པདྨ་ཚེ་དབང་ཤཱསྟྲི།
——————–
རྒྱལ་གཅེས་ལྷག་བསམ་གྱི་མེ་རླབས་མཐོན་པོར་འབར་བ། ཉེ་བའི་ཆར་དབྱིན་ལན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱུང་བའི་སྤྱི་ཟུར་སྐུ་ཞབས་ཐུབ་བསྟན་བསམ་འགྲུབ་ལགས་ནས་འགན་ཁུར་རྐང་བཞེས་གནང་སྟེ། འབྱུང་འགྱུར་ཕྱི་ལོ་༢༠༡༡ ལོར་འདེམས་སྒྲུག་བྱ་རྒྱུའི་བཀའ་བློན་ཁྲི་པ་དེ་བཞིན་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་གཟིགས་གནང་སྟེ། རྒྱ་ཆེ་མང་ཚོགས་ལ་སྔོན་ཚུད་ནས་འོས་དམིགས་དགོངས་པ་བཞེས་རྒྱུའི་སླད་དུ་དྲ་རྒྱ་ཟུར་འཛུགས་གནང་པར་རྗེས་སུ་ཡི་རངས་ཞུ་བ་དང་ཆབས་ཅིག་བསམ་འཆར་ཐུང་ཙམ་ཞིག་ཞུ་འདོད་བྱུང་།
འབྱུང་འགྱུར་གྱི་བཀའ་ཁྲི་དེར་བཙན་བྱོལ་བོད་གཞུང་དབུས་འདེམས་བསྐོ་ལྷན་ཁང་གིས་གཏན་འབེབས་གནང་པའི་བཀའ་བློན་ཁྲི་པའི་འོས་ཆོས་རིམ་པ་དགུའི་སྟེང་དུ་བྱུང་ན་གཤམ་གསལ་གྱི་ཁྱད་ཆོས་དགུ་ཡང་ཚང་དགོས་པར་སྙམ།
༡། སྤྱིར་རྒྱལ་སྤྱི་དང་། ལྷག་པར་དུ་རྒྱ་གར། བལ་ཡུལ། འབྲུག་ཡུལ། འབར་མ། པཱཀིསཐན་གྱིས་གཙོས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། ཡང་སྒོས་རྒྱ་ནག་བཅས་ཀྱི་སྲིད་དཔལ་ནོར་གསུམ་གྱི་ཁོར་ཡུག་གི་གནས་སྟངས་དང་འགྱུར་འགྲོས་ཀྱི་ཐད་ལ་མཁྱེན་རྒྱ་དང་། གོ་རྟོགས། རྒྱུས་ལོན་ཆེན་པོ་ཡོད་པའི་ཐོག་རྒྱལ་འབྲེལ་འཐབ་བྱུས་ཀྱི་ཐད་ལ་གཞན་འདྲིང་མི་འཇོག་པ།
༢། ད་ཡོད་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ངོ་མ་ཞིབ་ཕྲ་མཁྱེན་པའི་ཐོག་ཏུ་སྔ་མོའི་བོད་ཀྱི་གནས་སྟངས་དང་། བྱུང་རབས་ཀྱི་ཐོག་ལ་མཁྱེན་རྒྱ་ཡངས་པ་མ་ཟད། མ་འོངས་བོད་ཀྱི་འཛུགས་སྐྲུན་གྱི་ཐད་ལ་གཟིགས་རྒྱང་རིང་བ།
༣། ༸གོང་ས་མཆོག་གི་དགོངས་གཞི་དང་བསྟུན་ཏེ། བོད་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་ཇི་ཡིན་གསལ་པོར་མཁྱེན་པའི་ཐོག་ཏུ་དེ་འགྲུབ་ཐུབ་པའི་གདེང་སྤོབས་དང་འཐབ་བྱུས་ལྡན་པ།
༤། ཆོས་ལུགས་དང་། ཆོལ་ཁ། ལུང་ཚན། སྡེ་ཁག་བཅས་ཀྱི་ཕྱོགས་རིས་ཀྱི་དྲི་མ་དང་བྲལ་བ།
༥། བོད་ཀྱི་སྐད་ཡིག་དང་། རིག་གཞུང་ལ་བྱང་ཆ་དོད་པའི་ཁར། བྱུང་ན་དབྱིན་ཇི་དང་། ཧིན་དྷི། རྒྱ་སྐད་བཅས་སྐད་སྒྱུར་ལ་བརྟེན་མི་དགོས་པར་རང་རྐྱ་འཕེར་བ་དགོས་རྒྱུ་ཡང་། གལ་ཏེ་སྐད་རིགས་བཞི་འཛོམས་མ་བྱུང་ཡང་། བོད་སྐད་དང་དབྱིན་སྐད་འབྲི་ྐློག་སྤྱོད་གསུམ་གྱི་ཐད་ལ་གཞན་རེ་མི་དགོས་པ།
༦། ཞལ་ནས་གསུངས་མཁས་པ་དང་། ཕོད་པ་ཙམ་མ་ཡིན་པར་། བཙན་བྱོལ་སྒྲིག་འཛུགས་ལ་དུས་བསྟུན་དགོས་ངེས་ཀྱི་གསར་གཏོད་དང་། གསར་བརྗེ། འགྱུར་བ་བཅས་འཕྲལ་མར་གནང་ཕོད་པ།
༧། ཇི་སྲིད་བོད་ཀྱི་དཀའ་རྙོག་དེ་བོད་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་ལྟར་སེལ་མ་ཐུབ་ཀྱི་བར་དུ་བཙན་བྱོལ་གྱི་གནས་བབ་སྲ་བརྟན་དང་། བོད་མིའི་ངོ་བོ་རྒྱུན་སྲིངས་ཐུབ་པ། ཤེས་ཡོན་དང་དཔལ་འབྱོར་རྒྱ་སྐྱེད་དང་། ཡར་རྒྱས། གསར་བརྗེ་ཇི་དགོས་གནང་ཐུབ་པ།
༨། ༸གོང་ས་མཆོག་གི་དབུ་ཁྲིད་ཀྱི་འོག་ཏུ་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང་། དཔལ་འབྱོར། ཤེས་ཡོན་བཅས་ཀྱི་གནས་སྟངས་སྔར་ལྷག་སྲ་བརྟན་བཟོ་ཐུབ་པ་མ་ཟད་ཤེས་ཡོན་སྲིད་བྱུས་ཐེ་བའི་ད་ལྟ་འགྲོ་བཞིན་པའི་ལས་འཆར་གལ་ཆེ་ཁག་མུ་མཐུད་ཐུབ་པ།
༩། གནས་ཚང་རྒྱ་གར་གཞུང་དང་། མང་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་དང་། བོད་མིར་གཟིགས་སྐྱོང་དང་རོགས་རམ་གནང་སྟངས་དང་། བོད་ཐོག་སྲིད་བྱུས་འཛིན་སྟངས་ད་ཡོད་ལས་བཟང་ཕྱོགས་སུ་འགྲོ་ཐབས་ལས། ཞན་དུ་མི་འགྲོ་བའི་སྲིད་བྱུས་དང་ཐབས་ལམ་བཟུང་རྒྱུ་བཅས་ཡིན། གོང་གསལ་ཆ་རྐྱེན་འདི་དག་ཡོངས་རྫོགས་གང་ཟག་གཅིག་ལ་ཚང་པ་དཀོན་པོ་ཡིན་སྲིད་ཀྱང་། གང་མང་འཛོམས་ཐུབ་པ་ལྟ་རྒྱུ་དེ་མང་ཚོགས་ཀྱི་ལས་འགན་ཡིན། ལྷག་པར་དུ་འོས་དམིགས་དེ་བཞིན་སྲོལ་རྒྱུན་དང་དེང་རབས་གཉིས་ཀར་རྒྱུས་མངའ་ཆེ་བའི་སེར་སྐྱ་ཕོ་མོ་དབྱེ་བ་མེད་པའི་ཐོག་ཏུ་བྱུང་ན། གཞོན་སྐྱེས་ཤིག་འཚོལ་དགོས་པར་མངོན།
སྐུ་ཞབས་པད་མ་ལགས།
གོང་གི་ཆ་རྐྱེན་འདི་ཚོ་ཚང་མ་འཛོམས་པའི་སྟེང་། ཤུགས་ལྡན་བརྟེན་མཁན་ཡིན་ན། བཀའ་བློན་ཁྲི་པའི་འོས་ལ་ཕྱིན་ན་ཨེ་འགྲིག
ངའི་ངོ་ཤེས་པའི་མི་ཞིག་ཡོད། གོང་གི་ཆ་རྐྱེན་ཚང་མ་འཛོམས་འདུག་ཡིན་ནའི་ཁོང་ད་དུང་ཤུགས་ལྡན་བརྟེན་གྱི་འདུག ངས་རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་མཚམས་འཇོག་དགོས་གསུངས་ཀྱི་འདུག་ལབ་པ་ཡིན། ཁོ་པས། འདི་ངའི་ཆོས་དད་རང་མོས་རེད། ང་རྒྱལ་བ་རིན་པོ་ཆེའི་ཆོས་ཞུ་གི་མིན། ཡིན་ནའི་མུ་མཐུད་བོད་གཞུང་ལ་ཞབས་ཕྱི་ཞུ་གི་ཡིན་ཟེར་གྱི་འདུག
ང་ཚོ་བོད་པ་ཚང་ལ་བོད་མི་རྫོགས་ཚར་བ་ཡིན་ན་ཤུགས་ལྡན་པ་འོས་ཤོག་འཕེན་པ་ལས་དེ་མིན་རང་མགོ་རང་གི་མནན་པ་ཡིན་ན་ཡག་པོ་ཨེ་ཡོད་ན༏
གངས་རི་ར་བ་སྐོར་བའི་ཞིང་ཁམས་སུ༏
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས༏
སྤྱན་རེས་གཟིགས་དབང་བསྟན་འཟིན་རྒྱ་མཚོ་ཡི༏
ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག
ཤུགས་ལྡན་རྟེན་མཁན་ཡིན་ན་གོང་གི་དོན་ཚན་༨་པ་ཚང་མི་འདུག་པའི་འོས་ཤོག་གི་ཐོབ་ཐང་མི་འདུག
པདྨ་ཚེ་དབང་ཤཱསྟྲི་ལགས། ཁམས་བཟང༌། ཐོགས་མར་ཉིད་ཀྱིས་བོད་ཡིག་བེད་སྤྱོད་གཏོང་སྟངས་སྐོར་ལ་ཅུང་ཙམ་བཤད་འདོད་བྱུང༌། ཁྱོད་དང་ཁྱོད་འདྲ་བ་མང་པོ་ཞིག་གིས་ཡི་གེ་འབྲི་སྐབས་དོན་མེད་པའི་ཚིག་ལྷག་མང་པོ་ཐོན་ཡོང་གི་འདུག དཔེར་ན། “1011་ལོར་འདེམས་སྒྲུག་བྱ་རྒྱུའི་བཀའ་བློན་ཁྲི་པ་དེ་བཞིན་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན་པ་གཟིགས་གནང་སྟེ། “ཞེས་པའི་ནང་གི་”དེ་བཞིན་”ཞེས་པ་དེ་ཅི་ཞིག་རེད། “དེ་”་སྒྲ་དེས་སྙག་ས་དང་དོན་ཅི་ཞིག་སྟོན་གྱི་ཡོད་པ་རེད། ཡང་དེ་དང་འབྲེལ་བའི་”བཞིན་”སྒྲ་དེས་གང་ཞིག་དང་བཞིན་དང་འདྲ་དང་མཚུངས་པར་སྟོན་པ་ཡིན། ཡང་སྙིང་བོད་སྐད་དུ་”དེ་བཞིན་”ཟེར་བའི་སྐབས་སུ་དོན་ཅི་སྟོན་གྱི་ཡོང་པ་རེད། ད་དུང་གཤམ་དུ་ཡང་”ལྷག་པར་དུ་འོས་དམིགས་དེ་བཞིན་སྲོལ་རྒྱུན་དང་དེང་རབས་”ཟེར་བའི་ནང་གི”དེ་བཞིན་”ཡང་གོང་དང་གཅིག་འདུག་ན། “ཤཱསྟྲི”(མིང་འདི་ཁོ་ཚོའི་ཆེ་བསྟོད་ཀྱི་མིང་ཡིན།)ལགས། འགྲིག་ན་འགྲེལ་བཤད་ཅིག་བྱ་རོགས། མ་འགྲིག་ན་འགྱུར་བ་གཏོང་རོགས། གཞན་བཀའ་ཁྲིའི་སྐོར་ལ། བོད་རྒྱ་དབྱིན་གསུམ་ལ་བྱང་བ་ཞིག་དཀའ་ཚོད་དུ་འདུག་མོད། སྔོན་ཆད་ཐེ་ཝན་དོན་གཅོད་དང་། དེང་སེང་སྐུ་སྒེར་ན་ཕྱག་ལས་གནང་བཞིན་པའིཨ་མདོ་རྔ་བ་ཚེ་རྒྱམ་ནི། སྐད་ཡིག་གསུམ་ལ་རང་སྐྱ་འཕེར་བ་མ་ཟད། དམིགས་བསལ་གྱིས་རྒྱ་ནག་གི་སྐོར་མ་”མཁས་པ”རེད་ཟེར་ན་མི་ཆོག་པ་མེད་སྙམ། དེ་བས་རྒྱ་ནག་གིས་བོད་རྒྱ་ཞི་མོལ་སྐབས་ཁོང་ཚོགས་མིའི་གྲོས་ནས་འཐེན་པ་རེད། དེ་ཡང་དོན་དག་འདི་འདྲ་(རྒྱ་ནག་ལ་རྒྱུས་ཆེ་བ་)ཞིག་ལ་དམིགས་པ་ལས་ཡིན་སྙམ།
བསམ་ཤེས་ལགས། ངས་བལྟས་ན་དོལ་རྒྱལ་བསྟེན་མཁན་མ་དགོས་དེ་དང་འབྲེལ་ཡོད་ཅིག་ཡིན་ནའང་བཀའ་ཁྲི་མ་དགོས་སྤྱི་འཐུས་དང་ཐ་ན་གཞུང་ཞབས་ཀྱི་ནང་དུའང་ཡོད་མི་ཆོག་པ་འདྲ་སྟེ། ད་ལོའི་༸གོང་ཆ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསུང་བཤད་ལས་ཤེས་ཐུབ། ཡང་ཁྱེད་ཀྱིས་མི་ཞུན་ཟེར་བ་དེ་” ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་་ལྟི་གནས་ནང་ལ་བོད་ཀྱི་ལོ་རྒྱུས་ནང་ཞིབ་འཇུག་བྱེད་མཁན་གྱི་ངའི་ངོ་ཤེས་པ་ཞིག་ཡོད”དེ་ཡིན་པ་དང༌། “ཁོང་ནི་རྒྱ་ནག་སྲིད་གཞུང་གིས་རྐང་བཙུགས་ནས་བོད་པའི་སྤྱི་ཚོགས་ནང་དབྱེན་སྦྱོར་བྱེད་དུ་གཏོང་བ་ཡིན”པའི་མི་དེ་འདྲ་ཞིག་ཡིན་པ་དངོས་ནས་ཡིན་ན་ང་ཚོར་ངོ་སྤྲོད་ལྟ་བུ་བྱེད་དགོས་སྙམ། དེ་མིན་ང་ཚོས་ཁོ་སུ་ཡིན་མི་ཤེས་པར་མུན་ནག་མདའ་འཕེན་བྱེད་དོན་མེད།
ད་ཡག་པོ་འདུག་
སྔོན་ཆད་ང་ཚོ་བོད་ཀྱི་རང་དབང་རྒྱ་ནག་པོའི་ལག་དུ་ཤོར་བ་རེད༏
ད་ཤུགས་ལྡན་པའི་ལག་དུ་ཞག་པ་ཡིན་ན་གང་འདྲ་འདུག་གམ
སྤུན་གྲོགས་ཚོ་རྩོམ་གསར་བ་རེ་སླེབས་པ་དང་ཁ་རྡུང་བཏང་མཚམས་འཇོག་ནས་སྐབས་སུ་བབ་པའི་དོན་དངོས་གླེང་ཐུབ་པ་གནང་དགོས་འདུག
ཨོ་ཡ་ངོས་ཀྱི་ཁ་རྡུང་མིན་རང་གི་བསམ་ཚུལ་ཡིན་ལགས
དངོས་གནས་ང་ཚོས་མ་འོངས་བའི་བོད་ཀྱི་བཀའ་ཁྲི་དེ་རྒྱ་བོད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོག་ཐུབ་མཁན་འོང་བའི་སྨོན་ལམ་ཡང་ཡང་ཡོད༏
ད་ལྟ་རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་སྐབས་འདི་ལ་རྟེན་ནས་རྒྱ་བོད་ཀྱི་གནས་ཚུལ་གསལ་བོ་ཞིག་ཡང་བྱེད་ཐུབ་པའི་སྨོན་ལམ་དང་སེམས་ཤུགས་བྱེད་དགོས་
མ་འོངས་བའི་བཀའ་ཁྲི་དེ་མི་བློ་ཁོག་ཅན་དང་སུ་ལའང་མི་འཇིགས་མཁན་ཞིག་རང་ཐག་རང་གི་བཅད་ཐུབ་མཁན་ཞིག་འོངས་ཐུབ་པའི་རེ་བ་ཆེན་པོ་ཡོད་
ཞིབ་མོར་དཔྱོད་དང་འདྲེ་ངན་བརྟེན་མཁན་ལ་གོང་གི་ཆ་རྐྱེན་མི་འཛོམས་ངེས་ཅན་རེད།
བོད་མི་ཞིག་ལ་མཚོན་ནས་བཤད་པ་ཡིན་ན་ནི། རང་གི་སྒེར་དོན་ཙམ་གྱི་ཆེད་དུ་ཤུགས་ལྡན་བསྟེན་རྒྱུ་གལ་ཆེན་ཡིན་ནམ། ཡང་ན་བོད་སྤྱི་བའི་དོན་དུ་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་ནི་སྐྱེ་བོ་གང་ཟག་སྒེར་ངོས་ནས་རང་གི་སེམས་ལ་དྲི་བ་བཀོད་རྒྱུ་ཞིག་ལས། ཆོས་ལུགས་དད་པ་རང་དབང་ཡིན་མིན་ཟེར་ནས་སྐད་ཆ་ཞིག་འཁྱེར་ཡོང་རྒྱུ་ནི་ལྷག་མེད་པར་སྣང་། ད་དུང་ཆོས་ལུགས་དད་པ་རང་དབང་ཟེར་ནས་ཁ་ལ་ཡོང་ཚད་་ཅིག་བཤད་དེ་འཇིག་རྟེན་གྱི་ལྷ་འདྲེ་མ་རུང་བ་གང་ཡང་རུང་བ་ཞིག་ལ་སྐྱབས་བཅོལ་ནས་ཆོས་ལུགས་དད་པ་རང་དབང་ཡིན་མིན་བཤད་མཁན་དག་གིས་ད་དུང་ནང་བ་ཟེར་ནས་འཛུབ་མོ་འཛུགས་སྐབས། ཐོག་མར་རང་ཉིད་ལ་འཛུབ་མོ་བཙུགས་དེ་རང་ཉིད་ཀྱི་ཆོས་ལུགས་དད་པ་རང་དབང་ཟེར་བ་དེའི་ཚད་གཞི་གང་ནས་འཇོག་གི་ཡོད་མེད་དེ་ལ་ལན་གསལ་བོ་ཞིག་བཙལ་ནས་ད་གཟོད་བོད་མི་མང་དང་༧གོང་ས་མཆོག་གིས་འདེམས་བཞིན་པའི་ལམ་ཁ་འདི་ཉིད་གལ་ཆེ་འམ། རྒྱ་འདྲེ་གདུག་པ་ཅན་གྱི་བྲན་དུ་སོང་དེ་རང་གི་ཚེ་འདི་ཕྱི་གང་ལ་ཡང་ཕན་ཐོག་མེད་པའི་རྒྱ་འདྲེའི་དེའི་བྲན་དུ་སོང་ན་ཡག་པོ་ཡོད་མེད་དེ་ནི་སྐྱེ་བོ་དེའི་རིགས་ཀྱི་ད་ལྟའི་བོད་མི་ཚང་གི་སྐྱིད་སྡུག་ངོས་ལ་བསམ་ཤེས་བྱེད་ཐུབ་པའི་བསམ་བློ་ཞིག་ཡོད་ན་ད་གཟོད་ཤེས་སྲིད་པ་ལས། དོན་མེད་དུ་ཁ་ནང་ལ་ཡོང་ཚད་ཀྱིས་ཆོས་ལུགས་དད་པ་རང་དབང་ཟེར་ནས་ཀུ་ཅོ་འདོན་པ་ནི་གཏན་ནས་མི་འོས་པར་སྣང་། གང་ཡིན་ཟེར་ན་ཁ་ཆེ་དྲག་སྤྱོད་པ་དག་གིས་ཀྱང་ཁོང་ཚོས་ཆོས་ལུགས་དད་པ་རང་དབང་ཁ་ལ་འཁྱེར་ནས་ཁ་ཆེ་བ་མིན་པའི་མི་གཅིག་གསད་ཀྱང་། ཁོང་ཚོས་ལྷ་དམག་དུ་སྐྱེ་བ་ལེན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་མ་ཡིན་ནམ། དེས་ན་ངེད་ཅག་གི་ཁ་ཆེ་དྲག་སྤྱོད་པ་དག་གིས་ཆོས་ལུགས་དད་མོས་རང་དབང་དེར་ཡང་བརྩི་བཀུར་དང་རྗེས་སུ་ཡི་རུང་བྱེད་དགོས་ཀྱི་ཡོད་དམ་ཟེར་ནས་ཤུག་ལྡན་གྱི་བྲན་འཁོར་བ་དག་ལ་སྐད་ཆ་ཞིག་འདྲི་འདོད་ཡོད། དེ་ལ་མི་སུས་ལན་བཏབ་ཀྱང་འགྲིག ཡིན་ཡང་། དོན་མེད་རྙོག་གཏམ་ཁོ་ནའི་རིགས་དྲ་ཐོག་འདིར་འཁྱེར་ནས་མ་ཡོང་རོགས་ཟེར་ན་འདོད།
ཁྱེད་ཀྱིས་བཀའ་བློན་འོས་འདེམས་ཐད་དགོངས་ཚུལ་གསུངས་པར་བསྔགས་བརྗོད་ཡོད།འདིར་གོང་གི་ལྟ་ཚུལ་དེ་ལས་འཕྲོས་ཏེ་ཁོ་བོར་ཡང་ཞུ་རྒྱུ་འགའ་ཞིག་འདུག།བཀའ་བློན་ཁྲི་བ་ནི་བཙན་བྱོལ་བོད་ཀྱི་བདག་དབང་མངའ་བའི་ཁྲིམས་མཐུན་དབུ་ཁྲིད་དང་སྲིད་བློན་ཡིན་པར་མ་ཟད།མ་འོངས་བོད་རྒྱལ་ཁབ་ཆེན་པོའི་སྲིད་འཛིན་ཡང་ཡིན་པས།ང་ཚོས་བརྟག་དཔྱད་དང་བཀའ་བསྡུར་གང་མང་བྱས་པ་བརྒྱུད་བཀའ་བློན་འོས་འཕེན་གྱིལམ་ཁ་ཡངས་པོ་ཞིག་འཚོལ་དགོས།སྤྱིར་བར་སྐབས་སུ་བཀའ་བློན་ཁྲི་བའི་འོས་མི་ནང་དགེ་འདུན་པ་ལས་གཞན་ད་དུང་བོན་པོའི་སྐུ་ཚབ་ནས་ཀྱང་ཡོང་ཆོག་གི་ཡོད་ཀྱང།གོང་ས་མཆོག་གིས་གསུངས་པ་བཞིན་བཀའ་བློན་ཁྲི་བར་མི་སྐྱ་དང་བུད་མེད་སོགས་ཀྱང་ཡོང་ཆོག་གི་ཡོད།དེས་ན་འདིར་སྐུ་ཞབས་པད་མ་ལགས་ལ་ཁ་གསབ་ཀྱི་ཚུལ་དུ་གུས་པས་འབྱུང་འགྱུར་གྱི་བཀའ་ཁྲི་ལ་སུ་འོས་ཀྱི་མིད་གཞུང་ཞིག་འདོན་ཆོག་པར་ཞུ།འདི་ནི་མང་གཙོའི་གོ་སྐབས་ལོངས་སུ་སྤྱད་ནས་ཞུས་པ་ཞིག་ཡིན་པ་ལས་རྒྱུ་མཚན་ཡང་དག་ལྡན་པར་མ་ངེས།
དེ་དག་ནི་བྷབློ་བཟང་སེང་གེ་དང་བཀའ་ཟུར་བློ་བཟང་སྙན་གྲགས།བུ་ཆུང་ཚེ་རིང།་ཚེ་རྒྱམ་དང་གཞན་ཡང་སྤྱི་འཐུས་སྤེན་པ་ཚེ་རིང་སོགས་མང་བས་ཚང་མས་ཞིབ་འཇུག་དང་བགྲོ་གླེང་ལྷུག་པོར་བསྩལ་རྒྱུ་ནི་ཧ་ཅང་གལ་ཆེ།བཀའ་དྲིན་ཆེ།
ལགས་སོ་གཏམ་ཉོག་མང་པོས་དགོས་པ་མི་འདུག་བདེན་པ་རེད་སྤྱིར་དོལ་རྒྱལ་རྟེན་མཁན་ཞིག་བཀའ་ཁྲི་ལ་འོང་མི་སྲིད་པ་ཞིག་རེད༏
དོན་མེད་ལ་དུས་ཚོད་ཆུད་ཟོས་སུ་གཏང་དགོས་པ་མི་འདུག་སྤུན་གྲོགས་ཚོ༏
དངོས་ནས་ཁ་ཞེ་གཉིས་མེད་ཀྱི་བོད་དོན་ལས་བསམ་རྒྱུ་མེད་པའི་མི་སྣ་རེ་ངོ་སྤྲོད་བྱེད་རྒྱུ་ཡོད་ན་ལས། དྲ་གྲོགས་ཚོ་བོད་སེམས་ཤུགས་ལྡན་དང་བརྗེ་བོ་རྒྱག་མཁན་གྱི་མི་ངན་དེའི་རིགས་འདི་རུ་བྲུད་དེ་མ་ཡོང་རོགས། བོད་མི་ཚང་གི་ལས་དོན་བྱེད་མཁན་ནི་བོད་སྤྱི་བའི་དོན་དུ་ཐ་ན་རང་གི་ཚེ་སྲོག་ཀྱང་བློས་གཏོང་འཕོད་མཁན་གྱི་དབུ་ཁྲིད་ཅིག་དགོས་པ་ལས་གདོན་འདྲེ་འམ་ཡང་ན་འཇིག་རྟེན་པའི་ལྷ་ལྡོམ་པོ་ཞིག་གི་ཆེད་དུ་རང་གི་མི་རིགས་བཙོང་མཁན་ཞིག་བོད་མི་ཚང་ལ་དགོས་ཀྱི་མེད་པ་སེམས་སུ་འཛིན་རོགས་ཞུ།
ད྄ྲ་ག྄ྲོགས་ཚོ།
འབ྄ྱུང་འག྄ྱུར་ག྄ྟི་བཀའ་བ྄ློན་ཁ྄ྲ་ི་པ་ད་ལ྄ྟའི་བཀའ་ཁ྄ྲི་ནང་བཞིན་མི་འཇོན་འཇོན་འདོག་བ྄ྱེད་མཁན་མིན་པ་ཞིག་དང་ལ྄ྷག་པར་ཁ་དོན་ཚིག་ལ་གནས་པ་ཞིག་དགོས།
ང་ཚོས་ག་དུས་ཡིན་ཡང་བསམ་བ྄ློ་ཡག་པོ་གཏོང་དགོས།
ཚང་མས་ང་བསམ་ཤེས་ཀྱི་འདྲི་བ་ལ་ཐུགས་འཁུར་ཆེན་པོས་ལན་བཏབ་གནང་བར་ཐུགས་རྗེ་ཆེ། ངས་གྲོགས་པོ་དེར་ཁྱེད་རྣམ་པའི་དགོངས་འཆར་བཤད་པ་ཡིན། ཁོས་གཤམ་གསལ་གྱི་ལན་འདི་ལྷན་རྒྱས་ལ་སྤྲོད་རོགས་ཟེར།
“ཆོས་ལུགས་དང་མི་རིགས་ཀྱི་རྒྱབ་གཞི་ལ་བ་རྙས་ནས་མིའི་དབར་ལ་དབྱེ་བ་འབྱེད་པ་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་དང་འགལ་གྱི་འདུག” བོད་པ་རྣམས་ཀྱིས་མང་ཚོགས་ཀྱི་དད་པར་རྩི་མེད་གཏོང་ཐུབ་ན། ཅིའི་ཕྱིར་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ང་ཚོས་རང་གི་གྲང་ཉུང་མི་རིགས་ཀྱི་རིག་གཞུང་རྩ་མེད་གཏོང་དུས་དགའ་སྤྲོ་དང་འུར་སྒྲ་སྒྲོག རང་ལས་སྟོབས་ཤུགས་ཆེ་བ་ཞིག་གིས་རང་ལ་ཐུབ་ཚོད་ཤོད་སྐབས། ཆོས་དང་མི་རིགས་རྩ་མེད་གཏོང་གི་འདུག་ཟེར་ངུ་བཞིན་ཡོད། དེར་བརྟེན་ཁྱེད་ཚོས་རྗེས་བྲང་བྱེད་པའི་གཞུང་འདིའི་ཁྲིམས་ཀྱང་དུག་ནད་ཅན་གྱི་གཞུང་ཁྲིམས་ཤིག་རེད་ཟེར། གལ་ཏེ་གཞུང་འདིའི་རྩ་ཁྲིམས་ལ་སྒྱུར་བ་མ་གཏོང་ན། རྒྱལ་སྤྱིའི་ཐོག་རིམ་བཞིན་བཀག་འགོག་བྱེད་དགོས་པའི་གཞུང་ཞིག་དང་གཅིག་པར་འགྱུར་ཟེར།
གོང་གི་བསམ་ཚུལ་ལ་ལན་ཡོད་ན་འདིར་འབྲི་རོགས་གནང་།
བསམ་ཤེས་ལགས། སྐད་ཆ་བསྐོར་ནས་བཤད་དགོས་མ་རེད། འདི་ལྟར”ངས་ཤུགས་ལྡན་བསྟེན་གིན་ཡོད། བཀའ་བློན་ཁྲི་བར་ལངས་ན་འགྲིག་གི་རེད་དམ”ཟེར་ཤོག སྐད་ཆ་དྲང་མོར་བཤད་ན་ཁྱོད་བསོད་ཀི་ཡིན་ཟེར་མཁན་ཡོད་ན་འགན་ངས་ཁུར་ཆོག དེ་མིན་ཁྱོད་གང་ཟག་གཞན་ཞིག་གི་མགྲིན་ཚབ་པ་ཡིན་མདོག་བྱས་ནས་དཀྲུགས་ཤིང་གི་ སྐད་ཆ་དེ་འདྲ་འདིར་དྲུད་མ་ཡོང་རོགས། འདིར་གསལ་བཤད་ཅིག་ལ། ཤུགས་ལྡན་བསྟེན་མཁན་ཡིན་ནའང་བཀའ་ཁྲིར་ལངས་ཆོག་གི་རེད་ལ། བཀའ་ཁྲིར་མ་ལངས་སྔོན་ལ་ཡིན་གཅིག་བོད་མི་མང་གི་མདུན་ལ་དམ་བཅའ་འམ་ཁས་ལེན་ གསུམ་བྱེད་དགོས་ཡོད།
༡༽ད་ནས་བཟུང་དོལ་རྒྱལ་རྗེས་འབྲངས་པ་ཚོས་བོད་མིའི་ལ་རྒྱ་བརྩི་མེད་དུ་བཏང་ ནས་རྒྱ་གུང་ཁྲན་མཉམ་ཁྱི་སྤྱང་ངན་བྱེད་བཞིན་པ་མཚམས་འཇོག་གཙང་མ་བྱེད་རྒྱུ།
༢༽བོད་མི་ཡོངས་ཀྱི་མངོན་འདོད་བཞིན་རང་རེའི་རྩ་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ ལས་བཟློག་སྟེ་ཆོས་ལུགས་ཁ་ལ་འཁྱེར་ནས་ནང་ཁུལ་གཏོར་བཤིག་མི་གཏོང་རྒྱུ།
༣༽སྔར་དོལ་རྒྱལ་རྗེས་འབྲངས་པས་མི་གསོད་མེ་བརྒྱག་གིས་སྤྱི་ཚོགས་ཟང་ཟིང་བཟོས་པར་སྙིང་ཁོངས་རུས་པའི་སྟེང་ནས་བཟོད་གསོལ་ཞུ་རྒྱུ་བཅས།།
I think we difficult find every thing is perfect but we need who knows both modern education and our culture. For example who become our Kalongtepa he needs to know modern politics and our history as well. Also he has to know between china and Tibet issues. Sometime, I thought Lobsang sangy is suitable our Kalongtepa because he studied law in Boston. Also he works for Tibet case since long time.I hope we will find a young educated person for Kalongtepa.
དཀོན་མཆོག
ཁྱེད་རང་གིས་ནམ་ཡིན་ཡང་རྨོངས་ཚོད་དང་འོབ་ཚོད་རྐྱང་རྐྱང་བྱེད་པ་འདིས། ཁྱེད་ཀྱི་རྩོམ་ཡིག་ལ་རིན་ཐང་མེད་པར་འགྱུར་བ་མ་ཟད། ཁྱེད་ཀྱི་བསམ་བློ་གཏོང་ཚུལ་ལ་གཞན་གྱི་གུས་ཞབས་མེད་པར་འགྱུར། ངས་གང་ཡིན་པ་འདི་ངོ་ཐོག་ལ་ཤོད་ཀྱི་ཡོད། ང་ཤུགས་ལྡན་ཕར་ཞོག ལྷ་འདྲེ་གཞན་ཅི་ཡང་བརྟེན་གྱི་མེད་ལ། ལྷ་འདྲེ་བརྟེན་མཁན་གྱི་མི་ཚོར་ཡང་བྱབ་ཆུང་མཐོང་གི་འདུག ཁྱོད་ཀྱིས་ད་རེས་རྨོངས་ཚོད་དང་འོབ་ཚོད་ཀྱིས་ངའི་སྟེང་ལ་རྣམ་རྟོག་གིས་བཅིངས་པའི་ཞྭ་ནག་ཞིག་གཡོག་པ་འདིར། འདི་རིང་ངས་རྨོངས་པ་ཁྱོད་ལ་བདེན་པའི་འགྲམ་ལྕག་ཞིག་གིས་རྨོངས་གཉིད་བསད་རྒྱུ་ཡིན།
ལྟོས་དང་།
བོད་ཡུལ་སྐྱིད་པོ་འདི་ལྟ་བུ་ལྷ་མེད་སྨྲ་བ་ཚོའི་ལག་ན་ཤོར་མ་སོང་ངམ། ལྷ་བརྟེན་མཁན་ཚང་མ་སྤྲང་པོ་ཡུལ་འགྱར་ཉམས་ཐག་ཤིག་ལ་འགྱུར། ལྷ་མ་བརྟེན་མཁན་གུང་ཁྲན་གྱི་ཚོགས་པ་འདི་འཛམ་གླིང་ནང་སྟོབས་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཤིག་ལ་འགྱུར་བཞིན་པ་འདི་ཁྱོད་ཀྱིས་མི་མཐོང་ངམ།
བོད་པ་ཚོ་ལྷ་བརྟེན་ནས་གང་ཕན་སོང་། རྒྱལ་བ་རིན་པོ་ཆེ་ཡང་ད་རེས་སན་ཕ་རན་སིའི་ཁང་ཁྱིམ་མེད་པའི་ཚོགས་པར་ཕེབས་དུས་ཐུགས་སྐྱོ་པོའི་ངང་ཡང་བསྐྱར་དྲན་གསོ་སྐྱོ་བོ་ཞིག་གནང་མ་སོང་ངམ། དྲན་གསོ་འདི་ནི། “ང་ཡང་ཁྱེད་ཚོ་དང་འདྲ་བར་ Homeless ཡིན།”གསུངས་སོང་།
དེར་བརྟེན་ང་ལྷ་དང་འདྲེ་ལ་སྐྱབས་སུ་བཅོལ་མཁན་མིན། ཁྱེད་འདི་སེམས་ལ་ཡག་པོ་བྱས་ཉར་ནས་རྗེས་སུ་ང་དང་རྩོམ་བྲིས་ཤོག
ང་ཡང་རང་གི་ལྷན་སྐྱེས་ཀྱི་ནུས་པ་སྣང་མེད་དུ་བཞག་སྟེ་ནམ་ཡང་ལྷ་འདྲེ་ལ་སྐྱབས་སུ་མཆི་མཁན་དག་གི་རིགས་ལ་སྙིང་རྗེ་ནས་བསྡད་ཡོད། རང་ཉིད་རང་གི་མགོན་ཡིན་པ་ལས་སུ་ཞིག་རང་གི་མགོན་དུ་འགྱུར་ཞེས་པའི་གསུངས་ཚིག་འདི་ཁྱེད་ཅག་གི་རྣ་ནང་ལ་འགྲོ་ནི་ཞིག་ཨེ་རེད། སེམས་ནང་ལ་ཤོང་ནི་ཞིག་ཨེ་རེད། ཨ་ རང་ཉིད་ཀྱི་ནུས་པ་མི་ཤེས་པའི་ལྷ་འདྲེ་གདོན་གསུམ་གྱི་གཡོག་པོ་ཚོ། ཁྱེད་ཚོ་ནམ་ཡིན་ནའང་ལྷ་འདྲེ་གདོན་གསུམ་གྱི་བྲན་གཡོག་ཡིན་པ་ཤེས་ཀྱི་ཨེ་ཡོད།
མི་ཞུན།
དངོས་གནས་རེད། ང་ཚོས་མ་འོངས་པའི་བཀའ་བློན་ཁྲི་པ་སུ་ཞིག་ཡོང་མིན་དེ་རྒྱུན་གཏན་སྤྱི་དོན་དོ་་འཁུར་བྱེད་མཁན་གྱི་མི་སྣ་གནས་ཡུལ་གྱི་ཁོར་ཡུག་ལས་བརྒལ་ཏེ་ས་གནས་གཞན་ཞིག་ནས་གདན་འདྲེན་ཞུ་རྒྱུ་འདི་ང་ལ་འདོད་པ་མེད། འོན་ཏེ་གངས་ཅན་སྐྱིད་གཤོངས་སུ་ཞབས་བཅགས་ཏེ་གངས་ཅན་སྐྱིད་གཤོངས་་ནས་སློབ་གསོ་ཐོབ་ཟིན་པའི་མི་དེ་ཏན་ཏན་བཀའ་བློན་ཁྲི་པའི་འོས་གཞིའི་ཁོངས་དང་པོ་དེར་བསམ་བློ་གཏོང་མཁན་ཞིག་ཏུ་གྱུར་གྱི་རེད། ཁོང་ཚོས་བོད་སྤྱིའི་སྒྲིག་འཛུགས་ཀྱི་ཆེད་དུ་ཐོབ་དང་གོ་ས་ཙམ་མ་ཡིན་པར་ཞབས་འདེགས་ཧུར་ཐག་ཞུས་ཡོད་སྟབས་དེ་འདྲའི་ཁྲོད་ནས་མི་ཞིག་ངེས་པར་སླེབས་རྒྱུ་དེ་གལ་ཆེན་པོ་ཡིན། དེ་འདྲའི་རྒྱབ་ལྗོངས་དང་འཇོན་སྟངས་ཡོད་པའི་མི་སྣ་དེ་དག་གངས་སྐྱིད་གཞུང་ཞབས་པའི་ཁྲོད་ནས་འདེམས་རིན་ཡོད་པའི་མི་སྣ་ཁག་ཅིག་ཡོད། ་དཔེར་ན་གཞུང་ཞབས་ཟུར་པ་ཡོད་ལ། རང་དབང་ལྡན་པའི་་འགན་འཛིན་གྱི་ཕྱག་ལས་གནང་མཁན་དང། གཞུང་ཞབས་གནང་མུས་ཡིན་པ། ད་ལྟ་བཀའ་བློན་ལས་་ཐོག་ཡིན་པ་སོགས་ཤིན་ཏུ་མང་། ང་ཚོར་མི་མེད་པ་མིན། ལོ་ན་ཆུང་བ་ཞིག་སླེབས་དགོས་པ་གལ་ཆེན་པོ་རེད་ཀྱང། ངེས་པར་ཤེས་ཡོན་སྟེང་དུ་ཉམས་མྱོང་དགོས་པ་མ་ཟད། ལྷག་པར་གཞིས་བྱེས་སྤྱི་ཚོགས་ནང་བོད་ཀྱི་གནད་དོན་ཐད་ཡུན་རིང་ནས་གདོང་ལེན་བྱས་པའི་ཉམས་མྱོང་དང་འཇོན་སྟངས་ཡོད་པ་ཞིག་ཀྱང་ངེས་པར་དགོས། དེས་གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ལ་ཕན་པའི་ལས་དོན་གྲུབ་ཐུབ་པ་ལས། ས་གནས་གཞན་ཞིག་ནས་ཡོང་སྟེ་གངས་ཅན་སྐྱིད་གཤོངས་སུ་ཐབས་ལམ་གསར་པ་ཟེར་བ་དང། རེ་བ་གསར་པ། ནུས་པ་གསར་པ་ཞིག་ནམ་ཡང་བཏོན་ཐུབ་ཀྱི་མ་རེད། གང་ལྟར་བཀའ་བློན་ཁྲི་པ་དེས་ལོ་རྒྱུས་དང་དོན་དངོས་ཀྱི་གནས་ཚུལ་མང་པོའི་ཐོག་ནས་གཞུང་ཞབས་བྱ་མྱོང་ཡོད་པའི་མི་སྣ་ལོ་ན་རྒན་ཙམ་ཞིག་ལ་ངེས་པར་སྤྲོད་རྒྱུ་དེ་གལ་ཆེན་པོ་ཡིན། གལ་སྲིད་ཕྱིའི་ཤེས་ཡོན་གྱི་བློ་ཁ་རྦད་དེ་ཁེངས་ཏེ་ད་ལྟའི་ཐམས་ཅད་རྗེས་་ལུསདང་མ་ཚང་མ་འཐུས་པར་བསམ་ཚེ་འཛམ་གླིང་ཀུན་ཏུ་ཁྱད་འཕགས་པའི་བཙན་བྱོལ་སྒྲིག་འཛུགས་ནང་ཁ་སྟོང་པ་མ་བཤད་པར་ད་བར་ལག་འགུལ་ཏེ་ནུས་པ་བཏོན་མཁན་གྱི་སྐྱེ་བོ་རྣམས་ལ་ཡིད་ཆེས་དང་རེ་བ་མེད་པའི་རྣམ་པ་བཏོན་ན་དེ་ནི་ ཤིན་ཏུ་ནོར་འཁྲུལ་ཆེ་བ་ཞིག་ཡིན། གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་དགོས་ན་ངེས་པར་གཞུང་འཛིན་ལས་ཐོག་ཏུ་ཉམས་མྱོང་ཡོད་པ་ཞིག་ང་ཚོར་དགོས་པ་ལས་དེ་མིན་ཁ་སྟོང་བཤད་དེ་སྤྱི་དོན་དང་སྤྱི་པའི་སྒྲིག་འཛུགས་ལས་ག་དུས་ཡིན་ནའང་གཡོལ་ཏེ་ད་ལྟ་མིང་ཆེན་པོ་ཐོབ་འདོད་བྱ་མཁན་གྱི་སྐྱེ་བོ་སུ་ཞིག་ཀྱང་གངས་སྐྱིད་དུ་སླེབས་ཚེ་དེར་ཏན་ཏན་ལས་དོན་གྲུབ་པའི་གཞོགས་འདེགས་ཤིག་གང་ནས་ཀྱང་ཐོབ་མི་སྲིད་པས་ནམ་ཞིག་སྒྲིག་འཛུགས་དེ་ཉམ་ཆགས་འགྲོ་སྐབས་ང་ཚོར་སྤྱི་པར་སྐྱོན་ཕོག་རྒྱུ་རེད། དེས་ན་བཀའ་བློན་ཁྲི་པ་དེ་ངེས་པར་གཞུང་ཞབས་བྱ་་མྱོང་བ་ཞིག་དང་བཀའ་བློན་བྱ་མྱོང་བ་ཞིག་འདེམས་དགོས་པ་དང། བཀའ་བློན་གཞན་རྣམས་་སྤྱི་ཚོགས་ཀྱི་སྡིངས་་ཆ་གཞན་པའི་སྟེང་ནས་ཐོན་་ཚེ་ཏན་ཏན་ཕུན་སུམ་ཚོགས་པའི་སྒྲིག་འཛུགས་ཤིག་གྲུབ་སྟེ་ང་ཚོར་སྤྱི་པར་ཕན་ཐོགས་ཡོང་རྒྱུ་རེད་བསམ་གྱི་འདུག
དེས་ན་བཀའ་བློན་ཁྲི་པ་ནི། ད་ལྟ་སྦེལ་འཇོམ་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུས་དང་། ཨ་རིར་ཡོད་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་འབྱེད། བཀའ་ཟུར་རིན་ཆེན་མཁའ་འགྲོ། ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ། ཚོགས་གཞོན་རྒྱ་རི་སྒྲོལ་མ།
དེ་རྗེས་ལས་ཁུངས་སོ་སོའི་བཀའ་བློན་ནི།
ཕྱི་དྲིལ། བཀའ་ཟུར་བློ་བཟང་སྙན་གྲགས། བློ་བཟང་སེང་གེ བུ་ཆུང་ཀེ་ཚེ་རིང་། ཨ་རི་ཀུན་དགའ་བཀྲིས། གཞོན་ནུའི་སྐལ་བཟང་ཕུན་ཚོགས།
བདེ་སྲུང་། ད་་ལྟའི་བཀའ་བློན་འབྲོང་ཆུང་དངོས་གྲུབ། ཨ་རི་བཀྲིས་རྣམ་རྒྱལ། སྐུ་སྲུང་ཟུར་པ་སེང་གེ་རབ་བརྟན། སྐུ་སྒེར་བསྟན་འཛིན་སྟག་ལྷ།
འཕྲོད་བསྟེན། ས་འདུ་ཚང་ཚེ་བརྟན་རྡོ་རྗེ། སྤྱི་ཟུར་ཚེ་རིང་མཚོ་མོ། གཡུ་སྒྲོན་ཨོ་དགའ་ཚང་།
ནང་སྲིད། དཀོན་མཆོག་བརྩོན་འགྲུས། འོས་བསྡུའི་འགན་འཛིན་ཟུར་པ་རྡོ་རྗེ་དགྲ་འདུལ། དཔལ་འབྱོར་དྲུང་ཆེ་བསོད་ནམས་སྟོབས་རྒྱལ།
དཔལ་འབྱོར། སྤྱི་འཐུས་བསྟན་འཛིན་ཆོས་རྒྱལ། ད་ལྟའི་བཀའ་་བློན་ཚེ་རིང་དོན་གྲུབ།
ཤེས་རིག རྔ་པ་ཚེ་རྒྱམ། ཀརྨ་སྨོན་ལམ། བཀའ་ཟུར་པདྨ་ཆོས་འབྱོར། བཀའ་ཟུར་རྗེ་བཙུན་པདྨ།
ཆོས་རིག ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས། བདེ་སྲུང་དྲུང་ཆེ་ཡེ་ ཤེས་ཆོས་གྲགས། ཆོས་རིག་དྲུང་འཕར་ནོར་་བུ་དོན་ལྡན། དགེ་བཤེས་ལྷག་རྡོར་སོགས་མི་སྣ་འདི་དང་འདི་བཞིན་མང་པོ་ཐག་རིང་དུ་འཚོལ་མི་དགོས་པར་ཡོད། འདི་ངས་ད་རེས་ཐེངས་དང་པོ་ཡིན། རྗེས་སུ་མིང་གཞུང་མང་བ་གྲ་སྒྲིག་བྱས་ནས་བཞག་ཡོད་ལ། མི་ཡང་ཧ་ཅང་མང་པོ་ཡོད། ང་ཚོས་མི་གཤིས་དང་འདས་པའི་འཇོན་སྟངས་ལ་བལྟས་ཏེ་མི་དེས་ལས་གནས་གང་ཞིག་ཐོག་ནུས་པ་བཏོན་ཐུབ་ཀྱི་ཡོད་མེད་ལ་བལྟ་དགོས་པ་ལས་འོས་འགན་བླངས་ཚར་རྗེས་དང་ལེན་བྱ་མ་ཐུབ་པ་དང་གྲུབ་འབྲས་མ་ཐོབ་པའི་གནས་ཚུལ་མང་པོ་ང་ཚོས་དངོས་སུ་མཐོང་མྱོང་ཡོད། མི་ད་དུང་ཡོད་ད། སེམས་ཁྲལ་མ་བྱེད། མུ་མཐུད་རིམ་པས་བཏོན་གྱི་ཡིན།
བཀའ་བློན་ཁྲི་པ་སུ་ཞིག་ཡོང་གི་རེད་དམ། དེར་དངོས་གནས་ལྟ་སྟངས་མང་པོ་ཡོང་གི་འདུག ངས་བལྟས་ནས་ད་རེས་དབུ་རྩེས་བཏོན་པའི་མིང་གཞུང་དེ་ཚོ་ཚང་མ་གསར་པ་ལྟ་བུ་མཐོང་སོང་བས་ད་དུང་ཡོད་ན་བཏོན་རོགས། གང་ལྟར་མི་རིགས་ལ་ཞེན་ཁོག་དང་སྒེར་གྱི་ཁེ་ཕན་མ་གཙོས་མཁན་ཞིག་ཡོང་དགོས་ཀྱི་འདུག ཆུང་རྩག་ནང་ཁུལ་གྱི་འགལ་བ་མང་པོ་ཞིག་ང་ཚོས་གནས་སྐབས་གཡུག་བཞག་དགོས་པ་གལ་ཆེན་པོ་འདུག ཡིན་ནའང་མགོ་གཉིས་མའི་གྲས་རྩ་བ་ནས་མ་སླེབས་པ་བྱེད་དགོས་ཀྱི་འདུག གང་ལྟར་ལོ་ངོ་ལྔ་བཅུའི་ནང་ང་ཚོར་བཙན་བྱོལ་ནང་ནུབ་་ཕྱོགས་པའི་ཤེས་ཡོན་དང་རང་མི་རིགས་ཀྱི་རིག་གཞུང་ཐད་གྲུབ་འབྲས་གང་ལེགས་ཐོབ་ཡོད་ལ། ད་ལྟའི་བཀའ་ཤག་ལས་ཐོག་ཏུ་བོད་རྒྱའི་འབྲེལ་བ་ལོ་མང་ཆད་པ་དེ་རྦད་དེ་མཐུད་ཐུབ་ནས་ད་ལྟ་གྲོས་མོལ་བྱེད་པའི་གྲངས་ཚད་ཀྱང་མང་ཙམ་གསོག་ཡོད། འོན་ཏེ་ང་ཚོར་ད་ལྟ་གྲུབ་འབྲས་དེ་ཡིན་ཟེར་བ་དངོས་སུ་མིག་ཏུ་བཏོན་རྒྱུ་མེད་ཀྱང། རེ་རེ་བསམ་བློ་བཏང་ཚེ་བོད་ནང་འགྱུར་བ་མངོན་གསལ་དོད་པོ་ཁག་ཅིག་འགྲོ་བཞིན་པ་དེས་གྲོས་མོལ་བྱས་ཚེ་གཞི་ནས་གྲུབ་འབྲས་ཡོད་པའི་དངོས་ར་གསལ་པོ་སྤྲད་ཡོད། འདས་པའི་བཀའ་བློན་རྣམ་པའི་སྐབས་སུའང་དེ་ལྟར་ཞིག་བྱུང་མེད། ངེས་པར་དུ་བས་བློ་གཏོང་དགོས་ཀྱི་འདུག ངས་བྱས་ན་གཞུང་ཞབས་ཟུར་པ་ཚོར་བདག་པོ་རྒྱབ་རྒྱུ་འདི་གལ་ཆེན་པོ་འདུག
དྲ་གྲོགས་ཚོས་འབྱུངས་འགྱུར་བཀའ་ཁྲི་སྐོར་ལ་མང་པོ་ཞིག་གསུངས་འདུག་ སོ་སོ་བསམས་ཚུལ་གསུངས་པར་རྗེས་སུ་ཡིད་རང་ཡོད། ཡིནཡང་ཚིག་རྩུབ་དང་ཁ་རྡུང་སོགས་བྱེད་ན་མི་འོས། ང་ཚོ་བོད་ཚང་ལ་རྒྱ་འདྲེ་ལ་སྐྱབས་བཅོལ་མཁན་བཀའ་ཁྲི་ལ་མི་འོས་མཐའ་ན་གཞུང་ཞབས་ཤིག་མི་འོས་སོ། དྲ་གྲོགས་ཚོ་ལ་བཀའ་ཁྲི་འོས་པའི་མི་ཡོད་ན་ངེས་པར་དུ་སྟོན་རོགས་གནང་དེ་མཉམ་དུ་མི་དེའི་ལོ་རྒྱུས་ཐུང་ཤིག་འབྲི་རོགས་གནང་ཕན་ཐོག་ཧ་ཅང་ཆེ།
གངས་བུ་ལགས། དོལ་རྒྱལ་རྒྱ་འདྲེ་ལ་བརྟེན་ང་ཚོས་ནམ་ཡང་སྐྱབས་བཅོལ་རྒྱུ་མེད་པ་འདི་ལ་མོས་པ་ཡོད། ཤཀྱ་ཐུབ་པ་ཡང་རྒྱ་གར་གྱི་ལྷ་རེད། ཅིའི་ཕྱིར་ང་ཚོས་ཕྱི་རྒྱལ་གྱི་མི་ཞིག་ངེད་ཚོའི་མགོ་ཐོག་ལ་འཇོག་གི་ཡོད་དམ།
དགེ་འཕེལ་ལགས་ཀྱི་ འབྱུངས་འགྱུར་བཀའ་ཁྲིའི་འོས་ཆོས་ཚང་བའི་མི་སྣ་མང་དག་ཞིག་སྟོན་གནང་འདུག་པར་ཐུགས་རྗེ་ཆེ། ལྷན་ཁང་ཁག་གི་བཀའ་བློན་ཡང་ཆར་འགོད་ཡག་པོ་གནང་འདུག་ ཁོང་གི་སྟོན་པའི་མ་འོངས་པའི་བཀའ་ཁྲིའི་དེ་སྒང་མི་སྣ་གཉིས་གསར་ཁ་གནན་བྱེད་ན། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དང་རང་གི་རྩོམ་པ་པོ་འཇམ་དབྱངས་ནོར་བུ་གཉིས་བཀའ་ཁྲི་འོས་པོ་མི་འདུག་གས། གྲོགས་པོ་ལགས།
བསམ་ཤེས་ལགས། ཤྭ་ཀྱ་ཐུབ་པ་ལ་ཉེས་སྐྱོན་གྱི་དྲི་མ་མེད་པ་ དེ་ལྟར་བདག་ཉིད་འཇིག་པ་མཐའ་དག་ལས་ཐར་ བ་གཞན་འཇིག་པ་ཐམས་ཅད་སྐྱོབ་པའི་ཐམས་ལམ་སྣ་ཚོགས་ལ་མཁན་པ་སེམས་ཅན་ཀུན་ལ་ཉེ་རིང་མེད་པར་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པས་སེམས་ཅན་རྣམས་ལ་ངེས་པར་དུ་སྡུག་བསྔལ་ལས་སྐྱོབ་པར་ངེས་པའོ།
ཤྭ་ཀྱ་ཐུབ་པའི་གསུངས་ཀྱི་བདུད་རྩི་ལས་དེ་དག་རྟོགས་ཐུབ་པར་གཙུག་གི་སྤྱི་བུར་འཇོག་གི་ཡོད་ཕྱི་རྒྱལ་གྱི་མི་ཡིན་ཡང་ཁྱད་པར་མེད། དོལ་རྒྱལ་དང་ཤྭ་ཀྱ་ཐུབ་པ་གཉིས་གཅིག་མཚུང་དུ་མ་འཇོག་རོགས། ་ རྒྱ་འདྲེ་ཁོ་ཉེ་རིང་ཡོད་པ་ཉེ་སྐྱོན་གྱི་གང་པ་འཇིག་རྟེན་དྲེགས་པ་ཅན་གྱི་རྒྱ་འདྲེ་ལ་ནམ་ཡང་སྐྱབས་སུ་མི་འགྲོ་
སྤྱིར་ང་ཚོའི་ནང་བ་སངས་རྒྱས་པའི་ཆོས་འདི་རྒྱ་གར་འཕགས་པའི་ཡུལ་ནས་བོད་ཡུལ་དུ་དར་བ་ཞིག་ཡིན་
ནང་བའི་སྐྱབས་འགྲོ་ནང་དུ་གསལ་བོ་གསུངས་ཡོད་དེ་དག་རིམ་བཞིན་གཟིགས་གནང་ཡོད་པ་ཞུ།
ཕྲན་རང་དྲིལ་ཟིང་ཆེ་བས་དེ་ཙམ་ཡིན། རྗེས་སུ་རིམ་བཞིན་མཇལ་ཡོངས་དྲ་གྲོགས་ཚོ།
གངས་བུ་ལགས།
ཤ་ཀྱ་ཐུབ་པ་ལ་ཉེས་སྐྱོན་མེད་པ་འདིས་སུས་དཔང་པོ་བྱེད་ཐུབ། ཁྱེད་ཤ་ཀྱ་ཐུབ་པའི་འགྲམ་ལ་འཚོ་བ་རོལ་ཨེ་མྱོང་། འདི་ཁྱོད་ཀྱི་ཨ་ཕས་བཤད་པ་ཨེ་རེད། ཁྱེད་འདི་གང་ནས་ཐོས་བྱུང་། དེ་བདེན་པ་ཡིན་པ་ཁུངས་སྐྱེལ་གང་ཡོད་དམ།
ཤཱཀྱ་ཐུབ་པར་ཉེས་སྐྱེོན་ཡོད་མེད་ཁོང་གི་གསུང་ལས་འཚོལ་དགོས་པ་རེད། ཁོང་གི་འགྲམ་ནས་འཚོ་བ་རོལ་པ་དང་གང་ཞིག་གི་ཨ་ཕས་བཤད་པ་མ་རེད་ལ་བཤད་དགོས་པའང་མ་རེད། ངས་བལྟས་ན་ཁྱེས་གཉིས་ཀྱི་རྨོངས་བློས་ཤཱཀྱ་ཐུབ་པའི་དགེ་སྐྱོན་ཆ་ཙམ་ཡང་གཞལ་བར་མི་ནུས་སྙམ། སྐད་ཆ་དེ་ཚོ་སྐུར་ལ་ཞོགས་ཐུགས་རྗེ་གཟིགས།
བསམ་ཤེས་ལགས། ཤྭཀྱ་ཐུབ་པ་ལ་ཉེས་སྐྱོན་ཡོད་མེད་དེ་ཁོང་གི་གསུང་ནས་ཧ་གོ་ཐོབ། ཁོང་གི་ཉེ་འགྲམ་ལ་བསྡད་མྱོང་མེད་ལ་ཕ་མས་ཀྱང་བཤད་མྱོང་མེད། གོང་གི་ཚེར་མས་གསུང་པ་ལྟར་། སྤྱིར་ངེད་གཉིས་ཀྱི་ཤྭཀྱ་ཐུབ་པ་ལ་ཉེས་སྐྱོན་ཡོ་མེད་ཀྱི་བཤད་ན་མི་འོས། ཕྲན་རང་མི་གཅིག་བཤད་པ་རེད་ཟེར་བ་དང་སོགས་ལ་ཡིད་ཆེས་མཁན་གྱི་མི་ཞིག་མིན་རང་ཉིད་དཔྱད་ནས་བདེན་པ་འཚོལ་མཁན་ཞིག་ཡིན་ རྗེས་སུ་མཇལ་ཡོང་།
ཧིན། ཁྱོད་ཚོས་ལྐུགས་པས་སྤྱང་ཚུལ་བྱེད་པར་བྱེད། ཤཀྱ་ཐུབ་པ་ཡོད་དུས་དེབ་ཤོག་བུ་གང་བྲིས་མྱོང་མེད། ཁོང་གསོན་པོ་བཞུགས་དུས། རྩོམ་ཚིག་འཕྲེང་གཅིག་བྲིས་པ་སུས་ཤེས། དེས་ན། ཁོང་གི་བསམ་ཚུལ་ངོ་མ་ཤེས་མཁན་སུ་ཡོད།
བཀའ་འགྱུར་ནང་འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་ཟེར་བ་འདི་ཐོས་པ་པོའི་བསམ་ཚུལ་ལ་ཆ་བཞག་རྒྱུ་རེད་མ་གཏོགས། ཤཀྱའི་གསུངས་ཡིན་པ་སུས་དཔང་པོ་བྱེད་ཐུབ། སྐབས་དེ་དུས་སྒྲ་འཇུག་འཕྲུལ་འཁོར་ནི་མེད། ཡི་གེ་ནི་མ་ཤེས། གསུངས་འབུམ་རིང་པོ་ཞིག་ཇི་ལྟར་བློ་ལ་ཟིན་ཐུབ་བམ།
ད་ཤོད་དང་།
ད་དོན་དག་ངོ་མ་དེ་བོར་ནས་ག་རེ་བཤད་བསྡད་ཀྱི་ཡོད་རེད།
ང་ཚོ་མང་གཙོ་ཡང་དག་པ་ཞོག་གི་ལམ་དུ་འགྲོ་གི་ཡོད་ཚེ། ཆོས་ལུགས་དད་མོས་རང་དཔང་ལ་བརྩི་འཇོག་ངེས་པར་དུ་བྱེད་དགོས། མང་ཚོགས་ནས་གང་ཟག་སུ་ཞིག་ལ་འོས་འཕངས་པ་དེ་ལ་མང་གཙོའི་ཆ་རྐྱེན་དང་མཐུན་པའི་འོས་ཆོས་ཚང་ན། ཆོས་ལུགས་གང་ཡིན་དང་ལྷ་གང་བརྟེན་ལ་དེ་ཙམ་གྱི་འབྲེལ་བ་ཆེར་མ་མཐོང་།གཙོ་ཆེ་བ་གང་ཟག་དེས་ལ་རྒྱ་དང་ཤེས་ཡོན། ལྷག་བསམ། འཇོན་ཐང་སོགས་གལ་ཆེར་འཇིན་དགོས།
xxxxx