རྫ་ཆུ་ཁ་པ་ཚེ་རིང་བཀྲ་ཤིས།
————
ཀཱ་མ་ལ་ཡི་མེ་ཏོག་ཅི་བཞིན་ཤེས་རིག་ཁ་དོག་སྡུག་གུར་བཀྲ། །
ཁ་བ་ཅན་གྱི་རུས་ལ་བརྩེ་བའི་ལ་རྒྱའི་དྲི་བསུང་ང་ཁྱོད་མེད། །
ག་ནས་བསམས་ཀྱང་ཐོད་དུ་བཀུར་འོས་ན་གཞོན་མཁས་པའི་སྨྲ་བའི་སྟེགས། །
ང་དང་ཁྱོད་ལ་མ་བགོས་ཐུན་མོང་འོན་ཀྱང་བརྩོན་པའི་ལྕག་ལ་རག །
ཅ་ཅོ་ཐ་སྙད་ཚིག་གི་རྣམ་གྲངས་མ་བཅོས་རྒྱུ་ཆ་ལྟ་བུ་ལ། །
ཆ་ལུགས་སྡེབ་སྦྱོར་རིགས་པའི་བཟོ་བོས་སྙན་འཇེབས་ངག་གི་ལས་སྣོན་གྱིས། །
ཇ་ཆང་ཅི་བཞིན་རང་མཆོག་བྲོ་ལྡན་སྙན་ངག་ཅེས་བྱར་བཅོས་པ་ན། །
ཉ་རྒྱས་ཟླ་བ་མཁའ་ལ་འཕགས་བཞིན་མཁས་པའི་མདུན་སར་གསལ་བར་སྣང༌། །
ཏ་ལའི་ཤིང་དང་སྨན་ལྗོངས་ནགས་ཚལ་བསིལ་བསིལ་རླུང་གིས་གཡོ་བ་དང༌། །
ཐ་གུའི་ལྟོ་སོགས་རིག་བྱེད་རོལ་མཚོ་ཚིག་དོན་རྣམ་བཀྲའི་བཀོད་པ་ཅན། །
ད་ལྟ་ལ་འུར་སེམས་ལ་འཆར་བའི་དྲན་རྟོག་སྒྱུ་མའི་ཚུར་སྣང་ཀུན། །
ན་ཐང་ངོས་སུ་མེ་ཏོག་ཅི་བཞིན་སྙན་ངག་མཁན་ལ་རྒྱན་དུ་འགྱུར། །
པ་ཊའི་རྒྱན་བཟང་སིལ་ཁྲོལ་ཉིད་དེ་དུས་ཀྱི་ཁམས་སུ་རྙིང་བར་འགྱུར། །
ཕ་ལམ་གསེར་དངུལ་རིན་ཐང་ཆེ་ཡང་བླུན་ལས་མཁས་པ་འགུ་བ་མེད། །
བ་ལང་རྫི་བོ་མ་ཁོལ་སྔོན་ཡང་ཆེན་པོའི་རིགས་ཀྱིས་བཀུར་བྱེད་པ།
༼ནི་སློབ་མ་ཁོལ་ལྷ་མོ་ནག་མོའི་རྗེས་སུ་མ་བཟུང་བའི་སྔོན་གྱི་བླ་དྭགས་སུ་རྩོམ་པ་པོས། ༽
མ་ལུས་ངག་གི་ཆོ་ག་ཀུན་རྫོགས་སྙན་ངག་ཁོ་ནས་འཇིག་རྟེན་གསལ། །
ཙ་ཏུར་ཁྲིམས་ངན་སྲོལ་ལ་ཚུད་པའི་མུན་པའི་སྐྱེ་བོ་སྣང་བ་དང༌། །
ཚ་གྲང་སྡུག་བསྔལ་ཉམ་ངའི་རང་བཞིན་བདེན་པའི་ངག་གིས་མཚོན་པ་དང༌། །
ཛ་དྲག་ལས་ཀྱི་ཉེར་བསྡོགས་ཀུན་ལ་མི་སེམས་འགུལ་བའི་འོས་ལངས་པ། །
ཝ་ལེར་བསམ་ན་དུས་ཀྱི་དཔའ་བོ་སྙན་ངག་མཁན་གྱི་ཟུང་ཁྲག་ཙམ། །
ཞྭ་སོགས་མིང་གི་གོ་ས་མེད་ཀྱང་ཞྭ་གོས་ལྷམ་གྱི་མཐུན་རྐྱེན་འབྱོར། །
ཟ་ཚོད་ཅུང་ཞིའི་དཀའ་ཐུབ་དབེན་ཡང་ཟ་འདོད་རྙེད་འཚོལ་ཕྱིར་མི་འབྲང༌། །
འ་འུར་མི་ཡི་མི་ཚེ་འདི་ལ་ཐོས་བསམ་ཅུང་ཟད་འབྱོངས་དུས་འདིར། །
ཡ་མཚན་སྙན་ངག་ནོར་བུའི་དོ་ཤལ་མགུལ་བའི་རྒྱན་དུ་ལོངས་ཤིག་ཀྱེ། །
ར་བ་གངས་རིའི་མུ་ཁྱུད་བརྟོལ་ནས་རྒྱ་གར་ཆུ་བོ་འཐུང་བའི་དུས། །
ལ་ལུང་སྤུན་ཟླའི་ལ་རྒྱའི་གསང་ཚིག་སྙན་ངག་ཡི་གེར་འབྲི་དགོས་པས། །
ཤ་ཚའི་ངག་འདི་ཐུགས་ལ་བཞག་ནས་སྙན་ཚིག་རི་མོ་རྒྱུན་དུ་ཕྲིས། །
ས་དང་ཆུ་མཚོ་དུས་ཀྱི་རྣམ་འགྱུར་རང་གི་སེམས་དང་མཐུན་པར་སྦྱོར། །
ཧ་ཧུར་ཁམས་པའི་བློ་ཁོག་ཙམ་གྱིས་གང་དྲན་ཁ་རུ་བཏོན་པ་ལས། །
ཨ་ལི་ཀ་ལིའི་ཕྲེང་བ་འགྲིགས་པའི་ངག་གི་སྦྱོར་བ་མ་འཚལ་ཏེ། །
ཧ་ལམ་ཙམ་གྱི་ཕན་འདོད་ཅིག་གིས་ཀ་རྩོམ་འབྲི་བའི་དཔེར་བརྗོད་ཙམ། །
ཨ་རིག་ཆོས་གྲྭའི་སྐྱེད་ཚལ་འགྲིམ་པའི་སྦྲང་ཆུང་ཞིག་གིས་གླུ་རུ་བླངས། །
རྫ་ཆུ་ཁའི་ཚེ་རིང་བཀྲ་ཤིས་གི་སྙན་རྩོམས་འདི་ཡག་ཡོ་འདུག
རེད་ཡ
ཀ་རྩོམ་འདྲ་འབྲི་ནས་ད་དུང་བོད་མི་ཚོ་མགོ་འཁོར་སྡོད་ན་ཐབས་སྐྱོ་བོ་རེད། རྫ་ཆུ་ཁ་བ་ཁྱེད་རང་གཅིག་པོ་ལ་ངས་བཤད་བཤད་གཏོང་གི་མེད། སྤྱི་ཡོངས་ནས་བཤད་ན། བོད་ཡིག་ཏག་ཙམ་ཤེས་ཀྱིན་ཡོད་མདོག་མདོག་གིས་ལེགས་སྦྱར་གྱི་ཐ་སྙད་ལྗིད་གོག་ཚ་མདོག་ཁ་བོ་ཁ་ཤས་བོད་ཡིག་གི་རྩོམ་ཆོས་ནང་བཅུག རྒྱ་གར་གྱི་མེ་ཏོག་གི་མིང་ཁ་ཤས་ཀྱི་སྐེ་ལ་བོད་ཡིག་གི་ཚིག་མཐུག་པོའི་ཞགས་ཐག་བཅིངས་གང་ཐུབ་བྱེད། བོད་ཡིག་ཤེས་མཁན་ཚོས་བོད་ཡིག་སྲུང་སྐྱོབ་བྱེད་ཀྱིན་ཡོད་མདོག་གིས་སྙད་ངགས་མེ་ལོང་མའི་ཁྲིམས་ཡིག་ལ་ཡིད་ཐང་ཆད་རྒྱུ་མེད་པ་འཕུར་བདར་གཏོང་གིན་སྡོད་ན་ཏན་ཏན་བོད་ཡིག་འདི་ཉམ་རྒུད་འགྲོ་བའི་རྐྱེན་དུ་མི་འགྲོ་བའི་ངེས་པར་མེད།
ལྟོས་དང་། ད་རྒྱ་ནག་སྲིད་གཞུང་གིས་ཐེན་ཝན་རྒྱལ་ཁབ་འདི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་དུ་འཛུལ་ཞུགས་ཆོག་པ་བཟོས་སོང་བ་གོ་མ་སོང་ངམ། ཐེན་ཝན་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་དང་ཆབས་ཅིག་ཏུ་ང་ཚོའི་རྩ་དོན་ཐོག་ལ་རྒྱ་གཞུང་གི་བྱེད་སྟངས་དང་རྣམ་འགྱུར་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྒྱུ་མཚན་ཅི་ཡིན་སྐོར་ཞིབ་འཇུག་བྱ་རྒྱུ་གལ་ཆེ་མཐོང་།
ད་ལྟོས་དང་། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་ལྔ་བཅུ་སོང་བའི་རིང་ལ་བོད་ཡིག་རྐྱང་པའི་ཐོག་ནས་ཚན་རིག་དང་ཕར་བཞག རྒྱལ་སྤྱིའི་གནད་དོན་ལ་ཡང་རང་ཚུགས་ཐུབ་པའི་ཞིབ་འཇུག་བྱེད་མི་ཐུབ་པའི་གནས་སྟངས་འདི་ག་རེ་བྱས་པའི་ལས་རེད་དམ། ཐེན་ཝན་རྒྱ་ནག་དང་ཁ་བྲལ་ནས་ལོ་དྲུག་བཅུ་ཙམ་སོང་པའི་རྗེས་སུ་འཛམ་གླིང་ཐོག་ཚན་རིག་ལག་རྩལ་གྱི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཞིག་ཏུ་ཆགས་ཡོད་། ང་ཚོ་བོད་པ་ཚོ་ཆོས་དང་རིག་གཞུང་ཁ་ལ་འཁྱེར་ནས་ད་སྐབས་རང་གི་རིག་གཞུང་གི་ངོ་བོ་མཚོན་བྱེད་ཁ་བཏགས་ཨ་ཤེ་གཅིག་ཀྱང་བཟོ་མི་ཤེས་པ་འདི་དངོས་ཡོད་གནས་ཚུལ་རེད།
ཀྭ་ཡེ་་མེ་སྒྱོགས།
བོད་ཡིག་རྐྱང་པའི་ཐོག་ནས་ཚན་རིག་དང་ཕར་བཞག རྒྱལ་སྤྱིའི་གནད་དོན་ལ་ཡང་རང་ཚུགས་ཐུབ་པའི་ཞིབ་འཇུག་བྱེད་མི་ཐུབ་པའི་གནས་སྟངས་འདི་་་་་་་་
བོད་ཀྱི་སྐད་ཡིག་གི་ཐ་སྙད་མ་ལྡེང་བའི་དཀའ་ངལ་ཞིག་གཏན་ནས་མིན།
ཆེས་ཕྱུག་པའི་སྐད་ཡིག་འདི་ཐོག་ནས་ཐ་མལ་ནས་སངས་རྒྱས་ཀྱི་ས་བར་འགྲོད་ཐུབ་ན་ཐ་སྙད་གཞན་དཀའ་མོ་ཞིག་མིན།་ཡིན་རུང་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱི་བོད་ཡིག་སྦྱོངས་རྒྱུར་འཚེར་སྣང་དང་བོད་ཡིག་ནི་རང་གི་ལྟོ་གོས་ལ་ཕན་ནུས་སྦྱིན་མི་ནུས་པའི་བེད་མེད་ཞིག་ཏུ་རྩིས་ཏེ་མཐར་ཕྱིན་པ་ཞིག་མ་སྦྱངས་པས་རང་གི་མ་ཤེས་པའི་སྐྱོན་དེ་བོད་ཡིག་གི་ཐོག་བཀལ་ན་མི་རུང་བ་ཡིན།
ཇོ་མོ་གླང་མ་ལགས།
ཁྱེད་ཀྱིས་བཤད་དོན་ལ་བོད་ཡིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་སོགས་བརྗོད་པའི་ཐ་སྙད་དུ་བཀོལ་ཐུབ་ན་གཞན་མི་ཐུབ་པའི་དཀའ་ཚེགས་མེད་སྐོར་གསུངས་པ་ནི་བདེན་པ་རེད། དེ་ནི་ཐ་སྙད་གསར་པ་ནང་འདྲེན་བྱེད་མི་དགོས་པའི་དོན་མིན།
གལ་སྲིད་ཁྱེད་རང་དུས་རབས་གཉིས་གསུམ་ཙམ་ཕྱིར་ལོག་བརྒྱབ་ནས་ཁ་སྤུ་གསེང་ལ་མར་ཞག་བྱུག་གིན་བྱུག་གིན་ “ཆེས་ཕྱུག་པའི་སྐད་ཡིག་(བོད་ཡིག)འདི་་་་་་་་་་་་” ཞེས་སྔགས་བརྗོད་གཏོང་གིན་སྡོད་ན་ཁྱེད་རང་གིས་བཤད་པ་ནང་བཞིན་དེ་ནི་འོས་ཞིང་འཚམས་པའི་ཆེད་བསྟོད་ཞིག་རེད།
ངས་ “བོད་ཡིག་རྐྱང་པའི་ཐོག་ནས་ཚན་རིག་དང་ཕར་བཞག རྒྱལ་སྤྱིའི་གནད་དོན་ལ་ཡང་རང་ཚུགས་ཐུབ་པའི་ཞིབ་འཇུག་བྱེད་མི་ཐུབ་པའི་གནས་སྟངས་་་་”ཟེར་བ་ནི་ད་ལྟ་བོད་ཡིག་ཏུ་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཁྱད་མིང་technical terms(words that have specific meanings in different fields such as political science, social science, economics, sociology etc)་གང་ཡང་ད་བར་ཡོངས་ཁྱབ་ཀྱི་གཏན་འབེབས་ཡོད་པའི་ཚིག་མཛོད་སོགས་བོད་ཡིག་ཐོག་ཏུ་བཟོས་མེད་པ་དང་། མིང་ཚིག་གཏན་འབེབས་མེད་པར་ཁྱེད་རང་གིས་བོད་ཡིག་རྐྱང་པའི་ཐོག་ནས་རྒྱལ་སྤྱིའི་གནད་དོན་ལ་ཞིབ་འཇུག་ཚད་ལྡན་ཞིག་འབྲི་ཐུབ་པའི་དབང་དུ་བཏང་ཡང་ངས་ཁྱེད་རང་གིས་བྲིས་པའི་དཔྱད་གཏམ་གྱི་མིང་ཚིག་བྱེ་བྲག་པའི་གོ་དོན་བྱེ་བྲག་པ་ཅི་ཞིག་ཡིན་ང་ཁྱེད་རང་གི་འཁྲིས་སུ་འདྲི་བ་ཡོང་ན་མ་གཏོགས་ཚིག་མཛོད་སོགས་ནས་ཤེས་ཐབས་བྱ་རྒྱུའི་གནས་སྟངས་ཞིག་ད་བར་བཙན་བྱོལ་སྲིད་གཞུང་གིས་མཐུན་རྐྱེན་བསྐྲུན་མེད་པ་རེད་།
“བོད་ཀྱི་སྐད་ཡིག་གི་ཐ་སྙད་མ་ལྡེང་བའི་དཀའ་ངལ་ཞིག་གཏན་ནས་མིན།”ཟེར་བ་ནི་གཏིང་རིང་ཞིང་གུ་དོག་པའི་ཁྲོམ་པའི་ནང་གི་སྦལ་པ་ཞིག་གིས་ཡར་གནམ་ལ་བལྟས་ནས་བར་སྣང་གི་ཚད་གཞི་འཇལ་བ་ལྟ་བུ་རེད། གོང་དུ་བཤད་པ་བཞིན་གལ་སྲིད་ཁྱེད་རང་དུས་རབས་བཅོ་ལྔ་བཅུ་དྲུག་ནང་དུ་མཚམས་ལ་བཞུགས་ཡོད་ན་གཉིད་ལས་གྲོལ་ན་མ་གཏོགས་ད་ནི་དུས་རབས་ཉེར་གཅིག་པ་ཡིན་གི དབྱིན་ཡིག་ལྟ་བུ་ལ་མཚོན་ནའང་། མི་དམངས་ཀྱི་དགོས་མཁོ་ལ་བཞིགས་ནས་རྒྱུན་དུ་ཐ་སྙད་གསར་བཟོ་བྱེད་དགོས་ཀྱི་ཡོད་། དུས་དང་དུས་སུ་དབྱིན་ཡིག་གི་ཚིག་མཛོད་ནང་དུ་ཐ་སྙད་གསར་པ་ཁ་སྣོན་བརྒྱབ་པ་དང་མཚུངས་གོ་དོན་དང་འཚམས་པའི་གོ་གནས་སྤྲོད་ཀྱི་ཡོད་། དེ་འདྲ་བྱེད་ན་རང་གི་སྐད་ཡིག་དེ་ཕྱུག་པོ་དང་ཚད་གཞི་དང་ལྡན་པ་ཞིག་ཆགས་ངེས་རེད་ལ་ད་གཟོད་ཁྱེད་ཀྱིས་མ་འོངས་པར་འབྲི་རྒྱུ་ཡིན་པའི་གནད་དོན་ཁྱད་པར་ཅན་ཞིག་གི་ཐོག་ལ་དཔྱད་གཏམ་ཞིག་སྤེལ་ན་ངས་གོ་དོན་ཁྱད་པ་ཅན་དེ་དག་རྟོགས་ཐུབ་པའི་ཆ་རྐྱེན་ཚང་མ་འཛོམས་ཀྱི་ཡོད།
ཁྱེད་ཀྱི་ཟེར་རྒྱུ་ལ་”ཡིན་རུང་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱི་བོད་ཡིག་སྦྱོངས་རྒྱུར་འཚེར་སྣང་དང་བོད་ཡིག་ནི་རང་གི་ལྟོ་གོས་ལ་ཕན་ནུས་སྦྱིན་མི་ནུས་པའི་བེད་མེད་ཞིག་ཏུ་རྩིས་ཏེ་མཐར་ཕྱིན་པ་ཞིག་མ་སྦྱངས་པས་རང་གི་མ་ཤེས་པའི་སྐྱོན་དེ་བོད་ཡིག་གི་ཐོག་བཀལ་ན་མི་རུང་བ་ཡིན།”
ཤེས་དགོས་རྒྱུ་ཞིག་ལ། བོད་ཡིག་གིས་རང་གི་མི་ཚེའི་འགྲོ་ལམ་དང་ཉིན་རེའི་འཚོ་བའི་ཁྲོད་ན་ཕན་ནུས་ཞིག་སྤྲོད་མ་ཐུབ་པ་ཡིན་ན་བོད་མི་མང་པོ་ཞིག་ལ་ཆ་མཚོན་ན་དེ་སློབ་སྦྱོང་བྱེད་ནས་ཆོ་མེད་ཡིན་པ་བདེན་པ་རེད་། ཡིན་ནའང་མི་རིགས་གཅིག་ལ་ཆ་མཚོན་ན་རང་གི་སྐད་ཡིག་དེ་བེད་སྤྱོད་མེད་པ་ཆགས་སོང་ན་རང་གི་ངོ་བོ་མཚོན་བྱེད་གཅིག་བརླག་པ་ཡིན་པས་གྱོང་གུན་ཆེན་པོ་ཞིག་རེད། ད་ལྟ་བོད་གཞུང་ཤེས་རིག་སྲིད་ཇུས་སོགས་བཙན་བྱོལ་གཞུང་གིས་བྱེད་སྟངས་དེ་དག་ལ་བལྟས་ན་བོད་ཡིག་འདི་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཕན་ནུས་ལྡན་པའི་སྐད་ཡིག་ཞིག་ཏུ་བསྐྲུན་རྒྱུ་མ་ཡིན་པ་ནང་ཆོས་ལྟ་ཀློག་བྱ་རྒྱུའི་སྐད་ཡིག་ཞིག་གི་གནས་ཚད་ལ་སྲུང་སྐྱོང་བྱ་རྒྱུ་དེ་རེད་འདུག དེ་ནི་མི་རིགས་ཞིག་ལ་ཆ་མཚོན་ན་བློ་ཕམ་སྐྱེས་གཞི་ཞིག་རེད། བཙན་བྱོལ་གཞུང་གི་ལས་སྣེ་པ་ཚོ་ལ་ལྷག་བསམ་ཡོད་སྲིད་ཀྱི་རེད་དེ་ཕུག་བསམ་དང་དེ་བསྒྲུབ་བྱེད་ཀྱི་སྲིད་ཇུས་གཏན་འབེབས་བྱེད་ཐུབ་མཁན་མེད་པའང་དེ་བྱེད་པར་བློ་ཁོག་མེད་པ་གང་ལྟར་ཀྱང་ཡ་ངལ་བ་ཞིག་རེད་འདུག
ཁྱེད་ཀྱིས་གསུང་སྒྲོས་གཅིག་ཏུ་ན་་་་་་བོད་ཡིག་གི་ཐ་སྙད་མ་ལྡེང་བ་དང་་གསུང་སྟངས་གཞན་ཞིག་ན་བཙན་བྱོལ་གཞུང་གིས་དེ་བསྒྲུབ་བྱེད་ཀྱི་སྲིད་ཇུས་གཏན་འབེབས་བྱེད་ཐུབ་མཁན་མེད་པའང་དེ་བྱེད་པར་བློ་ཁོག་མེད་པ་གང་ལྟར་ཀྱང་ཡ་ངལ་བ་ཞིག་ཏུ་བརྩི་བ་གཉིས་འགལ
དང་པོ་ལྟར་ན་་དེ་ནི་བཙན་བཅོལ་འམ་བོད་མི་སྤྱིའི་ནོར་འཁྲུལ་གང་ཡང་མིན་པར་སྐད་ཡིག་ཁོ་ནའི་ནོར་འཁྲུལ་ཞིག་ཡིན།
གཉིས་པ་ལྟར་ན་དེ་ནི་སྐད་ཡིག་གི་མ་ལྡེང་བས་མིན་པར་སྐད་ཡིག་བཀོལ་སྤྱོད་གཏོང་མཁན་ལ་ཐུག་པ་ཞིག་ཡིན་པས་ཁྱེད་ཀྱི་ནོར་བ་གཉིས་གཅིག་ཏུ་བསྲེ་ནས་དུས་རབས་ལ་དམའ་བེབས་བྱེད་པ་འོས་མཚམས་མིན།
མི་རིགས་ཞིག་ལ་སྐད་ཡིག་ཡོད་ཕྱིན་མི་རིགས་དེས་སྐད་ཡིག་ཡར་རྒྱས་གཏོང་ཐུབ་ལ་བེད་སྤྱོད་ཀྱང་གཏོང་ཐུབ།
མི་རིགས་དེས་རང་གི་སྐད་ཡིག་འཕེལ་རྒྱས་གཏོང་བའི་དབང་ཆ་དང་ནུས་པ་ཆ་ཚང་ཡོད་་ཞིག་ཡིན།
ཡིན་རུང་མི་རིགས་དེས་ནོར་འཁྲུལ་གཅིག་གི་མགོར་གཅིག་བཀལ་ཏེ་རང་གི་སྐད་ཡིག་འཕེལ་རྒྱས་སུ་མ་བཏང་ན་སྐད་ཡིག་རང་འགུལ་གྱིས་ཡར་རྒྱས་འགྲོ་བ་ཞིག་ག་ལ་ཡིན།
ཁྲོན་པའི་སྦལ་པ་ཡིན་ནའང་འདྲ་རྒྱ་མཚོའི་སྦལ་པ་ཡིན་ནའང་འདྲ་སྦལ་པ་ཞིག་རེད།དེ་ལྟར་ཕྱི་རྒྱལ་ཁག་གི་སྐད་ཡིག་ཁྱེད་ཀྱི་ཡིད་སྨོན་འཆར་བ་རྣམས་མིས་བསྐྲུན་པའི་སྐད་ཡིག་ཞིག་ཡིན་ལ་ཁྱོད་ཀྱིས་ཆད་ལུས་སུ་མཐོང་བའི་བོད་ཀྱི་སྐད་ཡིག་ཀྱང་སྐད་ཡིག་ཞིག་ཡིན།་གལ་ཏེ་མི་རིགས་དེས་བདག་སྲུང་དང་འཕེལ་རྒྱས་བཏང་ན་་་་་་་་་་་་་་་་་་་་
ད་གཟོད་གྲུབ་འབྲས་མངོན་གསལ་དོད་པོ་ཡོང་གི་རེད་ཟེར་ནས་ཚིག་མཇུག་བསྡུས་དེ་སེམས་ནས་བཞུར་བའི་སྐད་ཆ་འདི་དག་དྲ་གྲོགས་ཡོངས་ཀྱིས་སྙན་རྩོམ་འབྲི་ཞོར་དུ་ཐ་སྙད་གཅིག་ཡིན་ཡང་བོད་ཀྱི་སྐད་ཡིག་ཁྲོད་དུ་ནང་སྒྱུར་བྱེད་རྒྱུར་གཞུང་གཅིག་བུ་ལ་ཁ་བཏང་ནས་མི་འདུག་པར་ཚང་མས་རང་རང་གི་ས་ནས་ཧུར་ཐག་བྱས་པ་ཡིན་ན་ནི། གཞུང་མི་དམངས་ལ་བརྟེན། མི་མང་གཞུང་ལ་བརྟེན་པའི་གྲུབ་འབྲས་ཤིག་རང་བཞིན་གྱིས་ཤར་ཡོང་གི་རེད། ངས་སྔོན་ཆད་ཅིག་ལ་དྲ་གྲོགས་རྒན་པ་ཀླུ་སྨྱོན་ལགས་ཀྱིས་ཟས་རིགས་བསྐོར་ཞིག་འདི་རུ་བཀོད་སྐབས་དེར་ངས་དྲ་གྲོགས་ཚོ་ལ་སྔོ་ཚལ་རིགས་ཀྱི་བསྐོར་གྱི་ཐ་སྙད་ཁ་ཤས་ཤིག་ངོ་སྤྲོད་བྱས་ན་ཡང་དྲ་གྲོགས་མང་ཆེ་ཤེས་ཀྱིས་དེ་ལ་དོན་སྣང་གང་ཡང་མ་སྤྲད་པར་རང་སོར་སྐྱུར་སོང་། ངེད་ཅག་གི་སྐད་ཡིག་ཇེ་ཕྱུག་དུ་གཏོང་བར་ནང་ཆོས་གཅིག་བུ་སྤྱོང་རྒྱུའི་དོན་ཙམ་མིན་པར། བོད་ཀྱི་དར་རྒུད་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས་ཚང་མས་རང་རང་ས་ནས་ཐ་སྙད་གཅིག་ཡིན་ཡང་འདི་རུ་འཁུར་ཡོང་ནས་གོ་བསྡུར་གནོང་དང་། དཔེར་ན། དབྱིན་སྐད་དུ་ཀྲ་མ་ཀྲོ་ལ། རྒྱ་སྐད་དུ་ཤེས་ཝན་ཧྲི་ཟེར་གྱི་ཡོད་པ་རེད། བོད་ཀྱི་སྨན་གཞུང་དུ་ཀྲ་མ་ཀྲོའི་མིང་དུ་བླ་མ་སྨན་ཐང་ཟེར་བཞིན་ཡོད་པ་རེད། དྲ་གྲོགས་ཁྱེད་ཅག་གིས་ད་ནས་བཟུང་བླ་མ་སྨན་ཐང་ཟེར་ནས་གཅིག་ཁ་བཅུ་དང་བཅུ་ཁ་བརྒྱ་རུ་གཏོང་ཐུབ་ཀྱི་ཡོད་དམ། ད་དུང་། ཚལ་རིགས་དང་ཤིང་ཏོག་གི་རིགས་སོགས་ཀྱི་ཐ་སྙད་མི་ཉུང་བ་ཞིག་ལ་བོད་ཀྱི་ཐ་སྙད་མེད་པ་ཡིན་དུས་ངེད་ཅག་གིས་འདི་དག་ལ་ཐ་སྙད་རེ་གསར་བཟོ་བྱེད་དགོས་ཀྱི་ཡོད་པ་རེད་དམ། ཡོད་ན་དྲ་གྲོགས་རང་རང་གིས་འདིའི་བསྐོར་ལ་བསམ་ཚུལ་ཐུང་ངུ་རེ་ཤོད་དང་། ངེད་ཅག་གིས་གླེང་མོལ་གྲུབ་འབྲས་ཡོད་མེད་བལྟ་ཆོག
བཅོས། སྔོ་ཚལ་རིགས་ཀྱི་བསྐོར་ལ་
བཅོས། མང་ཆེ་ཤོས་ཀྱིས
མ་རེད་མ་རེད་སྐུ་ཞབས་གླང་མ་ལགས། ཡག་པོ་གཟིགས་དང་། བོད་ཡིག་ནི་སེམས་མེད་བེམ་པོ་ཞིག་ཡིན་པས་དེར་སྐྱོན་བཙུགས་ཀྱིན་སྡོད་ན་དོན་མེད་རེད། “བོད་ཡིག་གི་ཐ་སྙད་མ་ལྡེང་བ་་་་་”ཡི་གནས་སྟངས་འདིར་ཐུག་པ་ནི་བོད་ཡིག་ལ་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་ཁ་གསབ་ཁ་སྣོན་བརྒྱབ་མ་ཐུབ་པའི་སྐྱོན་རེད། བོད་ཡིག་གི་གནས་སྟངས་འདི་འདྲ་ཞིག་ལ་སླེབས་པའི་རྐྱེན་གཙོ་བོ་ཞིག་ནི་ཁྱེད་ཀྱིས་ཕྱི་ལོ་༡༩༦༠ རེ་གྲངས་ནས་ད་བར་གྱི་བོད་གཞུང་ཤེས་རིག་གི་ཁྱབ་ཁོངས་དང་བུ་ཁྱིམ་སློབ་གྲ་སོགས་ཀྱི་བོད་ཡིག་སློབ་དེབ་ལ་གཟིགས་དང་། བོད་ཕྲུག་ཚོའི་ཡིད་དབང་འགུག་ཐུབ་པའི་སྒྲུང་དེབ་ཀྱི་བརྗོད་བྱ་རྗེད་བྱེད་རན་གཅིག་ཀྱང་མཐོང་རྒྱུ་མེད་པ་རེད། ལྟོས་དང་། འཛིན་གྲ་གསུམ་པ་བཞི་པ་ཙམ་ནས་བྱིས་པའི་བསམ་བློ་ལ་འཇུག་དཀའ་བའི་བརྗོད་བྱ་དཀོན་མཆོག་གསུམ་གྱི་མཚན་ཉིད་ལྟ་བུ་སློབ་འཁྲིད་བྱེད་པ་ནས་ལེགས་བཤད་བློ་གསར་མིག་འབྱེད་སོགས་འཛིན་རིམ་བཅིུག་སོགས་སུ་བཀླག་གཞི་ཡིག་ཆ་ལ་བཀོད་པ་སོགས་ནི་གོང་དུ་བཞུགས་པའི་ལས་སྣེ་བ་ཚོས་གྲུབ་འབྲས་ལ་ལྟ་ཞིབ་རྟོག་དཔྱད་མེད་པ་གཞུང་གི་བརྐུ་སྟེགས་ཚ་བོ་བཟོ་ཐུབ་ཙམ་བྱེད་ཀྱིན་བཞུགས་ཡོད་རེད། འདིར་སློབ་འཁྲིད་ཀྱི་བརྗོད་བྱ་ནང་པའི་ཆོས་ཡིན་པ་ལས་གཞན་བྱེད་སྟངས་ལ་བལྟས་ལ་ Taliban སློབ་གསོའི་སྲིད་ཇུས་ལྟ་བུ་རེད།
ངས་བལྟས་ན་འཛིན་རིམ་བཅིུག་སོགས་ཀྱི་བོད་ཡིག་སློབ་དེབ་དུ་ནག་ཚང་ཞི་ལུའི་སྐྱིད་སྡུག་ལྟ་བུ་བཞག་པ་ཡིན་ན་དེ་ནི་བརྗོད་བྱ་རྗོད་བྱེད་དུས་དང་འཚམས་པ་ཞིག་ཆགས་ཀྱི་རེད་། དེབ་འདི་འདིར་དཔེར་ཙམ་དུ་བཞག་ཡིན་པས་ད་དུང་དེ་དང་དེ་འདྲ་བའི་ཀློག་དེབ་མང་པོ་ཞིག་འཛིན་རིམ་དང་གནས་ཚད་ལ་བཞིགས་ནས་བཞག་ན་སློབ་མ་ཚོས་ཉིན་རེའི་འཚོ་བའི་ནང་དུ་བེད་སྤྱོད་ཡོད་པའི་མིང་ཚིག་མང་དག་ཞིག་ཤེས་ཡོང་ན། བོད་ཡིག་གི་ཚགས་ཤོག་ཞིག་ཀློག་ན་གོ་དོན་ཤེས་ཐུབ་པ་དང་། བོད་ཡིག་གིས་གཏོང་ཡིག་ཞིག་འབྲི་ནའང་རྗོད་བྱེད་ཚིག་རྙེད་ཐུབ་པ་སོགས་ཡོང་གི་རེད། འདི་དག་ནི་ཕྱོགས་གཅིག་གི་དཔེ་མཚོན་ཆུང་ཆུང་ཞིག་ཡིན་པ་ལས་དྲ་རྒྱས་པོ་འདི་བཤད་ཐུབ་ཀྱི་མ་རེད་།
འདི་ལ་བཤད་སྲོལ་ཞིག་ཡོད་པ་ནི་(If everybody is responsible, nobody is responsible.) གལ་སྲིད་མི་ཚང་མ་ལ་འགན་སྤྲོད་བཞག་ན་མི་སུ་གང་གིས་འགན་འཁུར་གྱིན་མ་རེད་ཟེར་བ་ནི་སྤྱི་ཚོགས་ཞིག་གི་ནང་དུ་ཁྱོན་ཡོངས་ནས་བལྟས་ན་བདེན་པ་ཆགས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ “བོད་མི་ཚང་མས་བོད་ཡིག་ལ་དོ་སྣང་སྤྲོད་དགོས་ཀྱི་རེད་” ཅེས་ལྷག་བསམ་ཡོད་ཁུལ་གྱིས་སྐད་བརྒྱབ་པ་ལས་འབྲེལ་ཡོད་མི་སྣ་ཚོ་ལ་འགན་འཁུར་སྤྲོད་ནས་ཐ་སྙད་གསར་བཟོ་བྱེད་པ་དང་། ཚིག་མཛོད་གསར་བསྒྲིག་བྱེད་པ་དང་། བོད་ཀྱི་ནང་ཆོས་དབྱིན་ཡིག་ཏུ་ཕར་བསྒྱུར་བསྒྱུར་དབྱིན་ཡིག་ཏུ་ཡོད་པའི་སྒྲུང་རྩོམ་གྲགས་ཅན་རྣམས་བོད་ཡིག་ཏུ་ཚུར་བསྒྱུར་བ་དང་། ཚན་རིག་གི་གཞུང་ལུགས་རྣམས་བོད་ཡིག་ཏུ་བསྒྱུར་ནས་གཏན་ལ་འབེབས་པ་སོགས་བྱེད་ན་། འཛིན་རིམ་བཅུ་གཉིས་ཐོན་ནས་སྙན་ངགས་མེ་ལོང་མ་དང་སི་ཏུ་པྲ་ཏུ་སོགས་ཀྱི་རྙོག་འཛིང་ཀྱང་ཀྱང་ནང་དུ་མགོ་འཁོར་ནས་སྡོད་མ་དགོས་པ་བོད་ཡིག་རང་གི་ཐོག་ནས་རིགས་གཅིག་རྐྱང་འགྲོ་ཐུབ་པ་ཡོང་རྒྱུ་རེད་།
ཁྱེད་རང་གིས་གསུངས་པ་”མི་རིགས་དེས་ནོར་འཁྲུལ་གཅིག་གི་མགོར་གཅིག་བཀལ་ཏེ་རང་གི་སྐད་ཡིག་འཕེལ་རྒྱས་སུ་མ་བཏང་ན་སྐད་ཡིག་རང་འགུལ་གྱིས་ཡར་རྒྱས་འགྲོ་བ་ཞིག་ག་ལ་ཡིན།” དེ་བདེན་པ་རེད་ལ་ངས་བཤད་པའི་ “བཙན་བྱོལ་གཞུང་གིས་དེ་བསྒྲུབ་བྱེད་ཀྱི་སྲིད་ཇུས་གཏན་འབེབས་བྱེད་ཐུབ་མཁན་མེད་པའང་དེ་བྱེད་པར་བློ་ཁོག་མེད་པ་གང་ལྟར་ཀྱང་ཡ་ངལ་བ་་་”ཟེར་ཡང་དོན་དངོས་ཡིན་པས་ངས་བཤད་པའི་ཚིག་ལ་འགལ་ལ་མེད་།
ངས་ཏན་ཏན་བླ་མ་སྨན་ཐང་ཟེར་རྒྱུ་ཡིན། ལྷ་ཀླུ་གཉན་ཁྱེད་ཀྱིས་བོད་ལུགས་སྨན་གཞུང་ནས་བླ་མ་སྨན་ཐང་གི་གོ་དོན་ལ་འགྲེལ་བཤད་ཁྱད་པར་ཅན་ཅི་ཡོད་ཨེ་ཤེས། ཤེས་ན་གསུངས་རོགས་གྱིས།
I hope Tibetans are not allergic to crtitiques. It’s the way things work in democratic society. ང་འདི་ནུའུ་ཡོག་ཏུ་དུས་ཚོད་མ་འགྲོ་ནས་གཞུང་ལ་ཁ་གཏོང་གིན་སྡོད་མེད་། གཞུང་དང་མི་དམངས་བར་དུ་མཉམ་འབྲེལ་གྱིས་ལས་གཞི་བརྩོམ་ཐུབ་ན་ནུས་པ་ཆེ་ཡང་there has to be a well defined responsiblity to be able to measure the assigned performance otherwise ངས་གོང་དུ་བཤད་པ་ལྟར་གཞུང་གི་བརྐུ་སྟེགས་ཚ་བོ་བཟོ་ནས་ལོ་བཅུ་ཕྲག་ཁ་ཤས་སོང་ཡང་སྐུ་ངོའི་མིང་དང་གོ་གནས་ཇེ་མཐོ་དང་གྲོད་ཁུག་ཇེ་ཆེ་འགྲོ་བ་དེ་ཙམ་རེད།
ལོ་ཤས་སྔོན་ཟམ་གདོང་རིན་པོ་ཆེས་བོད་སྐད་ཐ་སྙད་ཀྱིས་མི་འདངས་བས་གསར་བཟོ་བྱེད་དགོས་སྐོར་གྱི་གསུངས་བཤད་ཅིག་གནང་། ཚོགས་འདུ་དེར་གདན་ས་ནས་ཕེབས་པའི་དགེ་བཤེས་མཁས་པ་ཁ་ཤས་ཡོད། ཚོགས་འདུ་གྲོལ་རྗེས་ཁོང་རྣམ་པས་ཚོགས་འདུ་དང་འབྲེལ་བའི་བཀའ་མོལ་སྣ་ཚོགས་གནངས་སོང་། དེར་དགེ་བཤེས་ཤིག་གིས་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ཀྱི་དོན་མ་ཤེས་མདོག་མདོག་གིས་རིན་པོ་ཆེའི་ཐ་སྙད་ཀྱིས་འདང་གི་མི་འདུག་གསུངས་པ་དེ་ག་རེ་ཡིན་ནམ་ཟེར། གཞན་ཞིག་གིས་དེ་རེད། བོད་ལ་བཀའ་བསྟན་འགྱུར་ཚང་མ་བསྒྱུར་དུས་ཐ་སྙད་ཀྱིས་འདང་འདུག ད་ག་རེ་བྱས་ནས་མི་འདེངས་བ་ཡིན་ནམ་ཟེར། ཁོང་ཚོས་དེ་ལྟར་བཤད་དོན་དེ་ཟམ་གདོང་ལ་ཟུར་ཟ་བྱེད་མདོག་མདོག་རེད། ཡིན་ན་ཡང་དོན་དུ་ཁོ་རང་ཚོའི་རང་མཚངས་ཕྱིར་བསྟན་པ་རེད། ཟམ་གདོང་གིས་བཀའ་བསྟན་འགྱུར་དང་འབྲེལ་བའི་ཐ་སྙད་ཅིག་གིས་འདང་གིན་མི་འདུག་གསུང་གི་ཡོད་པ་མ་རེད། དེ་ལས་གཞན་གྱི་དེང་རབས་ཀྱི་སློབ་ཚན་ཚོར་འདང་གིན་མི་འདུག་གསུང་གི་ཡོད་པ་རེད། མེ་སྒྱོགས་རྒྱ་མཚོས་བཤད་པ་དེ་ཡག་པོ་འདུག ཡིན་ན་ཡང་ཐ་སྙད་གསར་པ་བཟོས་པ་ཙམ་གྱིས་ཕན་གྱིན་མི་འདུག དེ་བེད་སྤྱད་གཏོང་ཐུབ་ཀྱིན་མི་འདུག ད་ཡོད་བོད་དབྱིན་ཚིག་མཛོད་ཁ་ཤས་ཡོད་པ་དེ་ཚོར་ཐ་སྙད་གསར་པ་ཁ་ཤས་རེ་བཟོས་ཡོད་ཀྱང་དེ་བེད་སྤྱོད་གཏོང་མཁན་མི་འདུག སྔོན་མ་ཞིག་ལ་རྡོ་རྗེ་གླིང་དུ་བོད་ཀྱི་ཚོང་ཁང་ཞིག་ཏུ་དབྱིན་ཇི་བ་བོད་སྐད་ཤེས་མཁན་ཞིག་གིས་ཚོང་བདག་དེར་འདིར་ཁ་པར་གཏོང་ས་ཡོད་རེད་པས་ཟེར་ནས་དྲིས་སྐབས། ཚོང་བདག་བོད་པའི་བུ་མོ་དེས་འདི་ན་ཕོན་གཏང་ས་མེད་ཅེས་ལན་བརྒྱབ་སོང་ཟེར་བ་ཞིག་བཤད་རྒྱུ་ཡོད་པ་དེ་ལྟ་བུ་རེད།
བླ་མ་སྨན་ཐང་ཟེར་བ་དེ་Tomato ལ་ཟེར་བ་སྲིད་དོན་རྒྱལརབས་ནའང་ཡོད་ཀི་ ང་ཚོའི་ཚིག་རེ་རེ་བཙལ་ཏེ་རྩོད་པབྱེད་པའང་ཅུང་བཟང་བའི་བྱ་བ ཞིག་རེད་མོད། དེ་བས་ཀྱང་གལ་ཆེ་བཞིག་ནི་གསར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་རྩོམ་བསྒྲིགས་གནང་བའི་བོད་དབྱིན་རྒྱ་གསུམ་གྱི་ཚིག་མཛོད་དེ་ལས་འབྱུང་བའི་ཐ་སྙད་རྣམས་རིམ་པས་སྤྱི་ཚོགས་ཁྲོད་དུ་བེད་སྤྱོད་བྱེད་ཐུབ་ན་ཧ་ཅང་པན་རལབས་ཆེ། ཁོང་ཚོའི་ཚིག་དེ་ཧ་ཅང་བཟང་བར་མ་ཟད། སྡེ་ཚན་དུ་དབྱེས་ཡོད་པས་ལྟ་བདེ་པོ་ཞིག་ཀྱང་རེད་འདུག འདི་རྩོམ་པ་པོ་དངརྩོམ་སྒྲིག་པ། ཟིན་བྲིས་དང་མཆན་བུ་བ་དག་གི་དམིགས་བསལ་ལས་འགན་ལྟ་བུར་ཡང་སྣང༌། དེས་ན་ང་ཚོས་ངེས་པར་དུ་བེད་སྤྱོད་དང་གོམ་འདྲིས་བྱ་རྒྱུར་འབད་བརྩོན་བྱས་ན་རེད། དེང་སྐབས་ང་ཚོས་ཐ་སྙད་འདང་གི་མི་འདུག་ཟེར་བ་དེ་ཅུང་བསྐྱུར་ཏེ་མཁས་པ་དང་བོད་ཞེན་ཅན་ཚོས་བཟོས་ཟིན་པ་བེད་སྤྱོད་དང་གོམ་པར་བྱ་གལ་ཆེ། དེ་ནས་གཟོད་ཐ་སྙད་འདང་མི་འདང་གི་སྐད་ཆ་བཤད་ན་འོས་པར་སྙམ།
ད་ལྟ་ནི་བོད་ཀྱི་སྐད་ཡིག་གཅིག་གྱུར་བཟོ་རྒྱུ་ནི་ཤིན་ཏུ་ཁག་པའི་གནས་སུ་མཐོང་བ་སྟེ།
བོད་གཞིས་བྱེས་གཉིས་སུ་གྱེས་པས་ཐ་སྙད་གསར་བཟོ་ནི་དྲང་མོར་བཤད་ན་ཡོང་མི་སྲིད་པ་ཞིག་དང་ཐ་སྙད་དང་བརྡ་ཆད་གསར་བཟོ་བྱེད་པ་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་དགོས་པ་ས་ངས་བསམ་ན་ང་ཚོས་ཐོག་མར་མྱུར་དུ་ཆབ་སྲིད་ཀྱི་བདག་དབང་རྩོད་ལེན་བྱེད་དགོས་པར་འདོད།
མ་རེད་དམ།
མཁནཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་ཐ་སྙད་གསར་བའི་ཚིག་མཛོས་ཅིག་མཛད་ཡོད་པ་གོ་ཐོས་བྱུང་བས། དེ་དུས་རབས་དང་མཐུན་པར་སྐད། རྗེས་མར་ང་ཚོའི་ཚིག་མཛོད་དེར་གཞིར་བཞག་ན་འཚམས་པར་འདོད། ཁོང་ནི་བོད་ཀྱི་རིགས་གནས་ཆེ་ཆུང་ལྔ་ཙམ་མ་ཡིན་པར་གཞན་རྒྱ་ཡིག་དང་དབྱིན་ཡིག་ལ་བྱང་ཆ་ལྡན་པའི་མཁས་པའི་དབང་བོ་འགྲན་ཟླ་གྲལ་བ་ཞིག་ཡིན་པ་དངོས་ཡོད་ཀྱིས་རྗེས་མར་ང་ཚོས་བོད་ཡིག་ཡར་རྒྱས་ཀྱི་རྩ་བའི་བླ་མ་ཁོང་ལ་བཀུར་ན་རེ་བ་ཆེན་པོ་ཡོད་པར་སྣང་།
ཚོད་མ་མེ་ཏོག་ཟེར་ན་སྔོ་ཚལ་གང་གི་མིང་དུ་འབོད་ཀྱི་ཡོད་པ་རེད། དེ་ཤེས་མཁན་ཡོད་དམ།
བླ་མ་སྨན་ཐང་ནི་ཁྲག་མ་འདང་བའི་དཀའ་ངལ་ཡོད་མཁན་དག་གིས་བླ་མ་སྨན་ཐང་རྗེན་པ་ཟོས་ན་ཕན་རབས་སྨན་གཞུང་དུ་ཡོད་པ་བདག་གིས་གྲོགས་པོ་སྨན་པ་ཞིག་གིས་ང་རང་ལ་བཤད་མྱོང་ཡོད་པ་ལས། ང་རང་སྨན་གཞུང་ལ་དེ་འདྲའི་རྒྱུས་མངའ་ཆེན་པོ་མེད།
གངས་ཕྲུག་རྨས་མ་ལགས། ཉིད་ཀྱིས་ཚིག་མཛོད་དེའི་བསྐོར་དྲ་གྲོགས་དག་ལ་ངོ་སྤྲོད་ཞིག་བྱེད་ཐུབ་ཀྱི་ཡོད་དམ། ཁོམ་ན་དེའི་ནང་གི་ཐ་སྙད་གསར་བ་ཁ་ཤས་རེ་དྲ་གྲོགས་དག་ངོ་སྤྲོད་ཅིག་གནོང་རོགས་ཞུ།
མེ་ཏོག་ཚལ་ལ་དབྱིན་ཡིག་ནང་Cauliflower ཟེར་བ་རེད། འདི་ལ་མདོག་སྔོན་པོ་ཅན་ཟིག་ཀྱང་ཡོད། དེའི་མིང་ལ་དབྱིན་ཡིག་ནང་Broccoli.ཟེར་བ་ཡིན།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་ཤན་སྦྱར་ཚིག་མཛོད་དེ་དགོས་མཁན་ཡོད་ན་སྡོད་གནས་ཁ་བྱང་གསལ་བོ་སྐུར་དང༌། ངས་འོད་སྡེར་སྐུར་ཡོང་ཆོག
Brocooli.ཟེར་བ་འདི་ལ་བོད་མིང་གཏན་འཁེལ་བ་ཞིག་ངས་ཀྱང་མ་མཐོང༌། མེ་ཏོག་ལྗང་ཚལ་ཟེར་ན་ཅི་འདྲ་རེད། ཧ་ཧ་ཧ
རེད་རེད། ངེད་གཉིས་གཅིག་བུས་བཤད་དེ་མི་བསྡོད་པར་དྲ་གྲོགས་ཡོངས་ཀྱིས་གོ་སྐལ་དུ་བཞག་ན་ཅི་འདྲ་འདུག
དྲ་གྲོགས་ལགས། འདིའི་བསྐོར་གྱི་འོད་སྡེར་ཞིག་ཡོད་པ་ཡིན་ན་ནི། དམིགས་གསལ་གྱིས་དྲ་གྲོགས་ཡོངས་ལ་དེའི་བསྐོར་གྱི་ཐ་སྙད་ཁ་ཤས་ཤིག་དང་ལྷན་དུ་འོད་སྡེར་དེ་ནི་གང་དུ་རེག་གི་ཡོད་མེད་བསྐོར་སོགས་གསུང་ན་མ་རེད་དམ།
ggg
དྲ་གྲོགས་དོ་སྣང་ཅན་རྣམས། ངོ་མ་བདེན་པ་རེད། ང་ཚོའི་མིག་སྔའི་སྐད་ཡིག་སྐོར་གྱི་དཀའ་ངལ་ཆེ་ཤོས་ཤིག་ནི་བྱ་དངོས་གསར་བྱུང་ཁག་ལ་དུས་མཐུན་གྱི་ཐ་སྙད་ཀྱིས་མི་འདང་པ་དེ་རེད། ངས་ཀྱང་འདིའི་ཕྱོགས་ལ་བསམ་བློ་མང་པོ་གཏོང་མྱོང་།ཡིན་ན་ཡང་མིག་སྔའི་ད་ལྟ་དྲ་གྲོགས་གངས་རིའི་རྨས་མ་དང་བོད་ལྷ་ཀླུས་བཤད་པ་ལྟར་མིང་མཛོད་སྐོར་ལ་ང་ཚོས་དོ་སྣང་དང་མཐུན་གྱུར་དགོས་རྒྱུ་ནི་ཆེས་གལ་ཆེ་བ་རེད། ཚུལ་ཁྲིམས་བློ་གྲོས་ཀྱི་མིང་མཛོད་ཆེན་མོའི་དེབ་དང་འོད་སྡེར་ཚང་མ་ང་ལ་ཡོད་པར་མ་ཟད་སུ་ལ་དགོས་ན་ངས་འབུལ་ངེས་ཡིན་ངའི་སྒེར་གྱི་མྱུར་འཕྲིན་ཁ་བྱང་ttashi07@yahoo.co.inགྱི་ཐོག་ལ་འབྲེལ་བ་གནང་རོགས།
གྲ་གྲོགས་རྣམ་པ།
ཚེར་མ་དང་ལྷ་ཀླུ་གཉན་གསུམ་གྱིས་གོང་དུ་Cauliflower སྐོར་ལྟ་བའི་གླེང་གཞི་བསླང་བ་དང་བསམ་ཚུལ་བཤད་པ་འདི་ཡག་པོ་འདུག
དེ་ལ་”ཚད་མ་མེ་ཏོག་”ཟེར་དང་”མེ་ཏོག་ཚལ”་ཟེར་བ་གང་ཡིན་རུང་ཡོངས་ཁྱབ་ཏུ་བེད་སྦྱད་ཡོང་བའི་མིང་ཚིག་གཅིག་ཡོང་ཐབས་བྱ་རྒྱུ་གལ་ཆེ་སྙམ། དག་ཆ་དང་མིང་ཚིག་གོ་རིམ་འཇོག་ཚུལ་ལ་སྤྱི་ཡོངས་ཀྱི་གཞི་འཛིན་ས་ཡོད་པའི་གཞུང་ཞིག་བཟོ་ན་ག་འདྲ་འདུག དཔེར་ན། ཚད་མ་འབྲི་དང་ཚལ་མ་འབྲི མེ་ཏོག་ཚལ་མ་འབྲི་དང་ཚད་མ་མེ་ཏོག་འབྲི?? ངས་བསམ་ཚུལ་ལ་ཚལ་མ་མེ་ཏོག་འབྲི་ལ་ལེགས་པོ་འདུག་བསམ། གཞན་broccoli ལྟ་བུ་སྐུ་ཞབས་ཚེར་མས་ཟེར་བ་ལྟར་མེ་ཏོག་ལྗང་ཚལ་འབྲི་ཆོག་གི ཡིན་ནའང་broccoli དེ་ cauliflower ནང་བཞིན་གྱི་བསྒྱུར་བྱའི་ཐ་སྙད་ནས་བལྟས་ན་དོན་བསྒྱུར་དཀའ་བ་ཞིག་རེད། གལ་སྲིད་སྤྱི་མིང་ཐ་སྙད་(common noun)ནང་དུ་བྱེ་བྲག་མཚོན་བྱེད་ཀྱི་མིང་བཀོད་ན་སྤྱི་མིང་གི་གོ་མི་ཆོད་པ་ཡོང་པའི་ཉེན་ཁ་ཡོད་། དཔེར་ན། broccoli ལ་མེ་ཏོག་ལྗང་ཚལ་ལྟ་བུ་བསྒྱུར་ན་བྱེ་བྲག་ཏུ་དབྱེ་བ་འབྱེད་ནུས་པའི་ཚིག་”ལྗང”ལྟ་བས་ཁ་མདོག་གཞན་ཡོད་མཁན་གྱི་broccoli དེ་དག་ནི་སྤྱི་མིང་འདིའི་འོག་ཏུ་མི་ཚུད་པ་ཆགས་ཉེན་ཡོད་། ཤེས་དགོས་རྒྱུ་ཞིག་ལ་broccoli ལ་ཁ་མདོག་ལྗང་ཁུའི་མ་ཟད་ཁ་མདོག་གཞན་མང་དག་ཅིག་ཡོད་རེད། དཀའ་ངལ་འདི་སེལ་བ་ལ་སྒྲ་བསྒྱུར་བྱེད་ཆོག སྒྲ་བསྒྱུར་བྱེད་ཐབས་ལ་ཡང་ཁུངས་བརྟེན་སའི་གཞུང་ལུགས་ཞིག་བཟོ་ན་ཡག་གི དེའི་འགན་དེ་ཝ་ར་ན་སའི་བོད་ཀྱི་མཐོ་སློབ་ཚོས་achari ཡི་ thesis ལ་འབྲི་ན་ཅི་འདྲ་འདུག Thesis(འདི་བོད་ཀྱི་ཐ་སྙད་དུ་བཙལ་ཀྱང་མ་རྙེད)་ལ་བརྒྱ་ཆ་སྤྲོད་མཁན་ཚོས་ཀྱང་མིའི་རྣམ་དཔྱད་གསར་པ་དང་གསར་གཏོད་ཀྱི་ནུས་པ་འདེང་འཇོག་དང་བསྐུལ་མ་གཏོང་རྒྱུ་གལ་ཆེར་བརྩི་ཤེས་དགོས་ཀྱི་རེད་བསམ། གཞན་ཅི་གང་གཅིག་མ་ཤེས་ནའང་”སྟོང་ཉིད་”འདྲ་བཤད་ཁུལ་བྱེད་སྡོད་ན་ཚེ་འདིའི་སྦ་ཁུག་ཡང་སྟོང་། ཁ་ཡང་སྟོང་པ། ཀློད་པ་ཡང་སྟོང་། མ་འོངས་པའི་མི་རབས་ལ་བཞག་པའི་བྱས་རྗེས་ཀྱང་སྟོང་པ་རེད། དེ་ཙམ་གྱི་སྟོང་པ་ཉིད་དེ་ནི་ཏན་ཏན་རྟོགས་པ་མ་ཟད་མིག་ལམ་དུ་སྒོམ་མི་དགོས་པ་མཐོང་གི་རེད།
འདིར་ཝ་ར་ཎ་སེ་མཐོ་སློབ་ལ་དམིགས་བསལ་བཤད་དགོས་དོན་ནི་སྒྲ་བསྒྱུར་གྱི་ཐད་ལ་དབྱིན་ཡིག་གི་ཐ་སྙད་རྣམས་ལེགས་སྦྱར་གྱི་ལུགས་ལྟར་བྱེད་ནས་བོད་ཡིག་ཏུ་བསྒྱུར་ན་ཀློག་བདེ་བ་འདུག་སྙམ། དེ་ནི་ངའི་བསམ་ཚུལ་ཙམ་ཡིན་ནོ།
དྲ་གྲོགས་ཚོར་མཁྱེན་འདོད་ཡོད་ན་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་བསྒྲིགས་བགྱིས་པའི་མི་མཛོད་དེ་www.dobum.orgནས་གཟིགས་ཐུབ་པས་དེ་བཞིན་ངེས་པར་ཕན་ཚུན་བརྡ་སྦྱོར་དང་རྒྱུས་ལོན་དེ་བཞིན་དཔྱད་བརྗོད་བཅས་གང་མང་གནང་རོགས།
མ་གཞི་ང་ཚོས་ཁས་བཤད་རྒྱུ་དེ་ཉུང་ཙམ་དང་། ལག་གི་ལས་ཀ་དེ་མང་ཙམ་བྱེད་རྒྱུ་ཡིན་པ་འདྲ། བྱས་ན་ད་ནས་ང་ཚོས་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་རིས་འགྲེལ་མིང་མཛོད་དང་།བྱེས་ཀྱི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཉེ་ཆར་བཏོན་པའི་གཏན་འབེབས་བརྡ་ཆད་སོགས་ལ་སློབ་སྦྱོང་དང་ལག་ལེན་ངེས་པར་དུ་གནང་དགོས། དེ་ནི་གཙོ་བོ་རྩོམ་པ་པོ་རྣམས་ལ་དམིགས་ཀྱིས་འཁྲི་བའི༷་ལས་འགན་ཞིག་ཀྱང་རེད།