རང་དབང་དང་རང་བཙན་འབོད་སྒྲ་དེ་རྒྱ་གཞུང་གི་འགོ་འཁྲིད་ཚོའི་མདུན་ལ་འཇོག་དགོས། Posted on 2012-02-032012-02-03 By ཁ་བརྡ་ 19 Comments on རང་དབང་དང་རང་བཙན་འབོད་སྒྲ་དེ་རྒྱ་གཞུང་གི་འགོ་འཁྲིད་ཚོའི་མདུན་ལ་འཇོག་དགོས། གསལ་བསྒྲགས།
བསྟན་རྡོར་ལགས་ཐུགས་རྗེ་ཆེ། ད་ལན་དུས་སྐབས་དེ་དང་བསྟུན་ནས་ལས་འགུལ་སྣ་མང་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་གནས་ཡུལ་ཨ་རི་གཞུང་ལ་མ་གནོད་པ་ཞིག་གལ་ཆེ། གཙོ་བོ་བོད་ནང་གི་ལས་འགུལ་སྤེལ་བཞིན་པ་དེ་ཉིད་རྒྱལ་སྤྱིའི་གསར་ལམ་BBCདང། CNNསོགས་ཀྱི་རྒྱུད་པར་རིས་ཁྱབ་སྒྲག་འགྲོ་ཐབས་དང་། ཞི་ཅིང་ཕིང་ཁོ་བའི་སེམས་ནང་གང་མགྱོགས་བོད་དོན་ཐག་གཅོད་མ་བྱས་ཚེ་འབྱུང་འབྲས་ངན་པ་ཞིག་དང་། ཁོ་བའི་ལས་རྒྱུན་རིང་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ལྟ་སྟངས་ངན་པ་ཞིག་ཡོང་རྒྱུ་ཡིན་པ་གསལ་སྟོན་བྱེད་དགོས། བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནི་གཞིས་བྱེས་གཉིས་ཀྱི་རེ་བའི་མིག་འབུར་གཏོད་ས་ངོ་མ་དེ་ཡིན་པས་ད་རེས་ཀྱང་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་ཡིན་པ་ཡིད་ཆེས་དང་རེ་བ་ཡོད་ཐུགས་རྗེ་ཆེ།
བོད་ནང་གི་བོད་མི་ཚོས་སྐད་འབོད་དང་། ཁྲོམ་སྐོར། མེར་སྲེག་སོགས་ཀྱི་ལས་འགུལ་སྤེལ་བ་དེ་པེ་ཅིན་གྱི་མགོ་ཁྲིད་ཚོས་གོ་མེད་པ་ཡིན་ནམ། དེ་ཨ་རི་ནས་གོ་འཇུག་དགོས་པ་རེད་དམ། འགྲེལ་བཤད་གབ་ཕྱི་ལོགས་པ་འདྲ་ཞིག་མཐོང་སོང་། གཞི་རྐང་ལས་འགུལ་སྤེལ་དགོས་པ་ལས་འགན་རེད། ཡིན་ནའང་། བོད་ནས་འབར་བའི་མེ་ལྕེ་དེའི་དུ་བ་པེ་ཅིན་གྱི་མགོ་ཁྲིད་ཚོས་མཐོང་བ་ཞིག་ཨ་རི་ནས་བྱེད་དགོས་ལབ་སྟངས་འདི་ཚོ་རྗེས་མ་ནས་མ་ལབ་རོགས། ད་ལྟ་ང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་སྣེ་ཁྲིད་འོག་ན་ཡོད་པ་རེད། གཞིས་ལུས་རྒྱ་ཆེའི་མི་མང་གི་ཆོད་སེམས་དང་བློས་གཏོང་གི་སྣེ་ཁྲིད་འོག་ན་ཡོད་པ་རེད། དེ་ངེས་པའི་ཐོག་ནས་མདུན་སྐྱོད་བྱེད་དགོས་པ་རེད།
ཨ་རའི་ནང་སྡོད་རིང་ལག་དམར་ཞི་ཆི་ཕིང་གི་ཉིན་མོའི་ཟས་ཀྱི་བྲོ་བ་མེད་པའི་་མིའི་ཤ་ཟ་བ་འཚོར་བ་དང་གཅིག མཚན་མོའི་གཉིད་ཀྱི་རྨི་ལམ་ནང་ལ་བོད་རང་དབང་གི་འབོད་སྒྲ་དང་། བོད་ཀྱི་རྒྱལ་དར་འབའ་ཞིག་རྨིས་པའི་རྨི་ལམ་འཁྲུགས་པ་ཅིག་བཟོ་དགོས་ཡོད་པ་འདྲ། ལགས་། ལགས་སོ། ལགས་སོ། །
རབ་ཡིན་ན། འདི་ལྟར་སྐུལ་སློང་བྱེད་དུས་ཙམ་པ། ཁ་ཡི་སེམས་ཤུགས་དེ་ཚོ་དོན་སྟེང་ལ་དབབ་དགོས་པའི་དུས་ལ་བབས་ཡོད་རེད་ཅེས་ནམ་རྒྱུན་སྐུལ་སློང་རེ་བྱས་ནས་ཡལ་འགྲོ་མཁན་ཚོར་ཡང་གོ་རྒྱུ་ཞིག་བཏང་ན་བཟང་།
ཁ་ཕར་ལ་སྐོར་ནས་བོད་དོན་དུ་ཅིག་བྱེད་དགོས་ཀྱི་འདུག་ཅེས་ལབ་པ་དང་།་ལམ་སེང་ཁ་ནང་ལ་སྐོར་ནས་གསེག་འདྲི་རེས་བྱེད་པ་ནི་ངོ་མ་སེམས་པ་ན་ཡ་རང་རེད། ད་ལྟ་གཞིས་ལུས་སྤུན་ཟླ་མང་པོ་ཞིག་གིས་ཚེ་སྲོག་བོད་དོན་ལ་འབུལ་བཞིན་པ་དང་།མང་པོ་ཞིག་རྨས་སྐྱོན་དང་གཅར་རྡུང་གི་ཁྲོད་ན་ཡོད་པའི་སྐབས་འདི་འདྲ་ཞིག་ལ་ངོ་མ་ལས་འགུལ་གང་ཐུབ་ཅི་ནུས་སྤེལ་དགོས་པ་ནི་ཕྱི་ན་ཡོད་པའི་བོད་མི་ཚོའི་ལས་འགན་རེད།སེམས་པ་ན་སོང་།་མིག་ཆུ་འཐོར་བྱུང་གསུང་ནས་མ་བཞུགས་རོགས།་ངོ་མ་སེམས་པ་ན་གི་ཡོད་ན།་མིག་ཆུ་འཐོར་གི་ཡོད་ན།ད་གོ་སྐབས་བྱུང་བ་རེད།ད་ཐེངས་སྟོན་རོགས།ཨ་རིའི་བོད་པ་ཚང་མར་རེ་སྐུལ་ཞུ་གི་ཡོད།་མི་རེ་རེའི་འགན་རེ་རེ་བླངས་ནས་ལས་འགུལ་ལ་ངེས་པར་དུ་ཞུགས་རོགས་གནང་།ང་བོད་པ་ཞིག་གི་སེམས་གཏིང་གི་རེ་འབོད་ཡིན།
དེང་སང་བོད་ས་སྟོད་སྨད་བར་གསུམ་ནས་བོད་མི་རིགས་ཀྱི་རང་དབང་གི་དོན་དུ་རྣམ་པ་འདྲ་མིན་དང་ཞི་དྲག་གཉིས་ཐོག་ནས་བོད་བསྟན་སྲིད་ཆགས་འཇིག་གི་ཉེན་འཕྲང་གི་འགག་རྩར་ལས་གཡོལ་ཆེད་རྩ་ཆེའི་ཚེ་སྲོག་དྲོན་མོ་ལའང་ཅི་མི་སྙམ་པར་མེ་ལྕེ་དང་མདའ་མཚོན་གོ་ཆའི་འོག་ཏུ་གྲོངས་བཞིན་སྐབས་སུ། ང་ཚོ་རང་དབང་ལུང་པར་གནས་སྡོད་ཚོས་ཀྱང་སྒོ་ཀུན་ནས་བོད་སྤྱི་དོན་ལ་སྨིན་པའི་ལས་དོན་ཆུང་ཚགས་རེ་ལས་བྱེད་མ་ཐུབ་ཀྱང་།སྤྱི་དོན་དང་མཐུན་སྒྲིལ།དེ་བཞིན་གཅིག་གྱུར་ལ་གནོད་པའི་ཡི་གེ་སྤེལ་བ་དང་སྐད་ཆ་བཤད་པ་སོགས་ནི་ངེས་པར་སྤངས་དགོས་ངེས་ཡིན་ཞིང་།དཔེར་ན། འདས་མ་ཐག་པའི་ཧོར་རྩིས་སུ་འབོད་པའི་རྒྱ་ལུགས་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་བོད་ནང་གི་ས་ཁུལ་གང་མང་ཞིག་ནས་བོད་ལུགས་གཅིག་གྱུར་གྱི་ཆེད་དུ་རྒྱ་ལུགས་མ་སར་བ་སོགས་བྱེད་བཞིན་ཡོད་ཀྱང་།བཙན་བྱོལ་ནང་གི་མགོ་སྟོང་རེ་ཟུང་གིས་ཨ་མདོའི་ལོ་སར་ཞེས་ལོགས་སུ་བཀར་བཞིན་འདུག་པ་མ་ཟད།ད་དུང་བོད་ལུགས་ལོ་གསར་ལ་དབུས་གཙང་ལོ་གསར་ཞེས་ཐ་སྙད་གསར་པ་རེའང་བཙན་གྱིས་སྦྱར་བཞིན་འདུག་པས། ཐ་སྙད་བེད་སྤྱོད་གཏོང་སྟངས་འདིའི་རིགས་ནི་མཐུན་སྒྲིལ་དང་གཅིག་གྱུར་དེ་བཞིན་བོད་མི་ཕན་ཚུན་བར་གྱི་འདུ་ཤེས་འཛིན་སྟངས་སོགས་ལ་གནོད་དུ་སྲིད་པས་ཐུགས་བསམ་བཞེས་གལ་ཆེ།
རྒྱལ་གཅེས་པ་བསྟན་རྡོ་ལགས་བཀའ་དྲིན་ཆེ། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ག་དུས་ཡིན་ནའང་སྔོན་མ་ཁྱེད་ཚོ་རེད། བཙན་བྱོལ་ནང་གི་བོད་དོན་འཐབ་རྩོད་པ་ཨང་པོ་རང་བཙན་སློབ་གྲོགས་ཚོགས་པ་དང་གཞོན་ནུ་ལྷན་ཚོགས་གཉིས་རེད། ཐུགས་རྗེ་ཆེ། ཁྱེད་ཀྱིས་གསུངས་པ་ལྟར་ཨ་རི་ཡོད་པའི་བོད་མི་ཚོས་མཉམ་ཞུགས་གནང་རོགས་ཞེས་རེ་སྐུལ་བྱེད་རྒྱུ་ཡིན ཤུགས་རྒྱོབ་་་་ཤུགས་རྒྱོབ་་་སྤུན་ཟླ་ཚོ། མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་དགྲ་མགོ་རྡུང་བའི་ཐོ་བ་ཡིན། མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་རང་བཙན་ལེན་པའི་ནུས་པ་ཡིན། མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་དམར་ཕྱོགས་གཏོར་བའི་འབར་རྫས་ཡིན། མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་སྤུན་ཟླ་སྐྱོབ་པའི་སྲུང་དམག་ཡིན། ཤུགས་རྒྱོབ་་་་ཤུགས་རྒྱོབ་་་་སྤུན་ཟླ་ཚོ། གཞིར་ལུས་སྤུན་ཟླའི་སྐུ་ལུས་མེར་འབར་བར་བསམ་བཞིན་ཡར་ལང་བྱོས། གཞིར་ལུས་སྤུན་ཟླ་དགྲ་བོའི་མེ་མདའ་ཁ་རུ་མཆོངས་བར་སེམས་སུ་བཞག་ནས་ཡར་ལང་བྱོས། གཞིར་ལུས་སྤུན་ཟླའི་བཙོན་འོག་ཏུ་མནར་གཅོད་མྱོང་བར་ཐུགས་སུ་འཛིན་ནས་ཡར་ལང་བྱོས། གཞིར་ལུས་སྤུན་ཟླའི་སྡུག་བསྔལ་ཡིད་ལ་དྲན་བཞིན་ཡར་ལང་བྱོས། ལོངས་ཤོག་་་་ལོངས་ཤོག་་་་བཙན་བྱོལ་བ།
ཁ་བཤད་ཆུ་ཡི་སྦུ་བ་རེད། ལག་ལེན་སྒྲོ་ལོ་སྔོན་པོ་རེད། བོད་མི་ཐམ་ཅད་འུར་ལ་དགའ་འུར་གྱི་སྔ་ཕྱི་བར་གསུམ་ཕུང། གནམ་ཨ་སྔོན་ལ་རྡོ་གྱོག་ཨེ་ཕོག་ན་དེ་ཕོག་ན་ང་ཚོ་ཚོང་མས་ལས་ཀྱང་བཙོན།
བོད་རང་བཙན་གྱི་སློབ་ཕྲུག་ཚོགས་པ་ལ་ཐུགས་རྗེ་ཞུ། ཁྱེད་ཚོ་ནི་རྒྱ་དམར་སྐྲག་ས་དངོས་ཡིན་ཟེར། ང་ཚོ་ཚང་མ་ད་རེ་ཡིན་དྰ།
བོད་རང་བཙན་སློབ་ཕྲུག་ཚོགས་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་ཀྱིས་གསུང་པའི་ཉིན་མོ་དེ་དམ་འཛིན་བྱ་ངེས་ཡིན།
དངོས་གནས་རེད། བོད་ཀྱི་སློབ་ཕྲུག་ཚོགས་པ་འདི་གལ་ཆེན་པོ་དང་ནུས་པ་ཆེན་པོ་ཡོང་པའི་ཚོགས་པ་ཞིག་རེད། ཚང་མས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་རོགས། ལྷག་པར་དུ་གཞོན་ནུ་དང་དགུ་བཅུ་གསུམ་སོགས་ལངས་ཕྱོགས་གཅིག་པའི་ཚོགས་པ་དག་གིས་ཕྲག་དོག་དང་འགྲན་སེམས་མི་བྱེད་པར་ནུས་པ་མཉམ་སྤུངས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་གོང་གི་མཆན་འབྲི་མཁན་ཁ་ཤས་ཀྱིས་མ་དགའ་བའི་རྣམ་འགྱུར་དང་མཐའ་གཅིག་ཏུ་སྐྱོན་ཁོ་ན་འཚོལ་གྱིན་པ་འདི་ཡག་པོ་རྩ་ནས་མ་རེད།
ཨ་རི་ནས་ཡོད་མཁན་ཚོས་བྱེད་དགོས་པ་ལས་རྒྱ་གར་ནས་ཡོད་མཁན་ཚོས་དམིགས་བསལ་གྱི་བྱེད་ཀྱང་གྲུབ་འབྲས་དེ་ཙམ་ཐོན་པ་དཀའ།
མ་འོང་བོད་ཀྱི་སོན་རྩ་ཡིན་རིན་ཆོག་ཤག། མི་རབས་གསར་པའི་སྣེ་འཁྲིད་ཐུབ་པར་བྱེད་རྒྱུ་དེ་ཁྱེད་ཚོ་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ཚོར་རེ་བ་ཆེ་ཤོས་ཡིན་ད། ཤུགས་རྒྱོབས་ཨ་ཕ་བཟང་གི་བུ། ཡིན་དཱ། དངོས་གནས་ཡིན་ཁྱེད་ཚོ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་དུས་མདུན་གྲལ་དུ་སླེབས་ཀྱི་འདུག་ལ་སྤྱི་ཚོགས་ཞབས་ཞུའི་ཐད་ཀྱང་ཧུར་བརྩོན་ཅན་དང་ལག་ལེན་དངོས་དང་མི་བྲལ་བ་གནང་མཁན་ཞིག་རེད། མ་གཞི་སྤྱི་ཚོགས་ཞབས་ཞུའི་ཐད་བུད་མེད་ཚོགས་པ་ཡང་མདུན་གྲལ་དུ་སླེབས་མཁན་གྲས་རེད། རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ་དགོས་པ་རེད། འོན་ཀྱང་ཆབ་སྲིད་ཀྱི་ལས་འགུལ་ནང་བཞུགས་དུས་སེམས་ཤུགས་ད་ཆེ་ཐག་ཆོད་རེད་དེ་རྨོའོ་རྨོའོ་རྐྱང་རྐྱང་ཡིན་ཙང་ཅུང་རྗེས་ལུས་འདྲ་ཞིག་རེད། རེད་དེ་ཐུགས་ཁག་མེད། ཐུགས་ཁག་མེད། འོན་ཀྱང་ཡ་མཚན་པ་ཞིག་ལ་གསར་དུ་དབུ་བརྙེས་པའི་དབུ་མའི་ལས་འགུལ་ཚོགས་པ་ཟེར་བ་དེ་ལས་འགུལ་གང་སར་མཐོང་རྒྱུ་རིག་རྒྱུ་མི་འདུག་ལ་སྤྱི་ཚོགས་ཞབས་ཞུའི་ཐད་ལ་ག་པར་ག་པར། སྤམ་ཤོར་མི་ཡོང་ངམ་སྙམ་པ་ཡིན་ན། ཡང་ན་གུང་ཁྲན་ལ་བསྟུན་མཁས་གནང་གི་ཡོད་ན། སྐྲག་པ་ནི་ཡིན་རྒྱུ་མ་རེད་པ། མ་གཞི་ཁོང་ཚོའི་མཛད་འགན་གཙོ་བོ་དེ་བོད་པའི་སྤྱི་ཚོགས་ནང་དབུ་མའི་ལྟ་གྲུབ་ཁྱབ་སྤེལ་གཏོང་རྒྱུ་དེ་རེད།
བསྟན་རྡོར་ལགས་ད་ལོ་ ལས་མགུལ་ཞིག་མགོ་བརྩོམ་པ་ཐུགས་རྗེ་ཆེ། སྔར་ལོ་བསློབ་འཕྲུག་ཚོགས་པ་ལ་གོ་ཡ་ཚོ་ཡ་མི་འདུག་ཁོང་ཚོགས་གྲོངས་ཚར་བ་མིན་འགྲོ་བསམ་སོང་། བསྟབས་ཡག་ནས་འདི་ན་གསལ་བསྒྲགས་ཞིག་འདུག
གཞིས་བྱེས་རང་སྲོག་མ་ཤོར་བར། ། བརྟན་རྡོར་ལགས་ཀྱིས་སྣེ་འཁྲིད་ཤོག ། བོད་རྒྱ་མི་རིགས་འཆམ་མཐུན་ལ། ། མ་གནོད་གཞུང་ངན་རྩ་གཏོར་གཏོང་། །
ཀུན་གཟིགས་ཚོང་པ་རྒྱག་པ་དེ་ཡོད་གྱུར་ན། ད་ལྟའི་ཐབས་སྡུག་གནས་དེ་ཡོང་དོག་མེད། བློན་ཆེན་མགར་གྱི་རྒྱུད་པ་ཡོད་གྱུར་ན། ནག་པོ་རྒྱ་ལ་མགོ་བོ་མགུར་དོག་མེད། ཡོད་དུས་ཚོང་པ་རྒྱག་པའི་མཚན་ངན་དེ་ཕུལ་ཞིང་། མེད་དུས་གངས་ལྗོངས་དཔའ་བོའི་མཚན་སྙན་གྱིས་བསྟོད་པ། ཕྲ་དོག་གདོན་གྱིས་མྱོས་པའི་སྐུ་ངོ་ཡི་སེམས་ཁམས། རྒྱལ་སྲས་དམ་པ་རྣམས་ཀྱིས་དཔོགས་པ་རང་དཀའ་འོ།
བསྟན་རྡོར་ལགས་ཐུགས་རྗེ་ཆེ། ད་ལན་དུས་སྐབས་དེ་དང་བསྟུན་ནས་ལས་འགུལ་སྣ་མང་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་གནས་ཡུལ་ཨ་རི་གཞུང་ལ་མ་གནོད་པ་ཞིག་གལ་ཆེ། གཙོ་བོ་བོད་ནང་གི་ལས་འགུལ་སྤེལ་བཞིན་པ་དེ་ཉིད་རྒྱལ་སྤྱིའི་གསར་ལམ་BBCདང། CNNསོགས་ཀྱི་རྒྱུད་པར་རིས་ཁྱབ་སྒྲག་འགྲོ་ཐབས་དང་། ཞི་ཅིང་ཕིང་ཁོ་བའི་སེམས་ནང་གང་མགྱོགས་བོད་དོན་ཐག་གཅོད་མ་བྱས་ཚེ་འབྱུང་འབྲས་ངན་པ་ཞིག་དང་། ཁོ་བའི་ལས་རྒྱུན་རིང་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ལྟ་སྟངས་ངན་པ་ཞིག་ཡོང་རྒྱུ་ཡིན་པ་གསལ་སྟོན་བྱེད་དགོས། བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནི་གཞིས་བྱེས་གཉིས་ཀྱི་རེ་བའི་མིག་འབུར་གཏོད་ས་ངོ་མ་དེ་ཡིན་པས་ད་རེས་ཀྱང་ལས་འགུལ་རྒྱ་གང་ཆེ་སྤེལ་རྒྱུ་ཡིན་པ་ཡིད་ཆེས་དང་རེ་བ་ཡོད་ཐུགས་རྗེ་ཆེ།
བོད་ནང་གི་བོད་མི་ཚོས་སྐད་འབོད་དང་། ཁྲོམ་སྐོར། མེར་སྲེག་སོགས་ཀྱི་ལས་འགུལ་སྤེལ་བ་དེ་པེ་ཅིན་གྱི་མགོ་ཁྲིད་ཚོས་གོ་མེད་པ་ཡིན་ནམ། དེ་ཨ་རི་ནས་གོ་འཇུག་དགོས་པ་རེད་དམ། འགྲེལ་བཤད་གབ་ཕྱི་ལོགས་པ་འདྲ་ཞིག་མཐོང་སོང་། གཞི་རྐང་ལས་འགུལ་སྤེལ་དགོས་པ་ལས་འགན་རེད། ཡིན་ནའང་། བོད་ནས་འབར་བའི་མེ་ལྕེ་དེའི་དུ་བ་པེ་ཅིན་གྱི་མགོ་ཁྲིད་ཚོས་མཐོང་བ་ཞིག་ཨ་རི་ནས་བྱེད་དགོས་ལབ་སྟངས་འདི་ཚོ་རྗེས་མ་ནས་མ་ལབ་རོགས། ད་ལྟ་ང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་སྣེ་ཁྲིད་འོག་ན་ཡོད་པ་རེད། གཞིས་ལུས་རྒྱ་ཆེའི་མི་མང་གི་ཆོད་སེམས་དང་བློས་གཏོང་གི་སྣེ་ཁྲིད་འོག་ན་ཡོད་པ་རེད། དེ་ངེས་པའི་ཐོག་ནས་མདུན་སྐྱོད་བྱེད་དགོས་པ་རེད།
ཨ་རའི་ནང་སྡོད་རིང་ལག་དམར་ཞི་ཆི་ཕིང་གི་ཉིན་མོའི་ཟས་ཀྱི་བྲོ་བ་མེད་པའི་་མིའི་ཤ་ཟ་བ་འཚོར་བ་དང་གཅིག མཚན་མོའི་གཉིད་ཀྱི་རྨི་ལམ་ནང་ལ་བོད་རང་དབང་གི་འབོད་སྒྲ་དང་། བོད་ཀྱི་རྒྱལ་དར་འབའ་ཞིག་རྨིས་པའི་རྨི་ལམ་འཁྲུགས་པ་ཅིག་བཟོ་དགོས་ཡོད་པ་འདྲ། ལགས་། ལགས་སོ། ལགས་སོ། །
ཐུགས་རྗེ་ཆེ། མི་རེ་བ་ཅན་པོ། གོས་རི་མོ་ཅན་པོ་ཁྱེད་ཚོ་ཡིན།
རབ་ཡིན་ན། འདི་ལྟར་སྐུལ་སློང་བྱེད་དུས་ཙམ་པ། ཁ་ཡི་སེམས་ཤུགས་དེ་ཚོ་དོན་སྟེང་ལ་དབབ་དགོས་པའི་དུས་ལ་བབས་ཡོད་རེད་ཅེས་ནམ་རྒྱུན་སྐུལ་སློང་རེ་བྱས་ནས་ཡལ་འགྲོ་མཁན་ཚོར་ཡང་གོ་རྒྱུ་ཞིག་བཏང་ན་བཟང་།
ཁ་ཕར་ལ་སྐོར་ནས་བོད་དོན་དུ་ཅིག་བྱེད་དགོས་ཀྱི་འདུག་ཅེས་ལབ་པ་དང་།་ལམ་སེང་ཁ་ནང་ལ་སྐོར་ནས་གསེག་འདྲི་རེས་བྱེད་པ་ནི་ངོ་མ་སེམས་པ་ན་ཡ་རང་རེད།
ད་ལྟ་གཞིས་ལུས་སྤུན་ཟླ་མང་པོ་ཞིག་གིས་ཚེ་སྲོག་བོད་དོན་ལ་འབུལ་བཞིན་པ་དང་།མང་པོ་ཞིག་རྨས་སྐྱོན་དང་གཅར་རྡུང་གི་ཁྲོད་ན་ཡོད་པའི་སྐབས་འདི་འདྲ་ཞིག་ལ་ངོ་མ་ལས་འགུལ་གང་ཐུབ་ཅི་ནུས་སྤེལ་དགོས་པ་ནི་ཕྱི་ན་ཡོད་པའི་བོད་མི་ཚོའི་ལས་འགན་རེད།སེམས་པ་ན་སོང་།་མིག་ཆུ་འཐོར་བྱུང་གསུང་ནས་མ་བཞུགས་རོགས།་ངོ་མ་སེམས་པ་ན་གི་ཡོད་ན།་མིག་ཆུ་འཐོར་གི་ཡོད་ན།ད་གོ་སྐབས་བྱུང་བ་རེད།ད་ཐེངས་སྟོན་རོགས།ཨ་རིའི་བོད་པ་ཚང་མར་རེ་སྐུལ་ཞུ་གི་ཡོད།་མི་རེ་རེའི་འགན་རེ་རེ་བླངས་ནས་ལས་འགུལ་ལ་ངེས་པར་དུ་ཞུགས་རོགས་གནང་།ང་བོད་པ་ཞིག་གི་སེམས་གཏིང་གི་རེ་འབོད་ཡིན།
དེང་སང་བོད་ས་སྟོད་སྨད་བར་གསུམ་ནས་བོད་མི་རིགས་ཀྱི་རང་དབང་གི་དོན་དུ་རྣམ་པ་འདྲ་མིན་དང་ཞི་དྲག་གཉིས་ཐོག་ནས་བོད་བསྟན་སྲིད་ཆགས་འཇིག་གི་ཉེན་འཕྲང་གི་འགག་རྩར་ལས་གཡོལ་ཆེད་རྩ་ཆེའི་ཚེ་སྲོག་དྲོན་མོ་ལའང་ཅི་མི་སྙམ་པར་མེ་ལྕེ་དང་མདའ་མཚོན་གོ་ཆའི་འོག་ཏུ་གྲོངས་བཞིན་སྐབས་སུ། ང་ཚོ་རང་དབང་ལུང་པར་གནས་སྡོད་ཚོས་ཀྱང་སྒོ་ཀུན་ནས་བོད་སྤྱི་དོན་ལ་སྨིན་པའི་ལས་དོན་ཆུང་ཚགས་རེ་ལས་བྱེད་མ་ཐུབ་ཀྱང་།སྤྱི་དོན་དང་མཐུན་སྒྲིལ།དེ་བཞིན་གཅིག་གྱུར་ལ་གནོད་པའི་ཡི་གེ་སྤེལ་བ་དང་སྐད་ཆ་བཤད་པ་སོགས་ནི་ངེས་པར་སྤངས་དགོས་ངེས་ཡིན་ཞིང་།དཔེར་ན། འདས་མ་ཐག་པའི་ཧོར་རྩིས་སུ་འབོད་པའི་རྒྱ་ལུགས་དཔྱིད་གསར་དུས་ཆེན་གྱི་སྐབས་སུ་བོད་ནང་གི་ས་ཁུལ་གང་མང་ཞིག་ནས་བོད་ལུགས་གཅིག་གྱུར་གྱི་ཆེད་དུ་རྒྱ་ལུགས་མ་སར་བ་སོགས་བྱེད་བཞིན་ཡོད་ཀྱང་།བཙན་བྱོལ་ནང་གི་མགོ་སྟོང་རེ་ཟུང་གིས་ཨ་མདོའི་ལོ་སར་ཞེས་ལོགས་སུ་བཀར་བཞིན་འདུག་པ་མ་ཟད།ད་དུང་བོད་ལུགས་ལོ་གསར་ལ་དབུས་གཙང་ལོ་གསར་ཞེས་ཐ་སྙད་གསར་པ་རེའང་བཙན་གྱིས་སྦྱར་བཞིན་འདུག་པས། ཐ་སྙད་བེད་སྤྱོད་གཏོང་སྟངས་འདིའི་རིགས་ནི་མཐུན་སྒྲིལ་དང་གཅིག་གྱུར་དེ་བཞིན་བོད་མི་ཕན་ཚུན་བར་གྱི་འདུ་ཤེས་འཛིན་སྟངས་སོགས་ལ་གནོད་དུ་སྲིད་པས་ཐུགས་བསམ་བཞེས་གལ་ཆེ།
བོད་ཀྱི་སློབ་ཕྲུག་ཚོགས་པ་ལ་ཐོག་མར་འཚམས་འདྲི་བཀྲིས་བདེ་ལེགས་དང་ཡི་རངས་བསྔགས་བརྗོད་སྙིང་གཏིང་ནས་ཞུ།
རྒྱལ་གཅེས་པ་བསྟན་རྡོ་ལགས་བཀའ་དྲིན་ཆེ།
བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཆེད་དུ་ག་དུས་ཡིན་ནའང་སྔོན་མ་ཁྱེད་ཚོ་རེད། བཙན་བྱོལ་ནང་གི་བོད་དོན་འཐབ་རྩོད་པ་ཨང་པོ་རང་བཙན་སློབ་གྲོགས་ཚོགས་པ་དང་གཞོན་ནུ་ལྷན་ཚོགས་གཉིས་རེད། ཐུགས་རྗེ་ཆེ།
ཁྱེད་ཀྱིས་གསུངས་པ་ལྟར་ཨ་རི་ཡོད་པའི་བོད་མི་ཚོས་མཉམ་ཞུགས་གནང་རོགས་ཞེས་རེ་སྐུལ་བྱེད་རྒྱུ་ཡིན
ཤུགས་རྒྱོབ་་་་ཤུགས་རྒྱོབ་་་སྤུན་ཟླ་ཚོ།
མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་དགྲ་མགོ་རྡུང་བའི་ཐོ་བ་ཡིན།
མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་རང་བཙན་ལེན་པའི་ནུས་པ་ཡིན།
མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་དམར་ཕྱོགས་གཏོར་བའི་འབར་རྫས་ཡིན།
མཛུབ་མོ་ལྔ་བཅངས་ཀྱི་ཁུ་ཚུར་ཡོད་ན་སྤུན་ཟླ་སྐྱོབ་པའི་སྲུང་དམག་ཡིན།
ཤུགས་རྒྱོབ་་་་ཤུགས་རྒྱོབ་་་་སྤུན་ཟླ་ཚོ།
གཞིར་ལུས་སྤུན་ཟླའི་སྐུ་ལུས་མེར་འབར་བར་བསམ་བཞིན་ཡར་ལང་བྱོས།
གཞིར་ལུས་སྤུན་ཟླ་དགྲ་བོའི་མེ་མདའ་ཁ་རུ་མཆོངས་བར་སེམས་སུ་བཞག་ནས་ཡར་ལང་བྱོས།
གཞིར་ལུས་སྤུན་ཟླའི་བཙོན་འོག་ཏུ་མནར་གཅོད་མྱོང་བར་ཐུགས་སུ་འཛིན་ནས་ཡར་ལང་བྱོས།
གཞིར་ལུས་སྤུན་ཟླའི་སྡུག་བསྔལ་ཡིད་ལ་དྲན་བཞིན་ཡར་ལང་བྱོས།
ལོངས་ཤོག་་་་ལོངས་ཤོག་་་་བཙན་བྱོལ་བ།
ཁ་བཤད་ཆུ་ཡི་སྦུ་བ་རེད། ལག་ལེན་སྒྲོ་ལོ་སྔོན་པོ་རེད། བོད་མི་ཐམ་ཅད་འུར་ལ་དགའ་འུར་གྱི་སྔ་ཕྱི་བར་གསུམ་ཕུང། གནམ་ཨ་སྔོན་ལ་རྡོ་གྱོག་ཨེ་ཕོག་ན་དེ་ཕོག་ན་ང་ཚོ་ཚོང་མས་ལས་ཀྱང་བཙོན།
བོད་རང་བཙན་གྱི་སློབ་ཕྲུག་ཚོགས་པ་ལ་ཐུགས་རྗེ་ཞུ། ཁྱེད་ཚོ་ནི་རྒྱ་དམར་སྐྲག་ས་དངོས་ཡིན་ཟེར། ང་ཚོ་ཚང་མ་ད་རེ་ཡིན་དྰ།
བོད་རང་བཙན་སློབ་ཕྲུག་ཚོགས་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག ཁྱེད་ཀྱིས་གསུང་པའི་ཉིན་མོ་དེ་དམ་འཛིན་བྱ་ངེས་ཡིན།
དངོས་གནས་རེད། བོད་ཀྱི་སློབ་ཕྲུག་ཚོགས་པ་འདི་གལ་ཆེན་པོ་དང་ནུས་པ་ཆེན་པོ་ཡོང་པའི་ཚོགས་པ་ཞིག་རེད། ཚང་མས་རྒྱབ་སྐྱོར་དང་མཉམ་ཞུགས་གནང་རོགས། ལྷག་པར་དུ་གཞོན་ནུ་དང་དགུ་བཅུ་གསུམ་སོགས་ལངས་ཕྱོགས་གཅིག་པའི་ཚོགས་པ་དག་གིས་ཕྲག་དོག་དང་འགྲན་སེམས་མི་བྱེད་པར་ནུས་པ་མཉམ་སྤུངས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་ནས་གོང་གི་མཆན་འབྲི་མཁན་ཁ་ཤས་ཀྱིས་མ་དགའ་བའི་རྣམ་འགྱུར་དང་མཐའ་གཅིག་ཏུ་སྐྱོན་ཁོ་ན་འཚོལ་གྱིན་པ་འདི་ཡག་པོ་རྩ་ནས་མ་རེད།
ཨ་རི་ནས་ཡོད་མཁན་ཚོས་བྱེད་དགོས་པ་ལས་རྒྱ་གར་ནས་ཡོད་མཁན་ཚོས་དམིགས་བསལ་གྱི་བྱེད་ཀྱང་གྲུབ་འབྲས་དེ་ཙམ་ཐོན་པ་དཀའ།
མ་འོང་བོད་ཀྱི་སོན་རྩ་ཡིན་རིན་ཆོག་ཤག། མི་རབས་གསར་པའི་སྣེ་འཁྲིད་ཐུབ་པར་བྱེད་རྒྱུ་དེ་ཁྱེད་ཚོ་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ཚོར་རེ་བ་ཆེ་ཤོས་ཡིན་ད། ཤུགས་རྒྱོབས་ཨ་ཕ་བཟང་གི་བུ། ཡིན་དཱ། དངོས་གནས་ཡིན་ཁྱེད་ཚོ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་དུས་མདུན་གྲལ་དུ་སླེབས་ཀྱི་འདུག་ལ་སྤྱི་ཚོགས་ཞབས་ཞུའི་ཐད་ཀྱང་ཧུར་བརྩོན་ཅན་དང་ལག་ལེན་དངོས་དང་མི་བྲལ་བ་གནང་མཁན་ཞིག་རེད། མ་གཞི་སྤྱི་ཚོགས་ཞབས་ཞུའི་ཐད་བུད་མེད་ཚོགས་པ་ཡང་མདུན་གྲལ་དུ་སླེབས་མཁན་གྲས་རེད། རྗེས་སུ་ཡིད་རང་དང་ཐུགས་རྗེ་ཆེ་ཞུ་དགོས་པ་རེད། འོན་ཀྱང་ཆབ་སྲིད་ཀྱི་ལས་འགུལ་ནང་བཞུགས་དུས་སེམས་ཤུགས་ད་ཆེ་ཐག་ཆོད་རེད་དེ་རྨོའོ་རྨོའོ་རྐྱང་རྐྱང་ཡིན་ཙང་ཅུང་རྗེས་ལུས་འདྲ་ཞིག་རེད། རེད་དེ་ཐུགས་ཁག་མེད། ཐུགས་ཁག་མེད།
འོན་ཀྱང་ཡ་མཚན་པ་ཞིག་ལ་གསར་དུ་དབུ་བརྙེས་པའི་དབུ་མའི་ལས་འགུལ་ཚོགས་པ་ཟེར་བ་དེ་ལས་འགུལ་གང་སར་མཐོང་རྒྱུ་རིག་རྒྱུ་མི་འདུག་ལ་སྤྱི་ཚོགས་ཞབས་ཞུའི་ཐད་ལ་ག་པར་ག་པར། སྤམ་ཤོར་མི་ཡོང་ངམ་སྙམ་པ་ཡིན་ན། ཡང་ན་གུང་ཁྲན་ལ་བསྟུན་མཁས་གནང་གི་ཡོད་ན། སྐྲག་པ་ནི་ཡིན་རྒྱུ་མ་རེད་པ། མ་གཞི་ཁོང་ཚོའི་མཛད་འགན་གཙོ་བོ་དེ་བོད་པའི་སྤྱི་ཚོགས་ནང་དབུ་མའི་ལྟ་གྲུབ་ཁྱབ་སྤེལ་གཏོང་རྒྱུ་དེ་རེད།
བསྟན་རྡོར་ལགས་ད་ལོ་ ལས་མགུལ་ཞིག་མགོ་བརྩོམ་པ་ཐུགས་རྗེ་ཆེ། སྔར་ལོ་བསློབ་འཕྲུག་ཚོགས་པ་ལ་གོ་ཡ་ཚོ་ཡ་མི་འདུག་ཁོང་ཚོགས་གྲོངས་ཚར་བ་མིན་འགྲོ་བསམ་སོང་། བསྟབས་ཡག་ནས་འདི་ན་གསལ་བསྒྲགས་ཞིག་འདུག
གཞིས་བྱེས་རང་སྲོག་མ་ཤོར་བར། །
བརྟན་རྡོར་ལགས་ཀྱིས་སྣེ་འཁྲིད་ཤོག །
བོད་རྒྱ་མི་རིགས་འཆམ་མཐུན་ལ། །
མ་གནོད་གཞུང་ངན་རྩ་གཏོར་གཏོང་། །
ཀུན་གཟིགས་ཚོང་པ་རྒྱག་པ་དེ་ཡོད་གྱུར་ན།
ད་ལྟའི་ཐབས་སྡུག་གནས་དེ་ཡོང་དོག་མེད།
བློན་ཆེན་མགར་གྱི་རྒྱུད་པ་ཡོད་གྱུར་ན།
ནག་པོ་རྒྱ་ལ་མགོ་བོ་མགུར་དོག་མེད།
ཡོད་དུས་ཚོང་པ་རྒྱག་པའི་མཚན་ངན་དེ་ཕུལ་ཞིང་།
མེད་དུས་གངས་ལྗོངས་དཔའ་བོའི་མཚན་སྙན་གྱིས་བསྟོད་པ།
ཕྲ་དོག་གདོན་གྱིས་མྱོས་པའི་སྐུ་ངོ་ཡི་སེམས་ཁམས།
རྒྱལ་སྲས་དམ་པ་རྣམས་ཀྱིས་དཔོགས་པ་རང་དཀའ་འོ།
བསྟན་རྡོར་ལ་ཐུགས་རྗེ་ཆེ་།་