འབྲུག རྡ་ས།
རྩོམ་པ་པོ་ཁ་སྒང་བསམ་གཏན་རྒྱ་མཚོ་མཆོག་ནི་བོད་ནས་སྐྱེས་ཤིང་བྱེས་ལ་གྱར་བའི་བོད་མི་ཤེས་ཡོན་ཅན་དང་ལྷག་པར་དུ་སྙན་ངག་རིག་པར་ནང་བྱིན་ཆུབ་པའི་སྙན་ངག་རིག་པའི་དགེ་རྒན་དང་། སྙན་ངག་གི་གྲགས་ཅན་རྩོམ་པ་པོ། སྙན་ངག་དཔྱད་བརྗོད་པ་བཅས་ཡིན། ཁོང་གིས་མི་ཚེ་ཕྱེད་ཀའི་རིང་ལ་བོད་ཕྱི་ནང་གཉིས་དང་། སློབ་གྲ་དང་གྲ་བའི་སྤྱི་ཚོགས་གཉིས། བཙན་བྱོལ་དང་ཡང་བྱོལ་བཅས་ཀྱི་གནས་བབ་འདྲ་མིན་བརྒྱུད་མྱོང་བའི་ཆ་ནས་ཁོང་གི་སྙན་རྩོམ་དང་རྩོམ་ཡིག་གཞན་དག་ལ་རྩོམ་པ་པོ་གཞན་ཕལ་ཆེར་དང་མི་འདྲ་པའི་མི་སེམས་འགུགས་ཤུགས་ཀྱི་སྒྱུ་རྩལ་ཁྱད་ཆས་ཁྱད་དུ་འཕགས་པ་རེ་ཡོད། རྩོམ་ཡིག་གི་བརྗོད་བྱའི་ནང་དོན་གྱི་ཆ་ནས་ཀྱང་མི་སེམས་དང་མཐུན་ཞིང་སྤྱི་ཚོགས་དང་དུས་རབས་ཀྱི་འགྲོས་དང་མཐུན་པའི་གནད་དོན་རྐྱང་རྐྱང་ལ་འདྲ་གཟུགས་བཟོ་བཅོས་ཙམ་མ་ཡིན་པར་རིག་པས་དཔྱད་པ་གཏིང་ཟབ་བཏང་ཡོད་པས་ཁོང་གི་སྙན་ངག་དང་རྩོམ་ཡིག་གཞན་དག་ལ་སྤྱི་ཚོགས་ཀྱི་མཚོན་དོན་ཟབ་པ་དང་རྒྱབ་ལྗོངས་ཀྱི་གཏན་ཚིགས་ཤིན་ཏུ་རྣོ་བ་ཡིན།
གཞན་ཡང་། རྩོམ་པ་པོ་ཁ་སྒང་བསམ་གཏན་ཁོང་ཉིད་ཆུང་དུས་བོད་ནང་དུ་སློབ་གྲ་ཆེ་འབྲིང་ཆུང་གསུམ་འགྲིམས་པའི་གོ་སྐབས་བཟང་པོ་ཐོབ་པས་ཁོང་གི་རིག་གནས་ཀྱི་ཆུ་ཚད་ཤིན་ཏུ་མཐོ་ལ། བར་དུ་ཁོང་རང་རབ་ཏུ་བྱུང་ནས་ཤིན་ཏུ་བདེ་བའི་བྱུ་རུའི་ནགས་ྐློང་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྦྱང་བརྩོན་མི་དམན་པ་བྱས་པས་བོད་རིགས་པའི་མ་ལག་ཡོངས་སུ་ཚང་བར་གྱུར་ཡོད། དེ་རྗེས་ཁོང་ཉིད་བཙན་བྱོལ་དུ་འབྱོར་རྗེས་སྔ་རྗེས་སུ་བོད་རིག་པའི་དགེ་རྒན་དང་། རྩོམ་སྒྲིག་པ། སྙན་ངག་དཔྱད་བརྗོད་པ་བཅས་བྱས་པའི་མི་ལོ་གང་མང་གི་ཉམས་མྱོང་བརྒྱུད་ནས་དེ་རིང་གི་བོད་ཀྱི་སྙན་ངག་རིག་པའི་བསྟན་བཅོས་གསར་བ་འདི་ཉིད་མི་ཡུལ་ལ་ལག་སྐྱེས་སུ་འཇོག་ཐུབ་པ་བྱུང་བར་ངེས།
སྙན་ངག་གི་བསྟན་བཅོས་གསར་མ་སྙན་ངག་གི་བསྟན་བཅོས་ཆེན་མོ་མེ་ལོང་མ་ལས་བྱུང་བའི་རྒྱན་གྱི་དབྱེ་འབྱེད་དང་དཔེ་བརྗོད་ཀྱི་དོགས་སློང་ཟིན་བྲིས་སུ་བཀོད་པ་བློ་གསར་འཇུག་བདེ་ཞེས་བྱ་བ་བཞུགས་སོ། ཞེས་པ་འདི་ཉིད་རང་བློས་གཅོག་ཚད་ཀྱིས་རྒྱ་ཆེའི་ྐློག་པ་པོ་ཡོངས་ལ་ངོ་སྤྲོད་ཉུང་བསྡུས་སུ་ཞུ་བ་ལ། དེ་ཡང་སྙན་ངག་མེ་ལོང་མ་འདི་ཉིད་བོད་དུ་དར་ནས་ད་བར་མི་ལོ་གཅིག་སྟོང་དང་བཞི་ལྔ་བརྒྱ་འདིའི་རིང་ལ། བོད་ཀྱི་གནའ་དེང་གི་མཁས་བླུན་མང་པོ་ཞིག་གིས་ཕྱི་འོང་གི་སྙན་གཞུང་འདི་ལ་རང་གི་བུ་དང་བུ་མོ་དངོས་ཀྱི་འདུ་ཤེས་བཞག་ནས་རྩ་འགྲེལ་དང་ཡང་འགྲེལ་གྱི་ངལ་བ་ལྷུར་བླངས་བའི་དེབ་ཐེར་བརྒྱ་ཕྲག་མང་པོ་བརྩམས་ཡོད་ན་ཡང་། དེ་དག་ལས་མང་ཆེ་བ་ཚིག་སྦྱོར་དང་ཚིག་གི་མང་ཉུང་ཙམ་ལས་གཞན་གྱི་ཁྱད་པར་ཅི་ཡང་མེད་པར་དཔར་ཤིང་གཅིག་ལས་བྱུང་བ་དང་ཀུན་ནས་མཚུངས་པ་ད་ལྟ་ང་ཚོའི་མིག་མདུན་དུ་ཡོངས་སུ་གསལ་བོ་ཡིན།
རྩོམ་པ་པོ་ཁ་སྒང་བསམ་གཏན་མཆོག་གི་སྙན་ངག་གི་བསྟན་བཅོས་གསར་མ་འདི་ནི་གོང་གི་དཔར་ཤིང་གཅིག་ལས་བུད་པ་ལྟ་བུའི་དེབ་ཐེར་མ་ཡིག་བུ་ཡིག་གི་རང་བཞིན་ཅན་འདི་དག་དང་གཏན་ནས་མི་འདྲ་བར་ཁོང་གིས་རིག་པ་ཞིབ་གསལ་སྒོས་སྙན་ངག་མེ་ལོང་གི་རྒྱན་རེ་རེའི་རྩ་བ་དང་སྔ་རབས་བོད་ཀྱི་མཁས་པ་འགའི་འགྲེལ་བ་བཅས་ལ་དཔྱད་པ་རྒྱ་ཆེར་བཏང་ནས་རྒྱན་ཕན་ཚུན་གྱི་འདྲ་ས་དང་མི་འདྲ་སའི་གནད་དང་གནད་ལུགས་གསལ་ཞིང་གསལ་བར་ཞིབ་འབྲི་མཛད་ཡོད་པས་བསྟན་བཅོས་འདི་ནི་དངོས་གནས་བོད་ཀྱི་རྩོམ་རིག་གི་ལྡུམ་རའི་ནང་དུ་སྔར་བཞད་མ་མྱོང་བའི་སྙན་ངག་གི་བསྟན་བཅོས་གསར་བ་ཞིག་རེད་ཅེས་བདག་གིས་མགྲིན་པ་མཐོན་པོས་བཤད་ཀྱི་ཡོད། སྙན་ངག་རིག་པའི་བསྟན་བཅོས་གསར་བ་འདི་ཉིད་དུ་བཀོད་པའི་དཔེ་བརྗོད་དང་བར་སྐབས་ཀྱི་ཚིགས་སུ་བཅད་པ། མཇུག་གི་སྨྲས་པ་སོགས་ནི་བོད་མི་རིགས་ཀྱི་གཤིས་ལུགས་དང་མི་མཐུན་ཞིང་རྒྱ་གར་བའི་ཡུལ་སྲོལ་ཞེ་གཅིག་གིས་བཅངས་བའི་གནའ་འགྲེལ་ཚིལ་དྲག་མ་དེ་དག་གི་ལུགས་ལས་ཡོངས་སུ་བུད་དེ་བོད་མི་རིགས་རང་གི་སེམས་ངོར་འཇགས་བདེ་ལ་འཆར་སླ་བའི་རང་བཞིན་ལྡན་པ་ཡིན། སྤྱིར་སྙན་ངག་རིག་པར་འཇུག་འདོད་ཆེ་བ་དང་ལྷག་པར་སྙན་ངག་རིག་པའི་དགེ་རྒན། དེ་བཞིན་སྙན་ངག་ལ་སྤྲོ་བ་ཡོད་མཁན་རྣམ་པས་སྙན་ངག་རིག་པའི་བསྟན་བཅོས་འདི་ཉིད་གྲོགས་སུ་བསྟེན་ན་དགེ་ཕན་ཆེ་བ་མ་ཟད། གཞུང་ལུགས་ཆེན་པོ་དུ་མའི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་འདི་ཉིད་ཀྱིས་བོད་རིག་པའི་སྙན་ངག་གི་བསྟན་པ་ས་ཁྱབ་རྡོ་ཁྱབ་དུ་སྤེལ་བར་ཕན་རླབས་ཆེན་པོ་ཡོང་བའི་རེ་སྨོན་དང་བཅས།
ཐུགས་རྗེ་ཆེ། སྔོན་ཆད་མ་བརྗོད་པའི་ལེགས་བཤད་ཀྱི་ཆ་གང་འདྲ་ཞིག་ཡོད་མེད་མི་ཤེས་ཀྱང། ལོ་མང་དགེ་རྒན་བྱས་པའི་ཉམས་མྱོང་ལས་འཁྲིད་ཐབས་ཀྱི་ཆ་ནས་ལེན་རྒྱུ་ཡོད་པ་ཁོ་ཐག་ཡིན་ངེས། གང་ལྟར་ཁ་སྒང་བས་བོད་ཀྱི་རྩ་འགྲེལ་ཡང་འགྲེལ་གྱི་ཐོ་གཞུང་ནང་དུ་ཟྲིན་བྲེས་ཀྱི་མིང་ཐོ་གསར་བ་ཞིག་བཀོད་པར་རྟེན་འབྲེལ་ཞུ། གཞན་ལ་ཕན་པར་ཤོག
ནོར་བཅོས། ཟིན་བྲིས།
དེ་ཡང་སྙན་ངག་མེ་ལོང་མ་འདི་ཉིད་བོད་དུ་དར་ནས་ད་བར་མི་ལོ་གཅིག་སྟོང་དང་བཞི་ལྔ་བརྒྱ་འདིའི་རིང་ལ། ཟེར་ན་སྙན་ངག་མེ་ལོང་མ་བོད་དུ་དར་ནས་དུས་དེ་ཙམ་སོང་ཡོད་པ་རྩ་བ་ནས་མ་རེད་ལགས། དེའི་དོན་ཅི་རེད།
འོ། ངོ་མའི་ཐུགས་རྗེ་ཆེ། ཁ་སྒང་འདི་སྔར་ནས་ད་བར་མཁས་པ་དང་གྲུབ་པའི་སྐྱེས་བུ་མང་པོ་བྱོན་མྱོང་སའི་ས་ཆ་ཞིག་རེད། དེབ་དེ་གང་ནས་པར་སྐྲུན་བྱས་པ་རེད། ཆེ་ཆུང་ཅི་ཙམ་ཡོད། ད་ལྟ་གང་ནས་བླུ་རྒྱུ་རག་གི་རེད། ང་ལྟ་བུའི་གླེན་ལྐུགས་ཤིག་ལ་ཟ་མ་ཞིམ་པོ་དང་ཉལ་ས་བདེ་བོ་ཞིག་མ་གཏོགས་སྙན་ངག་གི་བསྟན་བཅོས་ཤིག་གིས་ཅི་བྱ་མེད་ཀྱང་། དོན་མ་གོ་རུང་རྩོམ་པ་པོར་གུས་པ་མཚོན་བྱེད་དང་། ཤེས་ཡོན་ཅན་རྣམས་ལ་གུས་པ་མཚོན་ཆེད་ང་རང་ལ་གཅིག་དང་ངའི་བུ་ལ་གཅིག་ཉོ་ངེས་ཡིན། རྩོམ་པ་པོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དང་། བསྟན་བཅོལ་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ད་དུང་སྐུ་ཞབས་ཧོར་གཙང་འཇིགས་མེད་མཆོག་གི་དེབ་དེ་ཚོ་ལ་རིན་གོང་མཐོན་པོ་གནས་ཀྱི་ཡོད་ན། ང་ལ་ཟ་ཁང་གི་གཡོག་གླ་ཆུང་བ་དང་ཁང་པ་དང་སྒེར་འཁོར་སོགས་ཀྱི་བུ་ལོན་ཆེ་བས་གནས་སྐབས་ཉོ་ཨེ་ཐུབ་མི་ཤེས་བསམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད། འོན་ཀྱང་དཔེ་མཛོད་ཀྱིས་རིན་གོང་ཆེན་པོ་ཞིག་འབོད་མི་ཡོང་བའི་སྨོན་ལམ། ད་དུང་རིན་གོང་ལས་ཀྱང་སྦྲགས་གོང་ཆེ་བ་རེད།
ཐོག་མར་ཁོང་གིས་བོད་ཀྱི་སྙན་ངག་གི་གཞུང་ལུགས་རྒྱུན་འཛིན་ཐད་ཕྱག་རྗེས་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ། ཁ་སྒང་ལགས་ཀྱིས་བརྩམས་གནང་བའི་སྙན་ངག་གི་བསྟན་བཅོས་འདི་ཉིད། སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པ་ལྟར་མེ་ལོང་མར་ཚིག་གསར་གྱིས་འགྲེལ་བརྗོད་ལྟ་བུ་མ་ཡིན་པར། རང་ཉིད་ཀྱི་ཉམས་མྱོང་བརྒྱུད་བསམ་བློ་གསར་པ་དང་ལྟ་ཚུལ་གསར་པ། ལྷག་དོན་མེ་ལོང་མ་འདི་ཉིད་ཐོག་དཔྱད་ཞིབ་ཀྱིས་དོགས་སློང་ལེགས་པོ་བྱུང་ཡོད་པའི་རེ་བ་ཡོད།
དབུས་ཕྲུག་ཚེ་རིང༌།
ཨ་ལ་ལ་ལ༌། ངོ་མ་མཁས་པ་དཔེ་མེད་ཅིག་ཡིན་ནི་འདྲ་བོ་ཞིག་བཤད་འདུག ཚང་མས་ཁྱོད་འདྲ་བོ་རྐྱང་རྐྱང་བཤད་ནི་རེད། ཚང་མ་དེ་འདྲ་བོ་རྐྱང་རྐྱང་རང་གི་ངོ་སྤྲོད་དུ་སྦྱར་ནས་འདས་སོང་བ་རེད། འདས་སོང་བ་མང་པོ་ཞིག་གི་རྗེས་ནས་ལྷག་སོང་བ་གཅིག་ཀྱང་མེད་སོང་བ་རེད། གང་ལྟར། ཁོང་གི་བསྟན་བཅོས་དེ་བོད་ཀྱི་རྩོམ་རིག་གི་ལྡུམ་རའི་ནང་དུ་སྔར་བཞད་མ་མྱོང་བའི་སྙན་ངག་གི་བསྟན་བཅོས་གསར་པ་ཞིག་ཡིན་མིན་ནི་ཀློག་པ་པོའི་ངོས་ནས་ཐད་གཅོད་བྱེད་རྒྱུ་ཞིག་ཡིན་པ་ལས་ཁྱེད་རང་མྱི་སྒེར་ཅིག་གི་ངོས་ནས་ཐག་བཅད་དང་ན་ཆོག་ནི་ཞིག་ཡིན་པ་མ་རེད།
ཡ་་ དུ་བྱོས་ རྗེས་ནས་འཇལ། སྙན་ངག་གི་བསྟན་བཅོས་དེ་ཀུན་གྱི་བློ་ལ་སྨན་པའི་མཆོད་རྫས་ཤིག་ཏུ་འགྱུར་བར་སྨོན།
དགེ་རྒན་མཆོག་ལ་དྲ་ཐོག་འདི་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ
འབྲུག་གིས་འབྲུག་སྒྲ་ལྡིར་བ་ལྟ་བུའི་འུད་བསྟོད་ཅིག་བྱས་འདུག་ཀྱང་། སྔར་གྱི་ཁམས་འགྲེལ་ཆེན་མོ་དང་ཕྱིས་ཀྱི་ཚངས་སྲས་བཞད་སྒྲ་སོགས་ལས་ལྷག་ཅིག་ཨེ་ཡིན་ནམ། འོན་ཀྱང་དེབ་དེ་ད་རུང་མ་མཐོང་བས་འདིར་དེ་ལ་ཡག་ཉེས་གང་ཡང་བཤད་རྒྱུ་མེད། འབྲུག་གི་བཤད་སྟངས་ལ་བལྟས་ན་འབྲུག་ཁོ་རང་མེ་ལོང་མ་རྩ་འགྲེལ་རྣམས་ལ་མཆུ་དང་སྣ་རྫེ་མཁན་ཞིག་ཡིན་ཚོད་འདུག་ལ། མཇུག་གི་སྨྲས་པ་སོགས་ཞེས་བཤད་པར་བལྟས་ན་སྲོལ་རྒྱུན་གྱི་རིག་གཞུང་དང་བསྟན་བཅོས་ལ་ཆ་རྒྱུས་ཡག་པོ་མེད་མཁན་ཞིག་ཡིན་པར་སྣང་སྟེ། སྨྲས་པ་ཞེས་བྲིས་པའི་ཚིགས་བཅད་དེ་རིགས་ལ་སྔོན་གྱི་བསྟན་བཅོས་རྣམས་སུ་མཇུག་བསྡུའི་ཚིགས་བཅད། མཇུག་བསྡུའི་ཤིས་བརྗོད། མཇུག་གི་དགེ་བསྡོ་། དགེ་བསྡོའི་སྨོན་ཚིག་ཅེས་སོགས་སུ་འབོད་པ་ལས། མཇུག་གི་སྨྲས་པ་ཞེས་འབོད་སྲོལ་མེད། འདི་གནས་ཚུལ་ཆུང་ཆུང་ཞིག་ཡིན་ནའང་འདིའི་ཐོག་ནས་འབྲུག་ལ་མེ་ལོང་མ་རྩ་འགྲེལ་རྣམས་ལ་མི་འདོད་པའི་རྣམ་འགྱུར་སྟོན་པའི་ནུས་པ་ཡོད་མེད་རྟོགས་ཐུབ། དེས་ན་རང་ཚོད་དང་བསྟུན་པའི་སྐད་ཆ་བཤད་ན་མཛེས་པ་ལས། ལབ་བརྒྱབས་ན་མི་མཛེས་སོ།།
དྲ་གྲོགས་རྐང་རྗེན་པ། ལབ་རྒྱག་རྒྱུ་མ་སྔ། ཁྱོད་ཀྱིས་གཞུང་ལུགས་རྙིང་བའི་ལུགས་སྲོལ་བཤད་གོ་གི། ཡིན་ནའང༌། ཁ་སྒང་བའི་བསྟན་བཅོས་ཀྱི་མཇུག་ན་མཐར་སྨྲས་པ་ཟེར་བ་ལས་ཁྱོད་ཀྱི་དེ་འདྲ་མི་འདུག་པས་འུ་མ་བརྒྱག་རོགས་ཟེར་འདོད་བྱུང༌།
གཞན་བསྟན་བཅོས་གསར་བ་འདི་ཡི་འབྲི་སྟངས་ནི་སྔོན་གྱི་དེ་ཚོ་བཞིན་མགོ་མཆོད་བརྗོད་བར་གྱི་ངལ་གསོའི་ཚིགས་སུ་བཅད་པ། མཐར་མཇུག་གི་དགེ་བསྔོ་སོགས་ཚང་བར་འབྲི་དགོས་པའི་བཀག་རྒྱ་དེ་ཡང་བཤིག་འདུག་པས་དེང་རབས་ཀྱི་ཆ་ལྡན་པ་འདི་ཡང་ཕྱོགས་གཅིག་རེད་ཡ། ཁྱོད་ལྟར་ན། ཚང་མ་སྔོན་མ་ནང་བཞིན་འགྲོ་དགོས་ན་དེ་ནི་རང་གི་འདོད་པ་རེད་མ་གཏོགས་གནས་ལུགས་རྒྱུ་མཚན་ཅང་དཀའ་ནི་རེད། ཁྱོད་འདི་མྱི་ཨུ་ཚུགས་ཅན་ཞིག་ཡིན་ན་སྐྱོ་བ་ལ།
ཁ་སྒང་བསམ་གཏན་རྒྱ་མཚོ་ལགས་ནི་དངོས་གནས་མིང་དོན་མཚུངས་པའི་དེང་དུས་ཀྱི་སྙན་ངག་པ་ཞིག་རེད།
འོན་ཀྱང་ངོས་ནས་སྐུ་ཉིད་ལ་མི་སྙན་པའི་ཚིག་ཁ་ཤས་ཞུ་འདོད་བྱུང་།
ཁྱོད་ཀྱི་ཤེས་ཡོན་དང་སྤྱོད་ཚུལ་་གཉིས་དོ་མི་མཚུངས་པ་ནི་ཅི་འདྲའི་ཡ་ང་དགོས་པ་ཞིག་མ་ཡིན་ནམ།
ཁྱོད་རང་གསོག་སློབ་དུ་ཞུགས་རིང་སློབ་ཁྲིད་ཀྱི་བྱ་བཞག་ཐད་དངོས་གནས་ལྷག་བསམ་རྣམ་དག་གནང་པར་གུས་པས་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།
འོན་ཀྱང་།
ཁྱོད་ཀྱིས་་་་་་་་
ལུང་ཚན་ནད་རོས་ཟིན་ཏེ་གསོག་སྒར་ཤེར་དགའ་གླིང་གི་དགེ་སློབ་བར་ལ་དཀྲུགས་ཤིང་རྒྱབ་པ་དང་གཅིག
འགན་འཛིན་སྐུ་ངོ་བྱམས་པ་ལ་ཉེས་མེད་ཉེས་བཙུགས་བྱས་པ་དང་གཉིས།
སློབ་མར་ངན་སྐུལ་བྱས་ཏེ་བོད་གཞུང་ལ་གཞི་མེད་སྐྱོན་འཛུགས་བྱས་པ་དང་གསུམ།
རྩོམ་པ་པོའི་མཐུན་ཚོགས་ལ་མགོ་སྐོར་བཏང་སྟེ་ཕྱི་རྒྱལ་ནས་ཕྱིར་ལོག་མ་བྱས་པ་དང་བཞི།
མདོར་ན་ཁྱོད་ལ་བསྟོད་ར་གཏོང་བ་དང་ཡང་ན་་ཁྱོད་ལ་སྨད་ར་གཏོང་བ་གང་ཡིན་ཡང་དྲང་བདེན་ལ་གཞི་བཅོལ་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
གུས་པས་ཁྱོད་ཀྱི་ཡོན་ཏན་གྱི་ཕྱོགས་བསྟོད་བསྔགས་གཏོང་འདོད་ཡོད་ལ་ཁྱོད་ཀྱི་སྐྱོན་གྱི་ཕྱོགས་ལའང་སྨད་ར་གཏོང་ངེས་ཡིན།
ཆོལ་ཁ་དང་ལུང་ཚན་གྱི་ནད་རོས་ཟིན་པའི་མི་དེ་དག་གི་ཁ་ནས་དྲང་བདེན་གྱི་སྐད་ཆ་ནི་ཉིན་མོའི་སྐར་མ་རེད།
མི་སུ་ཡིན་རུང་སྐྱོན་ཡོན་གཉིས་ཀའི་ཆ་ཡོད་པ་རེད། གལ་ཏེ་མི་དེར་སྐྱོན་ལས་ཡོན་ཏན་གྱི་ཆ་ཆེ་བ་ཡོད་ཚེ་ང་ཚོས་དེར་མཐོང་ཆེན་བྱེད་མ་ཐུབ་རུང་དམའ་ཕབ་དོན་ཨེ་ཡོད། གང་ལྟར་ད་ཡིན་ན་འབྲུག་གི་ཚོད་ཀྱི་ཆར་བ་ཡོད་མེད་དེ་རྗེས་ནས་བལྟ་རྒྱུ་ཞིག་རེད། བྱུང་ན་རྩོམ་པ་པོ་ཁོ་རང་གི་ཚབ་མཚོན་སྙན་ངག་ཅིག་འདིར་དགོད་ཐུབ་ན་ང་ལྟ་བུ་རྩོམ་མཁན་ཁོང་ཆ་རྒྱུས་མེད་རིགས་ལ་ཕན་ཐོགས་ཡོང་བ་འདུག
རེད་རེད། སློབ་མ་ཟུར་པ། ཁ་ཐོངས། ཕྲག་དོག་ཀྱིས། སེམས་སྡུག་སོག བྲང་ལ་རྡུང་། ཁ་ཤ་འཐེན། ངན་སྨྲས་ཀྱིས། དམོད་མོ་བྱོས། དྲ་ཁང་འདི་དག་གི་ནང་ན་མི་སུ་ཞིག་གི་མིང་ཐོན་རུང་དེ་མ་ཐག་ཏུ་འབུར་འཇོམས་ཀྱིས། སྐྱོན་རྐྱང་རྐྱང་ཤོད། ད་ང་ཚོའི་སྤྱི་ཚོགས་ཀྱི་ནང་ན་མི་དཀར་པོ་སུ་ཞིག་ཡོད་དམ། ཁྱོད་བསམ་གཏན་གྱི་སློབ་ཁྲིད་ལ་ཉམས་མྱོང་ཡོད་ལུགས་ལ་བལྟས་ན་སྔོན་མ་ཁྱོད་ཀྱི་དགེ་རྒན་ཡིན་ངེས་རེད། ཕ་བཟང་གི་བུ། ཚུར་ཁ་ནང་དུ་འོ་མ་བླུགས་པའི་རིན་ལ་ཕར་གཅིན་པ་རྡུད། ཚུར་རྔོག་དར་བཏགས་ན་ཕར་འཕྲ་ཡིས་རྒྱོབས། མི་ལ་སྐྱོན་རྒྱག་རྒྱུ་དང་། རྙོག་དྲ་ཁོ་ན་བཤད་རྒྱུ། ཆོས་དང་བླ་མ་ལ་ལོག་ལྟ་བྱེད་རྒྱུ། གྲོག་པོའི་བར་ལ་ཁྲེལ་མེད་བྱེད་རྒྱུ། གང་དུ་བསྡད་ཀྱང་ར་བཟི་ནས་ཞབས་འདྲེན་ཞུ་རྒྱུ། སྐྱེ་དམན་ལ་བརྡུང་རྒྱུ་འདི་དྲུག་པོ་ཨ་མདོ་བའི་མི་འཁྱམས་སྐྱལ་སྟོང་ཚོའི་དམིགས་བསལ་གྱི་མི་ཚེའི་རིན་ཐང་རེད། ངོ་ཚ་གི་མི་འདུག་གམ། མི་རོ་ཆུ་ལ་བསྐྱུར་དགོས་ན།། རང་ལུས་ཆུ་ཕྱེད་བརྒལ་དགོས་སོ།། ཟེར་བ་འདི་གོ་ཨེ་མྱོང་། ད་ཕྱིན་ཆད་ཁྲེལ་མེད་ཁྱེད་ཚོའི་ངོ་མིག་གིས་མི་རིག་པའི་སྨོན་ལམ་ཐོབ། ངོ་མ་ཨམ་སྐྱག་འདི་ཚོས་དྲ་ཁང་ཚོའི་ནང་དུ་སྐར་མ་གཅིག་ལ་འཛུལ་དུ་འཇུག་གི་མི་འདུག
འདོད་ལྷའི་བུ། ད་ཡིན་ན་ངོ་མ་འདོད་ལྷའི་བུ་འདི་ཐུགས་འཁྲུག་པ་འདྲ། ཁྱོད་རང་གིས་མི་འདི་རིགས་ཀྱི་རྗེས་འདེད་མ་བཏང་ན་དགའ་བ་འདུག དེ་ཚོས་མི་ཟེར་རྒྱུ་གཅིག་ཀྱང་མི་འདུག
འདོད་ལྷའི་བུ་ལགས། ཁྱོའི་ཁ་ནང་ནའང་ཚིག་ཡག་པོ་གཅིག་ཀྱང་བཏོན་རྒྱུ་མི་འདུག དེར་བལྟས་ན་ ཁྱེད་ཀྱང་དེ་འདྲའི་མི་ཡག་པོ་ཞིག་ཆེ་ཡིན་འདོད་གི་ གཞན་གྱིས་གཞན་ལ་སྨད་པ་དང་རང་གིས་གཞན་ལ་སྨད་པ་གཉིས་གཅིག་མཚུངས་མ་ཡིན་ནམ། ཁྱོས་དེ་འདྲའི་གནས་ལུགས་ཤིག་ཀྱང་མི་ཤེས་པ་ཡིན་ནམ། ཨ་ཤུ་རེ་ཁོ་
འདོད་ལྷའི་བུ་ལགས། སློབ་མ་ཟུར་བ་བས་མ་གཞི་ནས་རང་གི་དགེ་རྒན་ལ་སྐྱོན་བརྗོད་བྱས་པ་ནི་འགྲིགས་ནི་ཞིག་རེད། ཡོན་ཏན་གྱི་ཕྱོགས་ནི་སུས་ཀྱང་མ་བརྗོད་ན་ཆོག་ནི་རེད། དེ་ནམ་ཡིན་ཡང་ཡོད་ཡོད་ལ་བསྡད་ཡོད་པ་སོང་ཙང༌། སྐྱོན་གྱི་ཕྱོགས་མྱུར་དུ་བརྗོད་ནས་མེད་པར་མ་བཏང་ན་རྗེས་མ་ཇེ་ཆེ་ནས་ཇེ་ཆེ་ལ་འགྲོ་རྒྱུ་རེད། དེ་བུད་སོང་ན་ཉེན་ཁ་ཆེན་པོ་ཡོད་པ་རེད། དེ་འདྲ་ཞིག་མ་རེད་དམ། ཨེ་གོ་ཐལ། ཁོང་ལ་སྐྱོན་བརྒྱག་རྒྱུ་ཡོད་ན་རྒྱག་གི་ཞུགས། དེ་ཡག་རྟགས་ཤིག་རེད། ངས་ཁོང་གི་སྐྱོན་བརྗོད་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཡང་གཅིག་བཤད་ན། ང་ཡང་བཙན་བྱོལ་ནང་གི་བོད་ཡིག་དགེ་རྒན་དེ་དག་གི་སྒང་ལ་སྙིང་ལངས་ནས་བསྡད་ཡོད། དེ་ཚོ་ནི་མྱི་གསོད་ཀྱི་ལག་དམར་དང་ཆ་འདྲ་བ་རེད།
མི་ཞུན། ཁྱོད་སྙིང་རྗེ། ཁྱོད་ཀྱང་རི་བོང་ཅལ་འདྲོགས་བྱེད་མཁན་ཞིག་རེད་འདུག སློབ་མའི་དགེ་རྒན་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་རིག་གནས་གསར་བརྗེའི་སྐབས་རྙིང་པ་བཞི་རྩ་གཏོར་དུ་གཏོང་དུས་ཀྱི་བྱ་བ་ཞིག་རེད་མ་གཏོགས་དེ་ཡ་རབས་ཀྱི་ལུགས་སྲོལ་ཞིག་མ་རེད། ཁྱོད་ཀྱིས་ཀྱང་དེ་ཡག་པོ་ཞིག་རེད་བསམ་ན་ཁྱོའི་རིན་ཐང་ཡང་གསལ་བོར་ཤེས་ཚར་བ་ཡིན། གལ་ཏེ་བཅོས་བསྒྱུར་གྱི་ཆེད་དུ་སྐྱོན་བརྗོད་བྱེད་དགོས་ན་མི་སོ་སོའི་གདོང་ལ་བལྟས་ནས་བཤད་དགོས་པ་རེད། ཡང་ན་ཐད་ཀར་ཁ་པར་དང་གློག་འཕྲིན་སོགས་བརྒྱུད་ན་ཆོག་མོད། གཞིས་བྱེས་གཉིས་ཀྱིས་མིས་ལྟད་མོ་བལྟ་ས་ནས་མི་ལ་མཚང་འབོད་འབའ་ཞིག་བྱེད་རྒྱུ་དེ་ཡག་པོ་རེད་ཟེར་ན་ཁྱོད་ལྟ་བུའི་མི་མགོ་ཡང་ཅོལ་ཆུང་ཀླད་སྟོང་རང་ཚུགས་མི་ཐུབ་མཁན་ཚོ་མ་གཏོགས་མི་ཚུལ་ལྡན་སུས་ཀྱང་དེ་ལ་དགའ་པོ་བྱེད་ཀྱི་མ་རེད། དཔེར་ན་ཁྱོད་ཀྱིས་རང་གི་གྲོགས་པོ་ལ་དངུལ་བརྐུས་པ་ངས་ཤེས་ཀྱི་ཡོད་ན་ངས་ཁྱོད་ལ་ཅི་ཞིག་བྱེད་དགོས་སམ། ངས་ཁྱོད་ལ་ཟུར་དུ་ཁ་ཏ་བྱས་ན་དེ་ཁྱོད་ཀྱི་ཆེད་དུ་ཡིན་ཟེར་ཆོག་གི་རེད། འོན་ཀྱང་དྲ་ཐོག་ནས་ངས་མི་ཞུན་གྱི་ལོ་རྒྱུས་ཤེས་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་བསྡད་ན་དེ་ཁྱོད་ཀྱི་ཆེད་དུ་རེད་དམ། ཁྱོད་དགའ་བོ་ཨེ་ཐུབ། སྙིང་རྗེ། མི་ཁྱོད་ཚོའི་གྲས་ཀྱིས་རི་བོང་ཅལ་འདྲོགས་ཁོ་ན་མ་གཏོགས་དེ་ཙམ་གྱི་གནས་ལུགས་ཀྱང་ཤེས་ཀྱི་མ་རེད། ཁག་ཅི་ཡོད། རང་མོས་སྙན་ངག་རེ་འབྲི་རྒྱུ་ཙམ་མ་གཏོགས་ཅི་ཡང་མི་ཤེས་པའི་མི་ཚོ་ལ་ལེགས་ཉེས་དཔྱོད་པའི་བློ་གྲོས་ཟེར་བ་དེ་ཡང་དེ་ཙམ་ཞིག་མ་གཏོགས་ག་ལ་ཡོད། གཅིག་བྱས་ན་སློབ་མ་ཟུར་བ་ཟེར་བ་དེ་ཡང་ཁྱོད་ཀྱི་མིང་ཡིན་སྲིད། ངས་ངོ་མ་ཡིན། ཉི་མ་རེ་རེ་བཞིན་དྲ་ཁང་དུ་འཛུལ་ཐེངས་རེར་མི་ཞིག་གི་ཀུན་སྤྱོད་ཀྱི་སྐྱོན་ཁོ་ན་གླེང་གི་འདུག དེ་ཡང་མང་ཆེ་བ་ཁུངས་མེད་ཀྱི་འཆལ་གཏམ་ཁོ་ན་དངོས་ཡོད་ཀྱི་ལོ་རྒྱུས་ལྟ་བུར་བཟོ་བའི་འབད་བརྩོན་བྱེད་ཀྱི་འདུག ངས་ཁྱོད་ཚོའི་གྲས་དེ་རྒྱ་མིའི་ཉུལ་མ་རེད་ཟེར་གྱི་མེད། འོན་ཀྱང་ལས་ཀའི་ཕྱོགས་ནས་བལྟས་ན་རྒྱ་མིའི་ཉུལ་མ་ཞིག་གི་ལས་ཀ་ཁོ་ན་མ་གཏོགས་མི་འདུག གོ་མིན་ཏང་དང་གུང་ཁྲན་ཏང་གི་སྐབས་ཀྱི་ལོ་རྒྱུས་རེ་ལ་བལྟ་ཨེ་མྱོང་། གློག་བརྙན་རེ་མཐོང་ཨེ་མྱོང་། མི་གང་དྲག་ཐམས་ཅད་ནག་པོ་བཟོས་ནས་སྤྱི་ཚོགས་ཀྱིས་ཡིད་ཆེས་མེད་པར་བྱེད་རྒྱུ་དང་། མིའི་སེམས་ནང་ན་རིན་ཐང་མེད་པ་བཟོ་རྒྱུ་དེ་ཉུལ་མ་འཇོན་ཐང་ཅན་ཞིག་གི་ལས་ཀ་རེད། ངོ་མ་ཡིན། ངས་ད་བར་མི་ཁྱོད་ཚོའི་གྲས་ལ་དྲ་གྲོགས་ཀྱི་འདུ་ཤེས་ཀྱིས་གཏམ་གླེང་མང་པོ་བྱས་པ་དེ་ངའི་མི་ཚེའི་ནང་གི་ནོར་འཁྲུལ་ཞིག་དང་། ང་རང་གིས་རང་ཉིད་ལ་རིན་ཐང་མེད་པ་བཟོ་སྤྱད་ཅིག་མ་གཏོགས་ཅི་ཡང་མེད་པ་ད་གཟོད་ཧ་གོ་བས་སེམས་སུ་འགྱོད་པ་སྐྱེ་གི་འདུག འོན་ཀྱང་དྲ་གྲོགས་ཡག་པོ་ཉུང་ཤས་ཤིག་ཡོད་པ་ཁྱོད་ཚོའི་གྲས་ལ་ཟེར་བ་དེའི་ནང་དུ་འདུ་གི་མེད། ཁོ་བོ་ལ་མཚོན་ན་ཉི་མ་དེ་རིང་ནས་སྐྱོན་བརྗོད་ཁང་འདིའི་ནང་དུ་འཛུལ་རྒྱུ་མཚམས་འཇོག་གི་ཡིན་པས། དྲ་གྲོགས་རྙིང་པ་སྤོབས་པ་མཐས་ཡས་དང་། མགོན་པོ་ཕྱག་གཉིས་པ། སྤྲུལ་སྐུ་ཀླུ་སྨྱོན། དཀོན་མཆོག བོད་ལྷ་ཀླུ་གཉན་གསུམ་སོགས་ལ་སྐུ་ཁམས་བདེ་མོ་དང་། རྗེས་སུ་དག་པའི་ཞིང་ཁམས་རེ་ནས་ཡང་བསྐྱར་མཇལ་བའི་སྨོན་འདུན་ཞུ་གི་ཡིན། ད་དྲ་གྲོགས་བཟང་ངན་ཚང་མ་བདེ་མོར་བཞུགས། སྐུ་ཚེ་རིང་། དགུང་ལོ་བརྒྱ་ཐོབ་པར་ཤོག
འབྲུག་ལ་ཕུལ།
རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན།
མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་བར།
དྭངས་བའི་མཚོ་ནང་འདི་ན་ཟླ་བ་ཞེས།
གཟུགས་བརྙན་ཟླ་བར་འཛིན་པ་ཤིན་ཏུ་འཕྲུལ།
དོན་འགྲུབ་བཀྲ་ཤིས་པའི་འདོད་ལྷའི་བུ།
ཁྱོད་ཀྱིས་མུན་ནག་མདའ་འཕེན་ལྟ་བུར་སློབ་མས་དགེ་རྒན་སྐྱོན་བརྗོད་བྱེད་མི་ཉན་ཟེར་བ་ཙམ་ལས་རྒྱུ་མཚན་ཡང་དག་ཅིག་ཀྱང་བཀོད་རྒྱུ་མི་འདུག་པས་སྙིང་རེ་རྗེ།
ཁྱོད་ཀྱིས་ཤོད་སྟངས་ལ་བལྟས་ན་གསོག་སྒར་ཤེར་དགའ་གླིང་ལ་རྒྱུས་མངའ་རྩ་བ་ནས་མི་འདུག་ལ་བོད་དགེ་བསམ་གཏན་ལའང་དེ་བས་རྒྱུས་མངའ་མི་འདུག
ཁྱོད་ངོ་མ་བདེན་པ་བརྡར་འདོད་ཡོད་ན།ངོས་ནས་བོད་དགེ་བསམ་གཏན་ལ་སྐྱོན་འཛུགས་བྱས་པའི་དོན་དངོས་བཞི་པོ་དེ་དག་ལ་རེ་རེ་བཞིནདྲང་བདེན་མིན་པའི་སྒྲུབ་བྱེད་བཀོད་ན་འཐུས།
སློབ་མ་ཟུར་པ་ནས/ ནོར་བཅོས། བདེན་པ་བདར།
སློབ་མ་ཟུར་པ་ནས། ནོར་བཅོས། བདེན་པ་བདར།
རུས་རིགས་གཅིག་པའིདྲ་གྲོགས་འདོད་ལྷའི་བུ་ལགས། དོན་དངོས་ཀྱི་སྙིང་རྗེ་དགོས་ས་བོ་ཁྱོད་རེད། ཁྱེད་ཀྱི་སྐད་ཆ་བཤད་སྟངས་ལ་བལྟས་ནས་ཡོང་ན་ཁྱེད་རང་བཙན་བྱོལ་ནང་གི་སློབ་གྲ་གཅིག་ལའང་འགྲིམས་མ་མྱོང་བ་མ་ཟད་ཆ་རྒྱུས་ཀྱང་མེད་པའི་རྡ་སའི་སྲང་ལམ་གྱི་མི་ལྡོམས་འཐོལ་བ་ཞིག་ལེ་ཡིན་འདོད་གི་ དངོས་གནས་ཡིན། རིག་གནས་གསར་རྗེའི་སྐབས་སུ་གཞན་ཞིག་གི་མདའ་གྲིའི་འོག་ནས་རང་གི་དགེ་རྒན་ལ་མི་འདོད་བཞིན་དུ་ངོ་རྒོལ་བྱེད་དགོས་ཀྱི་ཡོད་པ་རེད། དེ་སྐད་ཆ་ཁ་ཁ་རེད། ད་ལྟའི་གནས་སྐབས་སུ་དེ་འདྲ་མ་རེད། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ཆེས་ཕྲ་བའི་སྐུད་པ་ཉག་མ་གཅིག་གི་སྟེང་ན་ཆད་ལ་ཉེ་བའི་སྐབས་འདི་འདྲ་ཞིག་ལ། བོད་ཀྱི་མ་འོངས་པའི་བདག་པོའི་འབྲས་སོན་དུ་གྱུར་བའི་ང་ཚོ་སློབ་ཕྲུག་ཚོ་ལ་མཚོན་ནས་བཤད་ན་དགེ་རྒན་སྤུས་དག་ཅིག་གི་ཞབས་འོག་ལ་གཙུག་ཏོར་གྱི་ནོར་བུ་ཤེད་ཀྱིས་གཏུགས་འདུན་གྱི་འདོད་པ་ནི་སྐོམ་གྱིས་གདུང་བའི་བྱེ་ཐང་གི་འགྲུལ་བ་ཞིག་དང་ཆ་འདྲ་བ་ཡིན། ཁྱེད་ཀྱི་མིག་ཞར་སོང་བ་དང་རྣ་འོན་སོང་བ་ཡིན་མིན་གང་ལྟར་ཀྱང༌། ད་ལྟའི་བར་དུ་རང་གི་མི་རིགས་འདིའི་སྐད་ཡིག་ལ་དུངས་ཞེན་གྱི་ལྷག་བསམ་དཀར་བོའི་སློབ་ཕྲུག་དང་སྤྱི་ཚོགས་སྟེང་གི་རྩོམ་པ་པོ་མི་ཉུང་བ་ཞིག་གིས་བཙན་བྱོལ་ནང་གི་སློབ་གྲ་ཁག་གི་དགེ་རྒན་གྱི་སྤུས་ཚད་ཇེ་ལེགས་སུ་དགོས་ཀྱི་འདུག་ཅེས་ཚགས་ཤོག་དང་དུས་དེབ་འདྲ་མིན་གྱི་བརྒྱུད་ལམ་ནས་གཞུང་ལ་སྐུལ་འདེད་ཐེངས་མང་པོར་བཏངས་མྱོང་བ་ངས་བལྟས་ན་ཁྱེད་ཀྱིས་མཐོང་མྱོང་ཡོད་ས་མ་རེད། ང་ལ་མཚོན་ན་ད་ལྟའི་བར་དུ་སློབ་གྲ་ནས་ལོ་བརྒྱད་ལྷག་ལ་བསྡད་མྱོང་བ་ཡོད་ཀྱང་ང་ལ་ཐུག་མྱོང་བའི་བོད་ཡིག་དགེ་རྒན་ཚོས་སུམ་ཅུ་བའི་རྣམ་དབྱེ་ཆ་བོ་དང་རྟགས་འཇུག་གི་མགོ་མཇུག་ནས་ཐ་ར་ཐོར་རེ་ཞིག་མ་གཏོགས་གཏན་ནས་འཁྲིད་མ་མྱོང་ལ་དེ་ཡང་གཙང་མ་ཞིག་འཁྲིད་ཤེས་ཀྱི་མི་འདུག དེའི་སྟབས་ཀྱིས་ངས་ནམ་རྒྱུན་བཙན་བྱོལ་ནང་གི་བོད་ཡིག་དགེ་རྒན་ཚོས་བོད་ཕྲུག་ཚོ་མི་མངོན་པའི་དམར་གསོད་གཏོང་གི་འདུག་ཅེས་ལབ་ཀྱི་ཡོད། ངས་ད་ལྟའི་བར་དུ་ཁོ་རང་ཚོ་དགེ་རྒན་ཞིག་གི་ཚད་ལ་བཞག་མ་མྱོང༌། ངས་བཤད་ཀྱི་ཡོད་པ་བོད་ཕྲུག་ཁྱིམ་སྡེའི་བོད་ཡིག་དགེ་རྒན་ཚོ་ཟེར་གྱི་ཡོད། དོན་མེད་དུ་མུ་ཅོར་བསྒྲོགས་མཁན་ཁྱེད་རང་རེད་ལ་རྒྱུས་མེད་ཀྱི་ལམ་འཁྲིད་པ་ཡང་ཁྱཻད་རང་ཡིན་པ་མ་ཟད་གཞན་རྗེས་སུ་གཡམ་གྱིས་རྒྱུགས་མཁན་གྱི་རི་བོང་ཅལ་འདྲོགས་ཀྱང་ཁྱེད་རང་ཁྱེད། ཨ་ཕོ། གནས་ཚུལ་ལ་རྒྱུས་ལོན་མེད་པར་ བླ་མའི་གང་གསུངས་ཆོས་དང་མཛུབ་མོ་གར་བསྟན་ཤར་ལ་མ་རྒྱུགས་ན་བཟང་ནི་རེད། རང་ཡང་མི་ཞིག་གི་སྐྱེས་ལུས་ཐོབ་ཡོད་དུས་སྒལ་ཚིགས་ཡོད་ནི་ཞིག་བྱས་ན་བཟང༌། གཙོ་བོ་སོ་སོའི་ངོས་ནས་འགྲིགས་མིན་ལ་བརྡར་ཤ་གཅོད་དགོས་ནི་ཞིག་ཡིན་པ་མ་གཏོགས་དོན་མེད་དུ་གཞན་ལ་གཤེ་རྐྱང་མ་བྱས་ན་ཡག་ནི་རེད། ཨོ་ ཞོར་དུ་བཤད་རྒྱུ་ཞིག་ལ་སློབ་མ་ཟུར་བ་ཟེར་བ་དེ་ངའི་མིང་ཚབ་མིན་ལ་ངས་ངོ་ཤེས་པའི་གྲོགས་པོ་ཞིག་ཀྱང་གཏན་ནས་མིན། ངས་ཁོང་གི་སྐད་ཆ་དེ་ལ་བདེན་ཁ་སྤྲད་པ་ཙམ་ཡིན། ཁྱོད་འདི་དེ་འདྲའི་མྱི་གུ་དོག་མོ་ཞིག བཤད་རྒྱུ་ཡོད་ན་གནས་ལུགས་དང་རྒྱུ་མཚན་ཡོད་ནི་ཤོད། དོན་མེད་དུ་མི་ལ་སྡུག་སྨོད་བྱས་ནས་ཅི་ཞིག་བྱེད། དེ་སྤྱི་ཚོགས་སྟེང་གི་ལས་མེད་འཁྱམས་པོ་དེ་ཚིའི་ལས་ཀ་རེད། ང་ཚོ་ཚང་མ་ནི་སྐད་ཆ་བསམས་ནས་བཤད་མཁན་དང་རྩམ་པ་ལྡད་ནས་མྱིད་མཁན་རྐྱང་རྐྱང་ཡིན་ནི་རེད། གྲོགས་པོ། སྐད་ཆ་བཤད་སྟངས་མ་འགྲིགས་པ་འདྲ་བྱུང་ཡོད་ན་དགོངས་དག་ཞུས་ནི་ཡིན། ངས་བསམ་ཚོད་ཅིག་ལ་ང་ནོར་མེད་བསམས་ཡོད། བཙན་བྱོལ་ནང་གི་བོད་ཡིག་དགེ་རྒན་དེ་ཚོའི་རྐུབ་སྟེགས་མྱུར་ནས་མྱུར་དུ་ཆག་ནས་འཇིགས་འགྲོ་བའི་སྨོན་ལམ་ངས་རྟག་ཏུ་འདེབས་ཀྱི་ཡོད། དེའི་ཚབ་དུ་དངོས་གནས་ཤེས་ཡོན་དང་ལྷག་བསམ་གཉིས་སུ་ལྡན་པའི་་དགེ་རྒན་སྤུས་དག་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ་བཙན་བྱོལ་ནང་གི་ལས་བྱེད་དག་གི་ཆེས་མཐོ་ཤོས་ཀྱི་གླ་ཕོག་སྤྲད་ནས་མ་འོངས་བོད་རྒྱལ་ཁབ་ཀྱི་བདག་པོ་ལ་འགྱུར་རུང་བའི་ན་གཞོན་སྙིང་རྗེ་བོ་འདི་དག་གི་མགོ་ལ་འཇོག་ཐུབ་ན་ཇི་མ་རུང་སྙམ་ནས་བསྡད་ཡོད་ལགས། དྲ་གྲོགས་འདོད་ལྷའི་བུ་ལགས། བཤད་རྒྱུ་མང་པོ་ཡོད། དུས་ཚོད་ཀྱི་དབང་གིས་འདི་འདྲ་ཞིག་བྱོས། རྗེས་ནས་ལྷོད་ཀྱིས་ཁ་བརྡ་བྱེད་ཆོག བསམ་ཚུལ་ཡོད་ན་ཐད་ཀར་དུ་ལན་བརྒྱག་རོགས་ཞུས་པ་ཡིན། དེ་མིན་དོན་མེད་དུ་སྐད་ཅོར་མ་རྒྱག་རོགས། སྐུ་མཁྱེན། དེ་རིང་ནས་སྐྱོན་བརྗོད་ཁང་འདིའི་ནང་དུ་འཛུལ་རྒྱུ་མཚམས་འཇོག་གི་ཡིན་ན། ཁྱོད་ཕམ་སོང་བ་ཡིན། གནས་ལུགས་དང་རྒྱུ་མཚན་གྱིས་ཕོངས་པའི་མྱི་སྡར་མ་ཞིག་ཆགས་སོང་བ་ཡིན། བདེ་མོ།
མི་ཞུན་ནས།
ཆོལ་ཁ་དང་ལུང་ཚན་གྱི་ནད་རོས་ཟིན་པའི་མི་དེ་དག་གི་ཁ་ནས་དྲང་བདེན་གྱི་སྐད་ཆ་ནི་ཉིན་མོའི་སྐར་མ་རེད།
ཁ་བརྡ་དྲ་དཔོན་ལགས། ངས་སྐར་མ་བཅོ་ལྔའི་སྔོན་དུ་དྲ་གྲོགས་འདོད་ལྷའི་བུ་ལ་གསལ་བཤད་ཅིག་གི་ཚུལ་གྱིས་ལན་ཞིག་བརྒྱབ་ཡོད། ནང་དུ་འཛུལ་ཚར་སོང་ཡང༌། སྐར་མ་བཅོ་ལྔའི་རྗེས་ནས་ཡང་བསྐྱར་ཤར་རྒྱུ་མི་འདུག ཁྱེད་ཀྱིས་དེའི་ནང་དུ་མི་སྙན་པའི་ཚིག་འགའ་ཡོད་པ་མཐོང་ནས་བསུབ་ཡིན་ན་ནི། སྐུ་མཁྱེན། ཡང་བསྐྱར་ནང་དུ་འཇོག་རོགས། དེ་ནི་ངའི་བསམ་ཚུལ་ཙམ་ཡིན་པ་ལས་གཞན་ལ་ཕོག་པའི་ཚིག་གཅིག་ཀྱང་ཞུས་མེད་བསམས་བསམས་ཞིག་ཡོད། འདོད་ལྷའི་བུ་ལ་གསལ་བཤད་ཅིག་གི་ཚུལ་གྱིས་བྲིས་པ་ཡིན། དེ་ཡིན་གཅིག་མིན་གཉིས་ཁོང་གི་མིག་ངོ་ལ་སྣང་དགོས་པ་ཞིག་ཀྱང་ཡིན།
མི་ཞུན་ནས།
དྲ་གྲོགས་ཟུར་བ་ལགས ལུང་ཚན་ནད་རོས་ཟིན་ཏེ་གསོག་སྒར་ཤེར་དགའ་གླིང་གི་དགེ་སློབ་བར་ལ་དཀྲུགས་ཤིང་རྒྱབ་པ་དང་གཅིག
གུས་པས་ལྟས་ན་དོན་གྱི་ལུང་ཚན་བར་དཀྲུགས་ཤིང་རྒྱབ་མཁན་དེ་ཁྱེད་རང་མིན་ན་རྒན་བསམ་གཏན་གྱི་དེ་འདྲ་བྱས་ཡོད་སྲིད་ཀྱི་མ་རེད། གང་ཡིན་ཟེར་ན་བགྲང་བྱ་མི་ལོ་བཞིའི་རིང་ཁོང་གི་རྩ་བའི་ལྟ་བ་ག་འདྲ་ཡིན་པ་གུས་པས་གསལ་བོ་ཤེས་ཀྱི་ཡོད།
འགན་འཛིན་སྐུ་ངོ་བྱམས་པ་ལ་ཉེས་མེད་ཉེས་བཙུགས་བྱས་པ་དང་གཉིས།
སྐུ་ངོ་བྱམས་པ་ལ་ཉེས་འཛུགས་བྱ་མཁན་དང་བོད་གཞུང་ལ་སྐྱོན་འཛུགས་བྱ་མཁན་རྒན་ཁོང་གསོག་སྒར་དུ་མ་མབྱོར་སྔོན་དུ་མང་པོ་ཡོད་པ་རེད། མི་ཁ་ཤས་ཀྱིས་ཞོགས་ཁོག་རེ་ལ་སྦྱིན་བདག་རེ་ཡོད་ལ་སོགས་ཀྱི་མ་ཤེས་ཤེས་ཁུལ་དང་མ་གོ་གོ་ཁུལ་བྱ་མཁན་ཡོད་པ་མ་ཟད། སྐུ་ངོ་བྱམས་པར་དྷི་ལིར་གཞུང་དངུལ་བེད་སྤྱོད་ཀྱིས་ཁང་པ་ཐོག་བརྩེགས་ཡོད་རེད་སོགས་ཉེས་མེད་སྐྱོན་འཛུགས་བྱ་མཁན་ཡང་མང་པོ་ཡོད་པ་རེད། དེ་དག་གི་རྒྱབ་ན་རྒན་བསམ་གཏན་ཡོད་པ་མ་རེད། སྐུ་ངོ་རང་གིས་དེའི་སྐོར་གསལ་བྱེད་བྱས་པར་གལ་སྲིད་ཁོང་ལ་ཁང་པ་ཐོག་བརྩེགས་ཅིག་ཡོད་ན་དེའི་ལྡེ་མིག་དེ་སུ་ལ་སྤྲོད་དགོས་ན་སྤྲོད་ངེས་ཡིན་ཞེས་ཚོགས་ཐོག་ནས་གསུངས་མྱོང་ཡོད། སྐུ་ངོ་མཆོག་ལ་མཚོན་ན་འཛིན་སྐྱོང་དང་དཔལ་འབྱོར་གང་ཅི་ཐད་ནས་མཛད་རྗེས་ལས་ཉེས་པ་གང་ཡང་མེད་པ། དཔལ་ལྡན་རང་གཞུང་གིས་རྩིས་གཞུང་ཞིབ་བཤེར་བྱས་སྐབས་གསལ་བོ་མངོན་ཡོད་པ་རེད། རྒན་བསམ་གཏན་ཁོང་བོད་ཡིག་ལ་དོ་སྣང་དང་མི་རིགས་ལ་ཞེན་ཁོག་ཡོད་པས། གསོག་སྒར་སློབ་གྲྭ་ལོ་ལྔ་ཡི་སློབ་ཡུན་ཚད་གཞི་བཟོས་སྐབས་ཁྱོན་སློབ་མ་དྲུག་བརྒྱ་ལྷག་ཡོད་པའི་ནང་ནས་དབྱིན་ཇི་རྐྱང་བའི་འཛིན་གྲྭར་བཞུགས་མཁན་སློབ་མ་སུམ་བརྒྱ་ལྷག་ཙམ་དང་། བོད་དབྱིན་གཉིས་ཀྱི་འཛིན་གྲྭར་བཞུགས་མཁན་ཉིས་བརྒྱ་ལྷག དེ་མིན་བོད་ཡིག་རྐྱང་བའི་འཛིན་གྲྭར་བཞུགས་མཁན་མི་དགུ་ལས་བྱུང་མེད་པ་རེད། འཛིན་གྲྭའི་ཚད་གཞི་སློབ་མ་ཉི་ཤུ་ཡིན་པས་བོད་ཡིག་རྐྱང་བའི་འཛིན་གྲྭ་བཙུགས་མ་ཐུབ་པར་བོད་དབྱིན་གཉིས་ཀྱི་སློབ་ཚན་བདམས་དགོས་ཁེལ་བ་རེད། སྐབས་དེར་བོད་ཡིག་ལ་དོ་སྣང་ཆེ་བ་རྣམས་ཁོང་ལ་འབྲེལ་ཡག་པོ་ཡོད། ཁོང་དང་བོད་ཡིག་དོ་སྣང་མཁན་གྱི་སློབ་མ་ད་དུང་བོད་དགེ་མང་ཆེ་བའི་ལྟ་བ་གཅིག་མཚུངས་ཡིན་པས་དངོས་ཡོད་ལ་བསམ་ཚུལ་ཡོད་བདེན་པ་རེད། གང་ཡིན་ཟེར་ན་མཐོ༸གོང་ས་མཆོག་དང་བཀའ་སྤྱི་གཙོ་བྱས་པ་དམའ་ས་གནས་རྒྱ་དཔོན་ལ་སོགས་ཀྱིས་རང་གི་རིགས་གཞུང་ལ་ཉམ་པ་སླར་གསོ་དང་མི་ཉམ་གོང་འཕེལ་དགོས་པ་སོགས་མ་ཎི་བགྲངས་བགྲང་བྱས་དང་བྱ་བཞིན་པ་ལགས་ན། གསོག་སྒར་སློབ་གྲྭའི་ནང་བོད་ཡིག་ཀ་ཁ་མི་ཤེས་མཁན་ཚོས་ཀྱང་དབྱིན་ཡིག་རྐྱང་བ་སྦྱོང་བའི་གོ་སྐབས་ཁོ་པར་བརྩོན་ལེན་བྱས་པར་ཤེས་རིགས་ལས་ཁུང་གིས་དོ་སྣང་མེད་པ་དེ། སྐབས་དེའི་འབྲེལ་ཡོད་ལས་ཁུངས་དང་དམིགས་བསལ་ཚོགས་ཆུང་གིས་གསོག་སྒར་སློབ་གྲྭའི་སློབ་ཚན་བཀོད་སྒྲིག་སོགས་ཀྱི་དོ་དམ་ལ་སྐྱོན་ཤོར་བ་དངོས་ཡོད་རེད། དེ་ལ་དགེ་རྒན་ཁོང་གིས་ཀྱང་གོང་རིམ་ལ་བསམ་ཚུལ་བརྗོད་ཡོད་སྲིད་ཀྱི་རེད། མིང་དོན་མཚུངས་བའི་དམངས་གཙོའི་གོ་རྟོགས་སམ་དམངས་གཙོའི་རིན་ཐང་རྟོགས་མཁན་དག་གིས་དངོས་ཡོད་གནས་ཚུལ་བརྗོད་པ་ཙམ་ལ་དཀྲུགས་ཤིང་མཁན་གྱི་ཉེས་མིང་བཏགས་ན་དེར་ཐལ་དྲག་གི་བྱ་སྤྱོད་ཞིག་ཏུ་འདོད། དེ་མིན་ཁོང་གི་སློབ་མར་ངན་བསྐུལ་གནང་བ་ཁྱོན་ནས་ཐོས་མྱོང་མེད། གུས་པ་ཡང་སྐབས་དེར་ཁོང་དང་འབྲེལ་བ་ཡག་པོ་ཡོད། གུས་པ་རྩ་དགོངས་ཞུས་ནས་ལོ་གཉིས་ཀྱི་རྗེས་སུ་ཁོང་ཕྱི་རྒྱལ་དུ་ཕེབས་པ་གོ་ཐོས་བྱུང་། ལོ་གཉིས་ནང་དུ་ཁོང་གི་མི་དགུ་ལས་བྱས་ཡོད་ཟེར་ན་གུས་པར་མཚོན་ན་ཁོང་ལ་དོན་མེད་སྙོན་འཛུགས་བྱས་པར་འདོད་པ་ལས་ཡིད་ཆེས་མེད། གུས་པ་ཁོང་དང་འབྲེལ་བ་ཡག་པོ་ཡོད་པའི་རྒྱུ་རྐེན་གཙོ་བོ་ཁོང་ལ་ལྷག་བསམ་གྱི་ཕྱུག་པའི་ཁོང་རང་གཤིས་དྲང་པོ་དང་སྐད་ཆ་ཁ་རུ་ཁ་ཐུག་གིས། བསམ་ཕོད་པ་དང་བསྒྲུབ་ཕོད་པ་བཤད་པོད་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་པ་ཡིན་པ་མ་ཟད་ཁོང་གི་སྙན་ངག་སློབ་ཁྲིད་སྐབས་དཔེ་བརྗོད་དང་གང་ཅི་ཐད་ནས་སློབ་མར་གོ་བ་སྤྲོད་པའི་དམིགས་བསལ་གྱི་ཆད་ཆོས་སམ་ནུས་པ་ཞིག་ཀྱང་ཁོང་ལ་ཡོད་པ་རེད། གལ་སྲིད་ཁོང་བོད་གཞུང་ལ་དྲིན་ལན་ལོག་མཁན་དང་དོན་མེད་རྒྱུ་མཚན་མེད་པར་དཀྲུགས་ཤིང་བཟོ་མཁས་པ་ཞིག་ཡིན་ན། ཁོང་སྙན་ངག་མཁས་པོ་ཡོད་པ་ཁོ་ནས་གུས་པ་ཁོང་དང་འབྲེལ་བ་ཡག་པོ་ཆགས་སྲིད་ཀྱི་མ་རེད།
རྩོམ་པ་པོའི་མཐུན་ཚོགས་ལ་མགོ་སྐོར་བཏང་སྟེ་ཕྱི་རྒྱལ་ནས་ཕྱིར་ལོག་མ་བྱས་པ་དང་བཞི།
སྐྱབས་བཅོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་མཐོ་སྐུ་ངོ་ཆེ་གེ་མོ་དང་དམའ་མ་ཆེན་ཐབ་གཡོག་ལ་སོགས་པས་ཕྱི་རྒྱལ་ལ་རྨི་ལམ་གཏོང་གི་མེད་པ་ཧ་ཅང་དཀོན་པོ་རེད། དེ་བས་རྒན་བསམ་གཏན་ཁོང་ཡང་བོད་ཀྱི་རྩོམ་པ་པོའི་ཐུན་ཚོགས་བརྒྱུད་ནས་ཕྱི་བསྐྱོད་ཀྱི་གོ་སྐབས་ཐོབ་པ་ཙམ་ཞིག་ལ་མགོ་སྐོར་མཁན་གྱི་མིང་འདོགས་དགོས་དོན་དང་དེ་ཧང་སང་དགོས་དོན་ཅི་ཡོད།
དྲ་གྲོགས་སློབ་ཟུར་ལགས། ལུང་ཚན་ནད་རོས་ཟིན་ཏེ་གསོག་སྒར་ཤེར་དགའ་གླིང་གི་དགེ་སློབ་བར་ལ་དཀྲུགས་ཤིང་རྒྱབ་པ་དང་གཅིག
གུས་པས་ལྟས་ན་དོན་གྱི་ལུང་ཚན་བར་དཀྲུགས་ཤིང་རྒྱབ་མཁན་དེ་ཁྱེད་རང་མིན་ན་རྒན་བསམ་གཏན་གྱི་དེ་འདྲ་བྱས་ཡོད་སྲིད་ཀྱི་མ་རེད། གང་ཡིན་ཟེར་ན་བགྲང་བྱ་མི་ལོ་བཞིའི་རིང་ཁོང་གི་རྩ་བའི་ལྟ་བ་ག་འདྲ་ཡིན་པ་གུས་པས་གསལ་བོ་ཤེས་ཀྱི་ཡོད།
འགན་འཛིན་སྐུ་ངོ་བྱམས་པ་ལ་ཉེས་མེད་ཉེས་བཙུགས་བྱས་པ་དང་གཉིས།
སྐུ་ངོ་བྱམས་པ་ལ་ཉེས་འཛུགས་བྱ་མཁན་དང་བོད་གཞུང་ལ་སྐྱོན་འཛུགས་བྱ་མཁན་རྒན་ཁོང་གསོག་སྒར་དུ་མ་མབྱོར་སྔོན་དུ་མང་པོ་ཡོད་པ་རེད། མི་ཁ་ཤས་ཀྱིས་ཞོགས་ཁོག་རེ་ལ་སྦྱིན་བདག་རེ་ཡོད་ལ་སོགས་ཀྱི་མ་ཤེས་ཤེས་ཁུལ་དང་མ་གོ་གོ་ཁུལ་བྱ་མཁན་ཡོད་པ་མ་ཟད། སྐུ་ངོ་བྱམས་པར་དྷི་ལིར་གཞུང་དངུལ་བེད་སྤྱོད་ཀྱིས་ཁང་པ་ཐོག་བརྩེགས་ཡོད་རེད་སོགས་ཉེས་མེད་སྐྱོན་འཛུགས་བྱ་མཁན་ཡང་མང་པོ་ཡོད་པ་རེད། དེ་དག་གི་རྒྱབ་ན་རྒན་བསམ་གཏན་ཡོད་པ་མ་རེད། སྐུ་ངོ་རང་གིས་དེའི་སྐོར་གསལ་བྱེད་བྱས་པར་གལ་སྲིད་ཁོང་ལ་ཁང་པ་ཐོག་བརྩེགས་ཅིག་ཡོད་ན་དེའི་ལྡེ་མིག་དེ་སུ་ལ་སྤྲོད་དགོས་ན་སྤྲོད་ངེས་ཡིན་ཞེས་ཚོགས་ཐོག་ནས་གསུངས་མྱོང་ཡོད། སྐུ་ངོ་མཆོག་ལ་མཚོན་ན་འཛིན་སྐྱོང་དང་དཔལ་འབྱོར་གང་ཅི་ཐད་ནས་མཛད་རྗེས་ལས་ཉེས་པ་གང་ཡང་མེད་པ། དཔལ་ལྡན་རང་གཞུང་གིས་རྩིས་གཞུང་ཞིབ་བཤེར་བྱས་སྐབས་གསལ་བོ་མངོན་ཡོད་པ་རེད། རྒན་བསམ་གཏན་ཁོང་བོད་ཡིག་ལ་དོ་སྣང་དང་མི་རིགས་ལ་ཞེན་ཁོག་ཡོད་པས། གསོག་སྒར་སློབ་གྲྭ་ལོ་ལྔ་ཡི་སློབ་ཡུན་ཚད་གཞི་བཟོས་སྐབས་ཁྱོན་སློབ་མ་དྲུག་བརྒྱ་ལྷག་ཡོད་པའི་ནང་ནས་དབྱིན་ཇི་རྐྱང་བའི་འཛིན་གྲྭར་བཞུགས་མཁན་སློབ་མ་སུམ་བརྒྱ་ལྷག་ཙམ་དང་། བོད་དབྱིན་གཉིས་ཀྱི་འཛིན་གྲྭར་བཞུགས་མཁན་ཉིས་བརྒྱ་ལྷག དེ་མིན་བོད་ཡིག་རྐྱང་བའི་འཛིན་གྲྭར་བཞུགས་མཁན་མི་དགུ་ལས་བྱུང་མེད་པ་རེད། འཛིན་གྲྭའི་ཚད་གཞི་སློབ་མ་ཉི་ཤུ་ཡིན་པས་བོད་ཡིག་རྐྱང་བའི་འཛིན་གྲྭ་བཙུགས་མ་ཐུབ་པར་བོད་དབྱིན་གཉིས་ཀྱི་སློབ་ཚན་བདམས་དགོས་ཁེལ་བ་རེད། སྐབས་དེར་བོད་ཡིག་ལ་དོ་སྣང་ཆེ་བ་རྣམས་ཁོང་ལ་འབྲེལ་ཡག་པོ་ཡོད། ཁོང་དང་བོད་ཡིག་དོ་སྣང་མཁན་གྱི་སློབ་མ་ད་དུང་བོད་དགེ་མང་ཆེ་བའི་ལྟ་བ་གཅིག་མཚུངས་ཡིན་པས་དངོས་ཡོད་ལ་བསམ་ཚུལ་ཡོད་བདེན་པ་རེད། གང་ཡིན་ཟེར་ན་མཐོ༸གོང་ས་མཆོག་དང་བཀའ་སྤྱི་གཙོ་བྱས་པ་དམའ་ས་གནས་རྒྱ་དཔོན་ལ་སོགས་ཀྱིས་རང་གི་རིགས་གཞུང་ལ་ཉམ་པ་སླར་གསོ་དང་མི་ཉམ་གོང་འཕེལ་དགོས་པ་སོགས་མ་ཎི་བགྲངས་བགྲང་བྱས་དང་བྱ་བཞིན་པ་ལགས་ན། གསོག་སྒར་སློབ་གྲྭའི་ནང་བོད་ཡིག་ཀ་ཁ་མི་ཤེས་མཁན་ཚོས་ཀྱང་དབྱིན་ཡིག་རྐྱང་བ་སྦྱོང་བའི་གོ་སྐབས་ཁོ་པར་བརྩོན་ལེན་བྱས་པར་ཤེས་རིགས་ལས་ཁུང་གིས་དོ་སྣང་མེད་པ་དེ། སྐབས་དེའི་འབྲེལ་ཡོད་ལས་ཁུངས་དང་དམིགས་བསལ་ཚོགས་ཆུང་གིས་གསོག་སྒར་སློབ་གྲྭའི་སློབ་ཚན་བཀོད་སྒྲིག་སོགས་ཀྱི་དོ་དམ་ལ་སྐྱོན་ཤོར་བ་དངོས་ཡོད་རེད། དེ་ལ་དགེ་རྒན་ཁོང་གིས་ཀྱང་གོང་རིམ་ལ་བསམ་ཚུལ་བརྗོད་ཡོད་སྲིད་ཀྱི་རེད། མིང་དོན་མཚུངས་བའི་དམངས་གཙོའི་གོ་རྟོགས་སམ་དམངས་གཙོའི་རིན་ཐང་རྟོགས་མཁན་དག་གིས་དངོས་ཡོད་གནས་ཚུལ་བརྗོད་པ་ཙམ་ལ་དཀྲུགས་ཤིང་མཁན་གྱི་ཉེས་མིང་བཏགས་ན་དེར་ཐལ་དྲག་གི་བྱ་སྤྱོད་ཞིག་ཏུ་འདོད། དེ་མིན་ཁོང་གི་སློབ་མར་ངན་བསྐུལ་གནང་བ་ཁྱོན་ནས་ཐོས་མྱོང་མེད། གུས་པ་ཡང་སྐབས་དེར་ཁོང་དང་འབྲེལ་བ་ཡག་པོ་ཡོད། གུས་པ་རྩ་དགོངས་ཞུས་ནས་ལོ་གཉིས་ཀྱི་རྗེས་སུ་ཁོང་ཕྱི་རྒྱལ་དུ་ཕེབས་པ་གོ་ཐོས་བྱུང་། ལོ་གཉིས་ནང་དུ་ཁོང་གི་མི་དགུ་ལས་བྱས་ཡོད་ཟེར་ན་གུས་པར་མཚོན་ན་ཁོང་ལ་དོན་མེད་སྙོན་འཛུགས་བྱས་པར་འདོད་པ་ལས་ཡིད་ཆེས་མེད། གུས་པ་ཁོང་དང་འབྲེལ་བ་ཡག་པོ་ཡོད་པའི་རྒྱུ་རྐེན་གཙོ་བོ་ཁོང་ལ་ལྷག་བསམ་གྱི་ཕྱུག་པའི་ཁོང་རང་གཤིས་དྲང་པོ་དང་སྐད་ཆ་ཁ་རུ་ཁ་ཐུག་གིས། བསམ་ཕོད་པ་དང་བསྒྲུབ་ཕོད་པ་བཤད་པོད་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་པ་ཡིན་པ་མ་ཟད་ཁོང་གི་སྙན་ངག་སློབ་ཁྲིད་སྐབས་དཔེ་བརྗོད་དང་གང་ཅི་ཐད་ནས་སློབ་མར་གོ་བ་སྤྲོད་པའི་དམིགས་བསལ་གྱི་ཆད་ཆོས་སམ་ནུས་པ་ཞིག་ཀྱང་ཁོང་ལ་ཡོད་པ་རེད། གལ་སྲིད་ཁོང་བོད་གཞུང་ལ་དྲིན་ལན་ལོག་མཁན་དང་དོན་མེད་རྒྱུ་མཚན་མེད་པར་དཀྲུགས་ཤིང་བཟོ་མཁས་པ་ཞིག་ཡིན་ན། ཁོང་སྙན་ངག་མཁས་པོ་ཡོད་པ་ཁོ་ནས་གུས་པ་ཁོང་དང་འབྲེལ་བ་ཡག་པོ་ཆགས་སྲིད་ཀྱི་མ་རེད།
རྩོམ་པ་པོའི་མཐུན་ཚོགས་ལ་མགོ་སྐོར་བཏང་སྟེ་ཕྱི་རྒྱལ་ནས་ཕྱིར་ལོག་མ་བྱས་པ་དང་བཞི།
སྐྱབས་བཅོལ་སྤྱི་ཚོགས་ཀྱི་གནས་སྟངས་ལ་མཐོ་སྐུ་ངོ་ཆེ་གེ་མོ་དང་དམའ་མ་ཆེན་ཐབ་གཡོག་ལ་སོགས་པས་ཕྱི་རྒྱལ་ལ་རྨི་ལམ་གཏོང་གི་མེད་པ་ཧ་ཅང་དཀོན་པོ་རེད། དེ་བས་རྒན་བསམ་གཏན་ཁོང་ཡང་བོད་ཀྱི་རྩོམ་པ་པོའི་ཐུན་ཚོགས་བརྒྱུད་ནས་ཕྱི་བསྐྱོད་ཀྱི་གོ་སྐབས་ཐོབ་པ་ཙམ་ཞིག་ལ་མགོ་སྐོར་མཁན་གྱི་མིང་འདོགས་དགོས་དོན་དང་དེ་ཧང་སང་དགོས་དོན་ཅི་ཡོད།
ནོར་བཅོས དབྱིན་ཡིག་རྐྱང་བ་སྦྱོང་བའི་གོ་སྐབས་ཁོ་ནར་བརྩོན་ལེན་
སློབ་མ་ཟུར་པ་ནས། དྲ་གྲོགས་གངས་ཕྲུག་རྨས་མར།
༡ ཁྱོད་དགེ་བསམ་གཏན་ཆ་རྒྱུས་གསལ་པོ་ཡོད་མཁན་གྱི་མི་ཞིག་ཡིན་པས་ངས་ཁས་ལེན་ཡོད།
ཡིན་ནའང་ལུང་ཚན་བར་དཀྲུགས་ཤིང་རྒྱབ་སྲིད་ཀྱི་མ་རེད་ཅེས་ན་རྒྱག་ཡང་སྲིད་སོང་བས་
ཁྱོད་ཀྱི་ཐག་གཅོད་མི་ཐུབ་ན་སྐྲག་དགོས་དོན་མེད།
༢ དགེ་བསམ་གཏན་ཆ་རྒྱུས་ཡོད་མཁན་ཁྱོད་ཀྱིས་གསལ་བཤད་བྱས་པ་དེ་དངོས་འབྲེལ་རེད།
དགེ་བསམ་གཏན་གསོག་སྒར་དུ་མ་བྱོན་སྔོན་དུའང་སྐྱོན་འཛུགས་བྱེད་མཁན་དེ་དག་སུ་ཡིན་ནམ།
བསམ་གཏན་མ་བྱོན་སྔོན་གྱི་སྙན་ངག་གི་དགེ་རྒན་ནི་ཡིན་མི་སྲིད།
༣ དགེ་བསམ་གཏན་གྱི་གོང་རིམ་ལ་བསམ་ཚུལ་བརྗོད་སྲིད་ན། བསམ་ཚུལ་དེ་ལམ་གང་ཞིག་བརྒྱུད་ནས་བརྗོད་ཡོད་དམ། བསམ་ཚུལ་ཅི་ཞིག་བརྗོད་ཡོད། དེས་གཞུང་སྒེར་བར་ལ་དཀྲུགས་ཤིང་དུ་མི་འགྲོ་བའི་ངེས་པ་མེད་པ་ཁྱོད་ཀྱིས་གསལ་བཤད་བྱེད་ཨེ་ཐུབ།
༤ སྐྱབས་བཅོལ་གྱི་སྤྱི་ཚོགས་ནང་ཕྱི་རྒྱལ་ལ་འགྲོ་རྒྱུ་རྨི་ལམ་མི་གཏོང་མཁན་མེད་པ་
གསལ་བཤད་བྱས་པ་དེས་ལྷག་བསམ་ཅན་གྱི་དགེ་བསམ་གཏན་ཡང་
དེ་ལྟར་ཡིན་པ་ཁྱོད་ཀྱིས་བསམ་གཏན་ཆ་རྒྱུས་གསལ་པོ་ཡོད་པའི་སྐད་ཆ་དྲང་པོ་རེད། ད་དུང་དང་པོ་་དགེ་བསམ་གཏན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་པ་དང་། ཐོག་མར་འཁོར་བར་ངེས་འབྱུང་སྐྱེས་ཏེ་རབ་ཏུ་བྱུང་བ་དང།
དེ་རྗེས་བཙན་བྱོལ་ཡོང་ནས་གྲ་པ་ལོག་ཏེ་རྡི་ལིར་ལང་ཕིང་
བཙོང་ནས་གསོག་སྒར་ཤེར་དགའ་གྻིང་གི་སྙན་ངག་དགེ་རྒན་གྱི་ལམ་བུ་བརྒྱུད་དེ་
བོད་ཀྱི་རྩོམ་པ་པོའི་ཐུན་ཚོགས་ཀྱི་ཚོགས་མིའི་གོ་ས་ཐོབ།
འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་རྗེས་མཐར་ཧྥ་རན་སིའི་རྒྱལ་སར་ཟ་ཁང་ནང་ཐབ་གཡོག་རྒྱུགས་རྒྱུའི་གོ་འཕངས་ཐོབ་པའི་རྣམ་ཐར་གྱི་དཔེ་དེབ་གསར་བ་ཞིག་བརྩམས་གནང་བར་ཁྱོད་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་ངོས་ཀྱི་འདོད་པ་ཡོངས་སུ་འཚིམས་སོང་།
ཐུགས་རྗེ་ཆེ།།
གནས་སྐབས་ཤིག་རིང་ངོས་རང་ལས་དོན་ཞིག་གིས་རྐྱེན་པ་ཕྱི་བསྐྱོད་བྱེད་དགོས་རྐྱེན་དྲ་རྒྱའི་ནང་འཛུལ་ཞུགས་བྱ་མི་ཐུབ་པས་
དྲ་གྲོགས་རྣམ་པར་གོང་གསལ་དྲི་བ་རྣམས་ལ་ལན་ཁ་གསལ་ཞིག་འདེབས་རོགས།
ཁྱོད་ཚོ་དོན་འགྲུབ། བཀྲ་ཤིས། ཁ་དྲོ་བ་ཤོགས།
ཁྱོད་ཚོ་དྲང་བདེན་མིན་པའི་རྙོགས་གཏམ་མ་ཤོད།
ངོ་མི་ཚའམ།
དཀོན་མཆོག་མཁྱེན། སློབ་མ་ཟུར་བ་ཟེར་བ་འདིས་བཤད་སྟངས་ལ་ལྟོས་དང་། རྒན་བསམ་གཏན་གྱིས་སྙན་གཞུང་ཞིག་བྲིས་པ་རེད་ཟེར་བ་དང་། མི་ཁ་ཤས་ཀྱིས་དེ་ལ་བསྟོད་བསྔགས་བཏང་བ་ཙམ་ལ་མ་བཟོད་པར་དཀའ་ལས་མང་པོ་བརྒྱབ་ནས་སྐྱོན་ཞིག་གླེང་གི་འདུག ད་རྩ་བ་བཤད་ཡོང་དུས་གྲ་བ་ལོག་པ་དང་། ལིང་ཕན་བཙོང་བ། ཕྱི་རྒྱལ་དུ་ཟ་ཁང་གི་ལས་ཀ་བྱས་པ་སོགས་རེད་ཟེར། ངོ་མ་མི་འདི་རྒུད་མ་མྱོང་བའི་སྐུ་དྲག་ཞིག་གི་གཅེས་ཕྲུག་ཡིན་ས་རེད། འདིའི་ཐོད་པ་ལ་སྐྱབས་བཅོལ་ཟེར་བ་དང་། ཡུལ་ཤོར་ཟེར་བ་དེ་གཏན་ནས་འབྲི་མྱོང་ཡོད་རྒྱུ་མ་རེད། ལས་རྒྱུ་འབྲས་ཟེར་བ་ཞིག་འཁོར་རྒྱུ་ཡོད་ན་མི་འདིའི་རིགས་ལ་གཅིག་འཁོར་བའི་སྨོན་ལམ་འདེབས། ཤི་རྒྱུ་མེད་མཁན་གྱི་མྱི་གླུད་ཞབས་འདྲེན་འདི་ཚོ། ཁར་སང་དྲ་གྲོགས་ཤིག་གིས་བཤད་པ་བཞིན་དངོས་གནས་ཨ་མདོའི་འཁྱམས་པོ་འདི་ཚོ་ལ་ཅིག་ཞིག་མ་འགྲིགས་པ་ཡིན་ནམ།
“མི་ལ་སྐྱོན་རྒྱག་རྒྱུ་དང་། རྙོག་དྲ་ཁོ་ན་བཤད་རྒྱུ། ཆོས་དང་བླ་མ་ལ་ལོག་ལྟ་བྱེད་རྒྱུ། གྲོགས་པོའི་བར་ལ་ཁྲེལ་མེད་བྱེད་རྒྱུ། གང་དུ་བསྡད་ཀྱང་ར་བཟི་ནས་ཞབས་འདྲེན་ཞུ་རྒྱུ། སྐྱེ་དམན་ལ་བརྡུང་རྒྱུ་འདི་དྲུག་པོ་ཨ་མདོ་བའི་མི་འཁྱམས་སྐྱལ་སྟོང་ཚོའི་དམིགས་བསལ་གྱི་མི་ཚེའི་རིན་ཐང་རེད།” ངོ་མ་ཅི་མ་བདེན། འདི་སངས་རྒྱས་ཀྱི་གསུངས་རེད་འདུག དྲིན་ཅན་ཚོ། ད་ཞབས་འདྲེན་ཞུ་མཚམས་བཞག་ན་མི་ཆོག་གམ།
མཚམས་འདིར། དྲ་གྲོགས་ཚོར་རེ་སྐུལ་ཞིག་ཞུ་འདོད་བྱུང་།
གོང་འཁོད་རྩོམ་ཡིག་འདིར་མཆན་བུ་ཉེར་བརྒྱད་ཙམ་བརྒྱབ་འདུག་པ་ནི་དགའ་འོས་བ་ཞིག་རེད།
འོན་ཀྱང་། མཆན་བུ་བཏགས་པ་ཙམ་མ་ཡིན་པར་དོན་གྱི་དངོས་གཞི་གླེང་བ་དང་རྩོམ་གྱི་བརྗོད་བྱའི་སྒང་ལ་འབབ་ཐུབ་ན་དེ་ལས་ཡག
དེ་ལྟར་མ་བྱུང་རུང་། མཆན་བུ་འདེབས་མཁན་ཕན་ཚུན་གྱི་དབར་ལ་མཚང་མི་འབྲུ་བ་དང་ཚིག་རྩུབ་མི་སྤྱོད་པ། དམའ་འབེབས་མི་བྱེད་པ་། དམོད་མོ་མི་རྒྱག་པ་བཅས་ནི་མཆན་བུ་འདེབས་མཁན་ཞིག་ལ་དགོས་ངེས་ཀྱི་རྨང་གཞིའི་ཡོན་ཏན་ཞིག་རེད་སྙམ། ད་ཕན་དེ་ལྟར་བྱུང་མི་འདུག་པར་མ་ཟད། ཁ་སྒང་བའི་རྩོམ་གྱི་སྒང་ལ་མཆན་བུ་མ་བརྒྱབ་པར་ཁ་སྒང་བའི་མི་སྒེར་གྱི་གནད་དོན་སྒང་ལ་ཕྱིན། དེ་ནས་ཀྱང་མ་བསྡད་པར་ཐ་ན་ལུང་ཚན་གྱི་སྐད་ཆ་ཡན་ཆད་དྲུད་ཡོང་གི་འདུག སྐུ་མཁྱེན། དེ་ལྟར་མ་བྱེད་རོགས།
མཆན་བུ་དེའི་རིགས་ནི་ཁ་བརྡས་ཡོན་ཏན་ལ་མི་བརྩི་ཞེས་དྲ་དཔོན་ལགས་ཀྱིས་ཀྱང་ཐེངས་མང་གསུངས་མྱོང་། དེ་ཚོ་ཡང་སེམས་ལ་ཉར་རོགས།
དེ་ཙམ་ཞུ།
དྲ་གྲོགས་རིག་འབྱུང་དོན་གྲུབ་ལགས། ངས་ལུང་ཚན་གྱི་སྐད་ཆ་བཤད་ཀྱི་མེད། ང་རང་ཉིད་ཡང་ཨ་མདོ་བ་ཞིག་ཡིན། འོན་ཀྱང་ང་ངོ་གནོང་གི་འདུག འུ་ཆོ་ཨ་མདོ་བ་འདི་ཆོ་ཆི་ཟིག་མ་ཉན་ནི་ཡིན་ནམ། ཁྱོས་ལྟོས་དང་། སྐྱབས་མགོན་རིན་པོ་ཆེ་ལ་ཟུར་ཟ། བོད་གཞུང་ལ་མཚངས་བསྔོགས། པད་ནོར་རིན་པོ་ཆེ་འདས་སྐབས་སྙིང་ཚིམས། ད་དགེ་རྒན་དཀྱུས་མ་ཞིག་གི་སྙན་དེབ་ཅིག་བྲིས་འདུག་ཟེར་ན་དེ་ལ་ཡང་ཕྲག་དོག་གིས་སྙིང་གས་གྲབ་བྱེད་ཀྱི་ཡོད་པ་རེད། དངོས་གནས་ང་ཚོས་རང་སྐྱོན་ཟེར་བ་འདི་མཐོང་དགོས། རང་སྐྱོན་མ་མཐོང་ན་མི་དེ་ལ་ཡར་རྒྱས་ཀྱི་གོ་སྐབས་གཏན་ནས་མེད། སྤྱིར་བཏང་གཞན་སྐྱོན་ཁོ་ན་བསྔོགས་བསྡད་མཁན་ཚོ་སྤྱི་ཚོགས་ནང་གི་མྱི་གླུད་དང་། སྤྱི་ཚོགས་དེའི་ནང་ལ་ཁོ་རང་ལས་སྡུག་ཅིག་མེད་མཁན་ཚོ་རེད། སྔོན་ང་ཚོ་སོག་སྒར་སློབ་གྲྭར་སྡོད་སྐབས་ཨ་བྱམས་ཟེར་བའི་མི་ཞིག་ཡོད། ((འདི་ཁོའི་མིང་ཚབ་ཡིན་རུང་མིང་ངོ་མ་དང་ཐག་ཉེ་)) ཁོས་ཉིན་མཚན་ཁོར་མོ་ཡུག་ཏུ་བོད་གཞུང་གི་སྐྱོན་དང་། སློབ་གྲྭའི་སྒྲིག་འཛུགས་ཀྱི་སྐྱོན། སྐུ་ངོ་དང་ཨེམ་རྗེ་འཛིན་གྲྭའི་དགེ་རྒན་སོགས་ཀྱི་སྐྱོན་འབའ་ཞིག་གླེང་ནས་རྣ་བ་སུན་པར་བྱེད་ཀྱི་རེད། ཁོས་གཞན་སྐྱོན་བཤད་དུས་ཟུར་གྱི་མི་ཚོས། ཡ་ཁྱོད་བདེན། དེ་དངོས་གནས་རེད། ད་དུང་ཤོད་དང་ཟེར་བཞིན་མིག་བརྡ་མཆུ་ཚུགས་བྱས་ནས་སྡོད་ཀྱི་ཡོད། ང་ཚོ་སློབ་མཐར་ཕྱིན་དུས་མི་རེ་རེ་ལ་བོད་དབྱིན་གྱི་གྲུབ་འབྲས་མི་འདྲ་རེ་ཁུར་རྒྱུ་ཡོད་པས་གདོང་བ་འཛུམ་གྱིས་གང་ནས་ཕྱིར་ཐོན་གྱི་ཡོད་མོད། ཁོས་ཐ་ན་རང་གི་དགའ་རོགས་ལ་གློག་འཕྲིན་གཏོང་རྒྱུ་ཙམ་ཡང་མི་ཤེས་པས་མི་གཞན་ཚོས་རོགས་པ་བྱེད་དགོས་ཀྱི་ཡོད། བོད་ཡིག་གི་ཐོག་ནས་བོད་ཀྱི་ལས་དབང་གླེང་བ་ཟེར་རམ་ཡང་ན་སྐད་ཡིག་གླེང་བ་ཟེར། དེ་འདྲ་ཞིག་བྲིས་ནས་ཚགས་པར་ཏུ་བཀོད་པ་དེའི་ཕྱི་ཉིན་ནས་རྩོམ་རྐུན་བྱས་པ་རེད་ཟེར་མི་གཞན་ཞིག་གིས་ལྷང་ལ་ཕུད་སོང་། དེ་རྗེས་ཁོ་རང་གི་ཕ་ཡུལ་གཅིག་པའི་སྐྱིད་སྡུག་ཚོགས་པ་ལ་སྒོར་མོ་བརྐུས་པས་ཕ་ཡུལ་གཅིག་པ་ཚོས་ཁོ་ལ་ཅི་ཞིག་བྱེད་དགོས་མིན་གྱི་ཚོགས་འདུ་ཚོགས་བཞིན་པ་ངས་དངོས་སུ་མཐོང་མྱོང་། ཁོ་གཅིག་པོ་མ་རེད། ནམ་རྒྱུན་གོང་རིམ་ལ་སྐྱོན་བརྗོད་ཀྱིས་ཉི་མ་སྐྱེས་མཁན་ཚོ་མང་ཆེ་བ་དེ་འདྲ་རེད།
ད་དུང་ལྟོས་དང་། གོང་གི་མི་ཞུན་ཟེར་བ་དེས་དགེ་རྒན་ལ་དགེ་རྒན་གྱི་འདུ་ཤེས་དང་། སློབ་གྲྭ་ལ་སློབ་གྲྭའི་འདུ་ཤེས་མེད་བཞིན་འབྲས་དང་རྡ་ལིའི་དོན་དུ་མི་ལོ་བརྒྱད་རེ་ལ་སྒྲིག་འཛུགས་ཤིག་གི་འོག་ཏུ་སྡུག་སྒོང་བྱས་བསྡད་པ་ཡིན་ཟེར། མི་འདི་ཚོས་ཐ་ན་རང་གི་གྲོད་ཁོག་ཁྱོར་བ་འདྲ་བོ་གསོ་རྒྱུའི་འཇོན་ཐང་ཙམ་ཡང་མེད་པར་གཞུང་གི་འཛིན་སྐྱོང་དང་། མི་ཆེན་ཚོའི་ལས་ཀ་ལ་ཁ་གཏོང་ཁུལ་བྱེད་ཀྱི་རེད། འདི་ཚོ་ལ་ངོ་ཚ་རྒྱུ་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། ཆུ་ཚོད་ཉི་ཤུ་རྩ་བཞི་ལ་བཟི་བསྡད་ཡོད་ནི་ཆེ་ཡིན་རེ།
གྲོགས་པོ་རིགས་འབྱུང་། ངས་ཁྱོད་ལ་དྲི་བ་ཁ་ཤས་ཤིག་འདྲི། ངས་ངོ་མ་འོག་གི་དྲི་བ་འདི་དག་ལ་དཔྱད་པ་ཡག་པོ་ཞིག་ཕོག་གི་མི་འདུག ཁྱོད་ལ་ལན་ཡག་པོ་རེ་རྒྱག་རྒྱུ་ཡོད་དམ།
༡༽ མི་འདི་ཚོས་མི་ལ་སྐྱོན་རྒྱག་དགོས་ན་ཆི་ཟིག་འ་མིང་བསྐུང་དགོས་ནི་རེད། རང་གིས་ཀྱང་ཞབས་འདྲེན་གནམ་སར་མི་ཤོང་བ་ཞུ་མྱོང་ཡོད་སྟབས་མིས་ཚུར་ཁྱབ་བསྒྲགས་བྱེད་ཡོང་བསམ་ནི་ཨེ་རེད།
༢༽ འདི་ཚོ་མིའི་མདུན་ལ་བུད་རྒྱུའི་སྤོབས་པ་མེད་ན་ཆི་ཟིག་འ་ཁ་བཙུམ་ནས་འདུག་མི་ཐུབ་ནི་རེད། བསམ་པ་ནག་པོ་བཟུང་ནས་མི་ལ་ཞེ་ངན་བྱེད་དུ་ཡོང་བ་ཨེ་རེད།
༣༽ མ་གཞི་མི་འདི་ཚོས་ཆི་ཟིག་འ་ཉིན་རེ་མིང་རེ་བརྗེ་དགོས་བཏང་ནི་རེད།
༤༽ མི་འདི་ཚོས་མིང་གཅིག་གིས་ཐོག་ནས་མཆན་སྡུག་ཅག་གཅིག་བརྒྱབ་ཏེ། ཡང་མིང་གཞན་ཞིག་བཀོལ་ནས་དེ་ལ་རྒྱབ་སྐྱོར་བྱེད་ཁུལ་བྱེད་པ་དེ་སྐྱོན་དེ་བརྗོད་སའི་མི་དེའི་རྒང་ལ་ཡིན་གཅིག་སྦྱར་ཐུབ་དགོས་པས་ཨེ་རེད།
༥༽ མ་གཞི་མི་འདི་ཚོ་ལ་དེ་འདྲའི་སེམས་པ་ནག་པོ་ཞིག་ཡོད་པའི་རྒྱུ་མཚན་ཅི་རེད། དེ་ལྷན་སྐྱེས་ཀྱི་གཤིས་ཀ་རེ་དམ་ཡང་ན་གྲོགས་པོས་བསྒྱུར་བ་རེད། ཡང་ན་ས་ཆུ་ཞིག་གི་རྐྱེན་གྱིས་རེད།
༦༽ མི་འདི་ཚོས་གང་ན་མི་ཞིག་ལ་བསྔགས་པ་བརྗོད་ས་དེར་མིང་རྫུན་མ་ཞིག་གིས་ཐོག་ནས་སྐྱོན་བརྗོད་བྱེད་པ་དེ་རང་ཉིད་མི་གྲལ་དུ་མ་ཐོན། རང་ལ་འཇོན་ཐང་མེད། རང་ལ་བརྩི་བཀུར་བྱེད་མཁན་མེད། རང་ལ་མཚན་སྙན་གྲགས་དང་རྒྱུ་ནོར་ལོངས་སྤྱོད་མེད་པས་སྡུག་ཡས་ཀྱིས་རང་གི་ཡན་ལ་ཡོད་མཁན་དང་། སྤྱི་ཚོགས་ཀྱི་ནང་ནས་འབུར་དུ་ཐོན་མཁན་ཚོ་སེན་གང་རེ་ཡིན་རུང་མར་འདྲུད་ཨེ་ཐུབ་བལྟ་གི་ཡོད་ནི་ཨེ་རེད།
ད་དུང་ངའི་དྲི་བ་རྫོགས་མེད་ཀྱང་ད་དུས་ཚོད་མི་འདུག གནས་སྐབས་དེ་ཙམ་ཡིན་ལགས། རྗེས་སུ་རིམ་པས་གླེང་ཆོག
ངན་ཕྱོགས་ནས་བརྗོད་ན་འདི་འདྲ་ཞིག་རེད།
དབུས་གཙང་བར་གཡོ་སྒྱུ་ཆེ།
ཁམས་པར་ཁོང་ཁྲོ་ཆེ།
ཨ་མདོ་བར་ཕྲག་དོགས་ཆེ།
བཟང་ཕྱོགས་ནས་བརྗོད་ན་འདི་འདྲ་ཞིག་རེད།
ཨ་མདོ་བའི་ཟ་མ་ཞིམ་ནས་རེད།
དབུས་གཙང་བའི་སྐད་ཆ་སྙན་ནས་རེད།
ཁམས་པའི་སེམས་པ་བཟང་ནས་རེད།
གོང་གི་འདི་ལ་བཟོ་བཅོས་གཏོང་རྒྱུ་ཡོད་པ་མ་རེད། ཁོར་ཡུག་དང་ས་ཆུའི་སྐྱོན་རེད།
དྲ་གྲོགས་བསམ་གཏན་ལགས།
ཁྱེད་ཀྱི་བསམ་ཚུལ་ལ་རྒྱུ་མཚན་འདུག ངེད་རང་ཡང་འཐད་པ་ཡོད།
འོན་ཀྱང་། མི་སྒེར་བའི་བྱས་ཉེས་ལ་བརྟེན་ནས་ཆོལ་ཁ་མཉམ་དུ་འཁྲིད་ཡོང་བ་འདི་ཡོན་ཏན་མིན་པ་འདྲ།
ལྷག་དོན། ཆོལ་ཁ་ལ་འགྲེལ་བཤད་རྒྱག་རྒྱུ་ནི་ལས་སླ་ཞིག་ཀྱང་མིན་པ་འདྲ།
གཞན། མིང་ཉིན་རེ་ཉིན་རེར་བརྗེ་བོ་རྒྱག་པ། མིང་རྫུན་མ་གཅིག་གི་ཐོག་ནས་སྐད་ཆ་མི་འདྲ་བ་གཉིས་རེ་བཤད་པ་སོགས་ནི་གཏན་ནས་ཡག་པོ་མ་རེད་ལ་།
ལྷག་པར་དུ་མིང་བསྐུང་བ་དང་མིང་འདོན་རྒྱུའི་སྤོབས་པ་མེད་པ་སོགས་ཀྱང་ཡོན་ཏན་ཞིག་ག་ལ་ཡིན། ངེད་རང་གང་ཟག་སྒེར་གྱི་ངོས་ནས་འདི་དག་ལ་དགག་བྱ་ཡོད་ལ་
ཁ་བརྡས་ཀྱང་འདི་དག་ཡོན་ཏན་ལ་བརྩི་གི་མི་འདུག དེ་ཙམ་ཞུ།
མི་ངན་སེམས་པ་ནག་པའི་དྲི་མ་སྟེ།།
མཐོང་ཐོས་མྱོང་བ་ཚང་མ་སྐྱོན་གྱི་དྲི།།
རང་གཞན་གང་གི་བར་ན་ལྷག་པ་རྣམས།།
དཀར་པོའི་དགེ་ལ་མཐོང་བའི་སྐབས་མ་མཆིས།།
ཤ་ཁྲག་གཅིག་གི་རུས་མཐུན་གྱི་སྤུན་ཉེ་ལ་བརྩི་བར་རུང་བའི་བདག་གི་དྲ་གྲོགས་བསམ་གཏན་ལགས།
མཚམས་འདིར་ང་མི་ཞུན་ནས་ཁྱེད་ལ་གསལ་བཤད་ཐུང་ཐུང་ཞིག་ཞུ་འདུན་གྱི་འདོད་པ་མཚམས་ཆད་མི་ཐུབ་པའི་ཆུ་བོ་ཐུར་རྒྱུགས་བཞིན་སྙིང་ཁོང་ན་ལྷོག་ལྷོག་གི་ཚོར་བ་ཤེད་ཀྱིས་འཕྱུར་གྱིན་འདུག གྲོགས་པོ། ཁྱེད་ཀྱིས་གོང་གི་ངའི་མཆན་བུ་དེ་ཡག་པོ་ཞིག་བཀླགས་ནས་གོ་བ་གཏིང་ལོན་ཞིག་བྱས་ཡོད་པ་ཡིན་ན། ངས་རང་ལ་ཐུག་མྱོང་བའི་འདས་སོང་གི་བོད་ཡིག་དགེ་རྒན་དེ་དག་ལ་དགེ་རྒན་གྱི་འདུ་ཤེས་བཞག་མ་མྱོང་ཟེར་བ་བདེན་ཡང་སློབ་གྲ་ལ་སློབ་གྲའི་འདུ་ཤེས་བཞག་མེད་ཅེས་ཞུ་རྒྱུ་མ་བྱུང༌། མི་བདེན་ན་ཡང་བསྐྱར་མགོ་ནས་ཐེངས་གཅིག་ཀློག་དང་ཤེས་ནི་རེད། ཁྱེད་ཀྱི་སྐད་ཆ་བཤད་སྟངས་དེ་གཡག་ཞ་ར་ཞིག་གིས་རྩ་ཟས་ནི་འདྲ་བོ་རེད། ཁྱེད་ཀྱིས་ཕྱོགས་གཅིག་ནས་མ་གཏོགས་ཕྱོགས་གཞན་པ་དེའི་ཐད་ལ་གཏན་ནས་སྐད་ཆ་བཤད་ཀྱི་མི་འདུག དགེ་རྒན་ཡིན་ན་ཚང་མ་ཚད་ལྡན་ཡིན་པས་མ་ཁྱབ་ལ་དགེ་རྒན་ཡིན་ན་ཚང་མ་ཚད་ལྡན་མིན་པས་ཀྱང་མ་ཁྱབ་པ་ཡིན། ཁྱེད་རང་ཚད་ལྡན་གྱི་དགེ་རྒན་ཞིག་གི་འོག་ནས་འཚར་བ་ཡིན་ན་ངའི་དགེ་རྒན་ཡང་ཚད་ལྡན་ཞིག་ཡིན་ངེས་ཀྱི་རེད་བསམས་པའི་བློ་དེ་ནམ་ཡང་སྐྱེས་མི་ཉན། དེ་སྐྱེས་པ་ཡིན་ན་ཁྱེད་ནོར་བ་རེད། ནོར་འཆུག་གི་ཀློང་ན་འཁོར་ནས་བསྡད་ཡོད་པའི་ཁྱོད་ནམ་ཡང་དྲང་ཕྱོགས་སུ་འགྲོ་ཐུབ་པའི་སྐལ་བ་ཚེ་འདིར་མ་མཆིས། ཁྱེད་ཀྱིས་བསམ་བློ་ཡག་པོ་ཞིག་ཐོངས་དང༌། རང་གི་དགེ་རྒན་ལ་སྐྱོན་ཡོད་ན་སྐྱོན་ཡོད་གི་ཞེས་གླེང་མི་ཐུབ་ན་ཁྱེད་ད་དུང་མུན་ནག་གི་དོང་ནང་ནས་ཡར་ལ་ཐོན་རྒྱུ་ལྷག་འདུག སྐབས་འདིར་ངས་ཁྱེད་རང་གི་དགེ་རྒན་གྱི་སྐོར་བཤད་ཀྱི་མེད། རྒྱུ་མཚན་ངས་ཁྱེད་ཀྱི་དགེ་རྒན་གྱི་སྤུས་ཚད་ལ་རྒྱུ་ལོན་བྱས་མེད་པ་ཡིན། འོན་ཀྱང༌། ང་ནི་རང་གི་དགེ་རྒན་དེ་དག་གི་དཔེ་འཁྲིད་ཀྱི་འོག་ནས་འཚར་ཏེ་ཡོང་བ་སོང་ཙང༌། ངས་རང་གི་དགེ་རྒན་དེ་དག་གི་ཤེས་ཚད་ལ་རྒྱུས་ལོན་བྱས་ཡོད། ལོ་ངོ་བརྒྱད་ཀྱི་རིང་ལ་དགེ་རྒན་དེ་དག་གིས་ང་ལ་སུམ་ཅུ་བའི་རྣམ་དབྱེ་དང་རྟགས་འཇུག་ཁ་གསལ་ལ་མ་གསལ་བ་ཞིག་མ་གཏོགས་ཅི་ཡང་འཁྲིད་མ་སོང༌། དེ་ཡང་གཙང་མ་ཞིག་འཁྲིད་ཤེས་ཀྱི་མི་འདུག་ཅེས་ངས་གོང་གི་མཆནཞིག་འཁྲིད་ཤེས་ཀྱི་མི་འདུག་ཅེས་ངས་གོང་གི་མཆན་བུས་ནང་དུའང་དེ་ལྟར་བཤད་ཡོད། སྤྱིར་ཡིན་ན། ལོ་ངོ་བརྒྱད་རིང་གི་ངའི་ཆུ་ཚོད་ཚང་མ་འཕྲོ་བརླགས་ལ་བཏང་བའི་ཉེས་པ་དགེ་རྒན་ཁོང་ཚོས་འཁུར་དགོས་པ་རེད་མོད། འོན་ཀྱང༌། ངས་རང་གི་ནུས་ཚོད་ཀྱིས་རང་སྦྱོང་དང་ཟུར་བསྟེན་གྱི་དགེ་རྒན་བཙལ་བའི་རྒྱུ་མཚན་གྱིས་ཡི་གེ་འབྲི་ཀློག་ཐུབ་ཙམ་ཡོད། གྲོགས་པོ། ཁྱེད་ཀྱི་བསམ་ཚུལ་ཡིན་ན་ངས་ད་དུང་ཡང་རང་ལ་སློབ་འཁྲིད་བྱེད་མི་ཤེས་པ་དང་ཤེས་ཡོན་སྤྲོད་མི་ཐུབ་པའི་དགེ་རྒན་གྱི་མིང་སྐམ་འཁྱེར་མཁན་དག་ལ་བསྟོད་བསྔགས་དང་གོང་བཀུར་བྱེད་དགོས་པ་རེད་དམ། ངས་ད་དུང་ཡང་དགེ་རྒན་གྱི་རྐུབ་སྟེགས་ཀྱི་སྒང་ན་ཉི་མ་འཁྱོལ་ཐབས་བྱས་ནས་བསྡད་ཡོད་པའི་བོད་གཞུང་གི་གསོ་ཕག་དེ་དག་ལ་འཛུམ་མདངས་སྟོན་དགོས་པ་རེད་དམ། ངས་ད་དུང་ཡང་བོད་ཀྱི་མ་འོངས་པའི་འབྲས་སོན་དུ་གྱུར་བའི་སློབ་ཕྲུག་དག་གི་མདུན་ལམ་ལ་མུན་ནག་སྦྱིན་མཁན་གྱི་དགེ་རྒན་ཉེས་ཅན་དེ་དག་ལ་ཐུགས་རྗེས་བཀའ་དྲིན་ཞུ་དགོས་པ་རེད་དམ། ངས་རང་གི་དགེ་རྒན་གྱི་སྐྱོན་ཉེས་ཐེར་འདོན་བྱས་ཏེ་རང་ལ་སྤུས་ལྡན་གྱི་དགེ་རྒན་ཞིག་ཐོབ་པར་བརྩོན་ལེན་ཀྱང་བྱས་མ་ཆོག་པ་རེད་དམ། གྲོགས་པོ། སྐུ་མཁྱེན། རྒྱུས་མེད་ས་ལ་སྐད་ཆ་མ་བཤད། ཁྱེད་ཀྱི་མཐོང་སྣང་ལ་མཛེས་པ་ཚང་མ་ངའི་མིག་ནང་ལའང་མཛེས་དགོས་པའི་རྒྱུ་མཚན་གང་དུའང་ཡོད་པ་མ་རེད། ཁོ་རེ། རྗེས་ཕྱོགས་ནས་སྐད་ཆ་བཤད་དུས་ཕྱོགས་གཉིས་ཀ་ལ་བསམ་བློ་བཏང་ནས་བཤད་རོགས། ཚང་མས་ཁྱོད་རང་གི་སྣང་བ་ལ་བསྟུན་ནི་མ་རེད། ད་དུང་འདི་ནས་ཁྱེད་ལ་ནན་ནན་ཏིག་ཏིག་གིས་གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་ནི་སློབ་ཚན་འཁྲིད་མི་ཤེས་པ་དང༌། ཤེས་ཡོན་གྱི་ཚད་གཞི་མེད་པའི་སྤུས་ཞན་གྱི་དགེ་རྒན་གང་དེས་ནམ་རྒྱུན་སློབ་ཕྲུག་ཚོ་ལ་མགོ་སྐོར་བཏང་སྟེ་ཉི་མ་འཁྱོལ་ཐབས་བྱས་ནས་བསྡད་ཡོད་པའི་དགེ་རྒན་དེ་དག་ལ་སྐྱོན་བརྗོད་དང་ཁ་བརྡུང་གཏོང་གི་ཡོད་པ་མ་གཏོགས། གཞན་དག་ལ་ནི་གཏན་ནས་མིན་ནོ། དེ་གོ་བར་གྱིས། བཤད་ཀྱི་ཡོད་ན་ངའི་གོང་གི་སྐད་ཆ་དེ་དག་གི་གནད་ལ་འཁེལ་བ་བྱས་ནས་གནས་ལུགས་དང་རྒྱུ་མཚན། ཉམས་མྱོང་གསུམ་གྱི་སྒང་ནས་བཤད་རོགས་གནངས། དེ་མིན་ན་དོན་མེད་དུ་གཏོ་ཅོར་བརྒྱག་གི་མ་འདུག ཐལ་དྲགས་པའི་སྐད་ཆ་འདྲ་ཤོར་ཡོད་པ་ཡིན་ན་དགོངས་དག་ཞུས་པ་ཡིན། ང་ཚོས་ལྷོད་ལྷོད་བྱས་ནས་ཕན་ཚན་ལ་བསམ་བློ་བརྗེ་རེས་བྱེད་དགོས་པ་མ་གཏོགས་ཁ་རྩོད་མཆུ་རྩོད་ཀྱིས་ཚིག་རྩུབ་ཀྱི་མདའ་མདུང་འཕེན་རེས་བྱེད་པ་ནི་གཏུ་ཐུག་གི་ལས་ཀ་རེད། རེད་མ་རེད། ཡ་ ད་བདེ་མོ། རྗེས་ནས་མཇལ།
མི་ཞུན་ནས།
མི་ངན་སེམས་པ་ནག་པོ་དྲི་མ་སྟེ།།
མི་མཐོང་དགུ་མཐོང་སྐྱོན་གྱི་ཕྱོགས་ནས་མཐོང༌།།
མི་བཤད་དགུ་བཤད་ཉེས་པ་ཐམས་ཅད་བཤད།།
མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར།།
ཤ་དང་ཁྲག་གི་རིགས་རུས་མཐུན་པའི་བདག་གི་སྤུན་ཉེ་ལ་བརྩི་བར་རུང་བའི་དྲ་གྲོགས་བསམ་གཏན་ལགས། སྐབས་འདིར་ངས་ཁྱེད་ལ་གསལ་བཤད་ཐུང་ཐུང་ཞིག་གི་བརྡ་ལན་སྤྲོད་པར་འདོད་པ་ནི་མཚམས་ཆད་མི་ཐུབ་པའི་ཆུ་བོ་ཐུར་རྒྱུགས་ཤིག་གི་ཟོལ་གྱིས་བསྡད་ཡོད། གལ་སྲིད། ཁྱེད་ཀྱིས་གོང་གི་ངའི་མཆན་བུ་དེ་ཡག་པོ་ཞིག་བཀླགས་ནས་གོ་བ་གཏིང་ལོན་ཞིག་བྱས་ཡོད་པ་ཡིན་ན། ངས་རང་ལ་ཐུག་འཕྲད་བྱས་མྱོང་བའི་འདས་སོང་གི་བོད་ཡིག་དགེ་རྒན་དག་ལ་དགེ་རྒན་གྱི་འདུ་ཤེས་བཞག་མ་མྱོང་ཟེར་བ་བདེན་ཡང་སློབ་གྲ་ལ་སློབ་གྲའི་འདུ་ཤེས་བཞག་མེད་ཞུ་རྒྱུ་མ་བྱུང་ལགས། མི་བདེན་ན་ཡང་བསྐྱར་ཐེངས་གཅིག་ཀློག་དང་གསལ་བོ་ཆགས་ནི་རེད།
གྲོགས་པོ། ངས་ཁྱེད་ལ་དང་པོ་ནས་གསལ་བཤད་ཅིག་བཟོ། སྤྱིར་རང་གི་དགེ་རྒན་ལ་སྐྱོན་བརྒྱག་རྒྱུ་དེ་ངན་ལས་ཤིག་ཡིན་པ་བདེན་དུ་ཆུགས། འོན་ཀྱང༌། དགེ་རྒན་ཡང་སྐྱོན་མེད་པའི་སངས་རྒྱས་ལྟ་བུ་ཞིག་ཡིན་མི་སྲིད། ངས་འདིར་བཤད་ཀྱིན་ཡོད་པའི་དགེ་རྒན་དེ་རྣམས་ནི་དགེ་རྒན་གྱི་འོས་ཆོས་མི་ཚང་བའི་སྤུས་ཞན་ཤེས་མེད་དེ་དག་གི་རིགས་ལ་གཏད་ནས་སྐད་ཆ་བཤད་ཀྱི་ཡོད། གོང་གི་མཆན་བུ་དེའི་ནང་དུའང་དེ་ག་རང་ཡིན། གསལ་བོ་བཟོས་ཡོད། མ་གཞི་ནས་དགེ་རྒན་ཡིན་ན་ཚང་མ་ཚད་ལྡན་ཡིན་པས་མ་ཁྱབ་ལ་ཚད་ལྡན་མིན་པས་ཀྱང་མ་ཁྱབ་པ་ཡིན། དེའི་ནང་ན་ཡག་ཉེས་གཉིས་ཀ་ཡོད་ནི་ཡོད། དེ་ཁྱེད་ཀྱིས་ཀྱང་ལོས་ཤེས། ཁྱེད་རང་དགེ་རྒན་ཚད་ལྡན་སྤུས་དག་ཅིག་གི་འོག་ནས་འཚར་བ་ཡིན་ན་ངའི་དགེ་རྒན་ཀྱང་དེ་འདྲ་ཞིག་ཡིན་ངེས་པར་བསམས་པ་ནི་ཁྱེད་ཀྱི་ནོར་འཆུག་རེད། ནོར་འཆུག་དང་མུན་ནག་གི་ཀློང་ན་སྐྱིད་ཉལ་གྱིས་འཁོར་ནས་བསྡད་ཡོད་པའི་ཁྱེད་ལྟ་བུ་དྲང་ཕྱོགས་ཀྱི་གཟི་འོད་མཐོང་བའི་སྐལ་བ་ཚེ་འདིར་མ་མཆིས། གོང་གི་མཆན་བུའི་ནང་དུ་ངས་རང་ལ་ཐུག་འཕྲད་བྱས་མྱོང་པའི་དགེ་རྒན་དེ་དག་ལ་སྐྱོན་བརྗོད་བྱས་ཡོད་ལ་ད་ལྟ་ཡང་དེ་དག་ལ་མུ་མཐུད་ནས་སྐྱོན་བརྒྱག་གི་ཡོད། སྐབས་འདིར་ཁྱེད་ཀྱི་དགེ་རྒན་འདིའི་ནང་ལ་མི་འདུས་པ་ཡིན། རྒྱུ་མཚན། ང་ཁྱེད་ཀྱི་དགེ་རྒན་ལ་རྒྱུས་མེད་པའི་ཕྱིར། རྒྱུས་མེད་སའི་ས་ཕྱོགས་ལ་ངས་ནམ་ཡང་མི་ཤེས་ཤེས་མདོག་གིས་སྐེ་མི་བསྲིང༌། རབ་ཡིན་ན་ཁྱེད་ཀྱིས་ཀྱང་མི་ཤེས་ཤེས་མདོག་གི་ངོ་པགས་མཐུག་པོ་དེ་རྒྱབ་ལ་གཡུགས་ན་རེད། དེའི་རིགས་ཀྱིས་སྤྱི་ཚོགས་ལ་ཕན་ཐོགས་པ་ལས་གནོད་སྐྱེལ་ནི་རེད།
གྲོགས་པོ། ངས་རང་གི་དགེ་རྒན་ལ་སྐྱོན་བརྒྱག་པ་དེ་རྒྱུ་མཚན་ཞིག་དང་གནས་ལུགས་ཤིག བདེན་པ་ཞིག་དང་ཉམས་མྱོང་ཞིག་གི་དྲང་ལམ་ནས་སྐད་ཆ་བཤད་ཀྱི་ཡོད། འདས་སོང་བའི་ངའི་ལོ་ངོ་བརྒྱད་ཀྱི་རིང་བོད་ཡིག་དགེ་རྒན་དེ་དག་གིས་ང་ལ་སུམ་ཅུ་བའི་རྣམ་དབྱེ་དང་རྟགས་འཇུག་ཁ་གསལ་ལ་མ་གསལ་བ་ཞིག་ལས་ཅི་ཡང་བསླབས་མ་སོང་ལ་བསླབས་ཀྱང་ཤེས་ཀྱི་མི་འདུག་ཅེས་ངས་གོང་གི་མཆན་བུའི་ནང་དུའང་དེ་ལྟར་བཀོད་ཡོད། དེ་ང་རང་ལོ་ངོ་བརྒྱད་ཀྱི་རིང་དགེ་རྒན་དེ་ཚོ་དང་མཉམ་འདུག་མཉམ་འགྲོགས་བྱས་པའི་རྒྱུས་ཡོད་ཀྱི་སྐད་ཆ་རེད། རེད་ཡ། གྲོགས་པོ་བསམ་གཏན་ལགས། ཁྱེད་ཀྱི་བསམ་ཚུལ་ཡིན་ན། ངས་ད་དུང་ཡང་རང་ལ་སློབ་ཚན་འཁྲིད་མི་ཤེས་པ་དང་ཤེས་ཡོན་སྤྲོད་མི་ཐུབ་པའི་དགེ་རྒན་གྱི་མིང་སྐམ་འཁུར་བ་དག་ལ་བསྔགས་བསྟོད་དང་གོང་བཀུར་བྱེད་དགོས་པ་རེད་དམ། ངས་ད་དུང་ཡང་རང་གི་ཕོར་བའི་ཆེད་དུ་དགེ་རྒན་གྱི་རྐུབ་སྟེགས་མ་བཏང་བར་ཉི་མ་འཁྱོལ་ཐབས་བྱས་ནས་བསྡད་ཡོད་པའི་བོད་གཞུང་གི་གསོ་ཕག་དེ་དག་གི་རིགས་ལ་ཁྱེད་ནང་བཞིན་སྤྲེལ་ལད་འཁྲབ་དགོས་པ་རེད་དམ། ངས་ད་དུང་ཡང་བོད་མི་རིགས་ཀྱི་མ་འོངས་པའི་སོན་འབྲས་སུ་གྱུར་བའི་ན་གཞོན་སྙིང་རྗེ་བོ་འདི་དག་གི་མདུན་ལམ་ལ་གཏོར་བརླགས་གཏོང་མཁན་གྱི་དགེ་རྒན་བཅོས་མ་དེའི་རིགས་ལ་ཐུགས་རྗེའི་བཀའ་དྲིན་ཞུ་དགོས་པ་རེད་དམ། གྲོགས་པོ། རྒྱུས་མེད་ས་ལ་བསམ་ཤེས་ཡིན་མདོག་གི་སྐད་ཆ་མ་བཤད། ཕྱོགས་གཉིས་ཀ་ལ་བསམ་བློ་བཏང་ནས་སྐད་ཆ་ཤོད། ཁྱེད་ཀྱིས་བཤད་པ་དེ་དག་ནི གཡག་ཞ་ར་ཡིས་རྩ་ཟས་ནི་འདྲ་བོ་རེད། རང་གིས་རང་ངོ་འཕྲོད་ནི་བྱོས། རྒྱབ་ན་རྒྱུ་མཚན་དང་གནས་ལུགས་འདྲེན་རྒྱུ་མེད་ན་དོན་མེད་དུ་གཞན་ལ་གཤེ་རྐྱང་མ་བྱས་ན་ཡག་ནི་རེད། སྐད་ཆ་དྲང་མོ་ཡིན། རང་གིས་བྲིས་པའི་མཆན་བུའི་ནང་དུ་ཕྱིར་བལྟས་ཤིག་གྱིས་དང་དེའི་ནང་དུ་མི་སྙན་པ་དང་མི་སྡུག་པའི་ཚིག་ག་ཚོད་ཙམ་འདུག
ཨོ་རེད། ད་ཡང་བསྐྱར་ངས་ཁྱེད་ལ་ནན་ནན་ཏིག་ཏིག་གིས་གསལ་བོ་བཟོ་རྒྱུ་ཞིག་ལ་ངས་སྐྱོན་བརྒྱག་བཞིན་པའི་དགེ་རྒན་དག་ནི་སློབ་དཔོན་ཆེན་མོའི་ལག་འཁྱེར་ཐོད་ལ་བཟུང་ནས་སློབ་ཕྲུག་ཚོའི་མདུན་དུ་སྟོང་བཤད་ཀྱིས་ཉི་མ་གཏོང་ཐབས་བྱེད་ཀྱིན་པའི་སྤུས་མེད་ཤེས་མེད་ཀྱི་འོས་ཆོས་མི་ཚང་བའི་དགེ་རྒན་དེ་དག་ལ་བཤད་ཀྱི་ཡོད་པ་མ་གཏོགས་གཞན་རྣམས་ལ་ནིམིན་ནོ། གོ་བར་གྱིས། བཤད་རྒྱུ་ཡོད་ན་མཐའ་མའི་བསྡུས་བཤད་ཀྱི་སྐད་ཆ་དེའི་སྒང་ལ་གནད་དུ་འཁེལ་བ་བྱས་ནས་གནས་ལུགས་དང་རྒྱུ་མཚན། ཉམས་མྱོང་གསུམ་གྱི་སྒང་ནས་བཤད་རོགས་གནངས་ཞུ་རྒྱུ་ཡིན། དེ་མིན་དོན་མེད་དུ་གཏོ་ཅོར་མ་བརྒྱག་རོགས། འདི་ནི་ཁྱེད་དང་ང༌། ཁོ་དང་ཁོ་ཚོ་ཚང་མའི་བསམ་བློའི་ཤེས་ཚད་བརྗེ་སའི་ཐུན་མོང་གི་ཕ་གཞིས་ཆུང་ཆུང་ཞིག་ལགས་པས་ང་ཚོས་ཁ་རྩོད་དང་མཆུ་རྩོད་ཀྱི་ཚིག་རྩུབ་དྲི་མ་ཅན་དག་གཏོར་བཅོམ་གྱིས་ལྷོད་དུ་བབས་ནས་དབྱངས་གསལ་སོ་བཞིའི་ལྷུ་རྐང་ལ་དག་བསྒྲིགས་བྱེད་བཞིན་ཁ་བརྡ་བྱེད་ཡཱ། གྲོགས་པོ། བདེ་མོ། རྗེས་ནས་མཇལ།
མི་ཞུན་ནས།
དྲ་གྲོགས་སློབ་ཟུར་བ་ལགས་ལ། ཁྱེད་རང་གི་འདྲི་བ་དང་པོ་རྒན་བསམ་གཏན་གསོག་སྒར་དུ་མ་འབྱོར་སྔོན་དུ་དཀྲུགས་ཤིང་བཟོ་མཁན་སུ་རེད་ཟེར་ན་གུས་པས་སྔ་ས་ནས་མི་དེ་ལ་དགག་པ་མང་པོ་རྒྱབ་ཚར་བ་ཡིན འདས་སོང་བའི་བྱ་བ་དེ་ཡང་བསྐྱར་གླེང་དགོས་དོན་མེད་ལ་དེའི་མིང་བརྗོད་དགོས་དོན་དེ་བས་ཀྱང་མེད། གུས་པས་དོན་མེད་དུ་ཁྱོུད་ནང་བཞིན་མི་ལ་དགྲ་གསོག་འདོད་མེད་པས་སོ། དེ་མིན་ཁྱེད་རང་གི་གསུངས་བ་ལ་སྔོན་གྱི་སྙན་ངག་དགེ་རྒན་ནི་ཡིན་མི་སྲིད། གསོག་སྒར་སློབ་གྲྭར་དཀྲུགས་ཤིང་བཟོ་མཁན་ཞིག་ཡོད་ན་ཡིན་གཅིག་སྙན་དགེ་ཡིན་པས་མ་ཁྱབ། ད་དུང་ཁྱོད་ཀྱིས་ལན་ཞིག་ཏུ་རྒན་བསམ་གཏན་གྱིས་ཆོལ་ཁ་བར་ལ་དཀྲུགས་ཤིང་མི་སྲིད་ཅེས་གུས་པས་བཤད་ཐུབ། གང་ཡིན་ཟེར་ན་ཁོང་དགེ་རྒན་ཞིག་ཡིན་པས་ཆ་ནས་སློབ་ཁྲིད་གཙོ་བོ་མིན་པར་སློབ་ཕྲུག་གི་བསམ་བློའི་ཁ་ཕྱོགས་ཐད་སློབ་གསོ་མང་པོ་བྱས་མྱོང་ཡོད། གཞན་གོང་རིམ་ལ་བསམ་ཚུལ་འདོད་མཁན་རྒན་བསམ་གཏན་གཅིག་པོ་མ་ཡིན་པར་ད་དུང་བོད་དགེ་གཞན་དང་བོད་ཡིག་ལ་དོ་སྣང་དང་གཅེས་ཞེན་ཡོད་པའི་སློབ་གྲོགས་ཚོ་ཡང་རེད། ཁྱེད་ཀྱི་བསམ་ཚུལ་དེ་ལམ་ཁ་གང་ཞིག་བརྒྱུད་པའི་ལན་ལ། གོང་རིམ་ལ་བསམ་ཚུལ་དང་སྙན་ཞུ་ཕུལ་དགོས་ཚེ་གོ་སྐབས་ནི་ཆེས་གལ་ཆེན་ཡིན་པས། ང་ཚོའི་ཐུན་མོང་གི་བསམ་ཚུལ་དེ། ཤེས་རིག་དྲུང་ཆེ་གསོག་སྒར་དུ་བཀའ་སློབ་གནང་བར་ཕེབས་སྐབས་ཡིག་ཐོག་དང་ངག་ཐོག་གཉིས་ནས་ཡར་ཞུ་བྱས་པ་རེད། ངག་ཐོག་ནས་ཡར་ཞུ་གཙོ་བོ་བྱེད་མཁན་རྒན་ཟླ་བ་ཚེ་རིང་རེད། དེའི་སྔོན་དུ་དམིགས་གསལ་ཚོགས་ཆུང་ལ་ཡང་སྙན་ཞུ་ཕུལ་མྱོང་ཡོད་མོད། ནང་དོན་གཞུང་དམངས་བར་གྱི་དཀྲུགས་ཤིང་གི་ཚིག་གཅིག་ཀྱང་མེད། རྗེས་སུ་གོང་རིམ་ནས་ཀྱང་ངོས་ལེན་བྱས་ནས་དབྱིན་ཡིག་རྐྱང་བའི་འཛིན་གྲྭ་མེད་པ་བཟོས་སོང་། ད་དུང་ཁྱེད་ཀྱི་ཤེས་དགོས་ཀྱི་ཞིག་ལ་ཡར་ལོག་མར་ལོག་བྱས་པ་ཙམ་གྱིས་ཁྱོས་དགེ་རྒན་ཁོང་མི་ངན་ཞིག་མ་འདོད་མ་གཏོགས་ང་ཚོའི་སྤྱི་ཚོགས་ནང་དུ་ཁེངས་སྡད་ཡོད་རེད། གུས་པར་མཚོན་ན་དེ་ཚོ་མི་ངན་རེད་ལབ་རྒྱུའི་སྤོབས་པ་དང་གནས་ལུགས་ཁྱོན་ནས་མེད། ལིང་ཧྥུན་བཙོང་བ་དེ་ཁོང་གིས་རྐུ་འཕྲོག་བཅོམ་བསུམ་བྱས་ནི་མ་རེད། དེ་ལ་ཉེས་པ་ག་རེ། ཨ་ཁོང་གྲྭ་ལོག་ཡིན་ན་ལིང་ཧྥུན་བཙོང་ཆོག་གི་མ་རེད་པེ། གསོག་སྒར་སློབ་གྲྭའི་དགེ་རྒན་དང་རྩོམ་པ་པོའི་ཐུན་ཚོགས་ནང་བཞུགས་པ་དེ་ཁོང་རང་གི་འཇོན་ཐང་རེད་ཁྱོད་མ་དགའ་ན་སྡུག་གྱོང་རེད། ཁྱོད་ལྟ་བུ་ཞིག་གིས་མི་རབས་འདི་ཕར་ཞོག་ཚེ་ཕྱི་མར་འབད་བརྩོན་བྱས་ན་ཁོང་གི་སྙན་ངག་གི་རྗེས་ཟིན་གྱི་མ་རེད་ཅེས་གུས་པས་སྤོབས་པ་ཆེན་པོའི་བཤད་ཕོད། དེས་མི་ཚད་ཕྱི་རྒྱལ་ལ་སོང་བ་ཚང་མར་ལྷག་བསམ་མེད་པ་ཁྱོས་གང་ན་ཤེས་སོང་། ད་ཆོག་གི་ང་ལ་དུས་ཚོད་མེད་གི་ལོ་བརྒྱ།
བསམ་གཏན་ལགས། དྲ་བ་འདིར་དྲི་ལན་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། འོན་ཀྱང་ཁྱེད་ཚོ་རང་ཉིད་ཤེས་ཡོན་ཅན་དུ་འདོད་མཁན་ཁ་ཅིག་གིས་རྩོམ་ཡིག་འབྲི་སྐབས་དོམ་ནག་སྨྱོན་པ་ཁྲག་གིས་བཟི་བ་ཅི་བཞིན་གཞན་ལ་ཚིག་ངན་བེད་སྤྱོད་བྱེད་རྒྱུར་ཐེ་ཚོམ་ཅི་ཡང་མེད་པར་བློ་ཕམ་ཡོད། ལྷག་པར་དུ་འདི་འདྲའི་སྐབས་ཆོལ་ཁ་གླིང་དོན་འེ་ཡོད་ན། མི་ངན་ཟེར་བ་དང་མགོ་སྟོང་ཟེར་བ་མིའི་སྤྱི་ཚོགས་གང་སར་ཡོད་པ་ལས་དེ་ཨ་མདོ་ཁོ་ན་ལ་དེ་འདྲའི་ཁ་རྡུང་གཏོང་དགོས་དོན་གང་ཡིན་ན།
སྐུ་མཁྱེན་དེ་ལྟར་མ་གནང་རོགས་ཞུ་རྒྱུ་ཡིན། སློབ་ཟུར་ཟེར་བ་འདི་དགེ་བསམ་གཏན་ཐོག་མི་བསད་རྟ་དེད་གྱི་ཤ་མཁོན་ཡོད་པ་མིན་ན་དེ་འདྲའི་ནག་པོ་བྱེད་འདོད་འེ་ཡོད་ན།
ད་ཁྱོད་ཚོས་དེ་ལྟར་མ་བྱེད། རྩོམ་ཡིག་རེ་འབྲི་འདོད་ཡོད་ན་བརྗོད་བྱ་གཞན་དག་རེ་བེད་སྤྱོད་བྱེད་རྒྱུ་ཡོད་རྒྱུ་རེད་བསམ་གྱི་འདུག སྐུ་མཁྱེན། ད་ཁ་བརྡ་དྲ་བ་འདིའི་ནང་ནག་ཐིག་རེ་མི་ཕབས་རྒྱུ་རེ་བ་ཡིན།
སྤྱི་ཚོགས་ཤིག་ལ་མཚོན་ན། ཤེས་ཡོན་གལ་ཆེ་ལ་མི་གཤིས་དང་ཀུན་སྤྱོད་ཡང་གལ་ཆེན་ཡིན། མི་ཞིག་ལ་ཤེས་ཡོན་ཡོད་ཀྱང་ཀུན་སྤྱོད་མེད་ན་དེ་ཚོད་ཀྱི་མི་ཞིག་དང༌། ཀུན་སྤྱོད་ཡོད་ན་གང་ལྟར་སྤྱི་ཚོགས་ཀྱིས་ངོས་འཛིན་ཡག་པོ་བྱེད་པ་དངོས་ཡོད་རེད། དེར་བརྟེན་ཁ་སྒང་བསམ་གཏན་རྒྱ་མཚོ་ནི་རིག་གནས་ལ་མཁས་ནའང་ཁོ་བོད་མི་རིགས་ལ་ཞེན་ཁོག་ཡོད་པ་ཞིག་ཚོར་གྱི་མི་འདུག ང་ཚོས་ངོས་འཛིན་མ་ནོར་བ་ཞིག་བྱེད་དགོས་ན་ཞིབ་བསྡུར་ཡག་པོ་བྱེད་ཤེས་དགོས། བོད་ཡིག་ཤེས་མཁན་དང་རྩོམ་འབྲི་ཤེས་མཁན་ཞིག་ཡིན་ན་ཁོ་ལྷག་བསམ་ཡོད་ནས་དེ་སྦྱངས་བ་ཞིག་ཀྱང་མ་རེད། ཁོས་གནས་སྟངས་ཀྱི་ཆ་ནས་དེ་སྦྱང་བའི་གོ་སྐབས་དང་ཆ་རྐྱེན་འཛོམས་པ་རེད། དེའི་ཐད་ལ་དཔེ་དེབ་བྲིས་པའང་ལྷག་བསམ་གང་ཡང་མིན་ཏེ། ཁོས་དེ་ལས་གཞན་ག་རེ་འཇོན་གྱི་ཡོད་དམ། དེབ་འབྲི་བ་ནི་མི་རིགས་ཆེད་དུ་རེད་ཟེར་བ་ནི་འུར་གཏམ་རང་རེད། གང་ལྟར་ཁོས་བྲིས་པ་དེས་བོད་ལ་ཕན་ཐོགས་ན་ནི་གཞན་ཞིག་རེད། དེ་རྩོམ་པ་པོའི་ལྷག་བསམ་གང་ཡང་མ་རེད།་ དོན་དངོས་སྟེང་ཁོང་ཚོ་ནི་མི་ཡག་པོ་ཞིག་མིན་ཏེ། ཁོས་རྩོམ་པ་པོའི་ཐུན་ཚོགས་ཀྱི་མཐོང་ཆེན་ཉོས་ནས་ཕྱི་རྒྱལ་ལ་ཕྱིན་པ་ནི་མ་གཞི་ནས་ཁྲིམས་འགལ་རེད།
བོད་ཡིག་དགེ་རྒན་གྱིས་བོད་ཡིག་ཁྲིད་པ་དང་དེབ་བྲིས་བ་ནི་བོད་མི་རིགས་ཀྱི་ཆེད་དུ་ལྷག་བསམ་གང་ཡང་མ་རེད། དེ་མིན་ན་ཁོས་ཅི་ཞིག་ལས་དགོས་སམ། ལང་ཧྤིན་ཚོང་དགོས་སམ།་ མི་རིགས་ལ་ཞེན་ཁོག་ཡོད་མེད་སོགས་མ་བཤད། མིའི་འཚོ་སྟངས་ཙམ་རེད།
khakang samten is my father and he is beside me right now and we are eating right now. sorry because i don’t know how to right tibetain in computer. he was a very good teacher in t.t.s.