དེ་རིང་ཕྱི་དྲོར་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གསར་འགོད་གསལ་བསྒྲགས་སྤེལ་ཏེ། སྤྱི་ལྷན་ནས་ལས་དོན་ཁག་ཅིག་ཕྱག་བསྟར་གནང་རྒྱུ་ཡིན་པ་རེད་འདུག ལས་འགུལ་སྤེལ་འཆར་ཁག་ནི།
* སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་གཙོས་པའི་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་བཅས་སྤྱི་འཐུས་བཞི་ལས་གྲུབ་པའི་སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཚེས་ ༢༩ ཉིན་ལྡི་ལིར་ཆེད་བསྐྱོད་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་དང་། གཞུང་ཚབ་ཁག་ལ་གནས་སྟངས་ཞུ་སྐུལ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ལ་ཐུག་འཕྲད་ཀྱིས། སྤྱི་ལྷན་གྱི་ཛ་དྲག་དགོས་འདུན་ཁག་ཐད་སྤྲོད་ཞུ་རྒྱུ།
* རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྤྱི་ལྷན་གྱི་ཡོངས་བསྒྲགས་ཀྱི་སྙན་ཞུ་བསྐུར་གཏོང་ཞུ་རྒྱུ།
* མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་སྤྲོད་དང་སྦྲགས། གྲོས་ཚོགས་ཁག་སོ་སོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བསྐྱར་མ་འཇོག་ཐབས་དང་། རྒྱལ་ཚོགས་དྲུང་ཆེར་རྒྱུན་ལས་ཀྱི་སྐུ་ཚབ་ངོ་ཐུག་ཐུབ་ཐབས་ཀྱི་འབད་བརྩོན་བྱ་རྒྱུ།
* ཕྱི་རྒྱལ་བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག རྒྱ་གར་ནང་བོད་མི་སུད་ཚོང་བ་གནས་ཡུལ་ས་གནས་ཁག་བཅས་ནས་བོད་ནང་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་ཞི་བའི་ལས་འགུལ་གང་ལ་ཇི་འོས་སྐབས་འཕྲལ་སོ་སོར་སྤེལ་རྒྱུའི་གཞེན་སྐུལ་ཞུ་རྒྱུ།
* ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་འཛིན་སྐྱོང་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་དོན་ལྟར། རྒྱལ་སྤྱིའི་ཁྱོན་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་རྒྱུར་བོད་མི་ཚང་མ་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ།
* སྤྱི་ཡོངས་ལྷག་དཀར་ཉིན་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་པའི་བྱེད་སྒོ་ཁག་བོད་མི་འདུ་གནས་གང་སར་སྲུང་བརྩི་ཞུ་དགོས་ཐོག ལོ་གཅིག་རིང་གཞིས་ཆགས་ཁག་ཏུ་ཟླ་རེའི་ལྷག་དཀར་དང་པོར་སྲུང་བརྩི་ཞུ་ཆེད། ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་འབྲེལ། བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་སྒྲོག་འདོན་བྱ་རྒྱུ།
* ཆུ་འབྲུག་ལོ་གསར་སྐབས། ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསྟུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ལས། གཞས་ཞབས་བྲོ་སོགས་སྤྲོ་དགའ་ཁྲ་ཟིང་གི་རིགས་མི་འོས་པའི་འབོད་བསྐུལ་ཞུ་རྒྱུ།
* ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་གྲུབ་མཚམས། རྡ་སར་གནས་བཞུགས་སྤྱི་འཐུས་རྣམ་པ་དགོང་དྲོའི་ཆུ་ཚོད་ ༥ བར་ཟས་བཅད་སྙུང་གནས་སུ་བཞུགས་རྒྱུ།
* ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན། ལྕགས་ཡོས་རང་ལུས་ཞུགས་འབུལ་ལས་འགུལ་གྱི་ལོ་འཁོར་སྲུང་བརྩིའི་ཚུལ་དུ་སྤྱི་ ལྷན་གྲོས་ཚོགས་ཚོགས་དུས་ ༣ པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ གྲོས་ཆོད་གྲོས་འཆར་ཕུལ་ཏེ་བགྲོ་གླེང་རྒྱ་ཆེར་གནང་རྒྱུ། བཅས་བསྟན་འདུག
སྤྱི་ལྷན་གྱི་སྐུ་ཚབ་ཚོགས་ཆུང་གི་ལས་བྱེད་ཡག་པོ་གདམ་འདུག་པས་དགའ་པོ་བྱུང་། གཞི་ལུས་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་འབོད་ཚིག་ཇི་བཞིན་ཞུ་སྐུལ་བྱེད་ཐུབ་པས་རེ་བ་ཆེ།
དཔའ་བོའི་འབོད་སྒྲ་རྒྱལ་ལོ།།
བོད་རང་བཙན་རྒྱལ་ལོ།།
བཀའ་ཤག་དང་སྤྱི་ལྷན་གཉིས་ནས་ ལས་སླ་བོའི་ཚིག་རྡོ་མ་རེ་གཉིས་ཀྱིས་ལས་འགུལ་ཚགས་དམ་པོ་ཞིག་ཡོང་ཐུབ་ཀི་མ་རེད། སོང་ཙང་། གལ་གནད་ཤིན་ཏུ་ཆེ་བའི་དུས་སྐབས་འདི་འདྲར་གོ་སྐབས་དུས་ལས་མ་འདའ་བའི་དམ་འཛིན་ཡིད་ལ་བཅིངས་གལ་ཆེ་ཐོག་འབོད་བསྐུལ་དང་བཀའ་རྒྱ་གང་ཡིན་ཡང་ཁ་གསལ་བོའི་ལམ་སྟོན་འདི་དང་གན་ཞེས་སྤེལ་ཆོག་ཆོག་གི་མཛུབ་སྟོན་གནང་དགོས་གི་རེད།
དེ་འདྲ་མ་ཡིན་པར་ཚོ་ཚོད་ལ་གདུང་སེམས་མཉམ་བསྐྱེད་གི་ལས་འགུལ་སྤེལ་རོགས་ཟེར་བའི་ཧ་ཅང་སླ་བའི་ཚིག་སྐམ་འདི་ཙམ་གྱིས་ལས་འགུལ་དུས་དང་རམ་པ་ཞིག་ཡོང་མི་ཐུབ། ཀུ་ཅི། རྒྱལ་ཁབ་འདྲ་མིན་གྱི་བོད་རིགས་མི་མང་གིས་ལས་འགུལ་ཇི་ལྟར་སྤེལ་དགོས། འབོད་ཚིག་ག་རེ་སྒྲོག་དགོས། ངོ་བོ་གང་འདྲ་ཡིན་དགོས། ཟླ་ཚེས་གང་ལ་སྤེལ་དགོས། དུས་ཚོད་ཅི་ཙམ་སྤེལ་དགོས། རྒྱས་མ་དྲག་བསྡུས་མ་དྲག་པར་ཚད་དང་རན་པ འི་ལས་འགུལ་སྤེལ་སྟངས་ཞིག་ཁ་གསལ་དོན་འདུས་གྱིས་བཀའ་ཕབ་རོགས་གནང་།
སྔོན་མ་སྤྱི་འཐུད་ནང་ངར་ཤུགས་ཆེན་པོས་གསུངས་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་རེ་འབོད་ཤུགས་ཆེ་གནང་བའི་རེ་བ་ཡོད་འཇུ་ཆེན་བུ་མོ་ལགས་་་ད་ཡིན་ན་་་ངར་ཅིག། །།
སྤྱི་མཐུན་སྐུ་ཚབ་ཚོགས་ཆུང་ནང་ལྷ་ས་ཟླ་བ་ཚེ་རིན་མ་གཏོང་བ་འཕྱགས་འདུག་ མི་དེ་ནང་ཁུར་དུ་འགར་བ་ཏོག་ཙང་བྱུང་ན་ངར་མ་ཞིག་ཡོད་མ་ཚད་ཁ་གདང་ཚད་སྡུག་ཡུལ་ཆེ་རབས་དང་ཉེས་མ་ཁྱོག་རབས་མང་པོ་ཞིག་ཤོད་རྒྱུ་ཡོད་ ད་ལན་བོད་ནང་ཛ་དྲག་གི་གནས་ཚུལ་འདི་འདྲ་ཞིག་གཏིང་དུ་སྡུག་ཡུལ་དང་ཉེས་མ་ཁྱོག་རབས་ཞིག་ཤོད་རྒྱུ་མེད་ན་ཁོའི་ཁ་དེ་ནས་རྒྱུན་སྐོར་ཞིག་བྲེགས་ཐག་ཆོད་ཡིན
བོད་ནང་ནས་དམར་བོའི་མེ་མདའི་ཁ་ནས་རང་སྲོག་གཏོང་ཐུབ་ན།ང་ཚོའི་ངོས་ནས་གང་ཅི་ཡོང་བྱེད་དགོས་པ་རང་བཞིན་འཁྲི་བའི་འོས་འགན་ཡིན།
དངོས་ནས་ཡག་པོ་འདམས་འདུག་ངར་མ་གཉིས་ཡོད།ནང་སྟག་ཕྱི་ཞིམ་མ་ཡིན་ན་མཆོག་ནེ་རེད།། །།
རང་རིགས་སྤུན་ཟླ་གསོད་པའི་མི་གསོད་ཀྱི་ལག་དམར།
འོད་མཚན་མགོན་པོ་བཀྲོངས་པའི་བསྟན་དགྲ་ཡི་དང་མ།
བདུད་རྒན་ཧུ་ལ་སྙན་ཞུ་འབུམ་ཕྲག་རེ་སྤྲད་ཀྱང་།
དོན་བྲལ་ནམ་མཁའི་མེ་ཏོག་ཐུལ་བ་དང་ཅི་འདྲ།
སྟོབས་ཆེན་དཔུང་པ་འབྲེལ་ནས་ཉམ་ཆུང་ལ་སྡང་ཞིང་།
སྤྱི་བའི་མིང་ཁུར་རང་དོན་ཁོག་ཁྱེར་གྱི་རྒྱལ་སྤྱིར།
ལག་ཟུང་ཐལ་མོ་སྦྱར་ནས་སྙན་ཞུ་རེ་ཕུལ་ཀྱང་།
སྙན་སྙན་ཚིག་སྐམ་དོན་ལ་མེད་པ་དེ་སྐྱོ་བྱུང་།
དཔའ་རྒོད་རྣམ་པའི་སྐུ་ལུས་མེ་ལྕེ་ཡིས་གཏུམ་ནས།
རང་གི་རྒྱལ་པོ་རང་ཡུལ་གདན་འདྲེན་གྱི་བདེན་གཏམ།
ས་མཐོའི་ལྗོངས་དེར་ཉིན་མཚན་བར་མེད་དུ་སྒྲོགས་པ།
སྲོང་བཙན་བུ་རྒྱུད་ཡིན་པས་ཡིད་སྨོན་རེ་སྐྱེས་བྱུང་།
སེང་གེའི་མཚན་ཅན་མི་རབས་གསར་པ་ཡི་དཔུང་འདྲེན།
མཁས་དབང་བཀའ་ཁྲི་མེས་པོའི་བློ་ཅན་ཞིག་ཡིན།
དཔའ་རྒོད་དཔུང་གི་འབོད་ཚིག་རང་བཙན་གྱི་ངར་སྐད།
འདི་མུར་མ་སྐྱུར་འཛམ་གླིང་ཡོངས་ལ་རང་བསྒྲགས་རོགས།
མེར་སྲེག་ལས་འགུལ་འཕྲོ་རིམ་འཕྲོར་བྱུང་བ་རེད། ད་ལྟ་བར་དུ་ཞུ་འབོད་སོགས་མ་བྱས་པར་བསྡད་བཞག་པ་ཡིན་ས་རེད་འདུག་ག ད་གཉིད་སད་ཡོང་གི་ཡོད་པ་འདྲ། བཀའ་ཤག་གིས་འབོད་སྐུལ་གནང་གནང་བར་སྤྱི་འཐུས་ཚོར་གྲག་རྒྱུ་མ་བྱུང་། ད་དུང་ཡང་འཕྱི་དྲག་ཡོད་པ་མ་རེད། མུ་མཐུད་ནས་ཞུ་འབོད་བྱེད་ཐུབ་པ་ཞིག་གནང་རོགས།
སྤྱི་འཐུས་ཀྱི་ལས་འགུལ་མང་ཆེ་ཤོས་གྲོས་ཆོད་ཡིག་ཆའི་ནང་ལྷག་ནས་རྙིང་ཟད་རུལ་དྲི་ཁ་བ་ཆགས་རབས་འདུག
ད་ཐེངས་གྲོས་ཆོད་ཡིག་ཆའི་ནང་མ་ལྷག་པར་དོན་ཐོག་འཁྱོལ་བར་ཤོག
མི་བོ་སུ་ཡིན་ནའང་ཆོག ལས་འགུལ་དུས་ཐོག་སྤེལ་རོགས།
རྡ་སའི་ལས་བྱེད་གཉིས་ཀ་སྐུ་ཤ་རྒྱགས་དྲགས་འདུག འཕྲོད་བསྟེན་ཡག་པོ་གནང་དགོས་འདུག
ལས་འགུལ་དེ་འདྲ་ཞིག་སྤེལ་བར་ངས་བོད་ནང་གི་བོད་ཚོའི་ཚབ་ཞུས་ནས་ཁྱེད་ཅག་ཚོར་ཐུགས་རྗེ་ཆེ་ཞུ། བདེན་པ་རྒྱལ་འགྱུར་ཅིག
ད་ཐེངས་བཀའ་སྤྱི་གཉིས་གཉིད་སད་པ་འདྲ།དེ་མིན་གསུམ་བཅུ་དུས་དྲན་གྱི་སྐད་འབོད་ལ་ཡང་འགྲོ་མཁན་མེད་ལ་ལས་འགུལ་གི་ནང་ཞུགས་མཁན་ཡང་ཉུང་།ལས་འགུལ་ཁུང་འཁྱོལ་ཞིག་བྱེད་དགོས།ཆར་དུས་ཀྱི་སྦལ་བ་བཞིན་མི་གནང་བའི་རེ་བ་ཆེ།དེ་བཞིན་སྐད་འབོད་ཀྱི་འབོད་ཚིག་གི་ཁ་ཕྱོགས་ཡང་བསྒྱུར་དགོས།ནམ་ཡིན་ཡང་བྱང་ཆུབ་སེམས་མཆོག་དང་མར་མེ་ཁྲོམ་སྐོར་ཁོ་ན་བྱས་ན་འཐབ་རྩོད་ལ་ནུས་པ་ཞིག་མཐོང་གི་མི་འདུག་པས་བཀའ་སྤྱི་གཉིས་ཀྱི་ཐུགས་བསམ་བཞེས་རོགས།