སེར་ཤུལ་རིན་ཆེན་དོན་གྲུབ།
ཚག་་་ཚག་་་ཚག་་་མེ་ལྕེས་བཞུར་བའི་དཔའ་རྒོད་ཚོ་དེ་འདྲའི་སྙིང་སྟོབས་ལ།
ཀྱེ་མ་་་ཀྱེ་མ་་་་་ངའི་སྤུན་ཟླ་ཚོ་འདི་ལྟར་བསྲེགས་སོང་།
འབོད་དོ་་་འབོད་དོ་་་། དྲང་བདེན་ལ་དགའ་བའི་འཛམ་གླིང་མི་རིགས།
མེ་རླབས་འོག་གི་འབོད་སྒྲ་འདི་གསན་རོགས།
ཁྲི་ལོ་་་ཁྲི་ལོ་་་ཁྲི་ལོ་་་། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་ཤོག
བོད་ལ་་་་བོད་ལ་་་་་་། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས།
ཕེབས་རོགས་་་་ཕེབས་རོགས་་་་་་་། ༸གོང་ས་མཆོག་བོད་དུ་ཕེབས་རོགས། མེ་ལྕེའི་ཀློང་གི་འབོད་ཚིག་འདི། དཔའ་རྒོད་ཚོའི་ཕུགས་རེ་ཁོ་ན། གངས་ཅན་པའི་བསམ་འདུན་ཁོ་ན།
མགོ་བོ་་་་་མགོ་བོ་་་་་མགོ་བོ་་ཆོགས་ཤིག གངས་ཅན་པའི་སྤུན་ཟླ་ཚོ།
ཆིག་སྒྲིལ་་་ཆིག་སྒྲིལ་་་། གངས་ཅན་མགོ་ནག་ཡོངས་ཆིག་སྒྲིལ་གནང་རོགས།
བསུ་རོགས་་་བསུ་རོགས་་་། ང་ཚོའི་རང་དབང་བསུ་རོགས། རང་དབང་གི་ཆེད་དུ་ནུས་པ་སྒྲིམས་ཤིག
ཀྱེ་་་། བཞུར་བཞིན་པ་འདི་ང་ཚོའི་ཟུངས་ཁྲག་ཡིན། འབར་བཞིན་པ་འདི་ང་ཚོའི་ཚེ་སྲོག་ཡིན། སྤྲེལ་ཚ་ཚོ།
གདོང་དམར་བ། དཔའ་རྒོད་ཚོའི་ཞབས་རྗེས་སུ་འབྲང་འགྲོ
༢༠༡༢/༢/༧
སེར་ཤུལ་རིན་ཆེན་དོན་གྲུབ་ལགས་ཁྱེད་ཀྱིས་སེར་ཤུལ་དགོན་དུ་དཔེ་ཁྲིད་གནང་བཞིན་པའི་ལྷ་རམ་པ་འཇམ་པ་བློ་ཤེས་མཆོག་གི་ཞལ་པར་གྱི་ཨང་གྲངས་ཞིག་གནང་ཐབས་ཡོད་པ་མཁྱེན།
བདག་ནི་ཁོང་གི་སློབ་མའི་མིང་ཅན་གྱི་ཚེ་རིང་བཀྲ་ཤིས་ནས།
མི་ལུས་མཆོད་སྤྲིན་དུ་ཕུལ་པའི་མེ་ལྕེ་ཡི་རྗེས་དྲན།།
མེ་ལྕེ།།
གཅིག་རྗེས་གཉིས་འཐུད་དུ་འབར་པའི་མེ་ལྕེ། མེ་ལྕེ་དམར་ཆེམ་ཆེམ།། གྲྰ་ཆས་དམར་ལྷེམ་ལྷེམ།། མི་སེམས་དམར་ལྷང་ལྷང་། དམར་ཆེམ་ཆེམ་དང་། དམར་ལྷེམ་ལྷེམ། དམར་ལྷང་ལྷང་གི་མེ་ལྕེ་མང་པོ་ཞིག གཅིག་ཏུ་འདྲེས་དུས།། གངས་རིའི་ངོས་སུ་ཡང་། དེའི་གཟི་འོད་། དམར་ཆེམ་ཆེམ་ཅིག། རང་བཞིན་གྱི་ཁྱབ་ནས་ཡོད།། དེ་བས་ཀྱང་། པོ་ཏྰ་ལའི་རྡོ་ཡི་ཐེམ་སྐས་རེ་རེ་ཡང་། ཚ་དྲོད་རྒྱས་ནས་གོམ་པ་སྤོ་ཐབས་བྲལ།། བློ་འུར་དུ། བར་སྣང་ནས་ཁ་བ་ཡང་། མེ་ལྕེའི་དབྱིབས་སུ་གྱུར་ནས། དྲག་ཏུ་འབབ།། དེས། ལྗང་མདོག་གི་ས་གཞི་ཐམས་བཅད་སྲེགས་པས། ཡུལ་ལྗོངས་རྣམས། དམར་སེར་དུ་གྱུར་ནས། དུ་ཞག་གི་ཁེངས་།
མེ་ལྕེ་ཡིས་མི་ལུས་སྲེགས་སོང་། མེ་ལྕེ་ཡིས་མི་སེམས་བརླན་སོང་།། མེ་ལྕེ་ཡིས་ལོ་རྒྱུས་བྲིས་སོང་།། མེ་ལྕེ་ཡིས་འཛམ་གླིང་འཁྱུད་སོང་།།
མེ་ལྕེ་གཅིག མེ་ལྕེ་གཉིས། མེ་ལྕེ་གསུམ། མེ་ལྕེ་འདི་དག རིམ་བཞིན་ཆེབས་ཡོང་བས།
མེ་ལྕེ་ཡིས་མུན་པ་གསལ་བ་དོན་དངོས་རེད།། མེ་ལྕེ་ཡིས་གནས་ལུག་སྟོན་པ་བདེན་དོན་རེད།། མེ་ལྕེ་ཡིས་སྤོ་པ་མཚོན་པ་མངོན་སུམ་རེད།། མེ་ལྕེ་ཡིས་མཆོད་སྦྱིན་དུ་ཕུལ་བ་དངོས་བདེན་རེད།།
མི་རིག་མུན་ནག་ལས་སྐྱོབ་པའི་མེ་ལྕེ།། མི་སེམས་དབང་མེད་དུ་སྒུལ་པའི་མེ་ལྕེ།། མི་ཆོས་ཀྱི་རྒྱབ་ལྗོངས་མཐུག་པའི་མེ་ལྕེ།། སྲིད་དོན་གྱི་དཀའ་རྙོག་མཚོན་པའི་མེ་ལྕེ།། མིའི་རིགས་ཀྱི་ མཐའ་འཇུག་གི་ རེ་འདུན་སྟོན་པའི་མེ་ལྕེ།། ཚེ་སྲོག་གི་དམར་མཆོད་འབུལ་བའི་མེ་ལྕེ།།
འབར་འཚམས་མ་འཇོག་པའི་མེ་ལྕེ་འདི་དག་གིས། མི་རིགས་ཀྱི་ ཆེས་ འགག་རྩར་ཐུག་པའི་ཉམ་ཉེས་ཞིག་སྟོན་ཅིང་།། མི་རིགས་ཀྱི་སྙིང་དབུས་སུ། མནན་པའི་ཚེ་སྲོག་གི་དུང་སྒྲ་ཞིག་སྒྲོག། མེ་ལྕེ་གཅིག་གི མེ་ལྕེ་ལྔ་དྲུག་བདུན་བརྒྱད་དུ་གྱུར་ཅིང་།། མེ་ལྕེ་དེ་དག བརྒྱ་ཕྲག་དང་སྟོང་ཕྲག་འབུམ་ཕྲག་དུ་གྱུར་དུས།། ད་དུང་། སངས་མི་ཐུབ་པའི་མུན་ནག་ཅིག་ཡོད་མི་སྲིད་དྲན།། ད་དུང་སད་མི་ཐུབ་པའི་རྨི་ལམ་ཞིག་ཡོད་མི་སྲིད་སྙམ།། ཁྱེས་ཅག་ལ།སྙིང་དབུས་ནས་ལགས་གཉིས་ཐལ་མོ་སྦྱར་ཏེ་གདུང་སེམས་མཉམ་བསྐྱེད་ཀྱི་གླུ་དབྱང་གི་སྔོན་དུ་གྱེར་འདོན་ཞུས་པས་གླུ་དབྱངས་གསན་པར་ཞུ།། །། ༢༠༡༡་་་་་༡༢་་་་༢༥་་་ཡི་ཤུ་ཁྲུངས་ཚེས་ཉིན་ཁུ་སིམ་གྱི་ཁྲོད་ནས་ཞོག་པ་ཆོུད་༦ པ་ནས་་ ཉིན་རྒྱབ་་་་་་ཆོུད་་་༣ དང་ སྐར་མ་ ༤༥ བ ར་ནས་བྲིས་ཟིན།། འཕན་པོ་བསྟན་དར་ནས།།