༼གོང་གསལ་འདྲ་པར་རྣམས་འགོད་རིམ་བཞིན། སངས་རྡོར། རྒྱ་འཇིགས། བྷུ་ངྷ་བཅས་ཡིན།༽
ཉིན་དེར་རྨེའུ་རུ་མའི་ནང་ནས་ངོ་རྒོལ་སྐད་འབོད་སྐབས་དང་དེ་རྗེས་བཅས་སུ་དམག་མིས་ འཛིན་བཟུང་བྱས་པ་གནམ་མཚོ་དགོན་པའི་བླ་མ་རྡོ་རྗེ་འཛིན་པ་པདྨ་རྡོ་རྗེ་འཆང་སོགས་དགེ་འདུན་པ་སྐོར་ཞིག་དང་།
གནམ་མཚོ་མའི་གཏོ་རུ་སྡེ་བའི་འབྲུག་ཐོ་ཚང་གི་བུ་ལོ་བརྒྱ། རང་ལོ་ ༣༡ ཙམ་དང་། ཁོང་གི་སྲིང་མོ་བྱམས་པ་གཉིས།
རུ་ཆེན་དང་པོའི་འཇིགས་མེད་ཚང་གི་བུ་བློ་བཟང་སྐེ་ཡོ། རང་ལོ་ ༣༥ ཡིན་པ་ཁོང་དང་། ཚེ་བརྟན་ཚང་གི་ཚེ་བརྟན། རང་ལོ་ ༤༣ ཙམ་ཡིན་པ་ཁོང་གཉིས།
དེ་བཞིན་རུ་ཆེན་གཉིས་པའི་ཚེ་པེ་རྡོ་རྗེ་དང་། ནམ་དོན། རྒྱ་སྟོད་ཚང་གི་རྒྱ་འཇིག རང་ལོ་ ༤༤ ། ཨ་བ་ཚང་གི་རྡོ་རྗེ། རང་ལོ་ ༣༤ ཡིན་པ་ཁོང་སོགས་མི་སྐྱ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག་ལ། དེ་མིན་ཁ་སང་ནས་དེ་རིང་བར་རྨེའུ་རུ་མའི་མི་སྐྱ་ཕོ་མོ་བརྒྱ་ཡས་མས་གར་སོང་ཆ་མེད་གྱུར་ཏེ་གནས་ཚུལ་ཤེས་རྟོགས་ཐུབ་ཀྱིན་མེད་པ་དང་། ཨ་བ་ཚང་གི་རྡོ་རྗེ་དང་ཕ་མ་གཅིག་པའི་སྤུན་རྔ་པ་ཀིརྟི་དགོན་པའི་གྲྭ་སངས་རྡོར། རང་ལོ་ ༢༤ ཡིན་པ་ཁོང་དང་དེ་མིན་གྱི་ཀིརྟི་དགོན་པའི་གྲྭ་པ་གཞན་ཞིག་ཀྱང་སྐབས་དེར་རྨེའུ་རུ་མའི་ནང་ནས་འཛིན་བཟུང་བྱས་ཡོད་འདུག
རྔ་པ་རྫོང་མཁར་ནས་མཐའ་བ་གོང་མའི་བྷུ་ངྷ་སོགས་ཕོ་གསར་བཅུ་དོན་མེད་དུ་འཛིན་བཟུང་བྱས་ཡོད་འདུག
ཡང་ཉིན་དེར་རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་དགོན་གྲོང་གི་སེར་སྐྱ་ ༡༠༠༠ ཡས་མས་ཚོ་བདུན་དགོན་པར་འདུ་འཛོམས་ཀྱིས་ཕྱི་དྲོའི་དུས་ཚོད་ ༥།༣༠ ཙམ་ནས་དགོང་མོའི་དུས་ཚོད་ ༨ བར་མར་མེ་ཁྲོམ་སྐོར་གནང་ཞིང་། མར་མེ་ཁྲོམ་སྐོར་གྱི་རྗེས་སུ་འབར་ཁམས་ཁུལ་ནས་ཉེན་རྟོག་དཔོན་སོགས་མཐོ་རིམ་ལས་བྱེད་པ་དང་། ཉེན་རྟོག་པ་མང་པོ་ཞིག་དགོན་པར་འབྱོར་ཡོད་འདུག
ཕྱི་ ཚེས་ ༢༤ ཉིན་རྒྱལ་རོང་ཚོ་བདུན་དགོན་གྲོང་ཐུན་མོང་གིས་རྩེ་སྟོད་རྒྱུའི་ཡུལ་སྲོལ་ཞིག་ཡོད་པ་དགོན་པ་དང་ཚོ་བ་བདུན་གྱི་ཚོ་དཔོན་རྣམས་ཀྱིས་གྲ་སྒྲིག་ཚང་མ་བྱས་ཚར་ཡོད་ནའང་། རྒྱ་གཞུང་གིས་བཀག་འགོག་བྱས་ཏེ་ལ་རྩེ་སྟོད་བཅུག་མེད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༤ ལ།
གནས་ཚུལ་བཀོད་པ་ཐུགས་རྗེ་ཆེ། ང་ཚོས་ཅི་ལྟར་བྱེད་ཀྱང་ཞི་བའི་སྒང་ནས་ལས་འགུལ་རྒྱུན་མཐུད་དུ་གནས་རྒྱུ་གལ་ཆེ་ལ། དེ་ནི་ང་ཚོའི་འཐབ་རྩོད་རྒྱུན་གནས་ཐུབ་པའི་ཆ་རྐྱེན་ཡག་ཤོས་དང་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་པའི་ཆ་རྐྱེན་ཡག་ཤོས་དེ་རེད། རྒྱ་ནག་གིས་ཅི་ལྟར་བྱེད་ཀྱང་ཡ་ལན་དྲག་པོས་མི་སློག་གནད་དུ་མཐོང་ལ། གལ་སྲིད་དྲག་ལེན་སློག་ཚེ་དྲ་ལི་བྷན་ལྟར་འཇབ་རྒོལ་བྱེད་རྒྱུ་ལས་གདོང་ཐུག་མི་བྱེད་ནི་བོད་མི་སྐྱོབ་པའི་ཐབས་ལམ་ཡག་ཤོས་དེ་ཡིན་ལ། དྲག་པོས་ཐོག་ནས་རྒྱ་ནག་ལ་གནོད་ཤུགས་སྤྲད་པའི་ཐབས་ལམ་ཡག་ཤོས་དེ་རེད། གདོང་ཐུག་བྱས་ཚེ་བྱ་སྒོང་བྲག་ལ་འཐབ་ཅི་བཞིན་རེད་ལ་རྒྱ་ནག་གི་འདོད་བློ་རེད། དམར་དམར་དམག་གིས་དྲག་རྩལ་སྤྱང་བདེ་་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་ཐོབ་པ་རེད་ལ། བོད་མིར་དྲག་གནོན་བྱེད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྲིམས་མཐུན་ཐོབ་པའི་ཅ་རྐྱེན་ཡག་ཤོས་དེ་རེད། ཅི་ལྟར་བྱེད་ཀྱང་དྲག་ལན་མི་སློག་རྒྱུ་གནད་དུ་མཐོང་། མེ་མདའ་དང་ལག་སྟོང་ཐུག་ཐབས་མེད། དྲག་རྩལ་ལ་སྤྱང་བརྡ་ཅན་དང་མ་བྱས་མཁན་གཉིས་བསྡུར་ཐུབ་མེད། གདོང་ཐུག་གིས་དྲག་ལེན་མི་སློག་རྒྱུ་གནད་དུ་མཐོང་།
སྙིང་ནས་ཁོང་ཚོར་གུས་ཞབས་ཡོད།
བོད་རིགསསྤྱི་སེམས་ཅན་དང་། ་སྤྱི་དོན་བྱེད་མི་སུ་བྱུང་ཁོང་གསུམ་ལྟར་མ་མཐའ་ཡང་ངོ་དེབ་སོགས་སུ་བཀོད་སྤེལ་བྱེད་གལ་ཆེ་བ་ཞུ་ལགས།
མདོ་སྨད་རྔ་བའི་མི་མང་གི་རྒྱལ་སྐྱོབ་སྙིང་སྟོབས་ལ་སྙིང་ནས་བརྩི་བཀུར་དང་གདུང་སེམས་མཉམ་སྐྱེད་ཡོད།