་མཛུབ་མོ་འཛུགས་ས་ཆེར་རྙེད་མེད་པ་རེད། དེང་སང་གི་བོན་དང་བོན་པོ་ཟེར་བ་འདི་ཚོ་ནང་པ་སངས་རྒྱས་པ་ལས་ཁྱད་པར་མི་འདུག་པས་ལེགས་ཉེས་དབྱེ་འབྱེད་བྱེད་ས་ཞིག་མི་འདུག ཡིན་ན་ཡང་བོད་ཀྱི་གདོད་མའི་བོན་ཞེས་པ་དེ་ད་དུང་སུ་གཅིག་གིས་ཀྱང་ངོ་ཤེས་མི་འདུག་སྙམ་གྱིན་འདུག ཆོས་ལུགས་ཡིན་མིན་བཤད་ན་མཁར་རྨེའུ་བསན་གཏན་གྱིས་ཀྱང་ཆོས་ལུགས་ཀྱི་དེབ་བྲིས་འདུག ཡིན་ན་ཡང་རྒྱལ་བ་རིན་པོ་ཆེའི་གསུང་དེབ་ཕུད་པའི་བོད་མིས་བྲིས་པའི་དེབ་ཅིག་ལ་བསོད་རྒྱལ་བླ་མའི་དེབ་ལྟ་བུའི་བྲིན་པོ་བྱུང་བ་གཞན་མི་འདུག་ཅེས་ཞོར་འཕྲོས་སུ་ཐལ་བ་ཙམ་རེད། དེ་ངས་ཞེན་ཁོག་དང་ཆགས་སྡང་གང་ཡང་མིན། བསོད་རྒྱལ་བླ་མས་དེབ་ས་གཅིག་ཕྱེད་ལྷག་ཅིག་བཙོང་འདུག་ཀྱང་ཁོས་ང་ལ་ནི་སྒོར་རྡོག་གཅིག་སྦྱིན་གྱི་མ་རེད།
ངས་སྔོན་མ་ཞིག་ལ་མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས་པའི་རྒྱལ་དབང་ལྔ་པའི་སྐོར་གྱི་དེབ་དེ་མཐོང་མྱོང་སྙམ། དེ་ཡིན་ན་དེ་ནི་རྒྱལ་དབང་ལྔ་པའི་དག་སྣང་གི་སྐོར་ཞིག་ངོ་སྤྲོད་ལྟ་བུའི་འདྲ་རིས་ཀྱང་མང་པོ་ཡོད་པ་ཞིག་རེད་སྙམ་པ་མ་གཏོགས་དེ་ལ་ཞིབ་འཇུག་སོགས་ཀྱིས་ལེགས་ཉེས་དབྱེ་འབྱེད་བྱས་པ་ཞིག་མི་འདུག་སྙམ།
དྲ་གྲོགས་སྤོབས་པ་ལགས། ཁྱོད་ཀྱིས་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱི་མདའ་དང་འཕང་ཞེས་པའི་དེབ་སྟོད་སྨད་གཉིས་པོ་དེ་ཐེངས་གཅིག་ཀློག་ཐུབ་ན་བཟང་ས་རེད།
བོད་ཀྱི་མཁས་་པ་ཚོས་མདའ་དང་འཕང་ལ་ལྟ་འདུག་པ་ལས། དེང་རབས་ཀྱི་རྩིས་དངོས་རྫས་གསུམ་གཙོ་བོར་གྱུར་བའི་ཚན་རྩལ་རྣམས་བོད་ཀྱི་སྐད་ཡིག་ནང་དུ་ནང་འདྲེན་བྱས་ན་ཅིས་མ་ལེགས།
一个弱小民族的命运
我们是一个弱小的民族………………….
我们的国家贫穷落后……………………….
我们的意志脆弱…………………………..
我们的性格单纯…………………………..
……………………………………….
我们无能因为我们没有坚强的意志面对现实,所以我们不能自我表白.
我们无能因为没能及时改革旧的制度所以我们的国家走向衰亡.
我们无能因为三区人民不团结,所以我们的国家四分五裂.
我们无能因为我们根本不重视国防建设,所以独立自主的国家被妖魔吞食.
我们无能因为对强权低头,所以我门的民族被独裁者随意摆布.
我们无能因为我们没有勇气表达内心的痛苦,所以我们吃亏却无人知晓.
我们无能因为没能好好的照顾和领导乡亲父老们,所以他们受苦受累.
我们无能因为没有争取独立的远大目标,所以我们陶醉在一切向钱看的腐败中.
我们无能因为我们不能坚持自己的立场,所以总是
败在别人的脚下.
我们无能因为我们太虚伪,所以我们总是被异族轻视.
我们无能因为我们没能报答祖先之恩,反而让祖先的灵魂为我们操心.
我们无能因为我们没能创造一个自豪的业绩,而自以为是地炫耀祖先的丰功伟绩.
我们无能因为我们把所有希望寄托在一个人身上,所以我们没能发挥自己的能力.
我们无能因为我们没有机智的头脑,所以我们总被妖魔的花言巧语上当受骗.
我们无能因为我们缺乏知识,所以一事无成 .
不要在这儿打汉文,好吗?
你以为只有你懂汉语文吗?
别想得那么美,懂了吗?
所谓的正理
སེམས་དང་བསམ་པ་གཅིག་དུ་སྤྲེལ་བའི་བོད་རིགས་སྤུན་ཟླ་ཚོ། དྲ་ཚིགས་འདི་རུ་བོད་ཡིག་ལས་དབྱིན་ཡིག་དང་རྒྱ་ཡིག་གི་མཆན་འདེབས་པར་ངོ་རྒོལ་ཡོད། ཡིན་ཡང་། རང་རང་གིས་གཞན་གྱིས་སྐད་ཡིག་ཤེས་པ་དེ་ནི་སྐྱོན་ཆ་ཞིག་མ་རེད་མོད། རང་སྐད་སྤྱོད་སའི་དྲ་ཚིགས་འདི་ལ་དེ་དག་བེད་སྤྱོད་བྱེད་ས་མིན་པ་ཐུགས་འཇག་འཚལ། དྲ་ཚིགས་འདི་དག་ནི་བོད་མི་རིགས་ཀྱི་བདེ་སྡུག་གླེང་ས་ཞིག་ཡིན་དུས་ཡིན་གཅིག་མིན་གཅིག་བོད་ཡིག་འབྲི་དགོས་པ་ཐུགས་སུ་འཛིན་རོགས་ཞུ།