ཐེ་བོ་ཤེས་རབ་རྒྱ་མཚོ།
སྤྱིའི་ཆ་ནས་བཤད་ན། གཞས་ཚིག་ནི་སྙན་ངག་གི་ཆ་ལས་མ་འདས་ཀྱང༌། དེ་ལྟའི་གཞས་ཚིག་དེ་གཞས་པས་བློ་གཅིག་སེམས་གཅིག་གིས་གདངས་དབྱངས་སུ་གྱེར་དུས་དེས་འགྲོ་བ་མི་རིགས་ལ་སྟེར་བའི་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་ནི་དུས་རྒྱུན་དུ་སྙན་ངག་བཀླགས་པའི་རོལ་མྱོང་གི་ཁྱབ་རྒྱ་ལས་ཡོངས་སུ་བརྒལ་བཞིན་ཡོད་ལ། དེ་ནི་ང་ཚོས་རང་ཉིད་དང་ཧ་ཅང་རྒྱང་རིང་གི་སྤྱི་ཚོགས་ཤིག་ནས་འཚོལ་ཞིབ་བྱེད་མི་དགོས་བར་འདས་པའི་ལོ་ངོ་འདི་དག་གི་རིང༌། རང་ཉིད་ཀྱི་ཉེ་འཁོར་ནས་རྙེད་སོན་ཡོང་གི་ཡོད།
ད་ལོ་ ༣྄།༡༠ ཉིན་ནས་བཟུང་སྔར་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དམངས་ཚོགས་ཀྱི་འོས་ལངས་འདི་འདྲའི་གཞི་རྒྱ་ཆེན་པོ་ཞིག་འབྱུང་དགོས་བའི་ཤུགས་རྐྱེན་ཧ་ཅང་མང་པོ་ཞིག་ཡོད་པའི་ནང་གི་གཅིག་ནི། ལོ་ངོ་འདི་དག་གི་རིང་བོད་ནང་གི་གླུ་བ་དང་གླུ་མ་ཚོས་བླངས་པའི་ལ་རྒྱའི་སྐོར་གྱི་གླུ་དབྱངས་དང༌། རྡུང་ལེན་གྱི་རིགས་ལ་འབྲེལ་བ་དམ་ཟབ་ཡོད་པ་སྨྲོས་ཅི་དགོས། ད་སྐབས་བཙན་བྱོལ་ནང་དུ་བོད་ཆགས་སྡང་གང་གི་སྐབས་སུའང་ལེན་ཆོག་ཆོག་ཅིག་ཡིན་ལ། དེ་ལྟ་བའི་གླུ་དབྱངས་ནི་མདོར་བསྡུས་ནས་བཤད་ན། འགྲོ་བ་མིའི་གཞི་རྩའི་བསམ་བློའི་མངོན་འདོད་དང་དད་འདུན་མཚོན་རྒྱུར་མེད་ཐབས་བྲལ་བའི་ཆ་ཤས་གལ་ཆེན་ཞིག་ཡིན།
དེ་བཞིན་ད་བར་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་བཙན་གནོན་དང༌། བཀག་རྒྱའི་འོག་ནས་རང་སེམས་ཀྱི་འདོད་འདུན་མཚོན་པའི་གླུ་དང་གླུ་དབྱངས་ཧ་ཅང་མང་པོ་བྱུང་ཡོད་ལ། ཉེ་བའི་ལོ་འདི་དག་གི་རིང་བོད་ནང་ལ་མཚོན་ནའང་རྒྱ་ནག་གཞུང་གི་བཙན་གནོན་འོག་ནས་གླུ་བ་གླུ་མ་ཚོས་བོད་མི་རིགས་ཀྱི་མངོན་འདོད་དང་དད་འདུན་གདངས་དབྱངས་སུ་གྱེར་ཡོད་པ་དང༌། དེ་ནི་ཁོང་ཚོ་གླུ་བ་ཞིག་ཡིན་པའི་ཆ་ནས་ཁོང་ཚོས་ཅིས་ཀྱང་གྱེར་དགོས་པའི་བླ་མེད་ཀྱི་འོས་འགན་ཞིག་ཀྱང་ཡིན། དེར་བརྟེན་ད་ལོ་བོད་ཁམས་ཡོངས་ནས་བོད་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་བར་རྒྱ་ནག་གཞུང་ཕྱོགས་ནས་ལོག་འགྲེལ་སྣ་ཚོགས་ཤིག་རྒྱག་བཞིན་པ་དེར། ང་ཚོའི་ངོས་ནས་ངོ་རྒོལ་དང༌། ལུས་སྲོག་ལོངས་སྤྱོད་དང་བཅས་པ་རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་ཆེད་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཞུམ་མེད་སྙིང་སྟོབས་ལ་རྗེས་དྲན་དང༌། ད་དུང་རྒྱ་གཞུང་གི་མནར་གཅོད་འོག་མུ་མཐུད་དཀའ་སྡུག་མྱོང་བཞིན་པའི་བོད་མི་དམངས་ཀྱི་མངོན་འདོད་དང་དད་འདུན་ཅི་ཡིན་གླུ་བ་ཚོའི་ལས་འགན་ཞིག་ཡིན་པར་བརྟེན། ན་གཞོན་གཞས་པ་ལྷུན་གྲུབ་ཀྱིས་ད་ལོ་བོད་ནང་གི་བོད་མིའི་ཞི་བའི་སྒེར་ལངས་སྐབས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བའི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་དང༌། ད་དུང་མུ་མཐུད་དཀའ་སྡུག་ཁྲོད་ལྷག་པའི་གཞིས་ལུས་སྤུན་ཟླ་ཚོའི་སེམས་ནང་གི་མངོན་འདོད་དང་དད་འདུན་རྗེན་པར་མཚོན་གླུ་དབྱངས་ ༼བོད་མིའི་སྐྱིད་སྡུག་མཉམ་མྱོང་ ༽ཞེས་པའི་འོད་སྡེར་གསར་པ་ཞིག་བཟོས་ནས་ད་ལྟ་དཔར་སྐྲུན་བྱེད་ཀྱི་སྒང་ཡིན་ལ། རིང་མིན་གསན་མཁན་ཚོའི་སྙན་ལམ་དུ་འབུལ་རྒྱུ་རེད། ད་ལམ་གྱི་འོད་སྡེར་འདི་ནི། གཞས་གདངས་གཅིག་མ་གཏོགས་གཞན་ཚང་མ་གསར་རྩོམ་བྱས་པ་ཤ་སྟག་ཡིན་སྟབས། ཁོང་གིས་༼བོད་མིའི་སྐྱིད་སྡུག་མཉམ་མྱོང༽ནི། དེ་སྔར་འགྲེམས་སྤེལ་བྱས་པའི་༼གངས་ཅན་པའི་ལས་དབང་༽ལ་ཕུལ་དུ་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
བོད་ནང་གི་གླུ་བ་གླུ་མ་ཚོས་ངག་གླུ་དྲུག་འགྱུར་ལ་དྲངས་པའི་རྒྱལ་གཅེས་སེམས་ཤུགས་ཀྱིས་ཕྱུག་པའི་གླུ་དེ་ཚོས་ངའི་ཡིད་སེམས་དབང་མེད་དུ་འཕྲོག་པ་མ་ཟད་མིག་གཉིས་ནས་མཆི་མ་ཤམ་ཤམ་དུ་བཞུར་ཡོང་གི། ཁོང་ཚོ་མི་རིགས་ཤིག་གི་ཚབ་མཚོན་ཡིན་པ་དང་། ཁོང་ཚོའི་གཞས་ལས་ང་ཚོས་མི་རིགས་ཤིག་གི་དར་རྒུད་དང་མི་རིགས་ཤིག་གི་སེམས་འདུན་དང་དད་པ་སོགས་གསལ་བོར་མཐོང་ཐུབ་པས་མིག་ཆུ་མ་བཏང་རང་དབང་མེད་གི། གཞས་ནི་དགའ་སྡུག་ཆགས་སྡང་གི་མྱོང་ཚོར་ཁོ་ནའི་ཐོག་ནས་སྙན་ངག་གི་ཁྱབ་རྒྱ་ལས་འདས་པ་ཞིག་མིན་པར་དེ་ལ་ཁྱད་པར་གཞན་ཞིག་ཀྱང་ཡོད་པ་ནི། སྙན་ངག་ནི་ཡི་གེ་ཤེས་མཁན་ཁོ་ན་དང་ཡང་ན་སྙན་ངག་ཤེས་མཁན་ཁོ་ནས་མ་གཏོགས་ཀློག་གི་མེད། གཞས་ནི་ཡི་གེ་ཤེས་མི་ཤེས་ཚང་མས་ཉན་གི་ཡོད་པ་ལྟར་རེད།
བར་སྐབས་ཤིག་ནས་གཞས་པ་སུ་ཞིག་ནས་བཟོས་པའི་སྒྲ་འཁོར་བྲིན་མི་བྲིན་དེའང་གང་དེས་བཏང་བའི་གཞས་རྣམས་ལ་མི་རིགས་ཀྱི་ལར་ཞེན་གྱིས་བཅངས་ཡོད་མེད་ལ་ཐུག་ཡོད་རེད་ཟེར། ཅི་ཙམ་གྱིས་རིགས་ཀྱི་མངོན་འདོད་མཚོན་པའི་གཞས་ཡིན་ན་དེ་ཙམ་གྱིས་སྤྱི་ཚོགས་ནང་དགའ་བསུ་ཐོབ་ཀྱི་ཡོད་ཚུལ་གོ གཞས་ཚིག་ཕྲིས། གཞས་ཚིག་ཕྲིས། སྙན་ངག་ཧྲལ་ལེ་ཧྲེལ་ལེ་རྐྱང་རྐྱང་བྲིས་མི་ཚེ་འཕྲོ་བརླག་ལ་མ་གཏོང་། རང་གི་སེམས་འདུན་གདངས་སུ་གྱེར་ནས་ལོངས།
བཀའ་འདྲི་ཞུ་རྒྱུར་གཞས་པ་ལྷུན་གྲུབ་ལགས་བོད་ནང་ཡོད་པ་རེད་དམ། ཉིན་ཤས་རིང་བོད་ནང་གི་གཞས་པ་ལྷུན་གྲུབ་ལགས་ནས་བཏང་གནང་བའི་བོད་གཞས་<>ཞུ་བ་འདི་འཚོལ་བཞིན་ཡོད། གཞས་འདི་ཁོང་དང་གྲོགས་པོས་བཟོས་པའི་འོད་སྡེར་<>ཞུ་བ་འདིའི་ནང་ཡོད་པ་རེད་འདུག གལ་ཏེ་ཁྱེད་རྣམ་པས་མཁྱེན་གྱི་ཡོད་ན་ལན་ཞིག་གནང་རོགས།
གཞས་ཀྱི་མིང་གོང་ལ་གསལ་མིན་འདུག་
གཞས་ཀྱི་མིང་ལ་ དྲན།
འོད་སྡེར་གྱི་མིང་ལ་ བཙན་པོའི་ཕ་ས།
བོད་ཀྱི་ཨ་མདོ་ནས་ཐོན་པ་རེད།