༼ཁ་བརྡ་དྲ་དེབ་ལ་གཤམ་གསལ་གྱི་རྩོམ་འདི་ཀློག་མཁན་ཞིག་གིས་བསྐུར་འདུག་ཅིང་། མཁྱེན་རྟོགས་ཆེད་འདིར་བཀོད་པ་ཡིན། རྩོམ་ཡིག་འདིའི་ནང་། ༧སྐྱབས་མགོན་ཆེན་པོར་མཚན་སྨད་དང་བོད་ཀྱི་དངོས་དོན་ལ་འཁྱོག་བཤད་བྱས་འདུག་མོད། འདིར་ང་ཚོས་དེ་རིགས་མཁྱེན་རྟོགས་ཡོང་ཆེད་ཁོ་ནར་དམིགས་ཏེ་བཀོད་པ་ཡིན། ཁ་བརྡས།༽
—————————————-
༄༅༎ཆོས་གོས་གྱོན་ནས་གདུག་རྩུབ་ཆེན་པོས་མི་དམངས་ལ་བཤུ་གཞོག་གཏོང་མཁན་གྱི་ཞིང་བྲན་བདག་པོ།
སྤེལ་དུས། 2009-04-24 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ། རྩོམ་སྒྲིག་པའི་མཆན།
ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལོག་སྤྱོད་དབང་སྒྱུར་རོ་ལངས་རྒྱག་ཆེད་དང་མེས་རྒྱལ་ཁ་ཕྲལ་གཏོང་ཆེད་ཆོས་ལུགས་ལ་ཁ་གཡར་ནས་ཆོས་གོས་གྱོན་ཏེ་མིང་གྲགས་ལ་བརྟེན་ནས་གང་ས་གང་དུ་འཁྱམ་བཤད་བྱས་ཏེ་འཇིག་རྟེན་ཐོག་གི་སྐྱེ་བོར་མགོ་སྐོར་གཏོང་བ་དང་མགོ་བོ་རྨོངས་སུ་འཇུག་གི་ཡོད།ཏཱ་ ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་དང་ཏཱ་ལའི་ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན་སྔར་བས་ཐེར་འདོན་བྱེད་ཆེད་འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན་ཐེར་འདོན་བྱེད་པའི་རིམ་སྤེལ་དཔྱད་གཏམ”བཏོན་ནས་ཏཱ་ལས་འདུལ་ཁྲིམས་ལས་འགལ་བ་དང་སྟོན་པར་རྒྱབ་གཏོད་བྱེད་པའི་གདོང་རིས་ངོ་མ་ཐེར་འདོན་བྱས་ཏེ་ཏཱ་ལས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བ་དང“བོད་རང་བཙན”གྱི་ལྐོག་གཡོ་བཤམས་པའི་ངན་སེམས་འཛམ་གླིང་ཐོག་ཡོངས་བསྒྲགས་བྱས་ཏེ་མི་རྣམས་ལ་ཏཱ་ལའི་ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན་གསལ་པོར་རྟོགས་སུ་འཇུག་རྒྱུ་ཡིན།
༡༩༥༩ལོའི་དམངས་གཙོའི་བཅོས་སྒྱུར་གོང་དུ་བོད་འདི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་པ་དང་སྡེ་པ་གཞུང་དང་།སྐུ་དྲགདགོན་སྡེའི་མཐོ་རིམ་གྲྭ་བཙུན་བཅས་མངའ་བདག་ཆེན་པོ་གསུམ་ལས་གྲུབ་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོར་གདུག་རྩུབ་ཆེན་པོས་ཆབ་སྲིད་ཐད་གཉའ་གནོན ་དང་།བསམ་པའི་ཐད་བྲན་བཀོལ།དཔལ་འབྱོར་ཐད་བཤུ་གཞོག་གཏོང་གི་ཡོད།འོན་ཏེ་ཆོས་སྲིད་ཀྱི་དབང་ཆེན་མི་གཅིག་ལ་བདག་པའི་ཏཱ་ལ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཐོན་དངོས་དང་།བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་སྤྱིའི་ཚབ་བྱེད།ཆོས་གོས་གྱོན་ནས་ངལ་རྩོལ་མི་དམངས་ལ་གདུག་རྩུབ་ཆེན་པོས་བཤུ་ གཞོག་གཏོང་མཁན་ཞིང་བྲན་བདག་པོ་ཆེ་ཤོས་བཅས་ཡིན།
དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ལ་བོད་དུ་གཞིས་ཀ་༢༧དང་འབྲོག་ར་༣༠ཡོད་པ་དང་།བྲན་གཡོག་༦༠༠༠ལྷག་ཙམ་ཡོད།ལོ་ལྟར་ཞིང་བྲན་གྱི་སར་ནས་ཁལ་(ཁལ་རེར་སྤྱི་རྒྱ་༡༤ཙམ་ཡིན)༣༣༠༠༠ལྷག་ཙམ་དང་མར་ཁལ་༢༥༠༠ བོད་དངུལ་སྲང་ཁྲི་༢༠༠ལྷག་ཙམ། ནོར་ལུག་༣༠༠སྣམ་བུ་སྦུབས་༡༧༥བཅས་བཤུ་གཞོག་གཏོང་གི་ཡོད།༡༩༥༩ལོར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་མི་སྒེར་ལ་གསེར་སྲང་ཁྲི་༡༦དང་དངུལ་སྲང་ཁྲི་༩༥༠༠ནོར་བུའི་རིགས་དང་གཡང་ཊིའི་ཡོ་ཆས་ཁྲི་༢ལྷག་ཙམ།དར་གོས་སྣ་ཚོགས་དང་རྩ་ཆེའི་པགས་རིགས་ཀྱི་གྱོན་ཆས་ཁྲི་༡ལྷག་ཙམ་ཡོད་པའི་ནང་སྒོར་ཁྲི་ཁ་ཤས་རི་བའི་ནོར་བུའི་རིགས་ཀྱིས་བརྒྱན་པའི་ཟླ་གམ་༡༠༠ལྷག་ཙམ་བཅས་ཡོད།བ ོད་ཀྱི་ཞིང་བྲན་བདག་པོ་ཆེ་ཤོས་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སྡིག་ཉེས་བརྗོད་ཀྱིས་མི་ལངས་པ་ཞིག་ཡོད་པ་འདི་ལྟ་སྟེ།
ཏཱ་ལས་སྐྱེད་ཆེའི་བུ་ལོན་བཏང་བ།ཏཱ་ལ་སྐྱེ་ཕྲེང་རིམ་བྱོན་ལ་བུན་གཏོང་ལ་ཆེད་མངགས་དོ་དམ་བྱེད་མཁན་གྱི་སྒྲིག་གཞི“རྩིས་དཔོན”དང“རྩིས་ཆུང”བཙུགས་ནས་ལོ་ལྟར་ཏཱ་ལར“བསྙེན་བཀུར”དུ་ཕུལ་བའི་ཡོང་འབབ་ཁག་གཅིག་སྐྱེད་ཆེའི་བུ་ལོན་དུ་བརྩིས་ནས་མང་ཚོགས་ལ་བཏང་སྟེ་ཁེ་བཟང་ཆེན་པོ་རག་ཐབས་བྱེད་ཀྱི་ཡོད།༡༩༥༠ལོའི་བུན་གཏོང་སྒྲིག་གཞི་གཉིས་ཀྱི་རྩིས་ཁྲའི་ཐོག་རགས་ཙམ་འཁོད་པར་གཞིགས་ན།སྐྱེད་ཆེའི་བུ་ལོན་དངུལ་སྲང་ཁྱོན་༣༠༣༨༥༨༡བཏང་བར་ལོ་རེར་སྐྱེད་ཀ་དངུལ་སྲང་༣༠༣༠༥༨བསྡུ་གི་ཡོད།བོད་ཀྱི་རིམ་ཁག་ས་གནས་སྲིད་གཞུང་དུ་བུན་གཏོང་སྒྲིག ་གཞི་མི་ཉུང་བ་ཞིག་བཙུགས་ཡོད།བུ་ལོན་གཏོང་བ་དང་སྐྱེད་ཀ་བསྡུ་རྒྱུ་དེ་རིམ་ཁག་དཔོན་རིགས་ཀྱི་སྲིད་འཛིན་འགན་འཁྲི་ཞིག་ཏུ་གྱུར་ཡོད།༡༩༥༩ལོར་བརྟག་དཔྱད་བྱས་པར་གཞིགས་ན།ལྷ་སའི་འབྲས་སྤུངས་དགོན་དང་།སེ་ར་དགོན།དགའ་ལྡན་དགོན་བཅས་དགོན་སྡེ་ཆེན་པོ་གསུམ་གྱིས་ཁྱོན་འབྲུ་རིགས་རྒྱ་མ་༤༥༤༥༡༦༤༤བུ་ལོན་བཏང་ནས་ལོ་རེར་སྐྱེད་ཀ་རྒྱ་མ་༧༩༨༧༢༨བསྡུས་པ་དང་།དངུལ་ སྲང་༥༧༡༠༥༨༩༥བཏང་ནས་ལོ་རེར་སྐྱེད་ཀ་དངུལ་སྲང་༡༤༠༢༣༨༠བསྡུས་ཡོད།སྐྱེད་ཆེའི་བུ་ལོན་གྱི་བཤུ་གཞོག་བཏང་བའི་ཡོང་འབབ་དེས་དགོན་སྡེ་ཆེན་པོ་གསུམ་གྱི་སྤྱིའི་ཡོང་འབབ་ཀྱི་༢༥%ནས་༣༠%བར་བཟུང་ཡོད། ཏཱ་ལས“ཐ་མི”སྲིད་གཞུང་ནང་ལས་ཀ་དང་རང་མོས་གཉེན་སྒྲིག་བྱེད་དུ་མི་འཇུག་པ།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི《མགར་བའི་རྒྱུད་རྩ་ཉར་འཇོག་བྱེད་མི་ཆོག་པའི་སྙན་ཞུའི》ནང་༡༩༥༣ལོར་སྟོད་ལུང་བདེ་ཆེན་རྫོང་གི་མགར་བའི་རྒྱུད་རྩ་ཞིག་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པའི་འགྲམ་དུ་ལས་ཀ་བྱེད་ཀྱི་ཡོད།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁོ་པ་ནི་མགར་བའི་རྒྱུད་རྩ་ཡིན་པ་ཤེས་འཕྲལ་ཕྱིར་འབུད་བྱས་པ་དང་འབྲེལ་གསེར་བཟོ་བ་དང་དངུལ་བཟོ་བ་དང་མགར་བ་དང་ཤན་པ་སོགས་ཀྱི་ཁྱིམ་ལ་སྐྱེས་པའི་མི་ཞིག་ཡིན་ཕྱིན་ཚང་མ་ཐ་མའི་ཐ་མ་ཡིན་པས་སྲིད ་གཞུང་གི་ནང་ལས་ཀ་བྱེད་མི་ཆོག་ལ་རིམ་པ་གཞན་གྱི་ཁྱིམ་དང་གཉེན་སྒྲིག་བྱེད་མི་ཆོག་ཅེས་བཀའ་རྒྱ་ཕབ་ཡོད་པ་འཁོད་ཡོད།
མིའི་དབང་པོ་སྤྱད་དེ་ཏཱ་ལར་ཚེའི་རིམ་གྲོ་བྱེད་པ།ད་ཆ་ཉར་ཚགས་བྱས་པའི་དུས་རབས་༢༠པའི་ལོ་རབས་༥༠པའི་ལོ་འགོའི་བོད་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རགས་རྒྱབ་པའི་འགོ་པར་བསྐུར་བའི་འཕྲིན་ཡིག་གཅིག་གི་ནང“ཆེད་དོན།སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་ཞབས་བརྟན་ཆེད་རྒྱུད་སྨད་ཚོགས་ཡོངས་ཁྲོ་བཅུའི་གཏོར་བཟློག་གནད་མིན་སྒྲུབ་ཚུགས་ཀྱིས་འདི་ཚེས་ཉིན་ཟོར་འཕེན་དགོས་ཆར་རྒྱུ་མ་རློན་པ་རྒྱུ་ཤལ་གཅིག་དང་།མི་མགོ་གཉིས།ཁྲག་སྣ།གཡང་གཞི་བཅས་དགོས་པ་འཕྲལ་སྤྲོད་དགོས་རྒྱུའི་ངོས་སྦྱོར་དུ”འཁོད་ཡོད།ཏཱ་ལའི་ཁྱིམ་རྒྱུད་ཀྱི་ཁོངས་མི་དང་འཁོར་གཡོག་གིས་ཞིང་བྲན་ལ་གདུག་རྩུབ་ཆེན་པོས་གནོད་འཚེ་བཏང་བ།ཁོ་པའི་ཡོངས་འཛིན་ཁྲི་བྱང་གིས་བདེ་ཆེན་རྫོང་དུ་བཙུགས་པའི་སྒེར་གྱི་དགོན་པའི་དོ་དམ་ཁང་དུ་ཁྲི་བྱང་བླ་བྲང་གིས་གསད་པ་དང་ཉེས་རྡུང་བཏང་བའི་ཞིང་བྲན་དང་གྲྭ་པ་དབུལ་པོའི་མི་གྲངས་དེ་༥༠༠ལྷག་ཙམ་ཟིན་ཡོད་ཁར་མི་༡༢༡བཙོན་དུ་བཅུག་པ་དང་།མི་༨༩ར ྒྱང་འབུད་བཏང་བ།མི་༥༣༨བཙན་ཤེད་ངང་བྲན་གཡོག་བྱེད་དུ་བཅུག་པ།མི་༡༠༢༥སྡུག་བསྔལ་གྱིས་མི་བཟོད་པར་བྲོས་དགོས་བྱུང་བ།མི་༧༢ཀྱི་གཉེན་སྒྲིག་མེད་པ་བཟོས་པ།བུད་མེད་༤༨༤ལ་བཙན་གཡེམ་བྱས་པ་བཅས་རེད།
ངོ་ལོག་བྲོས་བྱོལ་སེང་ནས་ལོ་༥༠སོང་རིང་ཏཱ་ལའི་རུ་ཚོགས་ཀྱིས་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་སྟོབས་ཤུགས་ལྷག་འཕྲོའི་ཚབ་བྱེད་པའི་ངོ་བོ་ལས་གཡོལ་ཐབས་བྲལ་ནས་སྐུ་དྲག་རྙིང་པ་དང་ཁྱིམ་རྒྱུད་ཆེ་བ་དང་ལྷག་པར་དུ་ཏཱ་ལའི་ཁྱིམ་རྒྱུད་ཀྱིས་དུས་ཡུན་རིང་པོའི་ནང་ཏཱ་ལའི་རུ་ཚོགས་ཀྱི་སྲོག་ཤིང་དབང་ཆ་བཟུང་ཡོད། ཏཱ་ལ་རང་ཉིད་ནི“ཆོས་སྲིད་ཀྱི་གཙོ་འཛིན”ཡིན་པས་དབང་ཆ་མཐོ་ཤོས་བཟུང་ཡོད། “མི་གཅིག་དབང་ཆ་ཐོབ་པས་ན། དེ་ཡི་འཁོར་ཡང་དབང་ཡོད་འགྱུར”ཅེས་པ་ལྟར་ཁོ་པའི་གཅེན་གཅུང་བདུན་པོ་ཚང་མས་དབང་ཆ་བཟུང་ཡོད་པ་སྟེ།གཅེན་པོ་རྒན་པ་སྟག་འཚེར་སྤྲུལ་སྐུས“ཉིའུ་གཡོད་དུ་བཅའ་སྡོད་དོན་གཅོད་ཁང”དང“རི་པིན་དུ་བཅའ་སྡོད་དོན་གཅོད་ཁང”གི་ཀྲུའུ་རེན་བྱེད་མྱོང་བ་དང་ནང་མི་ཚང་མ་ཨ་རིར་གཞིས་ཆགས་ཡོད་པ་དང་།གཅེན་པོ་འབྲིང་བ་རྒྱ་ལོ་དོན་གྲུབ་ཀྱིས་“ཡུལ་གྱར་སྲིད་གཞུང”གི“བཀའ་བློན་ཁྲི་པ”བྱེད་མྱོང་བས་ཏཱ་ལའི་རུ་ཚོགས་ནང་གི་ཏཱ་ལ་དང་ཧ་ལམ་འདྲ་བའི་མི་སྣ་གཉིས་པ་དེ་ཡིན་པ་དང་རྒྱ་གར་གྱི་རྡི་ལི་གསར་པ་དང་།ཀ་ལུན་སྦུགརྡོ་རྗེ་གླིང་དང་ཀྲུང་གོའི་ཤང་ཀང་སོགས་སུ་ཁོ་པ་མི་སྒེར་གྱི་སྡོད་ཁང་ཡོད་པ།གཅེན་པོ་ཆུང་བ་བློ་བཟང་བསམ་གཏན་གྱིས་འཕྲོད་བསྟེན་གྱི“བཀའ་བློན”དང་སྨན་རྩིས་ཁང་གི་འགན་འཁུར་བ་ཡུན་རིང་བྱེད་མྱོང་བ་དང་ཁོ་པའི་བཟའ་ཟླ་ཡང“འཕྲོད་བསྟེན་ལས་ཁུངས”ཀྱི་དྲུང་ཆེའི་བར་སླེབས་མྱོང་བ།གཅེན་མོ་ཚེ་རིང་སྒྲོལ་མའི་བཟའ་ཟླ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས“ནང་སྲིད་ལས་ཁུངས”དང“བདེ་སྲུང་ལས་ཁུངས”ཀྱི“བཀའ་བློན”གྱི་འགན་ཡུན་རིང་འཁུར་ཡོད་པ།གཅུང་མོ་རྗེ་བཙུན་པད་མ་ནི“བོད་གཞོན་ནུ་ཚོགས་པ”འཛུགས་མཁན་གྲས་ཤིག་ཡིན་པ་དང“བཀའ་བློན”ཐེངས་མང་བྱེད་མྱོང་བ་དང་རྒྱ་གར་དུ་བཙུགས་པའི “བོད་ཀྱི་བྱིས་པའི་གྲོང་ཚོའི”སྤྱི་འགན་ལོ་༤༦འཁུར་བ་དང་ཕྱི་རྒྱལ་གྱིས་ཏཱ་ལའི་རུ་ཚོགས་ལ་རོགས་རམ་བྱས་པའི་ནང་གི་ཧ་ཅང་མང་པོ་ཞིག་ནི་ཁོ་མོས“བྱིས་པའི་གྲོང་ཚོའི”མིང་ཐོག་ནས་བསྡུ་ལེན་དང་བཀོལ་སྤྱོད་བྱས་པ། གཅུང་པོ་མངའ་རིས་སྤྲུལ་སྐུས“བོད་གཞོན་ནུ་ཚོགས་པའི”སྐབས་གཉིས་པའི་ཚོགས་གཙོའི་འགན་འཁུར་མྱོང་བ་མ་ཟད“རྒྱ་གར་དང་བོད་ཀྱི་དམིགས་བསལ་མཐའ་མཚམས་དཔུང་སྡེའི”ནང་དམག་དཔོན་ལོ་༥བྱེད་མྱོང་བ་དང་དམག་ཁོངས་ནས་ཐོན་རྗེས་ཏཱ་ལའི་རུ་ཚོགས་ཀྱི་སྲོག་ཤིང་དབང་ཆ་སྟེ—“ཏཱ་ལ་མི་སྒེར་གྱི་དྲུང་ཡིག་ཁང”གི་དབང་ཆ་བཟུང་བ། མངའ་རིས་སྤྲུལ་སྐུའི་བཟའ་ཟླ་རིན་ཆེན་མཁའ་འགྲོས“རྒྱ་གར་དང་བོད་ཀྱི་དམིགས་བསལ་མཐའ་མཚམས་དཔུང་སྡེའི”བུད་མེད་བརྒྱ་ཤོག་གི་བརྒྱ་དཔོན་དང“བོད་བུད་མེད་ཚོགས་པའི”སྐབས་གསུམ་གྱི་ཚོགས་གཙོ་བྱེད་མྱོང་ཡོད།
༡༩༩༣ལོར་ཏཱ་ལས“ཡུལ་གྱར་སྲིད་གཞུང”བསྐྱར་སྒྲིག་བྱས་རྗེས་ཁོ་མོས་སློབ་གསོའི“བཀའ་བློན”ལོ་༨བྱེད་མྱོང་བ་དང་ཨོའུ་གླིང་དང་ཨ་རིར་ཟབ་སྦྱོང་བྱེད་པར་འགྲོ་འདོད་ཡོད་པའི་རྒྱ་གར་དུ་ཡོད་པའི་བོད་རིགས་སློབ་མ་དེ་ཚོ་མང་ཆེ་བ་ཁོ་མོས“ཞིབ་མཆན”འགོད་དགོས་ཀྱི་ཡོད་པས་ཕྱི་རྒྱལ་དུ་སློབ་སྦྱོང་བྱ་རྒྱུ་དེ་ཐར་ལམ་ཡག་ཤོས་སུ་བརྩི་བའི་ཡུལ་གྱར་བོད་མི་སློབ་མའི་ངོས་ནས་བཤད་ན་འཆི་གསོན་གྱི་དབང་ཆ་ཆེན་པོ་འཛིན་པ་ནི་སྨོས་མེད་ཅིག་རེད། ད་ལྟའི“ཡུལ་གྱར་སྲིད་གཞུང”སྐབས་འདིའི“བཀའ་བློན”ནང་བསྟན་པ་ཚེ་རིང་ནི་རྗེ་བཙུན་པད་མའི་བཟའ་ཟླ་ཡིན་པ་དང་།སྟག་ལྷ་སྐལ་བཟང་དབངས་ཅན་ནི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་བཟའ་ཟླ་གཉིས་པ་དེ་རེད། “ཡུལ་གྱར་སྲིད་གཞུང”བཙུགས་པ་ནས་ད་བར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ནང་གི་མི་༧གྱིས་སྔ་རྗེས་སུ“བཀའ་བློན”དང“བཀའ་བློན་ཁྲི་པ”བྱེད་མྱོང་བས་དེའི་ཁྱིམ་རྒྱུད་ཀྱི་སྟོབས་ཤུགས་ཆེ་བ་ནི་ཏཱ་ལའི་བླ་མ་སྐྱེ་ཕྲེང་རིམ་བྱོན་ཚང་མ་ལས་བརྒལ་ཡོད།བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་།གདུག་རྩུབ།ཀླ་ཀློ།རྗེས་ལུས་བཅས་ནི་འཛམ་གླིང་ཐོག་གི་སྐྱེ་བོ་ཀུན་གྱིས་སྔ་ས་ནས་གསལ་པོར་རྟོགས་པ་དང་སྔ་ས་ནས་མཆིལ་མ་བཏབ་ ཡོད།འོན་ཏེ་ཏཱ་ལ་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཐོན་དངོས་དང་བོད་རྙིང་པའི་ཞིང་བྲན་བདག་པོ་ཆེ་ཤོས་ཡིན་སྟབས་མི་རྣམས་ལ་རབ་རིབ་ཀྱི་ངོས་འཛིན་ཡོང་སླ་པོ་ཡོད།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པ་དང་ཆོས་ལུགས་ཀྱི་དར་རྟགས་འཕྱར་ཏེ་མི་དམངས་ལ་གདུག་རྩུབ་ཆེན་པོས་བཤུ་གཞོག་གཏོང་བ་དང་།མེས་རྒ ྱལ་ཁ་ཕྲལ་གཏོང་བའི་རེ་ངན་འཆང་བ།བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་རེ་བྱེད་པ་བཅས་ལ་དེ་བས་མགོ་བསྐོར་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད།ང་ཚོས་ཏཱ་ལ་ནི་བོད་རྙིང་པའི་ཞིང་བྲན་བདག་པོ་ཆེ་ཤོས་དེ་ཡིན་པའི་ཚང་མཐིལ་བརྟོལ་བ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི“བྱམས་སྙིང་རྗེ་ཅན་གྱི་བླ་མའི”རྫུན་ཆས་དབྲལ་ཚེ་གཞི་ནས་ཁོ་པའི་ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན་གསལ་པོ་རྟོགས་པ་དང་གཞི་ནས་ཁོ་པའི་རྫུན་གཏམ་མཐའ་དག་མཐིལ་བརྟོལ་ཐུབ།
དགེ་རབ་ལགས། རྒྱ་མིས་གསར་འགྱུར་གང་བཏོན་པ་ཇི་མ་ཇི་བཞིན་ཁ་བརྡའི་ནང་བཏོན་པ་དེར་རྒྱུ་མཚན་མཐོང་གི་མི་འདུག བོད་ལྗོངས་ཉིན་རེའི་ཚགས་པར་ནང་ད་བར་དཔྱད་གཏམ་བརྒྱ་ཕྲག་ཞིག་ནང་དོན་འདི་དང་གཅིག་མཚུངས་སུ་སྤེལ་སོང་ལ། ལྷག་པར་ད་རེས་ཀྱི་དཔྱད་གཏམ་ལེའུ་འདི་ནི་སླར་ཡང་ལེའུ་གསར་པ་འབྲི་ཐེངས་གསུམ་པ་འདི་རེད། དཔྱད་གཏམ་དེ་ཚོར་ཡིག་ཕྲེང་རེ་རེའམ་རྡོ་དོན་རེ་རེར་རྒྱུ་མཚན་བཙལ་ཏེ་དགག་རྒྱག་གནང་ཚེ་ང་ཚོའི་བྱེས་སུ་བཞུགས་པའི་ཤེས་ཡོན་ཅན་གྱི་མིང་འཁུར་བའི་མི་སྣ་ཚོའི་ལས་འགན་གྲུབ་པ་རེད་མ་གཏོགས་རྩོམ་འདི་ཇི་བཞིན་འདིར་བཀོད་དེ་ཁ་བརྡའི་སྡིངས་ཆ་དེའང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ལག་ཆར་བེད་སྤྱོད་བྱ་བཞིན་པ་ངོ་མ་དགོད་བྲོ་བ་ཞིག་མི་འདུག་གམ། ཁྱེད་རང་ཁ་བརྡའི་ནང་ཕྱག་ལས་གནང་གི་ཡོད་ཚེ་ཁ་བརྡར་ཞུགས་མཁན་དེ་་ཚོར་མདོ་དོན་ང་་ཚོའི་སྤྱི་ཚོགས་དང་སྤྱི་པའི་དོན་དུ་འགན་འཁུར་དུས་ཡོད་པ་རེད་དམ། ཡང་ན་རྩོམ་ཁྱར་ཁྱོར་རེ་བྲིས་ཏེ་སྨྱོ་གྲབས་བྱ་མཁན་འབའ་ཞིག་མཐོང་གི་མི་འདུག་གམ། ཁ་བརྡའི་སྟེང་རང་ཚོ་བོད་མི་རིགས་དང་ལྷག་པར་གཞིས་སུ་བོད་ཀྱི་སྐད་ཡིག་ཐོག་ལེགས་སྐྱེས་དམིགས་བསལ་དུ་ཕུལ་མྱོང་བའི་རིན་པོ་ཆེ་མཆོག་གི་ཆུང་སྲིད་སྐོར་དྲ་སྟེང་དུ་བཀོད་མ་ཐག་འདིར་མཆན་བུ་རྐང་གཅིག་བརྒྱབ་མཁན་མེད་པ་དེ་གང་རེད་དམ། དེ་ཁོང་ལ་དད་སེམས་མེད་པས་རེད་དམ། ཡང་ན་འགན་འཁུར་མེད་པས་རེད་་དམ། ཁ་བརྡའི་བདག་པོ་དེ་ཚོའི་བསམ་ཚུལ་དང་ལག་འགོ་དེ་ཚོའང་སུ་ཡིས་བཀག་པ་རེད་དམ། ང་དངོས་གནས་ཡ་མཚན་གྱི་འདུག ནང་ཁུལ་འཁྲུུག་རྐྱེན་དང་མི་ངན་ལ་སྙན་གྲགས་སྤྲོད་རྒྱུ་བྱུང་ན་ང་ཤོར་ཁོ་ཤོར་རེད། དེ་ནི་ཁ་བརྡའི་དམིགས་ཡུལ་ཡིན་མི་སྲིད་ལ། ཁ་བརྡར་རེ་བ་བཅོལ་་མཁན་གྱི་འདུན་པ་ཡང་ཡིན་མི་སྲིད་པས། ཕྱིས་འབྱུས་རྒྱ་རྩོམ་ཇི་བཞིན་ལེབ་བཤུས་བྱ་རྒྱུར་དགོས་པ་མ་་མཐོང་བས་དེའི་སྟེང་མ་བཀོད་་ན་དགེ་མཚན་ཆེ། གལ་སྲིད་་ཁྱེད་རང་ལ་གཞན་གྱི་བསྐུལ་བའི་དམིགས་ཡུལ་གཞན་ཞིག་ཡོད་ན། ཁ་བརྡའི་བདག་པོའི་གྲས་སུ་ཁྱོད་ཡོད་འདུག་པས། ག་རེ་བྱས་ཀྱང་ཁྱོད་ཀྱི་འདོད་པ་ལྟོས
མ་རེད། ངས་བལྟས་ན་རྒྱ་རྩོམ་རྣམས་འདིར་ཇི་མ་ཇི་བཞིན་བཀོད་པ་ཧ་ཅང་དགེ་མཚན་ཆེ་བར་འདོད། གཞན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཆག་ཀྲུམ་ཆ་ཤས་ཆེད་དུ་བསལ་བ་ལ།། ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི།། རང་སྡེ་མཁས་པའི་དགྲ་ལྷའི་དཔང་བསྟོད་འདིས།། གཞན་སྡེའི་དཔའ་བོ་ད་དུང་བསད་པ་མིན།། ཞེས་གསུངས་པ་དང་། ༧སྐྱབས་མགོན་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གིས་ཀྱང་ནམ་རྒྱུན་ཕྱོགས་གཉིས་ཀྱི་ལྟ་གྲུབ་ཡག་པོ་ཤེས་དགོས་ཚུལ་གསུངས་ཀྱི་འདུག་པ་ལྟར་རེད། དེ་ཡང་བོད་དུ་སྡོད་མཁན་དང་། རྒྱ་གཞུང་གི་ཡིག་ཆ་བསྔོགས་རྒྱུ་རག་མཁན་ཚོ་ལ་ཡིག་ཆ་དེའི་གྲས་ཀྱིས་དཀའ་ངལ་མེད་ཀྱང་། ཕྱི་ཕྱོགས་སུ་སྡོད་མཁན་དང་། ཡུལ་དུས་ཀྱི་དབང་གིས་རྒྱ་གཞུང་གི་ཡིག་ཆ་ཚོ་ལ་བལྟ་ས་ཞེ་དྲག་མི་རག་མཁན་ཚོ་ལ་ཕན་ཆེན་པོ་ཐོག་གི་འདུག དཔེར་ན་རྩོམ་དེས་ང་ལ་བློ་སྒོ་མང་པོ་ཕྱེས་སོང་། དེའི་ནང་གི་འགའ་ཞིག་རྫུན་ཡིན་རུང་། ཡབ་གཞིས་ཚང་ལ་འཁོར་གཡོག་མང་བ་དང་། ཁྲལ་མང་པོ་ཕུལ་དགོས་པ། ཡབ་གཞིས་ཚང་གི་ནང་མི་ཡོངས་རྫོགས་ཀྱིས་གཞུང་གི་འཛིན་སྐྱོང་བྱས་པ་སོགས་བདེན་པའི་ཆ་ཡང་འགའ་ཞིག་ཡོད་པ་རེད། ད་དུང་“ཆེད་དོན། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱའི་ཞབས་བརྟན་ཆེད་རྒྱུད་སྨད་ཚོགས་ཡོངས་ཁྲོ་བཅུའི་གཏོར་བཟློག་གནད་མིན་སྒྲུབ་ཚུགས་ཀྱིས་འདི་ཚེས་ཉིན་ཟོར་འཕེན་དགོས་ཆར་རྒྱུ་མ་རློན་པ་རྒྱུ་ཤལ་གཅིག་དང་། མི་མགོ་གཉིས། ཁྲག་སྣ། གཡང་གཞི་བཅས་དགོས་པ་འཕྲལ་སྤྲོད་དགོས་རྒྱུའི་ངོས་སྦྱོར་དུ”ཟེར་བའི་ལུང་ཞིག་དྲངས་ཡོད་པ་དེ་ཡིག་ཆ་དངོས་ཡོད་ཅིག་རེད་འདུག་པས་འདི་ཚོ་ང་ཚོས་ཤེས་དགོས་པ་རེད། མ་མཐའ་ཡང་ཉི་མ་གཅིག་ལ་རྒྱ་སྐྱག་ཅིག་གིས་གློ་བུར་དུ་དྲིས་བཞག་ན་རྣ་བ་ལ་འགྲོ་བའི་ལན་ཞིག་གྲ་སྒྲིག་བྱེད་དགོས་པ་རེད་མ་གཏོགས། རྒྱ་རོ། སྐྱག་གཟན་ཁྱི་ཁ་ཚུམས་ཞེས་བཤད་ན་ཏག་ཏག་བསྡད་ཀྱི་མ་རེད་པ།
འོ་ད་དུང་བཤད་རྒྱུ་གཅིག་ལ། ཏྰ་ལའི་བླ་མའི་སྐྱོན་ཆ་ཡོངས་རྫོགས་འཛམ་གླིང་ཐོག་ཡོངས་བསྒྲགས་བྱས་ཏེ་མི་རྣམས་ལ་ཏཱ་ལའི་ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན་གསལ་པོར་རྟོགས་སུ་འཇུག་རྒྱུ་ཡིན་ཞེས་མུ་མཐུད་དུ་མང་པོ་ཞིག་སྟོན་ཡོང་རྒྱུ་ཡོད་མདོག་བྱེད་ཀྱི་འདུག་མོད། འདི་ཙམ་ཞིག་མ་གཏོགས་ཅི་ཡང་སྟོན་རྒྱུ་ཡོད་ནི་མ་རེད། ཡོད་ན་སྔར་ནས་བསྟན་ཚར་ཡོད་རེད། དེར་བརྟེན་འདི་ཚོ་ལ་ལན་ཡག་པོ་ཞིག་རྒྱོབས་དང་དེ་ནས་འགྲིག་ཚར་བ་རེད་ལ། ཕྱི་ལོགས་སུ་ཡོད་པའི་སྨྱུག་འཛིན་པ་ཞིག་གི་ལས་འགན་ཡང་རེད། དེ་མིན་སྙིང་གི་ཚིལ་ལུ་འམ་སྙིང་གི་ཤ་རྡོག་ཁྱེད་རང་གིས་ཁ་བརྡའི་དྲ་དཔོན་ལ་རྒྱ་རྩོམ་འདི་ཚོ་ང་ལ་སྟོན་ཡོང་མི་དགོས་ཟེར་ན་དེ་བློ་ཕུགས་ཅུང་དོག་དྲག་པ་མིན་ནམ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་ངན་འདི་ཚོ་དྲ་ཚིགས་རེ་བསྟན་ན་དེ་ཙམ་མ་གཏོགས་ཡོངས་རྫོགས་བཀོད་པ་ལ་དགོས་པ་ཆེར་མ་མཐོང་།
བཟང་སྐྱོན་ལ་མ་བལྟོས་པར་བོད་འབྲེལ་གྱི་རྩོམ་ཡིག་གང་ཞིག་ཡིན་ཡང་རྒྱ་ཁྱབ་ཏུ་སྤེལ་འགོད་འགྲེམ་གསུམ་བྱས་ན་ལེགས་པར་མཐོང་། གང་ཞིག་མཐོང་མི་དགོས་པ་དང་ཤེས་མི་དགོས་པའི་ཚད་བཀག་དེ་རིགས་ང་ཚོར་སུ་ཡིས་ཀྱང་སྤྲོད་མི་འོས། འོན་ཀྱང་ཁྱད་མཚར་བ་ཞིག་ལ། བོད་ཕྱི་ནང་གི་བོད་མི་ཤེས་ཡོན་ཅན་ཕལ་ཆེ་བས་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་ཀྱི་གནད་འགག་དག་ལ་ཐུག་དུས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཛིན་རྐྱང་བྱེད་ཀྱི་ཡོད། བོད་རིགས་ཤེས་ཡོན་ཅན་ཚོའི་ལས་འགན་ནི་རྩོམ་རིག་གི་ལས་དོན་ཁོ་ན་མ་ཡིན་པར། བོད་ཀྱི་སྲིད་དཔལ་རིག་གསུམ་དང་ནང་ཆོས་བཅས་པ་མདོར་ན་བོད་མི་རིགས་ཀྱི་ཡོད་ཚད་ལ་བོད་རིགས་གཅིག་མཚུངས་ལྟར་རྐང་འགན་ལེན་དགོས་པར་འདོད་ལ། དེ་ནི་བོད་མི་ཤེས་ཡོན་ཅན་གྱི་སྡེ་ལ་ལྷག་པར་དུ་འཁྲི་ཡོད་པའི་ལས་འགན་དམིགས་བསལ་བ་ཞིག་རེད། ང་ཚོས་རང་རིགས་ནང་ཁུལ་ལ་དོན་མེད་ཀྱི་དགག་རྒྱག་སྐྱོན་བརྗོད་བྱེད་རྒྱུ་ལས། ནམ་ཡང་བོད་མི་རིགས་ལ་མཐོང་ཆུང་ངན་སྨོས་བྱེད་ཀྱིན་ཡོད་པའི་རྒྱ་རྩོམ་ཁག་ལ་
སྐབས་འབྲེལ་གྱི་དཔྱད་གཏམ་བརྗོད་ན་ཧ་ཅང་དགེ་མཚན་ཆེ་ལ། དེ་ནི་ང་ཚོའི་ཤེས་ཡོན་པའི་སྡེ་ལ་རང་བཞིན་གྱིས་འཁྲི་བའི་ད་ལྟའི་གནས་བབ་ཅིག་ཀྱང་རེད་བསམ།
སྙིང་གི་ཚི་ལུ་ལགས། གོང་གི་བོད་ལྗོངས་ཉིན་རེ་ཚགས་པར་སྟེང་གི་རྩོམ་འདི་དགེ་རབ་ལ་བསྐུར་མཁན་ང་རང་ཡིན། ཁྱེད་ཀྱིས་ཁ་བརྡ་རྩོམ་སྒྲིག་པར་དོན་མེད་མ་སྡིགས།
ངས་ག་དུས་ཡིན་ན་ཡང་ང་ཚོ་ལ་མིག་གཉིས་དང་རྣ་བ་གཉིས་ཡོད་པ་འདིས་ཉིན་སྲིབ་གཉིས་ལ་ལྟ་དགོས་བ་དང་། ཕྱི་ནང་གཉིས་ཆར་ཉན་དགོས་བར་འདོད་ཡོད།
ཡང་བཤད་སྟངས་གཞན་ཞིག་བྱས་ནས་བཤད་ན་སྨྲ་བརྗོད་རང་དབང་ཟེར་བ་འདིའི་གོ་དོན་ངོ་མའི་ནང་གཞན་གྱིས་ཚུར་སྐྱོད་བརྗོད་བྱས་བ་དེ་ཉན་དགོས་བ་འདི་བསྡུས་ཡོད་པ་འདྲ།
གཞིས་ལུས་བོད་པ་ལགས། རྒྱ་ནག་གི་རྩོམ་དེ་རིགས་གཟིགས་ན་འདིར་མང་པོ་འདུག རེ་གཉིས་ཤིག་གི་ཁ་བྱང་བཀོད་ཡོད།
http://tb.chinatibetnews.com/xzpinglun/zyguand/2009-04/01/content_224042.htm
http://tb.chinatibetnews.com/xzpinglun/zyguand/2009-03/24/content_219321.htm
http://tb.chinatibetnews.com/xzpinglun/baozhipl/2009-04/26/content_234907.htm
http://tb.chinatibetnews.com/xzpinglun/zyguand/2009-04/22/content_233094.htm
http://tb.chinatibetnews.com/xzpinglun/zyguand/2009-04/12/content_228789.htm
http://tb.chinatibetnews.com/xzpinglun/zyguand/2009-04/10/content_228286.htm
http://tb.chinatibetnews.com/xzpinglun/zyguand/2009-04/10/content_228267.htm
http://tb.chinatibetnews.com/news/shiz/2009-04/08/content_227372.htm
http://tb.chinatibetnews.com/news/shiz/2009-04/08/content_227351.htm
http://tb.chinatibetnews.com/xzpinglun/baozhipl/2009-04/23/content_233568.htm
http://tb.chinatibetnews.com/xzpinglun/zyguand/2009-03/18/content_216728.htm
གཞིས་ལུས་བོད་པ་ལགས། གཤམ་གྱི་དྲ་རྒྱའི་ཁ་བྱང་ཁག་ནས་རྒྱ་གཞུང་གི་ཉིན་རེ་ཉིན་རེའི་དཔྱད་རྩོམ་རྣམས་རེག་ཐུབ།
http://tb.chinatibetnews.com/xzpinglun/zyguand/node_747.htm
http://tb.chinatibetnews.com/xzpinglun/baozhipl/2009-04/26/content_234907.htm
http://tb.chinatibetnews.com/xzpinglun/baozhipl/2009-04/23/content_233568.htm
ཁྱེད་ཀྱིས་བཤད་ནོ་ངོ་མས་བདེན་གི ལ་ལ་ཞིག་གིས་ནམ་ཡིན་ཡང་ཕྱོགས་གཅིག་རྐྱང་བ་ཞིག་ལས་ཅི་ཡང་མཐོང་གི་ཡོད་པ་མ་རེད། ད་བཤད་སྲོལ་མེད་ཡཱ།
བདེན་གི། མི་ཞུན་ལ་མིག་རྣ་གཉིས་གཉིས་འདུག གཉིས་ཀ་བེད་སྤྱོད་གཏོག་གི། ཡིན་ནའང་དེའི་སྟེང་དུ་དྲང་བདེན་དང་བཟང་སྤྱོད་ཞིག་ཀྱང་ཡོད་ན་དགའ་བ་ལ།
ཁྱེད་ཀྱིས་རྒྱ་ནག་གི་གསར་འགྱུར་ནང་གང་ཡོད་ཇི་ཡོད་ཇི་མ་ཇི་བཞིན་བཀོད་འདུག་པས་ཐུགས་རྗེ་ཆེ།ངས་བལྟས་ན་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་མཁན་དང་རྒྱ་མིའི་རྗུན་གཏམ་ལ་བློ་གོམས་པའི་བོད་མི་ཞིག་ལ་དེ་ཙམ་གྱི་གནོད་སྐྱོན་མི་འདུག
བོད་ཀྱི་དངོས་ཡོད་གནས་ཚུལ་ཆ་རྒྱུས་མེད་མཁན་གྱི་དེང་དུས་ཀྱི་གཞོན་སྐྱེེས་ཚོར་བློ་སྐྱེས་གསར་པ་ཞིག་ཡོང་གི་ཡོད་སྲིད་ཀྱང་དེ་དང་མཉམ་དུ་བསམ་བློའི་ནང་བག་ཆགས་ངན་པ་ཞིག་ཀྱང་འཇོག་སྲིད་པས་གསར་འགྱུར་བཀོད་པ་དང་མཉམ་དུ་རྒྱ་མིའི་རྫུན་གཏམ་གྱི་མཐིལ་བརྟོལ་དགོས་རྒྱུ་ནི་དེ་བས་དགེ་མཚན་ཆེ་བར་མངོན།་