རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་རང་ལུས་མེར་བསྲེགས་གི་ལས་འགུལ་བྱུང་བ་རེད་། Posted on 2012-02-06 By ཁ་བརྡ་ 32 Comments on རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་རང་ལུས་མེར་བསྲེགས་གི་ལས་འགུལ་བྱུང་བ་རེད་། ཆབ་བྲག་ལྷ་མོ་སྐྱབས། གསར་འགྱུར།
དཀར་སྐྱིད་ལགས། རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་རང་ལུས་མེར་བསྲེགས༼་གི་༽ལས་འགུལ་བྱུང་བ་རེད་ཅེས་པའི་སྐོར་ལ་མཆན་གཅིག་བཀོད་འདུག འདི་ལ་གསུང་བགྱིད་ཡོད་པས། ཆབ་བྲག་ཁོང་བློ་ཚབ་ནས་ལེགས་བཤད་ལྗོན་དབང་ནང་གི ད་བ་ས་ཀྱི་ག་ང་གི །ཞེས་པ་དེ་མ་དྲན་པ་མིན་འགྲོ། འོན་ཀྱང་གཏམ་བཤད་ཡག་པོ་འདུག
Respected Genla, Thank you so much for your insight which was enlightening. The denunciation by some is obvious as there is a saying “where there is a god, there is a devil”. So keep up your good work.
བདེ་སྐྱིད་སྒྲོལ་མ་ལགས། བོད་ཡིག་གི་དྲ་རྒྱ་ལ་དབྱིན་ཡིག་གི་མཆོད་པ་མི་འབུལ་རོགས། མ་གཞི་ཁྱོད་ཉིད་བོད་ཡིག་མི་ཤེས་བས།
གོང་གི་ཧོལ་རྒྱུགས་པ་ཚོས་ཉོན་ཨང་།བརྙན་ཐུང་དེ་ཆབ་བྲག་གི་ངོ་དེབ་དུ་འདུག།འདིར་བཀོད་མཁན་ཆབ་ལྷ་མ་རེད་ཁ་བརྡ་ཚང་རེད་འདུག་ག
མི་རེ་རེས་ས་ཆ་རེ་རེ་ནས་སེམས་ཤུགས་རེ་རེ་ དངོས་ནས་ཡིད་སྨོན་དང་ཡི་རངས་ ད་དུང་རྒྱ་བསྐྱེད་དང་མདུན་ཕྱོགས་སུ་ རྒྱུན་མཐུད་ནས་མཚམས་མི་ཆད་པར་
ཆབ་ལྷ་ལགས། སྔོན་ཆད་རྒྱ་ནག་གོང་མ་རྒྱལ་པོའི་སྐབས་སུ་བོད་མི་རྣམས་རྒྱ་ནག་གོང་མ་སང་ལ་དགའ་དད་ཆེན་བོ་ཡོད་པ་རེད། རྒྱ་ནག་གོང་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པར་བོད་མི་རྒན་རབས་པའི་གསུང་། དེང་སང་རྒྱ་ནག་གུང་ཁྲན་ལ་བོད་མི་རྣམས་མི་དགའ་བའི་རྒྱུ་མཚན་གང་ཡིན་ནམ།
ཇ་མ་ལགས། སྔོན་ཆད་ཀྱང་བོད་མི་རྣམས་རྒྱ་ནག་གོང་མ་ཚང་ལ་དགའ་དད་ཆེན་པོ་ཡོད་པ་ངས་ཁས་མི་ལེན། ཆོས་ལུགས་མི་སྣ་དང་བླ་དཔོན་རིགས་འགས་ཕྱག་འཚལ་ཡོད་ཚོད། དེ་དག་གཅིག་ནས་ཆོས་ལུགས་ཀྱི་རྨོངས་དད་དང་གཉིས་ནས་ཆབ་སྲིད་ཀྱི་བསླུ་བྲིད། གསུམ་ནས་རང་གི་མཚན་སྙན་བཅས་ཀྱི་སླད་དུ་ཡིན་པ་འདྲ། གུང་ཁྲན་ཏང་ལ་ཡང་དགའ་མྱོང་བར་མ་ཟད་མའོ་ཙེ་ཏུང་སོགས་ལ་དགའ་གུས་ཚད་མེད་བྱེད་མཁན་ཡང་བྱུང་མྱོང་བ་མ་ཟད་ད་དུང་ཡང་དགའ་མཁན་འགའ་རེ་ཡོད་ཚོད། སྤྱིར་ཡིན་ན་༸རྒྱ་ནག་གོང་མ་དེ་ནང་ཆོས་ལ་དད་མོས་བྱེད་མཁན་ཞིག་དང་མའོ་ཙེ་ཏུང་རྗེས་འབྲང་བ་ཚོ་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཀྱང་དགའ་དད་སྐྱེ་མི་སྐྱེ་ཞིག་ཡོང་རྒྱུ་རེད། ཡིན་ན་ཡང་དེང་སང་གུང་ཁྲན་ཏང་ལ་མི་དགའ་དོན་གཙོ་བོ་ཏང་གི་སྲིད་ཇུས་དེ་རུལ་སུངས་པ་ཞིག་ཡིན་པ་ཧ་གོ་བས་ལོས་ཡིན།
ཁ་བརྡ་ཚང་གིས། ངའི་གཏམ་བཤད་བརྙན་ཐུང་འདི་དྲ་ངོས་སུ་བཞག་པར་བཀའ་དྲིན་ཆེ་ཞུ། འདི་ནི་ང་རང་ངོས་ནས་རང་ཁྱིམ་དུ་ལྷག་དཀར་བརྩི་སྟངས་རིགས་ཤིག་ཡིན། འདི་ལོ་ནས་ལྷག་དཀར་ཉིན་མོ་དེ་བོད་ཀྱི་གལ་ཆེའི་ཉིན་མོ་ཞིག་ཏུ་རྒྱ་ཁྱབ་ཏུ་སྤེལ་རྒྱུའི་གཞུང་གི་བརྡ་ཁྱབ་དེར་ཧ་ཅང་དགའ་བོ་བྱུང།
དེ་རིང་ཆབ་བྲག་ཁོང་གི་སྐད་ཆ་འདིར་བྱུང་རིམ་ལ་ལྟས་ན་ཀུན་སློང་འཁྱེར་སྟངས་གི་ཆ་ནས་བོད་དོན་དངོས་ལ་མ་དཔྱོད་པ་དེའི་ཆ་ནས་ཤས་ཁམས་དང་ཨ་མདོ་ལྔ་བའི་ནང་བྱུང་བའི་རང་ལུས་མེ་བསྲེགས་ཀྱི་དོན་ཅན་ཟུར་དུ་གླིང་བ་ནི་དགོས་པ་དང་དགག་བྱ་གང་གི་ཆ་ནས་གླིང་རན་འོས་པ་ཞིག་ཏུ་ཡོད་རུང་ཉིན་ཆར་བཀའ་ཁྲི་མཆོག་ནས་ཨ་མདོ་རྔ་བའི་བླ་མ་ཨ་རིའི་གྲོས་ཚོགས་སུ་གདན་དྲང་པ་དེའི་འདོད་པ་མ་འཚིམས་པའི་བཟོ་འདྲ་སྟོན་འདུག་ལ། ཕྱོགས་དང་དུས་འགྱུར་མཚམས་ཁག་ཏུ་གསལ་པོ་གཟིགས་ན་ཆབ་བྲག་འདི་ནམ་ཡང་དྲང་བདེན་པ་ཞིག་མ་ཡིན་པ་ཕྱོགས་ལྷུང་ཆེ་བའི་རྒན་པོ་ཞིག་ཡིན་པ་མཐོང་སོང་། དེ་ནི་ཁོང་དགེ་རྒན་ནས་སྤྱི་མཐུས་ཆགས་པའི་ཉིན་མོ་ནས་རྩིས་ན་ཀུན་གསལ་ཆགས་སོང་ལ་ཁོང་གི་ཆེ་མཐོང་ཡང་དེ་ནས་ཆོལ་ཁ་གཅིག་གི་ས་མཐུས་དང་དྲ་ཚིགས་གཅིག་གི་ཟིན་བྲིས་པ་ཞིག་ཆགས་སོང་
ཆབ་བྲག་ལགས་ཀྱིས་ཅི་ཞིག་གསུངས་ཀྱི་ཡོད་མེད་ངས་དོན་རྟོགས་མི་ཐུབ་ཡ། ཁོང་གིས་གསུངས་བཤད་ཀྱི་དུམ་བུ་གཅིག་འདི་ཞུ་ན་འདོད། ༼ ད་ང་ཚོའི་རྔ་བ་དང་གསེར་རྟ་འདི་ལ་ཉི་མ་རེ་རེར་བྱུང་གི་ཡོད་པ་གནས་ཚུལ་ཛ་དྲག་པོ་དེ། དེའི་ཁྱིམ་མཚེས་གི་སྡེ་བ་དང་བོད་ནང་གི་ས་ཁུལ་མང་པོ་གིས་དུས་ལྟར་གོ་མ་ཐུབ་པ་གི་གནས་སྟངས་ཤིག་གང་སྤོབས༼གང་འཚམས༽ཆེ་པོ་ཞིག་ཆག་གི་ཡོད་རེད། དེ་འདྲ་གི་ལམ་ནས་བཀག་འགོག་མེད་པ་ཅིག། ག་རེ་ཟེར་དགོས་རེད། གུ་ཡངས་གི་རྣམ་པ་ཞིག་ཡོད་ན། ༢༠༠༨་ལས་ག་རེ་ཟེརདགོས་རེད། ཤུགས་ཆེ་བ་ཅིག་དང་ཁྱབས་ཆེ་བ་ཅིག་ལངས་ཡ་དེ་ཐག་གཅོད་ནས་ང་ཚོས་ཤེས་ཐུབ་ཡ་ཅིག་རེད། སོང་ཙམ། འདི་འདྲ་གི་གནས་སྟངས་འདི་གིན་་ག་རེ་ཟེར་ན། རྒྱ་མི་གི་ཐོག་མར་དྲག་པོས་བཙན་འཛུལ་གྱི་བྱས་ནས་བོད་གི་ས་ཆ་རེད། ད་ག་རེ་ཟེར་རེད། རིག་གཞུང་མི་དམངས་ཚང་མ་ལ་གཏོར་བཤིག་ཚབ་ཆེན་བཏང་བ་དེས་གི་རྒྱུན་མ་ཆད་པ་བྱས་ནས་དངོས་གནས་གི་གྲངས་ཉུང་མི་རིགས་ལ་ ད་ཅིག་གི བོད་ལ་ ག་རེ་ཟེར་རེད། བོད་ཆོལ་ཁ་གསུམ་ཟེར་ན་འདྲ་ ཚང་མ་དུམ་བུ་ཁ་ཐོར་དུ་བཏང་ནས་དེས་གཅིག་གྱུར་ཅིག་ལ་འགོག་རྐྱེན་དུ་བཟོས་ནས། འོ་ད་དུང་ལྷག་པར་དུ། ད་ཡིན་རྒྱུ་ན་ཆོས་ལུགས་དད་མོས་གི་རང་དབང་ཅིག་ཡིན་པ་འདྲ་སྤྲོད་ཡ་དེ། ང་ཚོ་ཡིན་ན་ཆོས་ལུགས་དད་མོས་དེ་གཙོ་བོ་སོ་སོ་གིས་ ད་སྐྱབས་སུ་འགྲོ་བ་དེ་བླ་མ་ལ་སྐྱབས་འགྲོ། བླ་མ་ལ་སྐྱབས་སུ་མཆིའོ་ཟེར་ཡོངས་དུས་ཚང་མ་གི་བླ་མ་གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་གཙོ་བོ་བྱས་ནས་ཆག་བསྡད་ཡོད་རེད། འདི་ལ་སྐྱབས་སུ་འགྲོ་མི་ཆོག་པ་འདིས་བཀག་འགོག་བྱས་སྡོད་ན། ཚོད་མཐོ་ས་ནས་ཆོས་ལུགས་གི་དད་མོས་རང་དབང་དེ་འཕྲོག་ཞག་པ་རེད། བྱེད་མི་ཆོག་པ་ཞིག་ཆག་བསྡད་ཡོད་རེད། སོང་ཙམ། སེམས་ཀྱི་དད་པ་བྱེད་མི་ཆོག་པའི་གོང་ནས། དཔེ་ཆ་གཅིག་པུ་ཀློག་ཆོག་པ་ལྟ་བ་དེས། ཆོས་དད་རང་དབང་གོང་ནས་བསམ་བློ་དངོས་གནས་ཤིག་སླེབས་ཐུབ་གི་མེད་རེད། འདི་འདྲ་གི་རྒྱུ་མཚོན་དང་མང་པོ་ཞིག་གི་ང་ཚོ་ ག་རེ་ཟེར་དགོས་རེད། དངོས་གནས་གི་འགྲོ་བ་མིའི་ཐོབ་ཐང་མེད། མི་རིགས་གི་རང་དབང་འདྲ་མཉམ་མེད་པ་འདི། གནད་དོན་འདི། ད་ལྟ་ལས་ཁོང་ཚོ་༼སྐུ་འཚོ་བཞུགས་༽྄྄གནས་དགོས་ཡ་དེ་གསལ་པོ་མཚོན་ཐུབ་གི་ཡོད་རེད།༽ ཅེས་ཁོང་གི་གསུང་ངག་དམར་རྗེན་མ་འདི་ཚོ་ཡིག་ཐོག་ཏུ་བཀོད་པ་ཡིན། ཁ་བརྡ་དྲྭ་བདག་གིས་འདི་ཚོར་དམིགས་གསལ་གྱི་དགོས་ཁྱད་ག་རེ་གཟིགས་པ་ཡིན་ནམ། ཚིག་དོན་གང་ལ་ཞིབ་ཀྱང་། ལེགས་བཤད་ཅིག་ཕར་ཚོད། ཚིག་ཕྲད་དང་མཚམས་སྦྱོར་གང་ཐད་དུ་སྐྱོན་ཆ་ཤིན་ཏུ་ནས་མང་འདུག་པས་བོད་ཀྱི་སྐད་ཡིག་ཐོག་མཁས་མིང་འཛིན་པའི་གངས་ཅན་པ་དག་གིས་སྐད་དང་ཡིག་གེ་ཐ་དད་དུ་བེད་སྤྱོད་མ་གནང་རོགས་ཞེས་ཞེན་སྐུལ་ཡིན། མ་གཞི་ནི་བོད་མི་ཁ་ཤས་ཀྱིས་བོད་ཀྱི་ཡིག་གེ་ཤེས་ཀྱང་བོད་ཀྱི་སྐད་ཡག་པོ་མི་ཤེས། ཁ་ཤས་ཀྱི་བོད་ཀྱི་སྐད་ཤེས་ཀྱང་བོད་ཀྱི་ཡིག་གེ་ཡག་པོ་མི་ཤེས།
དྲ་འབུ་ཚོས་ཙ་ཙིར་ལ་ཉན་དགོས་དོན་ཡེ་ནས་མེད། ཚ་ཕྲུག་རྒྱལ ཕྲག་དོག་གི་རྙོག་བཤད་ལ་རྒྱུ་མཚན་ཆེན་པོ་ཡོད་དམ། ཆབ་ལྷ་ལགས། ངོ་མ་ཐུགས་རྗེ་ཆེ། རྒྱ་ནག་གོང་མའི་བོད་ལ་མཐོང་ཆེན་ལས་དྲག་གནོན་བྱས་པའི་གནས་ཚུལ་མང་པོ་མེད་པས་བོད་མི་རྒྱ་ནག་གོང་མ་དགའ་ཞེན་ཆེ་བ་འདྲ། རྒྱ་དམར་གུང་ཁྲན་གྱིས་འགོ་མཇུག་བར་གསུམ་ནས་བོད་ལ་དྲག་གནོན་དང་འགོ་སྐོར་ཚད་མེད་པས་རྐྱེན་པས་བོད་མི་རྒྱ་གུང་ཁྲན་ལ་མི་དགའ་ཞིང་ཡིད་ཆད་ནས་མི་དགའ་བ་ཡིན་པར་བསམ།
ཆབ་བྲག་ལྷ་མོ་སྐྱབས་ཟེར་བ་འདི་བོད་ཡིག་གནས་ཚད་ཚད་མཐོར་སླེབས་པ་སྔོན་ནས་ཤེས་ལ། འདི་རིང་བརྙན་པར་མཐོང་དུས་ཁོང་གི་དབུ་སྐྲ་ལས་ངང་རྒྱུད་རིང་བ་འདི་ལ་ང་ཅུང་དད་སོང་ལབ་ན་མི་འགྲིགས་པ་མི་འདུག་སྙམ། བློ་གསར་གཞོན་སྐྱེས་ཚོས་ཀྱང་དཔེར་ལྟ་འོས་སོ། །
ཇ་མ་ལགས། དེ་ལོས་ཡིན། གུང་ཁྲན་ཏང་གིས་སྲིད་ཇུས་བཟང་ལུགས་ཀྱི་དར་ཆ་ཕྱར་ནས་བོད་མེ་རུ་བསྲེགས་པ་རེད། དེ་བས། རྒྱ་ནག་གོང་མ་དང་གུང་ཁྲན་ཏང་གཉིས་བར་ལ་ཆོས་ལུགས་ལ་དད་མོས་ཡོད་མེད་དང་གཅིག བོད་ལ་བཙན་འཛུལ་དང་གནོད་འཚེ་ཆེན་པོ་བཏང་མ་བཏང་གི་ཁྱད་པར་དང་གཉིས། འདི་ནི་དེ་སྔ་དང་ད་ལྟའི་རྒྱ་བོད་བར་གྱི་འགལ་འབྲེལ་གྱི་སྡོམ་ཚིག་ཅིག་ལ་བཞག་ན་འཐུས་སམ། དྲ་གྲོགས་ཚོས་ངའི་ཚིག་དོན་འཚམ་མིན་དང་སྐད་ཆ་དག་མིན་ཚུན་ཆད་ནས་དོ་སྣང་དང་སྐྱོན་ཡོན་གླེང་བཞིན་པར་ཡང་དགའ་བསུ་ཞུ། ངས་རང་ཉིད་ལ་ཡང་ཞུ་དག་གིས་ད་དུང་ཡར་རྒྱས་གཏོང་བར་ལོས་འབད། འདི་ནི་ཁྱེད་ཅག་གི་དམིགས་རེ་ཡང་ཡིན་ངེས། བཀའ་དྲིན་ཆེ།
ཨ་ཁུ་ལྷ་མོ་སྐྱབས་ལགས། རྒྱ་ནག་གཞུང་གི་དམ་དྲག་དང་དྲག་གནོན་འོག་གནས་ཐབས་རྩ་བ་ནས་མེད་པའི་བོད་མི་རིགས་འདིའི་མངོན་འདོད་དངོས་དེ། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས་པ་དེ་གཅིག་མཚུངས་ཀྱི་འབོད་སྒྲ་རེད་མོད། ༧གོང་ས་མཆོག་གི་གསེར་ཞལ་འཚོ་བཞུགས་ཀྱི་སྐབས་སུ་གཞིས་ལུས་སྤུན་ཟླ་རྣམས་ཀྱི་མངོན་འདོད་དེ་མ་འགྲུབ་ན། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དེ་ག་འདྲ་ཞིག་ལ་འགྱུར་སྲིད་པ་རེད། ད་ལྟ་ནི་༧གོང་ས་མཆོག་གི་བཀའ་གསུང་སྤྱི་སྒྲུབ་ཀྱིས་འཚེ་བ་མེད་པའི་ལམ་ཁོ་ན་ལ་ཤར་བསྐྱོད་བྱེད་བཞིན་ཡོད་ཅིང་། བཙན་བྱོལ་སྒྲིག་འཛུགས་ལ་མཚོན་ནའང་བཅའ་ཁྲིམས་ནང་འཚེ་བ་མེད་པའི་ཐབས་ལམ་བེད་སྤྱོད་རྒྱུ་གཏན་ལ་ཕབས་པའི་སྲིད་བྱུས་ཤིག་ཡིན། འོན་ཀྱང་འབྱུང་འགྱུར་གྱི་ལོ་གང་མཚམས་རྗེས་ནས་འཚེ་བ་མེད་པའི་ཐབས་ལམ་འདི་གནས་སྲིད་དམ། བཙན་བྱོལ་ནང་ཆབ་སྲིད་ཚོགས་པའི་མིང་དངོས་སུ་མེད་ཀྱང་། གཞུང་དང་ལྟ་བ་ཐ་དད་འཛིན་མཁན་རང་བཙན་རྩོད་ལེན་པ་གཞོན་ནུ་ཚོགས་པ་སོགས་ཡོད་མོད། ཁོང་ཚོའི་མངོན་འདོད་དེ་རང་བཙན་གཙང་མ་ཡིན་པ་ལས། ༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ། བཙན་བྱོལ་གཞུང་གིས་གཏན་ལ་ཕབས་པའི་སྲིད་བྱུས་འདི་ལ་མོས་མཐུན་མེད་ཅིང་། མཐའ་གཅིག་ཏུ་རང་བཙན་གཙང་མ་དགོས་གསུང་མཁན་གྱི་ལངས་ཕྱོགས་མ་འདྲ་གཉིས་ཡོད་མོད། དེ་ན་མ་འོངས་པར་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་འདིའི་ཐོག་ནས་ད་ལྟའི་བོད་རྒྱའི་དཀའ་སྙོག་དེ་སེལ་ཐུབ་སོང་ན། དེ་དུས་གཞོན་ལྷན་སོགས་ཀྱིས་ད་དུང་རང་བཙན་རྩོད་ཀྱི་རེད་དམ་མ་རེད། ཁྱེད་ཀྱིས་ཚོད་དཔག་བྱས་ན།
རྐྱང་ཕྲུག་ལགས། ཚོད་དཔག་བྱེད་ལོས་ཆོག ངའི་ཚོད་དཔགས་ལ་དགའ་འཇིགས་གཉིས་ཡོད། ༸གོང་ས་མཆོག་གི་སྐུ་ཚེའི་རིང་ལ་བོད་དོན་ཐག་གཅོད་ཅིག་ཐུབ་རྒྱུ་འདི་རེ་བ་ཆེ་ཤོས་ཡིན། འདི་བྱུང་ན་རྒྱ་ཆེའི་བོད་མི་དམངས་ཀྱིས་ངོས་ལེན་རྒྱབ་སྐྱོར་ཡོད་པ་ཞིགཀྱང་ཆགས་ཀྱིན་ཡོད་པས་གོང་བུ་གཅིག་འགྱུར་གྱི་བཀྲ་ཤིས་དགའ་སྟོན་དེ་འབྱུང་གི་རེད། ཅིག་ཤོས་ནི། ཁོང་གི་སྐུ་ཚེའི་རིང་ལ་མ་བྱུང་བའམ་ལྷག་པར་དུ་ཡང་དྲག་རྒོལ་བའི་དཔུང་ཁག་རིགས་བྱུང་ནས་འཚེ་མེད་ཀྱི་ལམ་བུ་ཡང་བརླགས་སོང་ན་ད་ཚར་སོང་བ་རེད། དེའི་མཇུག་འབྲས་ནི་འཇིགས་ཡེར་བ་ཞིག་རེད་ལགས།
ཨ་ཁུ་ལྷ་མོ་སྐྱབས་ལགས། བོད་ཀྱི་ཁ་དཔེར་གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་བཟང་སར་རྒྱོབས་ཟེར་པ་ལྟར་ཁྱེད་ཀྱིས་ཀྱང་རེ་བ་བཟང་སར་རྒྱག་གི་ཡོད་ཚོད་འདུག དེ་བཞིན་བོད་མི་ཕལ་མོ་ཆེས་རེ་བ་བཟང་སར་རྒྱག་གི་ཡོད་ཀྱང་། གྲ་སྒྲིག་སྡུག་ས་ནས་བྱས་མེད་པ་ལྟ་བུར་སྣང་། རེ་བ་བཟང་སར་རྒྱབས་ནས་རེ་བ་བཟང་བའམ། ཁྱེད་ཀྱིས་གསུང་པ་ལྟར་བཀྲ་ཤིས་དགའ་སྟོན་གྱི་ཉིན་མོ་དེ་མ་ཤར་ཚེ་སྡུག་ས་ནས་གྲ་སྒྲིག་ཅིག་ངེས་པར་དུ་དགོས་པ་ལྟ་བུ་མི་འདུག་གམ
རེ་བ་བཟང་ནས་རྒྱག་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཚུལ་༸གོང་ས་མཆོག་གིས་ད་བར་ལ་ལམ་སྟོན་ཡང་ཡང་གནང་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱང་སྤྱིར་བཤད་ན་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་གཉི་གའི་གཞི་རྟེན་ཞིག་ཆགས་ཡོད་པ་རེད། དེ་བས་ད་དུང་བཀའ་སྤྱི་རྣམ་གཉིས་ཀྱིས་སྤྱི་དང་བྱེ་བྲག་གི་གནས་ཚུལ་ཅི་འབྱུང་ལ་ཚོད་དཔག་སྒོས་ལས་འཆར་དང་གྲ་སྒྲིག་ཨང་གསར་དགོས་ངེས་རེད།
ཆབ་བྲག་ལགས་ཀྱི་བརྙན་འཕྲིན་ནང་གི་གསུང་བཤད་དེ་ཨམ་སྐད་དམ་དྲག་པ་དང་ལྗགས་ཀྱི་འགུལ་སྐྱོད་མི་བདེ་བས་ཚིག་རེ་གཉིས་ཡང་གོ་མི་ཐུབ་ཀྱང་། ཕྱག་གི་བརྩོལ་བ་ལ་བརྟེན་པའི་མཆན་ཐུང་དེ་ཕལ་ཆེར་གོ་སོང་བས་རྐྱང་ཕྲུག་ལགས་ལ་གནང་བའི་ལྗགས་ལན་ལ་བསམ་ཚུལ་ཅུང་ཟད་ཞུ་འདོད་སྐྱེས་སོང་། དེ་ཡང་ཁྱེད་ཀྱི་དགོངས་ཚོད་ཅིག་ཤོས་དེ་༧སྐུ་མདུན་སྐུ་འཚོ་ཞིང་མ་བཞུགས་པའི་སྐབས་དྲག་རྒོལ་དཔུང་ཁག་རིགས་བྱུང་ནས་འཚེ་མེད་ཀྱི་ལམ་བུ་ཡང་བརླགས་སོང་ན་ཚར་སོང་བ་རེད་ཞེས་པའི་སྡོམ་ཚིག་དེ་ལས་སླ་པོ་ཞིག་ཨེ་ཡིན་ན། ༧སྐུ་མདུན་སྐུ་ངོ་མས་དུས་རྟག་ཏུ་ང་མེད་པ་ནང་བཞིན་བགྱིས་ཨ་ཞེས་པའི་བཀའ་ལུང་དེ་ལ་ཡང་འགྲེལ་བཤད་གང་འདྲ་གནང་གི་ཡིན་པ། མ་ཟད་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་ལས་ལ་བརྩོན་ཞིང་དཔའ་ངར་དང་སྙིང་སྟོབས་ལྡན་པའི་བོད་མི་རིགས་འདི་འཇིག་ཆོག་ཆོག་དང་ཚར་ཆོག་ཆོག་ཅིག་ཨེ་རེད། དེ་འདྲའི་བོད་མི་རིགས་འདི་ལ་མཐོང་ཆུང་གནང་རྒྱུ་ད་ཨ་ཡོད་ན། དགོངས་ཚོད་ཡག་པོ་གནང་དགོས་པ་རེད་ལ་སྔ་འདངས་དང་ཕྱི་འདངས་ཡག་པོ་རྒྱགས་དགོས་པ་རེད། ཅི་ཏེ་དྲག་པོའི་དཔུང་ཁག་བྱུང་ནས་འཚེ་མེད་ཀྱི་ལམ་བུ་བརླགས་སོང་ན་ཡང་ཧ་ལས་རྒྱུ་ཅང་མེད་པ་རེད། ཁ་རྒྱུན་ལ། སྟག་མོ་ཚང་འཛིང་འཐུག་འདྲའི་འཐམ་མོ་མ་བྱས་ན། ཞགས་པ་དོན་ཡོད་འདྲ་བ་ག་ནས་འཐོབ། ཞེས་པ་ནང་བཞིན། དཔེར་ན་ད་ལོ་ཨ་རབ་གླིང་གི་ཡུལ་གྲུ་མང་པོ་ཞིག་དང་ཐོག་ཞི་རྒོལ་བྱས་པ་རེད། གཞུང་གིས་དྲག་པོའི་ཐབས་ལམ་ཁོ་ན་བེད་སྤྱོད་བཏང་བས་དྲག་པོའི་ངོ་བོར་འགྱུར་བ་རེད། བྱས་ཙང་རྒྱལ་སྤྱིའི་གནོན་ཤུགས་དང་ལྷག་པར་དུ་ཡུ་རོབ་མནའ་འབྲེལ་གྱི་གནོན་ཤུགས་སོགས་ལ་མ་འཛེམས་པར་བརྟེན་བྱང་ཆིངས་སྒྲིགས་འཛུགས་དམག་དང་ཡུ་རོབ་རྒྱལ་ཁབ་ཁ་ཤས་མཉམ་རུབ་ཀྱིས་དྲག་བརྡུངས་བཏང་ནས་གཞུང་མི་དམངས་ཀྱི་ལག་པར་ཐོབ་པ་དཔེར་ན་ལཱི་བི་ཡཱ་སོགས་དང་། ད་དུང་སཱི་རི་ཡཱ་དེ་ཡང་རྒྱལ་སྤྱི་སོགས་ཀྱི་ཁ་ལ་མ་ཉན་པར་བརྟེན་ད་ཆ་ཕྱིའི་དཔུང་འདེགས་ལ་རེ་སྒུག་བྱེད་བཞིན་པ་རེད་ལ་ཕྱི་ལོག་ནས་ལག་པ་མ་འཆངས་རང་འཆངས་ཆགས་བསྡད་པ་རེད། བྱས་ཙང་མི་རིང་བ་གཞུང་གོ་རྟིང་ལོག་རྒྱུ་ཉག་ཅིག་རེད། བྱས་ཙང་དྲག་པོའི་དཔུང་ཁག་གིས་དྲག་ཐབས་འགོ་བཙུགས་ན་རྒྱ་ནག་གིས་ཨ་རིའི་ཁ་གཏད་དུ་སྒྲེངས་སྒྲེངས་བྱས་ནས་ལངས་བསྡད་པ་མ་ཟད། འཛམ་གླིང་གི་གཙོ་འཛིན་བྱེད་འདོད་ཡོད་པ་རེད། འོན་ཀྱང་ཨ་རི་འཛམ་གླིང་གི་གཙོ་འཛིན་ནས་ནམ་ཡང་བབས་འདོད་མེད་པ་རེད། བྱས་ཙང་ཨ་རིའི་མིག་ནང་གི་ཐལ་རྡུལ་དེ་ག་དུས་ཡིན་ཡང་གོ་སྐབས་རག་པ་དང་འདོན་རྐྱང་ཡིན་པ་སྨྲོས་མེད་རེད། བྱས་ཙང་ཅི་སྟེ་ངེས་མེད་དྲག་པོའི་དཔུང་ཁག་བྱུང་ན་གོ་སྐབས་དེ་ལེན་མདོགས་ཁ་པོ་རེད། གང་ལྟར་ག་རེ་ཡིན་ན་མིན་ན་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་སེམས་ཤུགས་དང་བློས་གཏོང་ནི་འཇིག་ཡེར་བ་ཞིག་དངོས་གནས་རང་རེད། མ་རེད་པས་ཆབ་བྲག་ལགས།
ཡིད་བཞིན་ནོར་བུས་ཁོང་གཤེགས་རྗེས་དྲག་འཐབ་བྱ་དགོས་ན་ཡང་དགོས་ལུགས་ཤིག་གསུངས་མྱོང་མེད། མ་གཞི་ནས་ལག་ལ་མཚོན་ཆ་འཛིན་མི་ཤེས་པའི་བོད་པ་ཚོས་དེང་རབས་དྲག་མཚོན་ཅན་གྱི་རྒྱ་དམག་ལ་ཇི་ལྟར་འཛིང་ཐུབ་བམ། རྒྱ་དམག་གིས་དྲག་གནོན་ཚབས་ཆེན་ཞིག་བྱེད་རྒྱུར་བསྙོན་འཛུགས་ས་མ་རག་པར་བོའུ་མཆུ་གཏད་གཏད་ལ་བསྡད་ཡོད་པ་རིག་ན་ད་བསམ་ཤེས་རན་རེད། ཨ་རྒྱ་འཁྲུགས་ན་འཛམ་གླིང་དམག་ཆེན་གསུམ་པ་ལངས་ངེས་རེད། བོད་མི་ས་ཡ་འགའ་བོ་ཞར་དང་ཞོར་ལ་ས་ལ་འཐིམ་ལོས་འགྲོ
དྲག་འཐབ་དང་ཞི་འཐབ་གང་ཞིག་ཡིན་ཡང་མང་ཉུང་ལ་དེ་ཙམ་ལྟོས་བ་མེད་པ་ཐབས་ཤེས་ལ་རག་ལས་ཡོད། ཐབས་ཤེས་ལྡན་ན་དམག་མི་ཁྲི་ཕྲག་མང་པོ་གང་གད་སྙིགས་རེད་ལ། འབེན་ལ་བཞག་པའི་ཤིང་སྡོང་ཞིག་གམ་པང་དུ་སྒྲིག་པའི་རྩེད་ཆས་ཤིག་ལས་མ་འདས། རྒྱུ་མཚན་ནི། ཐབས་ཤེས་ལྡན་ན་མི་གཅིག་གིས་མི་སྟོང་ཕྲག་མང་པོ་གསད་ཐུབ་ཅིང་། ཐབས་ཤེས་མེད་ན་དམག་ཁྲི་གཅིག་གིས་མི་གཅིག་ཟིན་རྒྱུ་ཁག་པོ་རེད།
ཧཧ།བོན་རྒྱ་དང་གསེར་འབྲུག་ཀླུ་མཁར་སོགས་གཞན་མདུང་རྩེ་ལ་སྐྱོན་མཁན་ཨ་ཁུ་ཁྲོ་ཐུང་མང་པོ་ཡོང་གི་འདུག་ག།ཡཡ།ང་ཚོས་བལྟས་ཆོག་གི་རེད།དང་པོ་སྙིང་སྟོབས་ཅན་ཁྱེད་ཚོས་རྒྱ་ནག་གཞུང་ཚབ་མདུན་རང་བསྲེག་ནམ་བཏང་གི་རེད།དེ་དུས་ང་ཚོས་ཁྱེད་རྣམས་རྗེས་དྲན་རྡོ་རིང་འདོམས་པ་བརྒྱ་ཕྲག་ཅན་ཅིག་བཞེངས་ཆོག་ལགས།
ཞི་བདེའི་དེད་དཔོན་ཆེན་པོས་ནམ་ཡང་དྲག་འཐབ་བྱ་དགོས་པ་གསུང་གི་མ་རེད་ལ་དགོས་ལུགས་ཤིག་དེ་བས་གསུང་མི་སྲིད་ལ་གསུང་སྟངས་ཡང་ཤེས་ཀྱི་མ་རེད། རྒྱུ་མཚན་ཞི་བདེའི་དེད་དཔོན་ཡིན་པས་ཕྱིར། ལར་ནས་ངས་ལག་ན་མཚོན་ཆ་ཅི་ཡང་མེད་པ་དང་མཚོན་ཆ་འཛིན་མི་ཤེས་པའི་བོད་པ་ཚོས་དེང་རབས་དྲག་མཚོན་ཅན་གྱི་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་དམག་འཁྲུག་རྒྱགས་དགོས་པ་ཞིག་བཤད་མེད་ལ་འཛིང་ན་འཕམ་རྒྱུ་ཡིན་པ་ནི་གནག་རྫིས་ཀྱང་ཤེས་ཀྱི་རེད། བྱས་ཙང་ཐབས་ལ་བརྟེན་དགོས་པ་རེད་ལ་གོ་སྐབས་དམ་འཛིན་བྱེད་དགོས་པ་རེད། དཔེར་ན་བྱི་བས་གླང་ཆེན་བསླངས་པའི་གཏམ་བརྒྱུད་ཅིག་ཡོད་པ་རེད། མ་གཞི་ང་གཉིས་དེའི་ཐོག་རྩོད་པ་རྒྱབ་ནས་ཅི་བྱེད། དྲག་པོའི་དཔུང་ཁག་རིགས་བྱུང་ནས་འཚེ་མེད་ཀྱི་ལམ་བུ་བརླགས་དུས་ཁོ་རང་ཚོས་ཐབས་ཤེས་བྱེད་མདོག་ཁ་པོ་རེད་ལ་ཏན་ཏན་གྲ་སྒྲིག་བྱེད་མདོག་ཁ་པོ་རེད་པ། དེ་ཅིག་ཡིན། འོ་ཙི་ཆབ་བྲག་ལགས་ཞལ་ཤོབ་ཚ་མདོག་ལ། རྒྱ་དམག་གིས་དྲག་གནོན་ཚབས་ཆེན་བྱེད་རྒྱུར་བསྙོན་འཛུགས་ས་མ་རག་པར་བོའུ་ཆུ་གཏད་གཏད་བསྡད་ཡོད་པ་རེད་ཡིན་ན་ཅིག། རྒྱ་དམག་བོད་ལ་སླེབས་ནས་དུས་ད་ལྟ་ལ་འཐུག་གི་བར་དུ་བོད་མི་རིགས་དང་བོད་ཀྱི་རི་ཆུ་ནགས་གསུམ་བཅས་པ་ལ་དྲག་གནོན་ཚབས་ཆེན་བྱས་བྱས་མ་རེད་པས། ལྷག་པར་དུ་དེ་རིང་ཁ་སང་བོད་མདོ་དབུས་ཁམས་གསུམ་ནང་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་དང་དྲག་གནོན་ཤུགས་ཆེན་བྱེད་བཞིན་པ་མ་ཟད། མི་རེ་རེ་བཞིན་ཞིབས་བཤེར་བྱེད་བཞིན་པ་རེད་ལ་འགྲུལ་པའི་དངོས་པོ་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱིན་པ་རེད། གནས་ཚུལ་ཁུངས་ལྡན་ཞིག་ལ་ད་ལོ་བོད་ནས་རྒྱ་གར་དང་བལ་ཡུལ་ལ་ཡོང་མཁན་ཚང་མ་ལག་འཁྱེར་ཡོད་མེད་ལ་མི་ལྟོས་པར་འགྲམ་འགག་སྒོ་ནས་འཛིན་བཟུངས་བྱས་ནས་མངའ་སྡེ་རིམ་པ་སོ་སོར་རྩིས་སྤྲོད་བྱས་ནས་བཀག་ཉར་བྱས་འདུག་ལ་ག་དུས་གློད་མིན་ཤེས་ཀྱི་མི་འདུག་ཟེར། དེ་ཚོ་ཆབ་བྲག་ལགས་ཀྱིས་མཁྱེན་གྱི་ཡོད་ཤག་རེད་པ། བྱས་ཙང་ཆབ་བྲག་ལགས་ཀྱིས་རྒྱ་དམག་གིས་སྔོན་ཆད་དྲག་གནོན་མ་བྱས་པར་སྒུག་བསྡད་པ་འདྲ་ཞིག་གསུངས་འདུག། དྲག་གནོན་འདི་ལས་ལྷག་ཅིག་བོད་པ་ཚང་མ་གསད་ན་མ་གཏོགས་གཞན་ལྷག་མེད་པ་རེད། མ་གཞི་ཤིང་ཅཱང་ནང་ཡུ་གུར་མི་རིགས་ཀྱི་རྒྱ་དམག་ལ་དྲག་རྒོལ་ཐེངས་མང་བྱས་པ་རེད། འོན་ཀྱང་ཡུ་གུར་མི་རིགས་ཚར་མི་འདུག་ལ་ཡུ་གུར་ཚང་མ་དམར་གསོད་ཡང་བཏང་མི་འདུག། མ་ཟད་ཡུ་གུར་མང་པོ་གནས་སྡོད་བྱེད་སར་རྒྱ་རིགས་གནས་སྡོད་བྱེད་ཀྱི་མི་འདུག་ལ་ཡོད་པ་ཉུང་ཤས་དེ་ཚོ་ཡང་སྙོམ་ཆུང་ཞེ་དྲག་འདུག། གཞུང་གི་ལས་ཁུང་ཡིན་ན་ཡང་ཟུར་དུ་ཁག་ཁག་བྱས་ནས་བསྲུང་བྱ་ནན་མོ་བྱས་ནས་འདུག། བོད་ནང་དེ་འདྲ་མེད་པ་རྒྱ་རིགས་དེ་ཚོ་ཧམ་པ་ཆེན་པོ་འདུག་ག། དེ་ཚོ་ག་རེ་ལ་བརྟེན་ནས་བྱུང་བ་གསལ་པོ་རེད་པ། བྱས་ཙང་སྙོམ་ཆུང་ལ་ཐུབ་ཚོད་གཏོང་རྒྱུ་དེ་མིའི་གཤིས་སུ་སྒྲུབ་ཡོད་ཙང་དེ་ཚོའི་རིགས་ལ་འཇམ་པོ་དང་ཞི་བ་ཟེར་བ་དེ་འགྲོ་ས་མེད་པ་རེད། དེ་ཚོ་ཡང་ཤེས་དགོས་པ་རེད། མཐའ་དོན་ལ་དྲི་བ་གཅིག་རང་གཅིག་ཡོད། ཆབ་བྲག་ལགས་དགོངས་ཚོད་ལ་མཁས་པས་བོད་མི་རིགས་འདི་འཚེ་མེད་ཞི་བའི་ལམ་བུའི་སྟེང་དུ་བསྐྱོད་ནས་མི་ལོའི་བགྲང་བྱ་བཅུ་ཕྲག་དྲུག་ལྷག་ཙམ་སོང་བ་རེད། ད་དུང་མདུན་བསྐྱོད་བྱ་དང་བྱེད་བཞིན་པ་རེད། བྱས་ཙང་ལམ་བུ་འདིའི་ཐོག་ནས་རང་དབང་ཟེར་ན་མི་འདུག་བོད་མི་རིགས་ཀྱི་མངོན་འདོད་དེ་ག་དུས་འགྲུབ་ཀྱི་རེད་ག་དུས་འཐོབ་ཀྱི་རེད། གཅིག་གསུངས་དང་། ང་ཚོ་བློ་བདེ་ཁྱད་ཡིན།
ཧ་ཧ་་བྲག་ཞོལ་སྤེན་པ་ཟེར་བ་དེ་སྐྲ་རིང་པོ་རྨོའོ་རྨོའོ་འདྲ་པོ་དེ་ཨེ་རེད། དེ་ཡིན་ན་ནི་མདུང་རྩེ་ནང་ལ་གཏོད་མཁན་ཨ་ཁུ་ཁྲོ་ཐུང་འདྲ་འདྲ་རེད་པ། འོ་ཡ་ངས་རྒྱ་ནག་གཞུང་ཚབས་མདུན་དུ་རང་ཉིད་མེར་བསྲེག་རྩ་བ་ཉིད་ནས་གཏོང་གི་མ་རེད། བྱས་ཙང་ཁྱོད་ཀྱིས་རྡོ་རིང་འདོམ་པ་བརྒྱ་ཕྲག་ཅན་ཞིག་བཞེངས་དགོས་མ་རེད་ལ་འགྲོ་སོང་ཡང་ཁག་པོ་བྱས་པ་རེད། བྱས་ཙང་དེའི་འགྲོ་སོང་དེ་ཁྱོད་རང་གི་བུ་ཕྲུག་དེ་ཚོ་སློབ་གྲྭ་ཡག་ས་ཞིག་དང་སློབ་སྦྱོང་སྣ་འཛོམས་ཞིག་ལ་བསྐྱོལ་རོགས་མ་འོང་དེང་དུས་ཤེས་ཡོན་གྱི་ཕྱུག་པའི་ཀླད་རྙིང་གཙང་དག་ཅན་གྱི་མི་རབས་གསར་པ་ཞིག་གསོ་སྐྱོང་ཡག་པོ་བགྱིས་དང་། སྐབས་དང་དུས་ལ་བབས་ན་བེད་སྤྱོད་བྱས་ཆོག་པ་རེད། དེ་མ་གཏོག་ད་ལྟ་དུས་ལ་མ་བབས་ཙང་རྒྱ་མིའི་གཞུང་ཚབས་མདུན་དུ་རང་བསྲེག་བྱས་ན་ཕན་ཐོག་རྒྱུ་ཁག་པོ་རེད་ལ་དོན་མེད་རང་སྲོག་དེ་ཡང་འཕངས་པོ་མ་རེད་པས། དུས་ལ་བབས་ན་རྒྱགས་ཅིག་མཆོངས་ཅིག་ཡིན་ལ་རང་ཉིད་ཀྱི་མངོན་འདོད་དེ་ངེས་པར་དུ་བསྒྲུབ་ཐུབ་པ་བྱེད་རྩིས་ཡོད། དེ་དུས་ཁྱོད་རྨོའོ་རྨོའོ་སྤེན་པ་དང་རྨོའོ་རྨོ་ལྷ་སྐྱབས་གཉིས་ཀྲུང་དབྱང་གི་བཞུགས་གྲལ་ལ་འཁོད་མདོགས་ཁ་པོ་རེད། ཅིག་བྱས་ན་ཨ་ཕོ་རྒྱལ་མཚན་ནོར་བུ་དང་། ཨ་ཕོ་རག་རྡིས། བྱམས་པ་ཕུན་ཚོགས། རྨོའོ་རྨོ་ཚེ་བརྟན་སྒྲོལ་མ། ད་ལྟའི་པདྨ་འཕྲིན་ལས་ལ་སོགས་པ་མཉམ་དུ་ང་ཚོས་ཞིབས་རྩིས་བྱེད་ཡུལ་དུ་མི་འགྱུར་བའི་ངེས་པའང་མེད་པ་རེད།
ཆབ་བྲག་ལགས་ནི་མཁས་སྤོབས་ལྡན་པའི་ཕོ་རྒོད་ཅིག་ཡིན། སྔ་ཕྱི་ཅི་རིགས་པར་སྤྱི་དོན་གསུང་པར་བསྔགས་པ་དང་ཐུགས་རྗེ་ཆེ་ཞུ་འོས། རིག་པའི་བུས་གསུང་བ་བདེན་པ་རེད། དམག་འཐབ་ཀྱི་རྒྱལ་ཕམ་ནི་དམག་མི་དང་མཚོན་ཆ་མང་ཉུང་ལ་ལྟོས་མི་དགོས། དཔེར་ན་རྒྱ་ནག་གི་སུང་ཙིས་གྲོང་སྟོང་དམག་འཁྲུགས་དང་། ཇིང་གིར་རྒྱལ་པོས་བྱ་གླགས་སྙིང་ལེན་ལྟ་བུ་རེད། ༡་གསང་ཉུལ་ཚད་ལྡན། ༢་ལག་ཆ་ཚད་ལྡན། ༣་ལྡོག་རྩ་གཅིག་སྒྲིལ། དེ་དག་ཡོད་ན་འགྲིག་གི་རེད། དམག་འཁྲུགས་སྐབས་བོད་མི་རིགས་ཞར་དང་ཞོར་ལ་ཚར་རྒྱུ་ཡང་མ་རེད། དམག་རྒྱ་ཡུལ་ནས་རྒྱག་དགོས་པ་ལས་བོད་ས་ནས་འཐབ་མདོག་དེ་དམག་འཇུས་གཏན་ནས་མི་ཤེས་པའི་སྐད་ཆ་རེད། མོའུ་ཙེ་ཏུང་གིས། གཞུ་རྒྱ་ཡུལ་ནས་འགེངས། རྒྱུད་མཐའ་མཚམས་སུ་འཇོག མདའ་དགྲ་བོ་ལ་གཏད། ཟེར་བའི་སྲིད་འཇུས་བཏོན་ཏེ་རྡུལ་ཕྲན་སོགས་གོ་མཚོན་དམག་རྫོང་པལ་ཆེར་བོད་སོག་ཡུ་གུར་ཕྱོགས་ལ་བཞག་ཡོད་པར་གཟིགས། འོན་ཀྱང་བོད་ལ་ལག་རྩལ་མེད་ན་རྨི་ལམ་རང་རེད། དམག་འཁྲུགས་བརྩམ་པ་ཙམ་ནས་མི་མང་པོའི་གཅེས་སྲོག་ཤོར་འགྲོ་བས། འཛམ་གླིང་ལ་སྡུག་བསྔལ་ཡོང་རྒྱུ་ལས་མེད། དེ་བས་ཞི་བདེ་དོན་གཉེར་བཟང་། མདོར་ན་རྒྱ་བོད་གཉིས་ལ་ཞི་བདེ་དགོས། ནད་མུག་མཚོན་གསུམ་མིང་ཙམ་མེད་པར་ཤོག །འཛམ་གླིང་ཞི་བདེ་ཁྲི་ལོ་བརྟན་པར་ཤོག །
ཧཧ།གསེར་འབྲུག་རྒན་མོ་ཁ།ཁྱོའི་གསང་ན་མེར་བསྲེག་གཏོང་རྒྱུ་ཅན་པོ་མེད་པ་ངས་སྔ་མོ་ནས་ཤེས་ཀི་ཡོད་ལོ། ཅི་རེད།རང་ཉིད་མེར་བསྲེག་ཅན་པོ་ཁ་ལ་བླངས་དུས་སྐྲག་ནས་གཅིན་སྐྱག་འཆོར་གྲབས་རེད་ལ།ཧཧ།སྙིང་རྗེ།
རྒན་ལགས། བཀའ་དྲིན་ཆེ། ཁྱེད་ཀྱི་བཀའ་གསུང་བདུད་བརྩི་ལ་མྱོལ་རོལ་བྱས་ཡོད་ལ། སྐུའི་ཞལ་དཀྱིལ་ལའང་མཇལ་ནས་སོང་བ་ཡིན། གང་ལྟར་ཉིད་ཀྱིས་གསུངས་པའི་ལྷག་དཀར་དེ་ད་ལྟ་འུ་ཚང་གི་སློབ་གྲྭའི་ནང་ལ་ཡོངས་ཁྱབ་ཏུ་འགྲོ་བཞིན་འདུག
རྨོའོ་རྨོ་སྤེན་པ་ལགས། ངས་མེར་བསྲེག་ལ་སྐྲག་དགོས་དོན་མི་འདུག་ཀྱང་དོན་མེད་ངའི་སྲོག་འདི་རྒྱ་མིའི་གཞུང་ཚབས་གཅིག་གི་མདུན་དུ་རང་ཤི་རྒྱབ་པ་ཡིན་ན་ཕངས་པོ་མ་རེད་པས། བྱས་ཙང་ངའི་སྲོག་འདི་གོ་སྐབས་རག་པ་དང་རྨོའོ་རྨོ་ཁྱོད་དང་རྩིས་པའི་ཀྲུང་དབྱང་གི་ཞུགས་གྲལ་དེ་གཏོར་འདོད་ཡོད་ལ་ཉུང་མཐར་ཡང་རྒྱ་མི་འབུམ་ལྷག་དང་མཉམ་དུ་དམྱལ་ཁམས་སུ་བལྟ་བསྐོར་ཅིག་འཁྲིད་འདོད་ཡོད། བྱས་ཙང་རྨོའོ་རྨོ་སྤེན་པ་ལགས་མཉམ་དུ་ཕེབས་འདོད་ཨེ་ཡོད། ཕལ་ཆེར་ཕེབས་རྒྱུ་མ་གཏོག་ལྷག་མེད་པ་འདྲ། ཧ་ཧ་ཧ།
ཆབ་ལྷའི་གསུངས་པ་དེ་བདེན་པ་པ་རེད་ ཁོ་རང་ལྷག་བས མ་ཅན་དང་ཕྱོགས་རིས་མེད་མཁན་ཞིག་ལ་ངའི་ངོས་འཛིན་ཞུ་གི་ཡོད་
མི་འདིས་རྣམ་དབྱེ་དྲུག་པའི་ཐོབ་ཐང་ཙམ་ཡང་ཤེས་ཀྱི་ཡོད་ས་མ་རེད། ཡིག་ནོར་ལ་ལྟོས་དང་།
དཀར་སྐྱིད་ལགས།
རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་རང་ལུས་མེར་བསྲེགས༼་གི་༽ལས་འགུལ་བྱུང་བ་རེད་ཅེས་པའི་སྐོར་ལ་མཆན་གཅིག་བཀོད་འདུག
འདི་ལ་གསུང་བགྱིད་ཡོད་པས། ཆབ་བྲག་ཁོང་བློ་ཚབ་ནས་ལེགས་བཤད་ལྗོན་དབང་ནང་གི ད་བ་ས་ཀྱི་ག་ང་གི །ཞེས་པ་དེ་མ་དྲན་པ་མིན་འགྲོ། འོན་ཀྱང་གཏམ་བཤད་ཡག་པོ་འདུག
Respected Genla,
Thank you so much for your insight which was enlightening. The denunciation by some is obvious as there is a saying “where there is a god, there is a devil”. So keep up your good work.
བདེ་སྐྱིད་སྒྲོལ་མ་ལགས། བོད་ཡིག་གི་དྲ་རྒྱ་ལ་དབྱིན་ཡིག་གི་མཆོད་པ་མི་འབུལ་རོགས། མ་གཞི་ཁྱོད་ཉིད་བོད་ཡིག་མི་ཤེས་བས།
མཁས་པ་ཡིན་ཚོད་ལ་དཔག་ན་གཏམ་བཤད་དེ་འདྲ་ཅི་མི་་འདུག
གོང་གི་ཧོལ་རྒྱུགས་པ་ཚོས་ཉོན་ཨང་།བརྙན་ཐུང་དེ་ཆབ་བྲག་གི་ངོ་དེབ་དུ་འདུག།འདིར་བཀོད་མཁན་ཆབ་ལྷ་མ་རེད་ཁ་བརྡ་ཚང་རེད་འདུག་ག
མི་རེ་རེས་ས་ཆ་རེ་རེ་ནས་སེམས་ཤུགས་རེ་རེ་
དངོས་ནས་ཡིད་སྨོན་དང་ཡི་རངས་
ད་དུང་རྒྱ་བསྐྱེད་དང་མདུན་ཕྱོགས་སུ་
རྒྱུན་མཐུད་ནས་མཚམས་མི་ཆད་པར་
ཆབ་ལྷ་ལགས། སྔོན་ཆད་རྒྱ་ནག་གོང་མ་རྒྱལ་པོའི་སྐབས་སུ་བོད་མི་རྣམས་རྒྱ་ནག་གོང་མ་སང་ལ་དགའ་དད་ཆེན་བོ་ཡོད་པ་རེད། རྒྱ་ནག་གོང་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་པར་བོད་མི་རྒན་རབས་པའི་གསུང་། དེང་སང་རྒྱ་ནག་གུང་ཁྲན་ལ་བོད་མི་རྣམས་མི་དགའ་བའི་རྒྱུ་མཚན་གང་ཡིན་ནམ།
ཇ་མ་ལགས། སྔོན་ཆད་ཀྱང་བོད་མི་རྣམས་རྒྱ་ནག་གོང་མ་ཚང་ལ་དགའ་དད་ཆེན་པོ་ཡོད་པ་ངས་ཁས་མི་ལེན། ཆོས་ལུགས་མི་སྣ་དང་བླ་དཔོན་རིགས་འགས་ཕྱག་འཚལ་ཡོད་ཚོད། དེ་དག་གཅིག་ནས་ཆོས་ལུགས་ཀྱི་རྨོངས་དད་དང་གཉིས་ནས་ཆབ་སྲིད་ཀྱི་བསླུ་བྲིད། གསུམ་ནས་རང་གི་མཚན་སྙན་བཅས་ཀྱི་སླད་དུ་ཡིན་པ་འདྲ།
གུང་ཁྲན་ཏང་ལ་ཡང་དགའ་མྱོང་བར་མ་ཟད་མའོ་ཙེ་ཏུང་སོགས་ལ་དགའ་གུས་ཚད་མེད་བྱེད་མཁན་ཡང་བྱུང་མྱོང་བ་མ་ཟད་ད་དུང་ཡང་དགའ་མཁན་འགའ་རེ་ཡོད་ཚོད། སྤྱིར་ཡིན་ན་༸རྒྱ་ནག་གོང་མ་དེ་ནང་ཆོས་ལ་དད་མོས་བྱེད་མཁན་ཞིག་དང་མའོ་ཙེ་ཏུང་རྗེས་འབྲང་བ་ཚོ་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཀྱང་དགའ་དད་སྐྱེ་མི་སྐྱེ་ཞིག་ཡོང་རྒྱུ་རེད། ཡིན་ན་ཡང་དེང་སང་གུང་ཁྲན་ཏང་ལ་མི་དགའ་དོན་གཙོ་བོ་ཏང་གི་སྲིད་ཇུས་དེ་རུལ་སུངས་པ་ཞིག་ཡིན་པ་ཧ་གོ་བས་ལོས་ཡིན།
ཁ་བརྡ་ཚང་གིས། ངའི་གཏམ་བཤད་བརྙན་ཐུང་འདི་དྲ་ངོས་སུ་བཞག་པར་བཀའ་དྲིན་ཆེ་ཞུ། འདི་ནི་ང་རང་ངོས་ནས་རང་ཁྱིམ་དུ་ལྷག་དཀར་བརྩི་སྟངས་རིགས་ཤིག་ཡིན། འདི་ལོ་ནས་ལྷག་དཀར་ཉིན་མོ་དེ་བོད་ཀྱི་གལ་ཆེའི་ཉིན་མོ་ཞིག་ཏུ་རྒྱ་ཁྱབ་ཏུ་སྤེལ་རྒྱུའི་གཞུང་གི་བརྡ་ཁྱབ་དེར་ཧ་ཅང་དགའ་བོ་བྱུང།
དེ་རིང་ཆབ་བྲག་ཁོང་གི་སྐད་ཆ་འདིར་བྱུང་རིམ་ལ་ལྟས་ན་ཀུན་སློང་འཁྱེར་སྟངས་གི་ཆ་ནས་བོད་དོན་དངོས་ལ་མ་དཔྱོད་པ་དེའི་ཆ་ནས་ཤས་ཁམས་དང་ཨ་མདོ་ལྔ་བའི་ནང་བྱུང་བའི་རང་ལུས་མེ་བསྲེགས་ཀྱི་དོན་ཅན་ཟུར་དུ་གླིང་བ་ནི་དགོས་པ་དང་དགག་བྱ་གང་གི་ཆ་ནས་གླིང་རན་འོས་པ་ཞིག་ཏུ་ཡོད་རུང་ཉིན་ཆར་བཀའ་ཁྲི་མཆོག་ནས་ཨ་མདོ་རྔ་བའི་བླ་མ་ཨ་རིའི་གྲོས་ཚོགས་སུ་གདན་དྲང་པ་དེའི་འདོད་པ་མ་འཚིམས་པའི་བཟོ་འདྲ་སྟོན་འདུག་ལ། ཕྱོགས་དང་དུས་འགྱུར་མཚམས་ཁག་ཏུ་གསལ་པོ་གཟིགས་ན་ཆབ་བྲག་འདི་ནམ་ཡང་དྲང་བདེན་པ་ཞིག་མ་ཡིན་པ་ཕྱོགས་ལྷུང་ཆེ་བའི་རྒན་པོ་ཞིག་ཡིན་པ་མཐོང་སོང་། དེ་ནི་ཁོང་དགེ་རྒན་ནས་སྤྱི་མཐུས་ཆགས་པའི་ཉིན་མོ་ནས་རྩིས་ན་ཀུན་གསལ་ཆགས་སོང་ལ་ཁོང་གི་ཆེ་མཐོང་ཡང་དེ་ནས་ཆོལ་ཁ་གཅིག་གི་ས་མཐུས་དང་དྲ་ཚིགས་གཅིག་གི་ཟིན་བྲིས་པ་ཞིག་ཆགས་སོང་
ཆབ་བྲག་ལགས་ཀྱིས་ཅི་ཞིག་གསུངས་ཀྱི་ཡོད་མེད་ངས་དོན་རྟོགས་མི་ཐུབ་ཡ།
ཁོང་གིས་གསུངས་བཤད་ཀྱི་དུམ་བུ་གཅིག་འདི་ཞུ་ན་འདོད། ༼ ད་ང་ཚོའི་རྔ་བ་དང་གསེར་རྟ་འདི་ལ་ཉི་མ་རེ་རེར་བྱུང་གི་ཡོད་པ་གནས་ཚུལ་ཛ་དྲག་པོ་དེ། དེའི་ཁྱིམ་མཚེས་གི་སྡེ་བ་དང་བོད་ནང་གི་ས་ཁུལ་མང་པོ་གིས་དུས་ལྟར་གོ་མ་ཐུབ་པ་གི་གནས་སྟངས་ཤིག་གང་སྤོབས༼གང་འཚམས༽ཆེ་པོ་ཞིག་ཆག་གི་ཡོད་རེད། དེ་འདྲ་གི་ལམ་ནས་བཀག་འགོག་མེད་པ་ཅིག། ག་རེ་ཟེར་དགོས་རེད། གུ་ཡངས་གི་རྣམ་པ་ཞིག་ཡོད་ན། ༢༠༠༨་ལས་ག་རེ་ཟེརདགོས་རེད། ཤུགས་ཆེ་བ་ཅིག་དང་ཁྱབས་ཆེ་བ་ཅིག་ལངས་ཡ་དེ་ཐག་གཅོད་ནས་ང་ཚོས་ཤེས་ཐུབ་ཡ་ཅིག་རེད། སོང་ཙམ། འདི་འདྲ་གི་གནས་སྟངས་འདི་གིན་་ག་རེ་ཟེར་ན། རྒྱ་མི་གི་ཐོག་མར་དྲག་པོས་བཙན་འཛུལ་གྱི་བྱས་ནས་བོད་གི་ས་ཆ་རེད། ད་ག་རེ་ཟེར་རེད། རིག་གཞུང་མི་དམངས་ཚང་མ་ལ་གཏོར་བཤིག་ཚབ་ཆེན་བཏང་བ་དེས་གི་རྒྱུན་མ་ཆད་པ་བྱས་ནས་དངོས་གནས་གི་གྲངས་ཉུང་མི་རིགས་ལ་ ད་ཅིག་གི བོད་ལ་ ག་རེ་ཟེར་རེད། བོད་ཆོལ་ཁ་གསུམ་ཟེར་ན་འདྲ་ ཚང་མ་དུམ་བུ་ཁ་ཐོར་དུ་བཏང་ནས་དེས་གཅིག་གྱུར་ཅིག་ལ་འགོག་རྐྱེན་དུ་བཟོས་ནས། འོ་ད་དུང་ལྷག་པར་དུ། ད་ཡིན་རྒྱུ་ན་ཆོས་ལུགས་དད་མོས་གི་རང་དབང་ཅིག་ཡིན་པ་འདྲ་སྤྲོད་ཡ་དེ། ང་ཚོ་ཡིན་ན་ཆོས་ལུགས་དད་མོས་དེ་གཙོ་བོ་སོ་སོ་གིས་ ད་སྐྱབས་སུ་འགྲོ་བ་དེ་བླ་མ་ལ་སྐྱབས་འགྲོ། བླ་མ་ལ་སྐྱབས་སུ་མཆིའོ་ཟེར་ཡོངས་དུས་ཚང་མ་གི་བླ་མ་གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་གཙོ་བོ་བྱས་ནས་ཆག་བསྡད་ཡོད་རེད། འདི་ལ་སྐྱབས་སུ་འགྲོ་མི་ཆོག་པ་འདིས་བཀག་འགོག་བྱས་སྡོད་ན། ཚོད་མཐོ་ས་ནས་ཆོས་ལུགས་གི་དད་མོས་རང་དབང་དེ་འཕྲོག་ཞག་པ་རེད། བྱེད་མི་ཆོག་པ་ཞིག་ཆག་བསྡད་ཡོད་རེད། སོང་ཙམ། སེམས་ཀྱི་དད་པ་བྱེད་མི་ཆོག་པའི་གོང་ནས། དཔེ་ཆ་གཅིག་པུ་ཀློག་ཆོག་པ་ལྟ་བ་དེས། ཆོས་དད་རང་དབང་གོང་ནས་བསམ་བློ་དངོས་གནས་ཤིག་སླེབས་ཐུབ་གི་མེད་རེད། འདི་འདྲ་གི་རྒྱུ་མཚོན་དང་མང་པོ་ཞིག་གི་ང་ཚོ་ ག་རེ་ཟེར་དགོས་རེད། དངོས་གནས་གི་འགྲོ་བ་མིའི་ཐོབ་ཐང་མེད། མི་རིགས་གི་རང་དབང་འདྲ་མཉམ་མེད་པ་འདི། གནད་དོན་འདི། ད་ལྟ་ལས་ཁོང་ཚོ་༼སྐུ་འཚོ་བཞུགས་༽྄྄གནས་དགོས་ཡ་དེ་གསལ་པོ་མཚོན་ཐུབ་གི་ཡོད་རེད།༽
ཅེས་ཁོང་གི་གསུང་ངག་དམར་རྗེན་མ་འདི་ཚོ་ཡིག་ཐོག་ཏུ་བཀོད་པ་ཡིན། ཁ་བརྡ་དྲྭ་བདག་གིས་འདི་ཚོར་དམིགས་གསལ་གྱི་དགོས་ཁྱད་ག་རེ་གཟིགས་པ་ཡིན་ནམ། ཚིག་དོན་གང་ལ་ཞིབ་ཀྱང་། ལེགས་བཤད་ཅིག་ཕར་ཚོད། ཚིག་ཕྲད་དང་མཚམས་སྦྱོར་གང་ཐད་དུ་སྐྱོན་ཆ་ཤིན་ཏུ་ནས་མང་འདུག་པས་བོད་ཀྱི་སྐད་ཡིག་ཐོག་མཁས་མིང་འཛིན་པའི་གངས་ཅན་པ་དག་གིས་སྐད་དང་ཡིག་གེ་ཐ་དད་དུ་བེད་སྤྱོད་མ་གནང་རོགས་ཞེས་ཞེན་སྐུལ་ཡིན། མ་གཞི་ནི་བོད་མི་ཁ་ཤས་ཀྱིས་བོད་ཀྱི་ཡིག་གེ་ཤེས་ཀྱང་བོད་ཀྱི་སྐད་ཡག་པོ་མི་ཤེས། ཁ་ཤས་ཀྱི་བོད་ཀྱི་སྐད་ཤེས་ཀྱང་བོད་ཀྱི་ཡིག་གེ་ཡག་པོ་མི་ཤེས།
དྲ་འབུ་ཚོས་ཙ་ཙིར་ལ་ཉན་དགོས་དོན་ཡེ་ནས་མེད། ཚ་ཕྲུག་རྒྱལ ཕྲག་དོག་གི་རྙོག་བཤད་ལ་རྒྱུ་མཚན་ཆེན་པོ་ཡོད་དམ།
ཆབ་ལྷ་ལགས། ངོ་མ་ཐུགས་རྗེ་ཆེ། རྒྱ་ནག་གོང་མའི་བོད་ལ་མཐོང་ཆེན་ལས་དྲག་གནོན་བྱས་པའི་གནས་ཚུལ་མང་པོ་མེད་པས་བོད་མི་རྒྱ་ནག་གོང་མ་དགའ་ཞེན་ཆེ་བ་འདྲ། རྒྱ་དམར་གུང་ཁྲན་གྱིས་འགོ་མཇུག་བར་གསུམ་ནས་བོད་ལ་དྲག་གནོན་དང་འགོ་སྐོར་ཚད་མེད་པས་རྐྱེན་པས་བོད་མི་རྒྱ་གུང་ཁྲན་ལ་མི་དགའ་ཞིང་ཡིད་ཆད་ནས་མི་དགའ་བ་ཡིན་པར་བསམ།
ཆབ་བྲག་མིང་ཅན་མི་འདིའི་ཚིག་གི་མདའ་དང་མདུང་གི་རྩེ་གཏོད་ས་ནོར་མི་འདུག དགེའོ། །
ཆབ་བྲག་ལྷ་མོ་སྐྱབས་ཟེར་བ་འདི་བོད་ཡིག་གནས་ཚད་ཚད་མཐོར་སླེབས་པ་སྔོན་ནས་ཤེས་ལ། འདི་རིང་བརྙན་པར་མཐོང་དུས་ཁོང་གི་དབུ་སྐྲ་ལས་ངང་རྒྱུད་རིང་བ་འདི་ལ་ང་ཅུང་དད་སོང་ལབ་ན་མི་འགྲིགས་པ་མི་འདུག་སྙམ། བློ་གསར་གཞོན་སྐྱེས་ཚོས་ཀྱང་དཔེར་ལྟ་འོས་སོ། །
ཇ་མ་ལགས། དེ་ལོས་ཡིན། གུང་ཁྲན་ཏང་གིས་སྲིད་ཇུས་བཟང་ལུགས་ཀྱི་དར་ཆ་ཕྱར་ནས་བོད་མེ་རུ་བསྲེགས་པ་རེད། དེ་བས།
རྒྱ་ནག་གོང་མ་དང་གུང་ཁྲན་ཏང་གཉིས་བར་ལ་ཆོས་ལུགས་ལ་དད་མོས་ཡོད་མེད་དང་གཅིག བོད་ལ་བཙན་འཛུལ་དང་གནོད་འཚེ་ཆེན་པོ་བཏང་མ་བཏང་གི་ཁྱད་པར་དང་གཉིས། འདི་ནི་དེ་སྔ་དང་ད་ལྟའི་རྒྱ་བོད་བར་གྱི་འགལ་འབྲེལ་གྱི་སྡོམ་ཚིག་ཅིག་ལ་བཞག་ན་འཐུས་སམ།
དྲ་གྲོགས་ཚོས་ངའི་ཚིག་དོན་འཚམ་མིན་དང་སྐད་ཆ་དག་མིན་ཚུན་ཆད་ནས་དོ་སྣང་དང་སྐྱོན་ཡོན་གླེང་བཞིན་པར་ཡང་དགའ་བསུ་ཞུ། ངས་རང་ཉིད་ལ་ཡང་ཞུ་དག་གིས་ད་དུང་ཡར་རྒྱས་གཏོང་བར་ལོས་འབད། འདི་ནི་ཁྱེད་ཅག་གི་དམིགས་རེ་ཡང་ཡིན་ངེས། བཀའ་དྲིན་ཆེ།
ཨ་ཁུ་ལྷ་མོ་སྐྱབས་ལགས། རྒྱ་ནག་གཞུང་གི་དམ་དྲག་དང་དྲག་གནོན་འོག་གནས་ཐབས་རྩ་བ་ནས་མེད་པའི་བོད་མི་རིགས་འདིའི་མངོན་འདོད་དངོས་དེ། ༧གོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ་དང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས་པ་དེ་གཅིག་མཚུངས་ཀྱི་འབོད་སྒྲ་རེད་མོད། ༧གོང་ས་མཆོག་གི་གསེར་ཞལ་འཚོ་བཞུགས་ཀྱི་སྐབས་སུ་གཞིས་ལུས་སྤུན་ཟླ་རྣམས་ཀྱི་མངོན་འདོད་དེ་མ་འགྲུབ་ན། བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དེ་ག་འདྲ་ཞིག་ལ་འགྱུར་སྲིད་པ་རེད། ད་ལྟ་ནི་༧གོང་ས་མཆོག་གི་བཀའ་གསུང་སྤྱི་སྒྲུབ་ཀྱིས་འཚེ་བ་མེད་པའི་ལམ་ཁོ་ན་ལ་ཤར་བསྐྱོད་བྱེད་བཞིན་ཡོད་ཅིང་། བཙན་བྱོལ་སྒྲིག་འཛུགས་ལ་མཚོན་ནའང་བཅའ་ཁྲིམས་ནང་འཚེ་བ་མེད་པའི་ཐབས་ལམ་བེད་སྤྱོད་རྒྱུ་གཏན་ལ་ཕབས་པའི་སྲིད་བྱུས་ཤིག་ཡིན། འོན་ཀྱང་འབྱུང་འགྱུར་གྱི་ལོ་གང་མཚམས་རྗེས་ནས་འཚེ་བ་མེད་པའི་ཐབས་ལམ་འདི་གནས་སྲིད་དམ། བཙན་བྱོལ་ནང་ཆབ་སྲིད་ཚོགས་པའི་མིང་དངོས་སུ་མེད་ཀྱང་། གཞུང་དང་ལྟ་བ་ཐ་དད་འཛིན་མཁན་རང་བཙན་རྩོད་ལེན་པ་གཞོན་ནུ་ཚོགས་པ་སོགས་ཡོད་མོད། ཁོང་ཚོའི་མངོན་འདོད་དེ་རང་བཙན་གཙང་མ་ཡིན་པ་ལས། ༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ། བཙན་བྱོལ་གཞུང་གིས་གཏན་ལ་ཕབས་པའི་སྲིད་བྱུས་འདི་ལ་མོས་མཐུན་མེད་ཅིང་། མཐའ་གཅིག་ཏུ་རང་བཙན་གཙང་མ་དགོས་གསུང་མཁན་གྱི་ལངས་ཕྱོགས་མ་འདྲ་གཉིས་ཡོད་མོད། དེ་ན་མ་འོངས་པར་བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་འདིའི་ཐོག་ནས་ད་ལྟའི་བོད་རྒྱའི་དཀའ་སྙོག་དེ་སེལ་ཐུབ་སོང་ན། དེ་དུས་གཞོན་ལྷན་སོགས་ཀྱིས་ད་དུང་རང་བཙན་རྩོད་ཀྱི་རེད་དམ་མ་རེད། ཁྱེད་ཀྱིས་ཚོད་དཔག་བྱས་ན།
རྐྱང་ཕྲུག་ལགས། ཚོད་དཔག་བྱེད་ལོས་ཆོག ངའི་ཚོད་དཔགས་ལ་དགའ་འཇིགས་གཉིས་ཡོད།
༸གོང་ས་མཆོག་གི་སྐུ་ཚེའི་རིང་ལ་བོད་དོན་ཐག་གཅོད་ཅིག་ཐུབ་རྒྱུ་འདི་རེ་བ་ཆེ་ཤོས་ཡིན། འདི་བྱུང་ན་རྒྱ་ཆེའི་བོད་མི་དམངས་ཀྱིས་ངོས་ལེན་རྒྱབ་སྐྱོར་ཡོད་པ་ཞིགཀྱང་ཆགས་ཀྱིན་ཡོད་པས་གོང་བུ་གཅིག་འགྱུར་གྱི་བཀྲ་ཤིས་དགའ་སྟོན་དེ་འབྱུང་གི་རེད།
ཅིག་ཤོས་ནི། ཁོང་གི་སྐུ་ཚེའི་རིང་ལ་མ་བྱུང་བའམ་ལྷག་པར་དུ་ཡང་དྲག་རྒོལ་བའི་དཔུང་ཁག་རིགས་བྱུང་ནས་འཚེ་མེད་ཀྱི་ལམ་བུ་ཡང་བརླགས་སོང་ན་ད་ཚར་སོང་བ་རེད། དེའི་མཇུག་འབྲས་ནི་འཇིགས་ཡེར་བ་ཞིག་རེད་ལགས།
ཨ་ཁུ་ལྷ་མོ་སྐྱབས་ལགས། བོད་ཀྱི་ཁ་དཔེར་གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་བཟང་སར་རྒྱོབས་ཟེར་པ་ལྟར་ཁྱེད་ཀྱིས་ཀྱང་རེ་བ་བཟང་སར་རྒྱག་གི་ཡོད་ཚོད་འདུག དེ་བཞིན་བོད་མི་ཕལ་མོ་ཆེས་རེ་བ་བཟང་སར་རྒྱག་གི་ཡོད་ཀྱང་། གྲ་སྒྲིག་སྡུག་ས་ནས་བྱས་མེད་པ་ལྟ་བུར་སྣང་། རེ་བ་བཟང་སར་རྒྱབས་ནས་རེ་བ་བཟང་བའམ། ཁྱེད་ཀྱིས་གསུང་པ་ལྟར་བཀྲ་ཤིས་དགའ་སྟོན་གྱི་ཉིན་མོ་དེ་མ་ཤར་ཚེ་སྡུག་ས་ནས་གྲ་སྒྲིག་ཅིག་ངེས་པར་དུ་དགོས་པ་ལྟ་བུ་མི་འདུག་གམ
རེ་བ་བཟང་ནས་རྒྱག་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཚུལ་༸གོང་ས་མཆོག་གིས་ད་བར་ལ་ལམ་སྟོན་ཡང་ཡང་གནང་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱང་སྤྱིར་བཤད་ན་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་གཉི་གའི་གཞི་རྟེན་ཞིག་ཆགས་ཡོད་པ་རེད། དེ་བས་ད་དུང་བཀའ་སྤྱི་རྣམ་གཉིས་ཀྱིས་སྤྱི་དང་བྱེ་བྲག་གི་གནས་ཚུལ་ཅི་འབྱུང་ལ་ཚོད་དཔག་སྒོས་ལས་འཆར་དང་གྲ་སྒྲིག་ཨང་གསར་དགོས་ངེས་རེད།
ཆབ་བྲག་ལགས་ཀྱི་བརྙན་འཕྲིན་ནང་གི་གསུང་བཤད་དེ་ཨམ་སྐད་དམ་དྲག་པ་དང་ལྗགས་ཀྱི་འགུལ་སྐྱོད་མི་བདེ་བས་ཚིག་རེ་གཉིས་ཡང་གོ་མི་ཐུབ་ཀྱང་། ཕྱག་གི་བརྩོལ་བ་ལ་བརྟེན་པའི་མཆན་ཐུང་དེ་ཕལ་ཆེར་གོ་སོང་བས་རྐྱང་ཕྲུག་ལགས་ལ་གནང་བའི་ལྗགས་ལན་ལ་བསམ་ཚུལ་ཅུང་ཟད་ཞུ་འདོད་སྐྱེས་སོང་།
དེ་ཡང་ཁྱེད་ཀྱི་དགོངས་ཚོད་ཅིག་ཤོས་དེ་༧སྐུ་མདུན་སྐུ་འཚོ་ཞིང་མ་བཞུགས་པའི་སྐབས་དྲག་རྒོལ་དཔུང་ཁག་རིགས་བྱུང་ནས་འཚེ་མེད་ཀྱི་ལམ་བུ་ཡང་བརླགས་སོང་ན་ཚར་སོང་བ་རེད་ཞེས་པའི་སྡོམ་ཚིག་དེ་ལས་སླ་པོ་ཞིག་ཨེ་ཡིན་ན། ༧སྐུ་མདུན་སྐུ་ངོ་མས་དུས་རྟག་ཏུ་ང་མེད་པ་ནང་བཞིན་བགྱིས་ཨ་ཞེས་པའི་བཀའ་ལུང་དེ་ལ་ཡང་འགྲེལ་བཤད་གང་འདྲ་གནང་གི་ཡིན་པ། མ་ཟད་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་ལས་ལ་བརྩོན་ཞིང་དཔའ་ངར་དང་སྙིང་སྟོབས་ལྡན་པའི་བོད་མི་རིགས་འདི་འཇིག་ཆོག་ཆོག་དང་ཚར་ཆོག་ཆོག་ཅིག་ཨེ་རེད། དེ་འདྲའི་བོད་མི་རིགས་འདི་ལ་མཐོང་ཆུང་གནང་རྒྱུ་ད་ཨ་ཡོད་ན། དགོངས་ཚོད་ཡག་པོ་གནང་དགོས་པ་རེད་ལ་སྔ་འདངས་དང་ཕྱི་འདངས་ཡག་པོ་རྒྱགས་དགོས་པ་རེད།
ཅི་ཏེ་དྲག་པོའི་དཔུང་ཁག་བྱུང་ནས་འཚེ་མེད་ཀྱི་ལམ་བུ་བརླགས་སོང་ན་ཡང་ཧ་ལས་རྒྱུ་ཅང་མེད་པ་རེད། ཁ་རྒྱུན་ལ། སྟག་མོ་ཚང་འཛིང་འཐུག་འདྲའི་འཐམ་མོ་མ་བྱས་ན། ཞགས་པ་དོན་ཡོད་འདྲ་བ་ག་ནས་འཐོབ། ཞེས་པ་ནང་བཞིན། དཔེར་ན་ད་ལོ་ཨ་རབ་གླིང་གི་ཡུལ་གྲུ་མང་པོ་ཞིག་དང་ཐོག་ཞི་རྒོལ་བྱས་པ་རེད། གཞུང་གིས་དྲག་པོའི་ཐབས་ལམ་ཁོ་ན་བེད་སྤྱོད་བཏང་བས་དྲག་པོའི་ངོ་བོར་འགྱུར་བ་རེད། བྱས་ཙང་རྒྱལ་སྤྱིའི་གནོན་ཤུགས་དང་ལྷག་པར་དུ་ཡུ་རོབ་མནའ་འབྲེལ་གྱི་གནོན་ཤུགས་སོགས་ལ་མ་འཛེམས་པར་བརྟེན་བྱང་ཆིངས་སྒྲིགས་འཛུགས་དམག་དང་ཡུ་རོབ་རྒྱལ་ཁབ་ཁ་ཤས་མཉམ་རུབ་ཀྱིས་དྲག་བརྡུངས་བཏང་ནས་གཞུང་མི་དམངས་ཀྱི་ལག་པར་ཐོབ་པ་དཔེར་ན་ལཱི་བི་ཡཱ་སོགས་དང་། ད་དུང་སཱི་རི་ཡཱ་དེ་ཡང་རྒྱལ་སྤྱི་སོགས་ཀྱི་ཁ་ལ་མ་ཉན་པར་བརྟེན་ད་ཆ་ཕྱིའི་དཔུང་འདེགས་ལ་རེ་སྒུག་བྱེད་བཞིན་པ་རེད་ལ་ཕྱི་ལོག་ནས་ལག་པ་མ་འཆངས་རང་འཆངས་ཆགས་བསྡད་པ་རེད། བྱས་ཙང་མི་རིང་བ་གཞུང་གོ་རྟིང་ལོག་རྒྱུ་ཉག་ཅིག་རེད། བྱས་ཙང་དྲག་པོའི་དཔུང་ཁག་གིས་དྲག་ཐབས་འགོ་བཙུགས་ན་རྒྱ་ནག་གིས་ཨ་རིའི་ཁ་གཏད་དུ་སྒྲེངས་སྒྲེངས་བྱས་ནས་ལངས་བསྡད་པ་མ་ཟད། འཛམ་གླིང་གི་གཙོ་འཛིན་བྱེད་འདོད་ཡོད་པ་རེད། འོན་ཀྱང་ཨ་རི་འཛམ་གླིང་གི་གཙོ་འཛིན་ནས་ནམ་ཡང་བབས་འདོད་མེད་པ་རེད། བྱས་ཙང་ཨ་རིའི་མིག་ནང་གི་ཐལ་རྡུལ་དེ་ག་དུས་ཡིན་ཡང་གོ་སྐབས་རག་པ་དང་འདོན་རྐྱང་ཡིན་པ་སྨྲོས་མེད་རེད། བྱས་ཙང་ཅི་སྟེ་ངེས་མེད་དྲག་པོའི་དཔུང་ཁག་བྱུང་ན་གོ་སྐབས་དེ་ལེན་མདོགས་ཁ་པོ་རེད། གང་ལྟར་ག་རེ་ཡིན་ན་མིན་ན་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་སེམས་ཤུགས་དང་བློས་གཏོང་ནི་འཇིག་ཡེར་བ་ཞིག་དངོས་གནས་རང་རེད། མ་རེད་པས་ཆབ་བྲག་ལགས།
ཡིད་བཞིན་ནོར་བུས་ཁོང་གཤེགས་རྗེས་དྲག་འཐབ་བྱ་དགོས་ན་ཡང་དགོས་ལུགས་ཤིག་གསུངས་མྱོང་མེད། མ་གཞི་ནས་ལག་ལ་མཚོན་ཆ་འཛིན་མི་ཤེས་པའི་བོད་པ་ཚོས་དེང་རབས་དྲག་མཚོན་ཅན་གྱི་རྒྱ་དམག་ལ་ཇི་ལྟར་འཛིང་ཐུབ་བམ། རྒྱ་དམག་གིས་དྲག་གནོན་ཚབས་ཆེན་ཞིག་བྱེད་རྒྱུར་བསྙོན་འཛུགས་ས་མ་རག་པར་བོའུ་མཆུ་གཏད་གཏད་ལ་བསྡད་ཡོད་པ་རིག་ན་ད་བསམ་ཤེས་རན་རེད། ཨ་རྒྱ་འཁྲུགས་ན་འཛམ་གླིང་དམག་ཆེན་གསུམ་པ་ལངས་ངེས་རེད། བོད་མི་ས་ཡ་འགའ་བོ་ཞར་དང་ཞོར་ལ་ས་ལ་འཐིམ་ལོས་འགྲོ
དྲག་འཐབ་དང་ཞི་འཐབ་གང་ཞིག་ཡིན་ཡང་མང་ཉུང་ལ་དེ་ཙམ་ལྟོས་བ་མེད་པ་ཐབས་ཤེས་ལ་རག་ལས་ཡོད། ཐབས་ཤེས་ལྡན་ན་དམག་མི་ཁྲི་ཕྲག་མང་པོ་གང་གད་སྙིགས་རེད་ལ། འབེན་ལ་བཞག་པའི་ཤིང་སྡོང་ཞིག་གམ་པང་དུ་སྒྲིག་པའི་རྩེད་ཆས་ཤིག་ལས་མ་འདས། རྒྱུ་མཚན་ནི། ཐབས་ཤེས་ལྡན་ན་མི་གཅིག་གིས་མི་སྟོང་ཕྲག་མང་པོ་གསད་ཐུབ་ཅིང་། ཐབས་ཤེས་མེད་ན་དམག་ཁྲི་གཅིག་གིས་མི་གཅིག་ཟིན་རྒྱུ་ཁག་པོ་རེད།
ཧཧ།བོན་རྒྱ་དང་གསེར་འབྲུག་ཀླུ་མཁར་སོགས་གཞན་མདུང་རྩེ་ལ་སྐྱོན་མཁན་ཨ་ཁུ་ཁྲོ་ཐུང་མང་པོ་ཡོང་གི་འདུག་ག།ཡཡ།ང་ཚོས་བལྟས་ཆོག་གི་རེད།དང་པོ་སྙིང་སྟོབས་ཅན་ཁྱེད་ཚོས་རྒྱ་ནག་གཞུང་ཚབ་མདུན་རང་བསྲེག་ནམ་བཏང་གི་རེད།དེ་དུས་ང་ཚོས་ཁྱེད་རྣམས་རྗེས་དྲན་རྡོ་རིང་འདོམས་པ་བརྒྱ་ཕྲག་ཅན་ཅིག་བཞེངས་ཆོག་ལགས།
སྐད་ཆ་ཉུང་ཉུང་རེད། གོ་རྒྱུ་ཆེན་པོ་རེད། དབུ་སྐྲ་རིང་པོ་རེད། སྐད་གདངས་དམའ་མོ་རེད།
ཞི་བདེའི་དེད་དཔོན་ཆེན་པོས་ནམ་ཡང་དྲག་འཐབ་བྱ་དགོས་པ་གསུང་གི་མ་རེད་ལ་དགོས་ལུགས་ཤིག་དེ་བས་གསུང་མི་སྲིད་ལ་གསུང་སྟངས་ཡང་ཤེས་ཀྱི་མ་རེད། རྒྱུ་མཚན་ཞི་བདེའི་དེད་དཔོན་ཡིན་པས་ཕྱིར།
ལར་ནས་ངས་ལག་ན་མཚོན་ཆ་ཅི་ཡང་མེད་པ་དང་མཚོན་ཆ་འཛིན་མི་ཤེས་པའི་བོད་པ་ཚོས་དེང་རབས་དྲག་མཚོན་ཅན་གྱི་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་དམག་འཁྲུག་རྒྱགས་དགོས་པ་ཞིག་བཤད་མེད་ལ་འཛིང་ན་འཕམ་རྒྱུ་ཡིན་པ་ནི་གནག་རྫིས་ཀྱང་ཤེས་ཀྱི་རེད། བྱས་ཙང་ཐབས་ལ་བརྟེན་དགོས་པ་རེད་ལ་གོ་སྐབས་དམ་འཛིན་བྱེད་དགོས་པ་རེད། དཔེར་ན་བྱི་བས་གླང་ཆེན་བསླངས་པའི་གཏམ་བརྒྱུད་ཅིག་ཡོད་པ་རེད། མ་གཞི་ང་གཉིས་དེའི་ཐོག་རྩོད་པ་རྒྱབ་ནས་ཅི་བྱེད། དྲག་པོའི་དཔུང་ཁག་རིགས་བྱུང་ནས་འཚེ་མེད་ཀྱི་ལམ་བུ་བརླགས་དུས་ཁོ་རང་ཚོས་ཐབས་ཤེས་བྱེད་མདོག་ཁ་པོ་རེད་ལ་ཏན་ཏན་གྲ་སྒྲིག་བྱེད་མདོག་ཁ་པོ་རེད་པ། དེ་ཅིག་ཡིན།
འོ་ཙི་ཆབ་བྲག་ལགས་ཞལ་ཤོབ་ཚ་མདོག་ལ། རྒྱ་དམག་གིས་དྲག་གནོན་ཚབས་ཆེན་བྱེད་རྒྱུར་བསྙོན་འཛུགས་ས་མ་རག་པར་བོའུ་ཆུ་གཏད་གཏད་བསྡད་ཡོད་པ་རེད་ཡིན་ན་ཅིག། རྒྱ་དམག་བོད་ལ་སླེབས་ནས་དུས་ད་ལྟ་ལ་འཐུག་གི་བར་དུ་བོད་མི་རིགས་དང་བོད་ཀྱི་རི་ཆུ་ནགས་གསུམ་བཅས་པ་ལ་དྲག་གནོན་ཚབས་ཆེན་བྱས་བྱས་མ་རེད་པས། ལྷག་པར་དུ་དེ་རིང་ཁ་སང་བོད་མདོ་དབུས་ཁམས་གསུམ་ནང་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་དང་དྲག་གནོན་ཤུགས་ཆེན་བྱེད་བཞིན་པ་མ་ཟད། མི་རེ་རེ་བཞིན་ཞིབས་བཤེར་བྱེད་བཞིན་པ་རེད་ལ་འགྲུལ་པའི་དངོས་པོ་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱིན་པ་རེད། གནས་ཚུལ་ཁུངས་ལྡན་ཞིག་ལ་ད་ལོ་བོད་ནས་རྒྱ་གར་དང་བལ་ཡུལ་ལ་ཡོང་མཁན་ཚང་མ་ལག་འཁྱེར་ཡོད་མེད་ལ་མི་ལྟོས་པར་འགྲམ་འགག་སྒོ་ནས་འཛིན་བཟུངས་བྱས་ནས་མངའ་སྡེ་རིམ་པ་སོ་སོར་རྩིས་སྤྲོད་བྱས་ནས་བཀག་ཉར་བྱས་འདུག་ལ་ག་དུས་གློད་མིན་ཤེས་ཀྱི་མི་འདུག་ཟེར། དེ་ཚོ་ཆབ་བྲག་ལགས་ཀྱིས་མཁྱེན་གྱི་ཡོད་ཤག་རེད་པ། བྱས་ཙང་ཆབ་བྲག་ལགས་ཀྱིས་རྒྱ་དམག་གིས་སྔོན་ཆད་དྲག་གནོན་མ་བྱས་པར་སྒུག་བསྡད་པ་འདྲ་ཞིག་གསུངས་འདུག། དྲག་གནོན་འདི་ལས་ལྷག་ཅིག་བོད་པ་ཚང་མ་གསད་ན་མ་གཏོགས་གཞན་ལྷག་མེད་པ་རེད།
མ་གཞི་ཤིང་ཅཱང་ནང་ཡུ་གུར་མི་རིགས་ཀྱི་རྒྱ་དམག་ལ་དྲག་རྒོལ་ཐེངས་མང་བྱས་པ་རེད། འོན་ཀྱང་ཡུ་གུར་མི་རིགས་ཚར་མི་འདུག་ལ་ཡུ་གུར་ཚང་མ་དམར་གསོད་ཡང་བཏང་མི་འདུག། མ་ཟད་ཡུ་གུར་མང་པོ་གནས་སྡོད་བྱེད་སར་རྒྱ་རིགས་གནས་སྡོད་བྱེད་ཀྱི་མི་འདུག་ལ་ཡོད་པ་ཉུང་ཤས་དེ་ཚོ་ཡང་སྙོམ་ཆུང་ཞེ་དྲག་འདུག། གཞུང་གི་ལས་ཁུང་ཡིན་ན་ཡང་ཟུར་དུ་ཁག་ཁག་བྱས་ནས་བསྲུང་བྱ་ནན་མོ་བྱས་ནས་འདུག། བོད་ནང་དེ་འདྲ་མེད་པ་རྒྱ་རིགས་དེ་ཚོ་ཧམ་པ་ཆེན་པོ་འདུག་ག། དེ་ཚོ་ག་རེ་ལ་བརྟེན་ནས་བྱུང་བ་གསལ་པོ་རེད་པ། བྱས་ཙང་སྙོམ་ཆུང་ལ་ཐུབ་ཚོད་གཏོང་རྒྱུ་དེ་མིའི་གཤིས་སུ་སྒྲུབ་ཡོད་ཙང་དེ་ཚོའི་རིགས་ལ་འཇམ་པོ་དང་ཞི་བ་ཟེར་བ་དེ་འགྲོ་ས་མེད་པ་རེད། དེ་ཚོ་ཡང་ཤེས་དགོས་པ་རེད། མཐའ་དོན་ལ་དྲི་བ་གཅིག་རང་གཅིག་ཡོད། ཆབ་བྲག་ལགས་དགོངས་ཚོད་ལ་མཁས་པས་བོད་མི་རིགས་འདི་འཚེ་མེད་ཞི་བའི་ལམ་བུའི་སྟེང་དུ་བསྐྱོད་ནས་མི་ལོའི་བགྲང་བྱ་བཅུ་ཕྲག་དྲུག་ལྷག་ཙམ་སོང་བ་རེད། ད་དུང་མདུན་བསྐྱོད་བྱ་དང་བྱེད་བཞིན་པ་རེད། བྱས་ཙང་ལམ་བུ་འདིའི་ཐོག་ནས་རང་དབང་ཟེར་ན་མི་འདུག་བོད་མི་རིགས་ཀྱི་མངོན་འདོད་དེ་ག་དུས་འགྲུབ་ཀྱི་རེད་ག་དུས་འཐོབ་ཀྱི་རེད། གཅིག་གསུངས་དང་། ང་ཚོ་བློ་བདེ་ཁྱད་ཡིན།
ཧ་ཧ་་བྲག་ཞོལ་སྤེན་པ་ཟེར་བ་དེ་སྐྲ་རིང་པོ་རྨོའོ་རྨོའོ་འདྲ་པོ་དེ་ཨེ་རེད། དེ་ཡིན་ན་ནི་མདུང་རྩེ་ནང་ལ་གཏོད་མཁན་ཨ་ཁུ་ཁྲོ་ཐུང་འདྲ་འདྲ་རེད་པ།
འོ་ཡ་ངས་རྒྱ་ནག་གཞུང་ཚབས་མདུན་དུ་རང་ཉིད་མེར་བསྲེག་རྩ་བ་ཉིད་ནས་གཏོང་གི་མ་རེད། བྱས་ཙང་ཁྱོད་ཀྱིས་རྡོ་རིང་འདོམ་པ་བརྒྱ་ཕྲག་ཅན་ཞིག་བཞེངས་དགོས་མ་རེད་ལ་འགྲོ་སོང་ཡང་ཁག་པོ་བྱས་པ་རེད། བྱས་ཙང་དེའི་འགྲོ་སོང་དེ་ཁྱོད་རང་གི་བུ་ཕྲུག་དེ་ཚོ་སློབ་གྲྭ་ཡག་ས་ཞིག་དང་སློབ་སྦྱོང་སྣ་འཛོམས་ཞིག་ལ་བསྐྱོལ་རོགས་མ་འོང་དེང་དུས་ཤེས་ཡོན་གྱི་ཕྱུག་པའི་ཀླད་རྙིང་གཙང་དག་ཅན་གྱི་མི་རབས་གསར་པ་ཞིག་གསོ་སྐྱོང་ཡག་པོ་བགྱིས་དང་། སྐབས་དང་དུས་ལ་བབས་ན་བེད་སྤྱོད་བྱས་ཆོག་པ་རེད། དེ་མ་གཏོག་ད་ལྟ་དུས་ལ་མ་བབས་ཙང་རྒྱ་མིའི་གཞུང་ཚབས་མདུན་དུ་རང་བསྲེག་བྱས་ན་ཕན་ཐོག་རྒྱུ་ཁག་པོ་རེད་ལ་དོན་མེད་རང་སྲོག་དེ་ཡང་འཕངས་པོ་མ་རེད་པས། དུས་ལ་བབས་ན་རྒྱགས་ཅིག་མཆོངས་ཅིག་ཡིན་ལ་རང་ཉིད་ཀྱི་མངོན་འདོད་དེ་ངེས་པར་དུ་བསྒྲུབ་ཐུབ་པ་བྱེད་རྩིས་ཡོད། དེ་དུས་ཁྱོད་རྨོའོ་རྨོའོ་སྤེན་པ་དང་རྨོའོ་རྨོ་ལྷ་སྐྱབས་གཉིས་ཀྲུང་དབྱང་གི་བཞུགས་གྲལ་ལ་འཁོད་མདོགས་ཁ་པོ་རེད། ཅིག་བྱས་ན་ཨ་ཕོ་རྒྱལ་མཚན་ནོར་བུ་དང་། ཨ་ཕོ་རག་རྡིས། བྱམས་པ་ཕུན་ཚོགས། རྨོའོ་རྨོ་ཚེ་བརྟན་སྒྲོལ་མ། ད་ལྟའི་པདྨ་འཕྲིན་ལས་ལ་སོགས་པ་མཉམ་དུ་ང་ཚོས་ཞིབས་རྩིས་བྱེད་ཡུལ་དུ་མི་འགྱུར་བའི་ངེས་པའང་མེད་པ་རེད།
ཆབ་བྲག་ལགས་ནི་མཁས་སྤོབས་ལྡན་པའི་ཕོ་རྒོད་ཅིག་ཡིན། སྔ་ཕྱི་ཅི་རིགས་པར་སྤྱི་དོན་གསུང་པར་བསྔགས་པ་དང་ཐུགས་རྗེ་ཆེ་ཞུ་འོས། རིག་པའི་བུས་གསུང་བ་བདེན་པ་རེད། དམག་འཐབ་ཀྱི་རྒྱལ་ཕམ་ནི་དམག་མི་དང་མཚོན་ཆ་མང་ཉུང་ལ་ལྟོས་མི་དགོས། དཔེར་ན་རྒྱ་ནག་གི་སུང་ཙིས་གྲོང་སྟོང་དམག་འཁྲུགས་དང་། ཇིང་གིར་རྒྱལ་པོས་བྱ་གླགས་སྙིང་ལེན་ལྟ་བུ་རེད། ༡་གསང་ཉུལ་ཚད་ལྡན། ༢་ལག་ཆ་ཚད་ལྡན། ༣་ལྡོག་རྩ་གཅིག་སྒྲིལ། དེ་དག་ཡོད་ན་འགྲིག་གི་རེད། དམག་འཁྲུགས་སྐབས་བོད་མི་རིགས་ཞར་དང་ཞོར་ལ་ཚར་རྒྱུ་ཡང་མ་རེད། དམག་རྒྱ་ཡུལ་ནས་རྒྱག་དགོས་པ་ལས་བོད་ས་ནས་འཐབ་མདོག་དེ་དམག་འཇུས་གཏན་ནས་མི་ཤེས་པའི་སྐད་ཆ་རེད། མོའུ་ཙེ་ཏུང་གིས། གཞུ་རྒྱ་ཡུལ་ནས་འགེངས། རྒྱུད་མཐའ་མཚམས་སུ་འཇོག མདའ་དགྲ་བོ་ལ་གཏད། ཟེར་བའི་སྲིད་འཇུས་བཏོན་ཏེ་རྡུལ་ཕྲན་སོགས་གོ་མཚོན་དམག་རྫོང་པལ་ཆེར་བོད་སོག་ཡུ་གུར་ཕྱོགས་ལ་བཞག་ཡོད་པར་གཟིགས། འོན་ཀྱང་བོད་ལ་ལག་རྩལ་མེད་ན་རྨི་ལམ་རང་རེད། དམག་འཁྲུགས་བརྩམ་པ་ཙམ་ནས་མི་མང་པོའི་གཅེས་སྲོག་ཤོར་འགྲོ་བས། འཛམ་གླིང་ལ་སྡུག་བསྔལ་ཡོང་རྒྱུ་ལས་མེད། དེ་བས་ཞི་བདེ་དོན་གཉེར་བཟང་། མདོར་ན་རྒྱ་བོད་གཉིས་ལ་ཞི་བདེ་དགོས། ནད་མུག་མཚོན་གསུམ་མིང་ཙམ་མེད་པར་ཤོག །འཛམ་གླིང་ཞི་བདེ་ཁྲི་ལོ་བརྟན་པར་ཤོག །
ཧཧ།གསེར་འབྲུག་རྒན་མོ་ཁ།ཁྱོའི་གསང་ན་མེར་བསྲེག་གཏོང་རྒྱུ་ཅན་པོ་མེད་པ་ངས་སྔ་མོ་ནས་ཤེས་ཀི་ཡོད་ལོ།
ཅི་རེད།རང་ཉིད་མེར་བསྲེག་ཅན་པོ་ཁ་ལ་བླངས་དུས་སྐྲག་ནས་གཅིན་སྐྱག་འཆོར་གྲབས་རེད་ལ།ཧཧ།སྙིང་རྗེ།
རྒན་ལགས། བཀའ་དྲིན་ཆེ། ཁྱེད་ཀྱི་བཀའ་གསུང་བདུད་བརྩི་ལ་མྱོལ་རོལ་བྱས་ཡོད་ལ། སྐུའི་ཞལ་དཀྱིལ་ལའང་མཇལ་ནས་སོང་བ་ཡིན། གང་ལྟར་ཉིད་ཀྱིས་གསུངས་པའི་ལྷག་དཀར་དེ་ད་ལྟ་འུ་ཚང་གི་སློབ་གྲྭའི་ནང་ལ་ཡོངས་ཁྱབ་ཏུ་འགྲོ་བཞིན་འདུག
རྨོའོ་རྨོ་སྤེན་པ་ལགས། ངས་མེར་བསྲེག་ལ་སྐྲག་དགོས་དོན་མི་འདུག་ཀྱང་དོན་མེད་ངའི་སྲོག་འདི་རྒྱ་མིའི་གཞུང་ཚབས་གཅིག་གི་མདུན་དུ་རང་ཤི་རྒྱབ་པ་ཡིན་ན་ཕངས་པོ་མ་རེད་པས། བྱས་ཙང་ངའི་སྲོག་འདི་གོ་སྐབས་རག་པ་དང་རྨོའོ་རྨོ་ཁྱོད་དང་རྩིས་པའི་ཀྲུང་དབྱང་གི་ཞུགས་གྲལ་དེ་གཏོར་འདོད་ཡོད་ལ་ཉུང་མཐར་ཡང་རྒྱ་མི་འབུམ་ལྷག་དང་མཉམ་དུ་དམྱལ་ཁམས་སུ་བལྟ་བསྐོར་ཅིག་འཁྲིད་འདོད་ཡོད། བྱས་ཙང་རྨོའོ་རྨོ་སྤེན་པ་ལགས་མཉམ་དུ་ཕེབས་འདོད་ཨེ་ཡོད། ཕལ་ཆེར་ཕེབས་རྒྱུ་མ་གཏོག་ལྷག་མེད་པ་འདྲ། ཧ་ཧ་ཧ།
ཆབ་ལྷའི་གསུངས་པ་དེ་བདེན་པ་པ་རེད་ ཁོ་རང་ལྷག་བས
མ་ཅན་དང་ཕྱོགས་རིས་མེད་མཁན་ཞིག་ལ་ངའི་ངོས་འཛིན་ཞུ་གི་ཡོད་