༼ བོད་ནང་གི་བོད་པ་ཚོ་ངེས་པར་ཡར་ལངས་དགོས་པ་རེད། སྡེབ་ལངས་བྱེད་དགོས་པ་རེད། མེ་ལྕེ་དེ་དག་ཀྱང་འབར་དགོས་པ་རེད། མུ་མཐུད་ནས་རྣམ་གྲངས་མང་བ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། ད་མཚམས་ཤིག་བཞག་ན་ད་ལྟ་འགྲོ་བཞིན་པའི་མེ་ལྕེ་ལས་འགུལ་འདི་ལོ་རྒྱུས་ལ་འགྱུར་འགྲོ་གི་རེད། ༽
______བོན་རྒྱ་བསྟན་འཛིན་རབ་རྒྱས།
༡ ༽ བོད་ནང་གི་མེ་ལྕེ་ད་དུང་འབར་དགོས་ནི་རེད།
དེང་སང་ཡ་མཚན་པ་ཞིག་ལ། སྨྱུག་ཐོགས་པ་ཕལ་ཆེ་ཞིག་ཆོས་པ་ཡ་མཚན་ཅན་རེ་ལ་གྱུར་འདུག་པ་མ་ཟད། རྒྱ་གཞུང་གིས་གླེང་འགེལ་མ་བྱས་སྔོན་ལ་བོད་ནང་གི་ཞི་བའི་གྱེན་ལངས་ཀྱི་འབྱུང་རྩ། འདི་ནས་བཀའ་སྤྱི་གཉིས་ཀྱིས་མཆོད་འབུལ་རྒྱ་ཆེན་རེ་བྱས་པ་དེ་ལ་འཁེལ་འདུག་རབས་ཀྱི་མཆུ་ཏོ་བསྲིངས་ནས་ཡོང་གི་འདུག ངས་ཁྱོད་ཚོར་འདྲི། བོད་ནང་གི་སྤུན་ཟླ་ཚོའི་ཚེ་སྲོག་སོང་ནའང་འུ་ཚོས་མ་ཎི་བཏོན་མི་ཆོག་པ་ཨེ་རེད། ཡང་ན་འུ་ཚོས་མུན་ནག་ནང་ནས་ཆོས་བཅའ་དགོས་པ་ཨེ་རེད། ཡང་ན་འུ་ཚོས་ཀྱང་བོད་ནང་གི་མེ་ལྕེ་གསོད་ཐབས་ལ་འབད་དགོས་པ་ཨེ་རེད། ངས་ཁྱོད་ཚོར་གསལ་བོར་བཤད་འདོད་པ་ཞིག་ལ། བོད་ནང་གི་མེ་ལྕེ་དེ་ད་དུང་འབར་དགོས་པ་རེད་ལ། དྲག་ཤུགས་ལྡན་པ་དང་རྣམ་གྲངས་མང་པོའི་སྒོ་ནས་འབར་དགོས་པ་རེད། རྒྱལ་ཁབ་ཅིག་འཛུགས་པ་ལ་མི་རྒྱུ་ཚེ་སྲོག་གི་འགྲོ་གྲོན་མེད་པར་བདེ་བདེ་འཇམ་འཇམ་དང་དགའ་སྐྱིད་གླུ་རོལ་གྱི་ཁྲོད་ནས་ནམ་ཡང་སྒྲུབ་ཐབས་མེད་པ་ཞིག་ཡིན་ནི་རེད། གནད་འགག་གི་སྐབས་འདིར་མི་དགོས་སར་མི། ཚེ་སྲོག་དགོས་སར་ཚེ་སྲོག དཔལ་འབྱོར་དགོས་སར་དཔལ་འབྱོར། ཁྱབ་བསྒྲགས་དགོས་སར་ཁྱབ་བསྒྲགས་བྱེད་དགོས་པ་ལས་བོད་ནང་གི་མེ་ལྕེ་རེ་འབར་ན་རྒྱ་ནག་གིས་གསོད་ཐབས་ལ་ཞི་དྲག་གཉིས་ཀ་བརྟེན་གྱིན་པར་གདོང་ལེན་རེ་མི་འོས་ནའང་། འུ་ཚོས་ཀྱང་རྒྱ་ནག་གི་རེ་འདུན་ལ་རོགས་འདེགས་བྱས་ན་ག་ལ་འགྲིག དེ་ལྟར་བྱས་ན་རང་མགོ་རང་གིས་གཡོགས་པ་རེད་ལ། ཚེ་སྲོག་སྔ་མ་དག་ཆུད་ཟོས་སུ་བཏང་བའང་རེད། མེ་ལྕེ་འདི་ཡུན་རིང་ལ་འབར་ཐུབ་ཁེགས་པོ་ཡིན་པ་མ་ཟད། འདི་ལ་འབར་ཡུན་ཐུང་ངུ་ཞིག་ལས་ཡོད་པ་མ་རེད་སྙམ་ནས་ང་ལ་སེམས་ཁུར་ཡོང་གི་འདུག མེ་ལྕེའི་ལས་འགུལ་འདིའི་མཇུག་མ་སྒྲིལ་སྔོན་ལ་རྒྱལ་སྤྱིའི་གསར་ལམ་ཁག་གི་དོ་སྣང་བོད་ལ་འདྲེན་ཐབས་དང་། སྲིད་གཞུང་ཁག་གི་དྲི་བ་རྒྱ་ནག་ལ་སྐོར་ཐབས། ཐ་ན་རྒྱལ་སྤྱིའི་ངོས་ནས་སྲུང་སྐྱོབ་མི་སྣ་དང་རོགས་སྐྱོར་མི་སྣ་གཏོང་བའི་ཚད་ལ་སྐྱེལ་ཐུབ་ན་ད་གཟོད་རེ་བ་ཡོད་པ་རེད་ལ། ཚེ་སྲོག་ཤོར་སོང་བ་དག་གི་རེ་བའང་འགྲུབ་པ་རེད་སྙམ། དེ་མིན་བཙོན་འོག་ནས་བཞུད་ཟིན་པ་དག་དང་། ད་དུང་བཙོན་འོག་ན་མནར་གཅོད་ཀྱི་སྡུག་བསྔལ་མྱོང་གིན་པ་དག་དང་། མེ་ལྕེ་དང་ལྷན་དུ་འབར་སོང་བ་དག ད་དུང་འབར་བཞིན་པ་དག་ལོ་རྒྱུས་ལ་གྱུར་བ་ཙམ་རེད་ལ། དེ་ལྟ་ན་འདས་པོ་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་ཤོར་བ་མ་ཟད། ཤུལ་ལུས་ཉེ་འབྲེལ་དག་གི་སེམས་ལ་སོས་དཀའ་བའི་སྡུག་བསྔལ་གྱི་སྐྲན་ནད་ཅིག་བཞག་པ་ལས་ཅི་ཡང་མ་རེད། དེའི་ཕྱིར། ང་ཚོས་གང་ནུས་ཅི་འཇོན་གྱིས་མཆོད་འབུལ་བྱེད་དགོས་ལ་ཁྱབ་བསྒྲགས་ཀྱང་བྱེད་དགོས། ད་ལོའི་བཀའ་སྤྱི་གཉིས་ཀྱིས་འདས་པོ་སྙིང་སྟོབས་ཅན་དག་གི་རྗེས་ལ་གང་ནུས་གང་འཇོན་གྱིས་བསྔོ་སྨོན་མཆོད་འབུལ་བྱེད་ཀྱིན་པ་དང་། རྒྱལ་སྤྱིའི་མི་སྣ་ཁག་ལ་ཞུ་འབོད་བྱེད་ཀྱིན་པ་དག་ནི་དུས་ལ་བབ་པའི་འགན་འཁྲི་དང་དགོས་ངེས་གཉིས་ཀ་རེད། དེའི་ཕྱིར། ང་ནི་ད་ལོའི་བཀའ་སྤྱི་གཉིས་ཀྱི་བྱེད་སྟངས་གང་མང་ཞིག་གིས་འདོད་པ་ཚིམ་གྱི་འདུག ཁྱེད་ཅག་གིས་༢༠༠༨ ལོར་ཚོགས་པ་ཁག་ཡར་ལངས་དུས་བཀའ་སྤྱི་གཉིས་ཀྱིས་འགོག་ཐབས་དང་ཞི་འཇམ་ལ་འགྲོ་ཐབས་བྱས་པ་ཨེ་དྲན་གི དེ་ལས་ད་ལོའི་བཀའ་སྤྱི་གཉིས་ཀྱིས་ཧུར་ཐག་འབད་ཐག་བྱེད་ཀྱིན་པ་ནི་དངོས་ཡོད་རེད་ལ་དགོས་ངེས་ཀྱང་རེད་སྙམ་གྱིན་འདུག ད་ནི་ཛ་དྲག་གི་གནས་སུ་སྐྱེལ་ནའང་སྐྱེལ་ཚད་རེད་ལ་བོད་མི་རིགས་ཚར་ནའང་ཚར་འཇུག་རན་རེད་སྙམ། དེ་མིན་ད་དུང་ཡང་ང་ཚོས་ཤི་མིན་རོ་མིན་གྱི་ངང་ཚུལ་བཟུང་ནས་བསྡད་ན། ང་ཚོ་གསོན་པའི་དོན་སྙིང་མཐོང་གི་མི་འདུག ཁྱེད་ཅག་གཞིས་ཀྱི་སྤུན་ཟླ་དག་གི་ཚེ་སྲོག་ལ་ཇི་ལྟར་བརྩེ་བ་དེ་ལས་ལྷག་ཅིག་བཀའ་སྤྱི་གཉིས་ཤ་ཚ་ཞིང་ཕངས་སེམས་སྐྱེ་གིན་ཡོད་རྒྱུ་རེད་ལ། ང་ཡང་ཕངས་སེམས་དྲག་པོ་སྐྱེ་ཡི་ཡོད། ཡིན་ནའང་། ལས་དབང་གིས་གནང་བའི་ལམ་ཁ་འདི་དང་། དུས་ཀྱིས་སྤྲད་པའི་འགན་འཁྲི་འདི་འདི་ལྟར་མི་འཁུར་ཐབས་མེད་རེད་སྙམ་གྱིན་འདུག གཅིག་བྱས་ན། སང་ཉིན་སྤྱི་ཚེས་༨ ཉིན་དང་། གསུམ་བཅུའི་དུས་དྲན་ལ་བོད་ཁམས་ཀུན་ནས་སྡེབ་ལངས་བྱེད་རྒྱུ་རེད་ལ། རྒྱ་ནག་གིས་དྲག་གནོན་ཀྱང་བྱེད་རྒྱུ་རེད། ཡིན་ནའང་། ང་ཚོས་ཀྱང་གང་ནུས་གང་འཇོན་གྱིས་སྐད་འབོད་བྱེད་དགོས་པ་རེད་ལ་མཆོད་འབུལ་ཡང་བྱེད་དགོས་པ་རེད་སྙམ། འདི་ནི་ངས་བལྟས་ན་གནམ་གྱིས་སྤྲད་པའི་གདམ་ག་རེད་སྙམ། གདམ་ག་འདི་ང་ཚོས་སྤོབས་པས་འཁུར་དགོས་པ་རེད་སྙམ།
༢ ༽ སྐབས་འདིར་ང་ཚོས་ཆོས་རེ་བཅའ་ནི་རེད།
སྐབས་འདིར་བོད་པ་བཙན་བྱོལ་བ་ཚོས་ཅི་ཞིག་འཇོན་ཞིང་ཅི་ཞིག་བྱེད་ངེས་ཟེར་ན། དེ་ནི་ཧ་ཅང་གི་སླ་མོ་ཞིག་རེད། གཞིས་ཀྱི་སྤུན་ཟླ་ཚོས་ཚེ་སྲོག་ག་ཚོད་གཏོང་ཐུབ་ན་ང་ཚོས་དེའི་ཚོད་ཀྱི་མཆོད་འབུལ་དགའ་རབ་རེ་བྱེད་ཐུབ་ཅིང་བྱེད་ངེས་པའང་ཡིན། འདི་ནི་ཆུང་ཆུང་ཞིག་རེད་དམ་ཟེར་ན། བོད་པ་ཞིག་གི་ངོས་ཐད་ནས་བཤད་ན་ཆུང་ཆུང་ཞིག་གཏན་ནས་མ་རེད། ཤི་བོར་དགོས་པ་ཆོས་རེད་ལ། ཤི་བོའི་རྗེས་ལ་ཆོས་དགའ་རབ་ཞིག་བྱེད་ཐུབ་སོང་ན་ཤི་བོའི་རྗེས་ཀྱི་གསོན་པོ་ཚོའི་སེམས་ཁ་དྲོ་ཞིང་ཤི་བོ་འགྲོ་ལམ་བདེ་བ་ཡིན། སྐབས་འདིར་སྐྱེ་བ་ཕྱི་མ་ཡོད་མེད་དང་ཆོས་ཀྱིས་ཕན་མིན་སོགས་ཀྱི་དོགས་སློང་བྱེད་ས་མེད། རང་ལུས་མེ་ལ་བསྲེག་མཁན་དཔའ་བོ་ཚང་མ་ཆོས་ཀྱི་བློ་སྦྱོང་ལ་ཡིད་ཆེས་རྩེ་གཅིག་གནང་མཁན་གྱི་རིགས་སུ་ངེས་པས། རང་ཉིད་ཆེས་བརྩེ་བའི་ཚེ་སྲོག་གི་ཉག་ཐག་ལ་ལག་པ་འཆང་དུས་ཀྱང་གཞན་ལ་ཁབ་གཙག་ཙམ་གྱི་འཚེ་བའང་མ་བྱས་པ་རེད། དེའི་ཕྱིར། ཤི་བོ་འདི་དག་ཤི་ན་གསོན་ན་ཆོས་དགོས་པའི་རིགས་དེ་ཡིན་པ་མ་ཟད། འདི་དག་གི་ནང་མི་སྤུན་མཆེད་ཀྱང་ཏན་ཏན་རིགས་དེ་རུ་ཐེ་ངེས། ཡིན་ནའང་། རྒྱ་གཞུང་གིས་ཁོང་དག་གི་རྗེས་ལ་མཆོད་འབུལ་ཡག་པོ་རེའང་བྱེད་འཇུག་གི་མེད་པ་ཤིན་ཏུ་གསལ་ཏེ། དཔེར་ན། ཉེ་བའི་ཆར་དཔའ་བོ་འགའ་ཤས་ཀྱི་སྐུ་ཕུང་ལག་སོན་མ་བྱུང་བ་དང་། སྤྲུལ་སྐུ་བསོད་བྷོའི་གདུང་གི་རིང་བསྲེལ་ལྷ་སར་གདན་འདྲེན་ཞུ་མཁན་ཡང་རྒྱ་ནག་གིས་བཙན་ཁྲིད་བྱས་པ་ལྟ་བུ་རེད། དེའི་ཕྱིར། བཀའ་སྤྱི་གཉིས་ཀྱིས་མཆོད་འབུལ་ལས་འགུལ་ཁག་ལ་ངས་ནི་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། རྒྱུད་གྲྭ་སྟོད་སྨད་གཙོས་པའི་གསུང་སྐད་དྲག་པོ་ཅན་དག་གི་སྒྲུབ་རྒྱུད་དགོན་སྡེ་དག་གིས་ཀྱང་ད་ནི་ཤི་བོ་འདི་དག་གི་རྗེས་ལ་མཆོད་འབུལ་བསྔོ་བ་རྒྱ་ཆེན་རེ་བྱེད་རྒྱུ་དང་དེ་ལུགས་གསར་ལམ་ཁག་ལ་བསྐྱལ་ནས་གཞིས་བཞུགས་ནང་མི་སྤུན་ཟླ་དག་གི་རྣ་བར་སྐྱེལ་ཐབས་ཞུ་རྒྱུ་གལ་ཆེན་ལ་གྱུར་འདུག་སྙམ། མགོ་སེར་དག་གི་སྒོར་མོའི་ཤག་སྒྲ་ཐོས་དུས་ཁྱེད་ཅག་གི་གསུང་སྐད་སྲིན་པོ་འབྲུག་གི་སྐད་ལས་ཀྱང་དྲག་ཉམས་དང་ལྡིར་སྒྲ་ཆེ་ནའང་། བོད་ཁ་བ་ཅན་གྱི་གཅེས་ཕྲུག་ཚོའི་ཚེ་སྲོག་ས་ལ་འཐོར་དུས་ཁྱེད་ཅག་ལ་གྲགས་རྒྱུ་གོ་རྒྱུ་མེད་པ་ཅི་ཞིག་རེད། གཞན་སེ་འབྲས་དགེ་གསུམ་གྱིས་བཤད་གྲྭ་ཁག་ལ་མཚོན་ནའང་། ༢༠༠༨ ལོར་དགེ་བཤེས་ལྷ་རམས་པ་རྣམས་གདན་ཞུས་ཀྱིས་རྡོར་གདན་དང་ཨ་མིར་ཝ་ཏི་སོགས་ལ་མཆོད་འབུལ་བྱེད་པར་ཕེབས་པ་སོགས་བཞིན་ད་ལོར་ཡང་དེ་མཚུངས་ཀྱི་མཆོད་འབུལ་བསྔོ་སྨོན་རྒྱས་པ་རེ་གནང་ཐུབ་ན་དེ་ནི་འདི་ཕན་ཕྱི་ཕན་གྱི་ལས་ཤིག་ཏན་ཏན་རེད་ངེས་སྙམ་ཞིང་དེ་ལུགས་ཀྱི་འབོད་སྐུལ་ཀྱང་སོར་མོ་སྙིང་ཁར་སྦྱར་ནས་ཞུས་བ་ཡིན། སྤྱིར་ན་སེ་འབྲས་དགེ་གསུམ་གྱིས་མཚོན་པའི་བཤད་གྲྭ་དག་ལ་འུ་ཅག་གིས་ཞབས་བརྟན་བསོག་སྒྲུབ་ཀྱི་ཁྲལ་འགེལ་མང་དྲགས་ན་དགེ་ལས་སྐྱོན་ཆེ་བ་ཞིག་རེད་དེ། ཛ་དྲག་གི་གནས་བབ་ལ་ཛ་དྲག་གི་མཆོད་འབུལ་ཡང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་མ་ཟད། དེང་སྐབས་གདན་ས་ཁག་ལའང་ཚོགས་ཆོས་ཉུང་བའི་སྐབས་དང་གུང་གསེང་རིང་བའི་སྐབས་ཤིག་ལ་འཁེལ་ཡོད་པ་རེད།
༣ ༽ ང་ཚོར་གསང་ཉུལ་བ་དགོས་ནི་རེད།
བོད་པ་བཙན་བྱོལ་བ་ཚོས་འཇོན་འོས་པ་ཞིག་གང་ན་འཇོན་མི་འདུག་ཟེར་ན། ངས་བལྟས་ན་དེ་ནི་ཞིབ་འཇུག་གིས་འདང་གི་མི་འདུག ཉེ་བའི་ཆར་ལ་དཔེར་བླངས་ནས་བཤད་ནའང་། ཁ་སང་བསྲེགས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་དང་གནས་ཚུལ་དེ་རིང་རེག་དཀའ་ནའང་བསྲེགས་ནས་ཟླ་མང་འགོར་བ་དང་ལོ་མང་སོང་བ་དག་གི་སྐོར་ཤེས་རྟོགས་ཐུབ་ཆོག་ཚོད་ཡིན་མོད། ད་དུང་འུ་ཚོས་དེ་དག་གི་སྐུ་པར་གསལ་བོ་རེ་དང་ལོ་རྒྱུས་ཆ་ཚང་རེའང་རྒྱལ་སྤྱིའི་གསར་ལམ་ཁག་ལ་བསྐྱལ་ཐུབ་མེད། དེ་ནི་ཀིརྟི་དགོན་པའི་འབྲེལ་མཐུད་པ་གཉིས་ཀྱི་ལག་པར་མ་ཐོན་ན་སྒོ་གཞན་ནས་བོད་ནང་གི་གནས་ཚུལ་རེག་ཐུབ་མེད་པའི་ཚོད་ལ་གྱུར་བ་དང་། གངས་ཅན་སྐྱིད་གཤོངས་དང་ཚོགས་པ་ཁག་གིས་དེ་དག་གི་གནས་ཚུལ་ལ་ཤུགས་བརྒྱབ་ནས་བཙལ་འཚོལ་བྱེད་པར་དོ་སྣང་དང་འབད་སྒྲུབ་བྱེད་ཀྱིན་མེད་པས་རེག་གི་མེད་པ་རེད། དེང་སང་ཡ་མཚན་པ་ཞིག་ལ་བོད་གཞུང་དང་ཚོགས་པ་ཁག་གི་ངོས་ནས་རྒྱ་ནག་གིས་གསང་ཉུལ་བ་བཞི་བརྒྱ་ལྔ་བརྒྱ་བཏང་འདུག་ཅེས་འུར་ནས་འདུག་པ་ལས། རང་ཐད་ནས་བོད་ནང་ལ་གསང་ཉུལ་བ་བཞི་ལྔ་རེའང་གཏོང་ཐུབ་ཀི་མེད་པ་ནི་བསུབ་ཐུབ་མེད་པའི་གྱོང་གུད་ཅིག་རེད། སྤྱིར་ན་ཆབ་སྲིད་ཀྱི་གནད་ས་དང་པོ་ནི། སུན་ཙིའི་དམག་དོན་བསྟན་བཅོས་ལས། རང་གཞན་གཉིས་ཀྱི་ཚུལ་རྟོགས་ན། །ལན་བརྒྱབ་འཐབ་ཡང་ཕམ་མི་འགྱུར། །ཞེས་པ་བཞིན། ཕ་རོལ་ཁ་གཏད་ལ་རྒྱུས་ལོན་ཞིབ་འཇུག་བྱ་རྒྱུ་ཉིད་ཡིན་ཞིང་། ཕ་རོལ་བོར་རྒྱུས་ལོན་མ་བྱས་པར་དེ་དང་ཁ་གཏད་ཀྱི་ཆབ་སྲིད་བྱ་བ་བསྒྲུབ་སྟངས་ཤིག་ཡོད་པ་མ་རེད་མོད། ཡིན་ནའང་། འུ་ཚང་གི་ཁྲི་ཟུར་ཟམ་གདོང་བས་ཕྱི་གསལ་ནང་གསལ་ཡིན་ཞེས་གསང་ཉུལ་བ་མེད་པར་བྱས་རབས་ཤིག་གོ་སོང་ལ། དེ་བདེན་ངེས་ཀྱི་རྟགས་ཀྱང་གང་མང་ཞིག་མཐོང་གི་འདུག་སྟེ་ བརྒྱད་ཅུ་གྱ་གྲངས་ནང་གི་ལྷ་སའི་ཡར་ལངས་སྐབས་ཀྱི་འདྲ་པར་མང་པོ་ཞིག་གྱེན་ལངས་དེ་བྱུང་ནས་ཉིན་བཅོ་ལྔ་ཉི་ཤུའི་རྗེས་ལ་འདིའི་བདེ་སྲུང་ལས་ཁུངས་ལ་རེག་འདུག་མོད། ཞི་རྒོལ་སྐབས་སོགས་སུ་ཕྱི་ལོགས་སུ་ཐོན་པའི་གནས་ཚུལ་ཇི་སྙེད་ཅིག་གིས་བདེ་སྲུང་བརྒྱུད་ནས་འོང་མེད། འུ་ཚོས་གོ་མཚོན་ལྐོག་འདྲེན་དང་ལྐོག་དངུལ་བརྒྱུད་སྤྲོད་ཀྱི་གསང་ཉུལ་བ་མངགས་ཀི་མེད་པར་བདེན་དོན་དང་མི་རིགས་ཀྱི་ལས་དབང་ཉག་ཕྲ་བ་རྩད་གཅོད་ཀྱི་ཆེད་དུ་གསང་བའི་མི་སྣ་བཏང་ན་དེ་ནི་འོས་པ་ཞིག་ཡིན་པ་མ་ཟད་དགོས་ངེས་ཤིག་ཀྱང་རེད། བཀའ་ཁྲི་གསར་བས་ཀྱང་༢༠༠༨ ལོའི་ཞི་རྒོལ་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་རབས་ཀྱི་གཏམ་བཤད་ལན་འགར་ཕེབས་པ་རེད། བསྐྱར་ཞིབ་བྱས་ན་འདང་མེད་པ་ནི། ཞི་རྒོལ་སྐབས་གྲ་སྒྲིག་མེད་པ་དང་། ཞིབ་འཇུག་མེད་པ་དང་། ཁྱབ་བསྒྲགས་ཀྱིས་འདང་མེད་པ་བཅས་ནི་ཞི་རྒོལ་ཆེན་མོའི་སྟོང་ཆ་དངོས་དེ་ཡིན་པས་ང་ཚོས་ཁ་སྐོང་དགོས་པའི་རིགས་ཀྱང་དེ་དག་ཏན་ཏན་ཡིན་མོད། ད་དུང་འུ་ཚོས་སྟོང་ཆ་དེ་སྐོང་ཐུབ་ཀི་མེད་པ་མ་ཟད། དེང་སང་ཡང་བོད་ནང་གི་དོན་རྐྱེན་ཆེ་མ་ཆུང་གསུམ་ཐ་དག་རྒྱལ་ཁབ་གཞན་གྱི་གསར་ལམ་ནས་ཚུར་འོང་བ་དང་། གསར་འབྱོར་སློབ་གཉེར་བ་ཁ་ཤས་ཀྱིས་ཁ་པར་ཡར་གཏོང་མར་གཏོང་བར་ནས་རེག་སོན་བྱུང་བ་ལྟ་བུ་ལས། བདེ་སྲུང་ངོས་ནས་རྩར་བཅད་དེ་འོང་བ་ཞིག་དང་། གཞོན་ལྷན་སོགས་ཀྱི་ངོས་ནས་ཞིབ་འཇུག་བྱས་ནས་ཡོང་བ་ཞིག་ད་བར་གོ་ཐོས་ཙམ་ཡང་མེད་པའི་ཚོད་ན་ཡོད་པ་ནི་འུ་ཚོས་འདང་རྒྱག་དགོས་པའི་ངོས་གལ་ཆེན་དེ་རེད། དེའི་ཕྱིར། བོད་ནང་ལ་ཞིབ་འཇུག་མི་སྣ་ཆེད་གཏོང་གནང་རོགས་ཞེས་གཞན་ལ་ཞུ་བ་ཁོ་ནའི་ཕྱོགས་སུ་ཤུགས་མི་རྒྱག་པར་བོད་གཞུང་རང་ཐད་ནས་ཀྱང་བོད་ནང་ལ་གསང་བའི་མི་སྣ་ཆེད་གཏོང་བྱ་རྒྱུ་ནི་དུས་ལ་བབ་པའི་དགོས་མཁོ་ཞིག་ལ་གྱུར་ཡོད།
༤༽ སྒེར་གྱི་ཚོགས་པ་ཁག་ལའང་མྱི་ཁ་གདོང་ལེན་གྱི་སྙིང་སྟོབས་དགོས་པ་རེད།
ད་ལོ་ཡ་མཚན་པ་གཞན་ཞིག་ནི། རྣམ་ཀུན་འུར་བརྒྱབ་བརྒྱབ་ལ་ཡོད་པའི་གཞུང་འབྲེལ་མིན་པའི་ཆབ་སྲིད་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཁག་ལ་ད་ལོར་གྲགས་འགུལ་མེད་པ་དེ་རེད། དེ་ནི་ཕལ་ཆེར་ཁོ་ཚོར་ལས་འགུལ་ནུས་པ་ཅན་ཞིག་སྤེལ་བར་མི་རྒྱུ་ཡོན་ཏན་གང་ཐད་ནས་འདང་གི་མེད་པ་དང་། ༢༠༠༨ ལོ་ལྟར་འུར་རེ་བརྒྱབས་ན་བོད་ནང་ནས་གྱེན་ལངས་དང་མེར་བསྲེགས་སོགས་ཀྱི་གནས་ཚུལ་འདི་ལས་ཀྱང་ཚབས་ཆེ་བ་འབྱུང་སྲིད་པ་དང་། དེ་ལྟར་བྱུང་ནས་ཚེ་སྲོག་གང་མང་ཆུད་ཟོས་སུ་ཕྱིན་ན་ཚོགས་པ་ཁག་གིས་བོད་ནང་ཟིང་ཆ་བསླངས་ནས་ཚེ་སྲོག་མང་པོ་འཕྲོ་བརླག་ལ་བཏང་སོང་ཞེས་པའི་གླེང་སློང་ཉེས་འཛུགས་ཡོང་རྒྱུ་རེད་བསམས་ནས་ལས་འགུལ་སྤེལ་ཐུབ་ཀྱི་མེད་པ་རེད། དེ་ལས་ད་ལོར་བཀའ་སྤྱི་གཉིས་ཀྱིས་མྱི་ཁ་གདོང་གིས་བསུས་ནས་གང་ནུས་ཅི་འཇོན་གྱིས་ལས་འགུལ་རེ་བརྩམས་དང་རྩོམ་བཞིན་པ་ནི་བསྔགས་པར་འོས་པའི་གནས་ཤིག་རེད། དེའི་ཕྱིར། ཆབ་སྲིད་ལས་འགུལ་ཐན་ཐུན་སྤེལ་བར་བྱང་ཆ་ལྡན་པའི་སྒེར་གྱི་ཚོགས་པ་ཁག་ལ་གསལ་བོར་བཤད་འདོད་པ་ཞིག་ལ། གནད་འགག་གི་སྐབས་ལ་མྱི་ཁར་ཞེད་པ་ནི་མི་ཞིག་ལ་མཚོན་ནའང་སྙིང་སྟོབས་མེད་པའི་སྡར་མའི་རིགས་རེད། ཚོགས་པ་ཞིག་ལ་མཚོན་ནའང་དེ་བཞིན་དེ་ནི་སྡར་རྟགས་དང་འཐུས་ཤོར་གྱི་སྔོན་བརྡ་ཡིན་པ་སྨྲ་མ་དགོས་པས། འཇོན་ཚད་ནུས་ཚོད་ཀྱི་ལས་འགུལ་ཆེ་མ་ཆུང་གསུམ་སྤེལ་རྒྱུ་ནི་གལ་ཆེན་རེད། ངས་བལྟས་ན། བོད་ནང་ཡར་ལངས་བྱེད་དགོས་པ་རེད། སྡེབ་ལངས་བྱེད་དགོས་པ་རེད། མེ་ལྕེ་དེའང་ད་དུང་རྣམ་གྲངས་ལྡན་པ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། ཡིན་ནའང་། འཆར་གཞི་ལྡན་པའི་སྒོ་ནས་ལངས་རྒྱུ་དང་འབར་རྒྱུ་གལ་ཆེན་ཡིན་ནི་རེད། དེའི་ཕྱིར། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གང་ལའང་གདོང་ལེན་གྱི་བོད་ནང་གི་ལས་འགུལ་ཁག་ལ་སྣེ་འཁྲིད་རེ་ཨེ་ཐུབ་དང་ཨེ་འཇོན་གྱི་སྙིང་སྟོབས་དགོས་པ་རེད། བོད་གཞུང་གི་ངོས་ནས་གནས་ཡུལ་རྒྱལ་ཁབ་སོགས་ཀྱི་ཡུལ་ཁྲིམས་དང་ཆ་རྐྱེན་ལ་མ་བལྟས་རང་བལྟས་ཡིན་ནའང་། ཚོགས་པ་ཁག་གིས་གང་ནུས་ཇི་འཇོན་གྱིས་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་ནི་རེད། རྒྱལ་ཁབ་གཅིག་རེའི་གཉིས་རེའི་རྒྱབ་སྐྱོར་གྱིས་རྒྱ་གཞུང་ལ་ཁ་རྡུང་རེ་བཏང་བ་ཙམ་གྱིས་ཡིད་ཚིམ་ནས་མི་འདུག་པར་མཉམ་འབྲེལ་གྱི་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་རང་ངོས་ནས་གླེང་སློང་རྒྱབ་སྐྱོར་རེ་ཡོང་ཐབས་ལ་འབད་དགོས་བ་རེད། ཏཱ་ལའི་བླ་མས་ཀྱང་བོད་རྒྱ་གཉིས་ཀྱི་གཟུ་བ་གནང་མ་ཐུབ་པའི་ཆ་ནས་མི་སྒེར་དང་ཚོགས་ག་གེ་མོ་ཞིག་གིས་ནམ་དུའང་བོད་རྒྱ་གཉིས་ཀྱི་གཟུ་བར་འཇོན་ནི་མ་རེད། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཤིག་ཡོད་པ་དེ་བོད་རྒྱ་གཉིས་དབར་གྱི་གཟུ་བ་བྱེད་དགོས་པ་རེད། དེའི་ཕྱིར། ང་ཚོའི་དོན་རྐྱེན་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་དེའི་ངོས་ནས་གླེང་བར་འབད་པ་བྱེད་དགོས་པ་རེད།
༥ ༽ ང་ཚོས་ནམ་དུའང་སྐད་ཆ་དྲང་མོར་བཤད་དགོས་པ་རེད།
ང་ཚོས་ནམ་དུའང་སྐད་ཆ་དྲང་མོར་བཤད་དགོས་པ་རེད། བོད་ནང་ནས་ཡར་ལངས་ཚད་ལྡན་རེ་བྱེད་མ་ཐུབ་ན་བོད་དོན་ཐག་ཆོད་རྒྱུ་ཡོད་པ་མ་རེད་ལ། བོད་ནང་ནས་མི་རྒྱུ་ཚེ་སྲོག་གི་འགྲོ་གྲོན་ག་ཚོད་སོང་ནའང་ཕྱི་ལོགས་ཀྱི་བོད་པ་ཚོས་མཆོད་འབུལ་བྱེད་རྒྱུ་དང་ཁྱབ་བསྒྲགས་བྱེད་རྒྱུ་ལས་གཞན་གྱི་རོགས་རམ་ཐུབ་ནི་མ་རེད། ཕྱི་ལོགས་ཀྱི་བོད་པ་ཚོས་རོགས་རམ་ཆེ་ཞིག་མི་འཇོན་ནའང་བོད་ནང་གི་བོད་པ་ཚོ་ངེས་པར་ཡར་ལངས་དགོས་པ་རེད། སྡེབ་ལངས་བྱེད་དགོས་པ་རེད། མེ་ལྕེ་དེ་དག་ཀྱང་འབར་དགོས་པ་རེད། མུ་མཐུད་ནས་རྣམ་གྲངས་མང་བ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། ད་མཚམས་ཤིག་བཞག་ན་ད་ལྟ་འགྲོ་བཞིན་པའི་མེ་ལྕེ་ལས་འགུལ་འདི་ལོ་རྒྱུས་ལ་འགྱུར་འགྲོ་གི་རེད། རྗེས་ལ་ང་ཚོས་བསྐྱར་དུ་མེ་ཁ་གསོ་དགོས་ན་ཧ་ཅང་དཀའ་ངལ་ཡོད་པ་རེད། དཔེར་ན། མེ་ལྕེ་འདི་འདི་ལྟར་༢༠༠༨ ལོར་འབར་ཡོད་ན་ཞི་རྒོལ་ཆེན་མོ་ལ་ནུས་པ་དེ་ལས་དགའ་ཞིག་ཐོན་ཡོད་རྒྱུ་རེད། ད་ཕྱིར་བལྟས་ཤིག་བྱས་ན། ཞི་རྒོལ་ཆེན་མོ་ནི་ལོ་རྒྱུས་ལ་གྱུར་འདུག བོད་བཙན་བཟུང་བྱེད་ཀྱིན་པའི་བདེན་རྟགས་ཙམ་ལ་གྱུར་འདུག ལོ་རྒྱུས་འུ་ཚོར་ཡོད་པ་རེད། བདེན་རྟགས་ཀྱང་འུ་ཚོར་ཡོད་པ་རེད། ཡིན་ནའང་། ལོ་རྒྱུས་དང་བདེན་རྟགས་ཀྱིས་རང་དབང་ཉོ་ཐུབ་ནི་མ་རེད། བོད་ཀྱི་རང་དབང་ནི་བོད་རང་གི་མི་རྒྱུ་ཚེ་སྲོག་གིས་ཉོ་དགོས་པ་རེད། དེ་ལས་ཀྱང་བོད་ནང་གི་མི་རྒྱུ་ཚེ་སྲོག་གིས་ཉོ་དགོས་པ་རེད། བཙན་བྱོལ་བ་ཚོས་ཕྱི་ལོགས་ནས་སྐད་བརྒྱབ་སྟེ་འགགས་སོང་ནའང་ཁྱབ་བསྒྲགས་ཙམ་ལས་དོན་དངོས་ལ་ཕན་གི་མ་རེད། མེར་སྦར་ཏེ་བསྲེགས་བཏང་ནའང་དོན་དངོས་ལ་ནུས་པ་ཐོན་ནི་མ་རེད། བོད་ནང་ནས་ཚེ་སྲོག་གཏོང་བསམས་ནའང་ནང་གི་བློས་གཏོང་ལས་ཐར་ཡང་། ཕྱི་ཡི་འགོག་རྐྱེན་ལས་ཐར་མིན་བཤད་ཚོད་ཧ་ཅང་དཀའ་བས། ཚེ་སྲོག་གཏོང་བར་ཡང་དཀའ་ངལ་བརྒྱ་ལྡན་རེད་དེ། བཏང་བའི་ཕན་ནུས་ཀྱང་འདི་ལས་ལྡབ་སྟོང་ལྡན་ཡིན་པས་ཚེ་སྲོག་འཐོར་བ་ལ་གཟི་བརྗིད་དང་གསོན་ཤུགས་གཉིས་ལྡན་ཡིན་ནི་རེད། གནས་ཚུལ་འདི་བོད་ཕྱི་ལོགས་ཀྱི་མི་ཕལ་ཆེ་བ་ཞིག་ལ་ངོས་ཟིན་ཐོབ་ཡོད་པ་མ་ཟད་སེམས་ནང་ན་ལས་འགུལ་འདི་མུ་མཐུད་ན་སྙམ་གྱིན་ཡོད་པ་རེད་དེ། སྤྱི་སེམས་ལྡན་ཁུལ་དང་སྤུན་ཟླའི་ཚེ་སྲོག་ལ་བརྩེ་ཁུལ་གྱི་འབག་རལ་དེས་གཡོགས་ནས་ཁ་ནང་ནས་འདོན་ཐུབ་ཀི་ཡོད་པ་མ་རེད། མདོར་ན་སྐད་ཆ་དྲང་མོར་བཤད་ཐུབ་ཀི་ཡོད་པ་མ་རེད། གནད་འགག་གི་སྐབས་འདིར་ང་ཚོས་སྐད་ཆ་དྲང་མོར་བཤད་རྒྱུ་གལ་ཆེན་པོ་རེད། དེ་ལས་ཀྱང་རྩོམ་པ་པོ་ཚོས་གནད་འགག་གི་སྐབས་སུ་རང་གི་འཆར་སྣང་དྲང་མོར་བཤད་རྒྱུ་ཨང་དང་པོར་འཛིན་དགོས་པ་རེད།
༦ ༽ རྒྱ་གཞུང་ལ་བོད་མི་སྡེབས་གསོད་ཀྱི་སྙིང་སྟོབས་དགོས་པ་རེད།
རྒྱ་གཞུང་གིས་གང་ས་གང་དུ་དམག་མི་འགྲེམ་འཇོག་བྱས་ནས་གྲངས་ཉུང་མི་རིགས། དེ་ལས་ཀྱང་བོད་མི་ཚོ་ལ་ཁྱོད་ཚོ་ཡར་ལངས་ཐུབ་ན་ང་ཚོས་གསོད་ཐུབ་ངེས་ཞེས་བརྡ་བཏང་གི་ཡོད་པ་རེད་ལ། གཅིག་བྱས་ན་སྡེབས་གསོད་ཀྱང་རྒྱག་ངེས་པ་རེད། ཁྱོད་ཚོས་འཆར་གཞི་འཐེན་པ་བཞིན་ང་ཚོ་ཁྱེད་ཅག་གི་མེ་མདའ་དང་གྲི་མཚོན་གྱི་ཧོམ་ཁུང་ལ་འཛུལ་ཐུབ་ངེས་ཡིན་ནི་རེད་ལ། དེ་དུས་ཁྱོད་ཚོར་ང་ཚོ་གསོད་པའི་སྙིང་སྟོབས་དགོས་པ་རེད། དེ་དུས་ཁྱོད་ཚོར་བོད་ཀྱི་ས་དང་། བོད་ཀྱི་རྒྱུ། བོད་ཀྱི་གཏེར་བཅས་དགོས་ན། བོད་མི་སྡེབས་གསོད་ཀྱི་སྙིང་སྟོབས་དགོས་པ་རེད། དེ་མ་གཏོགས་བོད་པ་གཅིག་ལྷག་པའི་ཉིན་མོ་དེར་ཡང་ད་དུང་ཁྱོད་ལ་ངོ་རྒོལ་བྱེད་ངེས་པ་རེད། འདི་རྒྱ་གཞུང་གིས་ཀྱང་ཤེས་དགོས་པ་རེད། ད་དུང་ང་ཚོའི་འཐབ་རྩོད་འདི་མུར་ཡུན་རིང་ལྷག་ན་ང་ཚོས་ཀྱང་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་མཐའ་འཁྱོལ་གི་མ་རེད་ལ། ཁྱོད་ཚོར་ཡང་ས་འོག་འཛིན་རྒྱུའི་ས་དུམ་ཧོ་སིན་ལྟ་བུ་དང་། ནགས་གསེབ་ནས་གསོད་རྒྱུའི་བྷིན་ལ་ཌིན་ལྟ་བུའི་བོད་པའང་བཅུ་ནས་ཉི་ཤུ་མི་འབྱུང་ནའང་ལྔ་ནས་དྲུག་དང་། གཅིག་ནས་གཉིས་ཏན་ཏན་འབྱུང་གི་རེད། དེ་དུས་ཁྱོད་ཚང་གིས་བཤད་པ་བཞིན་འུ་ཚང་གཉིས་བར་གྱི་འཐབ་རྩོད་ནི་ཁྱོད་ཤི་ང་གསོད་ཀྱི་འཐབ་རྩོད་ཡིན་ངེས་ལ། དེ་དུས་ཁྱོད་ཚང་གིས་བཤད་པ་བཞིན་ང་ཚོས་ཀྱང་རྡུང་གཅོག་བཅོམ་བསྲེག་གི་ལས་འགུལ་དགའ་ཞིག་སྤེལ་ངེས་ཡིན། འཛམ་གླིང་ཇེ་ཆུང་ལ་འགྲོ་བའི་སྐབས་འདིར་ཁྱོད་རྒྱ་ནག་ཇེ་ཆེ་འགྲོར་སྟངས་ཤིག་གཏན་ནས་ཡོད་པ་མ་རེད། འདི་ཁྱོད་ཚང་གིས་ཤེས་པར་གྱིས། ཚེ་སྲོག་མེད་པའི་མཆོད་མེར་ཕུ་བརྒྱབ་ནས་གསོད་ཐུབ་ནའང་ཚེ་སྲོག་ཅན་གྱི་སྒྲོན་མེ་ལ་མཚོན་གྱིས་བརྒྱབ་ནས་མ་གཏོགས་གསོད་ཐུབ་ནི་མ་རེད། ད་ནི་ང་ཚོས་ཀྱང་ཚེ་སྲོག་མེད་པའི་སྒྲོན་མེ་བཏེགས་ནས་བྱང་ཆུབ་སེམས་མཆོག་མ་འདོན་ནི་མ་རེད། ཚེ་སྲོག་ཅན་གྱི་སྒྲོན་མེ་བཏེགས་ནས་མ་ཎི་ཡིག་དྲུག་སྐྱོར་ནི་རེད། འདི་ཁྱོད་ཚང་གིས་ཤེས་པར་གྱིས།
སྤྱི་ལོ་ ༢༠༡༢ ལོའི་ཟླ ༢ ཚེས་ ༠༧ ཉིན་རྫོགས་པར་བྲིས།
སོ་སོ་བདེ་བོ་སྐྱིད་པོ་བྱས་ནས་ཚེ་སྲོག་སྣང་མེད་མ་བཞག་རོགས་གནང་།
ཨོ་ཨོ། མ་འོངས་པའི་བཀའ་ཁྲི་ཁྱེད་ལ་གཏན་འཁེལ་བ་ཡིན་ད།
གང་བསམ་དྲང་མོ་དང་སྤོབས་པས་འབྲི་ཐུབ་པ་ངོ་མ་མཚར་ཀི འོན་ཀྱང་རང་གི་སྤུན་ཟླ་མིང་སྲིང་ཚོར་ང་ཚོའི་ཆེད་ཁྱོད་ཚོ་ཡིན་ཟེར་ཡང་དཀའ་ཀི ད་དངོས་གནས་དགྲ་ནག་ཚང་གིས་ང་ཚོར་འདི་མ་གཏོགས་ལམ་མ་བྱིན་ནི་རེད་ཡ། རྒྱ་ནག་ནང་རྟོགས་ཞིབ་པ་གཏོང་དགོས་ཟེར་བ་ངོ་མ་ཟ་ཐོག་ལ་འཕྲུགས་སོང་། བཀའ་དྲིན་ཆེ་ཤ་ཉེ།
བསམ་འཆར་འདི་ལྟར་བཤད་པ་ལས་བཤད་ཚུལ་གཞན་ཅི་ཡང་ལྷག་མེད། ངོ་མ་ད་ནི་ཕོ་ཤུལ་ཆད་ནས་མོ་ཤུལ་ལ་གཏུགས་ཀྱང་འདི་བཞིན་འགྲོ་དགོས་རྒྱུ་ལས་ཐབས་མེད།
མེ་འདི་གུང་ཁྲན་ཏང་མ་ཚིགས་བར་དུ་འབར་ངེས་རེད། རྒྱུན་མཐུད་ནས་འབར་ངེས་རེད། གུང་ཁྲན་ཏང་འུ་མ་ཐུག་བར་དུ་འབར་ངེས་རེད། རྒྱུན་དུ་འབར་ངེས་རེད། ཏཱ་ལའི་བྷན་ངོ་བའི་ཐིམས་ནས་འབར་ངེས། མ་དྲིན་ལ་དྲིན་ཁན་གྱི་ངོ་ཐིམས་ནས་འབར་ངེས་རེད།
སྡར་མ་དོན་འགྲུབ་འཚོ་མོ་ལགས། བོན་རྒྱས་ད་ལྟ་འགྲོ་བཞིན་པའི་ལས་འགུལ་འདི་ནི་རྒྱུན་མཐུད་དུ་འགྲོ་དགོས་ལབ་པ་ལས་ཁོང་མེ་སྲེགས་བཏང་ངེས་ཞེས་ལབ་མི་འདུག་ལ། ལབ་ཀྱང་དགོས་མི་དགོས་བ་གནད་ལ་ཐུག་ལ་ཁོང་གིས་ཡོད་ཚད་བློས་བཏང་ངེས་རེད། གང་ལྟར་ཁྱེད་ལྟར་སྡར་མ་མིན་པ་ཐག་གཅོད་རེད། ཉིད་ཀྱ་འདོད་པ་ལྟར་ན་རྒྱ་ནག་གི་ཞེན་འདོད་བཞིན་འཚམས་འཇོག་བ་རེད་དམ། གནད་འགགས་ཆེ་བའི་ལས་འགུལ་མ་སྤེལ་ཚེ་རྒྱ་ནག་གིས་ཅི་ལྟར་བོད་ལ་མཐོང་ཆེན་བྱེད། དུད་འགྲོ་བཞིན་མུ་མཐུད་དུ་དབང་ཡོད་བྱེད་ཅིང་སྒོ་ཕྱུགས་བཞིན་བདེ་སྤྱོད་བྱེད་ངེས་རེད། སྒོ་ཕྱུགས་བྱེད་རྒྱུ་དགའ་ན་ཁྱེད་ཀྱི་འདོད་པ་ལྟར་བྱེད་དགོས་བ་རེད།
ཡོལ་བའི་རྒྱབ་ནས་ངན་ལབ་མ་བྱེད། སོ་སོའི་ལུས་པོར་སྤོས་མེ་ཙམ་ཐུག་པར་མི་བཟོད་པར་གཞིས་ལུས་བོད་མི་རྣམས་ཀྱི་སྐུ་གཟུགས་མེ་ལ་འབུད་དགོས་པའི་སྐུལ་མ་བྱེད་པ་ནི་ཐབས་སྐྱོ་བོ་ཞིག་རེད།
མ་གཞི་གཞིས་ཞུགས་བོད་མི་རྣམས་ཀྱིས་སོ་སོའི་སྐུ་ལུས་ཞུགས་སུ་ཕུལ་བ་ནི་བཙན་བྱོལ་གཞུང་ནས་ཞེད་པོ་གཅིག་གནང་གི་རེད་བསམ་པའི་སེམས་ཤུགས་ཀྱིས་གནང་བ་རེད། ད་ང་ཚོ་ཕྱི་ལོགས་སུ་ཡོད་པ་རྣམས་ཀྱིང་གང་འཇོན་གྱི་འདུག་དྲང་པོ་ཤོད་པའི་དུས་ལ་སླེབས་པ་རེད། ༧གོང་ས་མཆོག་གིས་སྐུ་དབང་མི་མང་ལ་གནང་བའི་ཉིན་དེ་ནས་བཀའ་སྤྱི་གཉིས་ནས་བཙན་བྱོལ་བོད་མིའི་སྐྱིད་སྡུག་ལས་བཙན་བྱོལ་བོད་གཞུང་གི་མཚན་བཟང་ཉར་བའི་སྤོབས་པ་མེད་པས་གཞིས་ལུས་བོད་མིས་རང་བཙན་ཆེད་དུ་སྐུ་སྲོག་བློས་བཏང་ནས་དགེ་མཚན་ཅི་འདུག
དོན་འགྲུབ་འཆོ་མོ་ལྟ་བུ་བོད་དུ་མང་བ་རྒྱ་ནག་གིས་འཚོར་ནས་འཇིགས་སྐུལ་བྱེད་པ་འདི་མི་གོ་འམ། དབང་ཡོད་བྱེད་པ་མི་མཐོང་ངམ། ཐོན་ཆུང་བྱེད་པ་མི་ཐོས་སམ། སྟབས་མ་ལེགས་པ་ཁོང་ལྟར་བོད་ལ་མང་བའི་རྐྱེན་གྱིས་ད་བར་དུ་དཔའ་རྒོད་རྣམས་ཀྱི་ཚེ་སྲོག་དོར་ཞིང་མནར་གཅོད་མྱོང་བ་གྲུབ་འབྲས་མ་ཐོན་པ་རེད། སྡར་མའི་བསམ་བློ་ཅན་གྱི་འདི་དག་བོད་དུ་མ་ཚར་བར་དུ་བོད་ལ་རྒྱ་ནག་གིས་རང་དབང་སྤྲད་མི་སྲིད། ད་དུང་ག་ཚོད་ཅིག་བོད་ཀྱིས་སྒུག་དགོས་སམ།
སྐྱུ་རྩི་ལགས། འཇོན་དང་མི་འཇོན་གྱི་འཐབ་རྩོད་མ་བྱས་བ་མི་འཇོན་རྒྱུ་ག་རེ་གསལ་བཤད་ཞུ་དགོས་རེད། ད་དུང་ཡང་འཐབ་རྩོད་འགྲོ་བཞིན་པ་མི་མཐོང་ངམ། འཐབ་རྩོད་ཀྱི་འཇུག་འབྲས་མ་མཐོང་བའི་སྔོན་ནས་མ་འཇོན་ཚུལ་ག་འདྲ་བྱས་ཁས་ལན་དགོས་རེད། དེ་ནི་དེ་སྔོན་རླངས་འཁོར་ཁ་ལོ་པ་ཞིག་གིས་ཚོད་ལྟ་མ་གནང་བ་ཟམ་དཀྱུལ་ནས་ས་ལ་མཆོང་ནས་རླངས་འཁོར་རྒྱབ་སྐྱོན་བྱུང་བའི་དཔེ་ལས་མ་འདས།
རིག་འབྱུང་གིས་གཙོས་བཙན་བྱོལ་ནང་གི་བླ་ཆེན་དང་མི་ཆེན་སྟག་ལས་ངར་པ་ཚོ་འཇོན་པ་ཡོད་ན་ཀུན་གཟིགས་ཚོང་པ་རྒྱག་པ་བཞིན་དུ་རྒྱ་དམར་དང་གདོང་དང་གདོང་ཐུག་ནས་ཤོད་དང་འཇོན་སྟངས་ཡོད་ཡོད་མེད་དེ་ནས་ཤེས་ཡོང་།་ མོ་ཌ་གཏོང་མི་ཤེས་པའི་གླང་གི་འཁོར་བ་རིག་འབྱུང་ལགས།
སྐྱུ་རྩི་ཁྱོད་བདེན། བོད་ནང་ནས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་ཚད་མཐོན་པོ་རེད། མ་ཟད་ང་ཚོའི་སྤུན་ཟླ་ཚོའི་སྲོག་སྐྱོབས་པའི་དུས་ལ་བབ་འདུག
ད་ཆ་མེ་རུ་འབར་དགོས་པ་དེ་ང་ཚོ་བཙན་བྱོལ་ནང་དུ་བཞུགས་མཁན་ཚོ་རེད། མཉམ་འབྲེལ་རྒྱལ་ཚོགས་སྒོ་འགྲམ་དེ་རང་དུ་ཤི་ནའང་ཤི་ཆོག་གི་རེད། བོད་ནང་གི་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་གནང་བ་དེ་ཚོ་ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་བོད་མི་ནང་ཁུལ་གྱི་གསར་འགྱུར་ཙམ་ཞིག་མ་ཡིན་པར།
གོང་ས་མཆོག་དང་བླ་ཆེན་མི་ཆེན་གྲགས་པ་ཅན་ཚོས་འཛམ་གླིང་ནང་གསུང་སྐད་ཤུགས་ཆེ་ཙམ་སྐྱོན་དགོས་པའི་དུས་སུ་བབ་ཡོད།
གཞིས་ཆགས་འཛུགས་བསྐྲུན་དང་ནང་འཁྲུག་སྐྱོན་ནས་མ་བཞུགས་པར་བོད་ནང་གི་རྒྱལ་གཅེས་དཔའ་བོ་ཚོའི་རྒྱབ་ལངས་ངར་སྐད་སྒྲོགས་པའི་དུས་ལ་བབ་འདུག
མེ་རུ་འབར་དགོས། ང་ཚོ་འབར་དགོས། བཙན་བྱོལ་བོད་མི་འབར་དགོས།
རང་ལུས་རིན་ཆེན་གསེར་ལྟར་གོང་ཆེར་བརྩི་ཞིང་།
གཞན་ལུས་ཁྱི་ཡི་ལུད་ལྟར་ཕན་མེད་དུ་བརྩི་བ།
ཕ་རྒན་བྲག་སྲིན་ཞབས་འདྲེན་དུད་འགྲོ་ལས་ལོད་པ།
བསམ་བཞིན་བསམ་ན་སེམས་ནས་སྐྱོ་བ་རང་སྐྱེས་བྱུང་།
མེ་འདིའི་ཚ་རླབས་དང་འོད་སྣང་གིས་འཇིག་རྟེན་སྡུག་གི་མུན་པ་དང་འཇིགས་རོང་ལས་སྐྱོབ་ཐུབ། །མེ་འདི་ཤི་ཐབས་མེད་ཅིང་ཇི་སྲིད་དམག་ནག་གི་མུན་པ་མ་དྭངས་ཀྱི་བར་དུ་དེ་སྲིད་འབར་སྲིད། ད་དུང་མེ་འདི་ནི་མི་རིགས་ཀྱི་ལ་རྒྱའི་འོད་སྣང་ཞིག་དང་། མི་རིགས་ཉིད་གསལ་བའི་སྒྲོན་མེ། མི་རིགས་ཀྱི་ལམ་སྟོན་སྒྲོན་མེ། མི་རིགས་ཀྱི་བློ་སྤོབས་སྒྲོན་མེ་སོགས་ཡིན་པས་ན་འདི་ནི་ནམ་ཡང་འཆི་ཐབས་མེད་ལ་འདི་ནི་དེ་བས་གསོད་ཐབས་ཀྱང་མེད།
ཕུག་རྒྱང་རིང་པོར་བསམས་ནས། །
རང་ལུས་མེར་བསྲེགས་བཞགདགོས། །
རང་རིགས་ལ་རྒྱར་བསམས་ནས། །
གཞན་རྒྱུད་ངན་སེམས་བཅོམ་དགོས། །
ཕྱི་ནང་གི་བོད་མི་སུ་ཡིན་ཡང་བོད་སྤྱི་བའི་རྩ་དོན་ཆེད་རང་རང་གིས་གང་བྱེད་ཐུབ་པ་དེ་བྱེད་དགོས། བོད་ནང་གི་མི་ཚོར་འདི་ལས་ལྷག་པའི་གདམ་ཀ་མེད་པས་མེ་ལྕེ་མཚམས་མ་ཆད་པར་གཅིག་རྗེས་གཉིས་མཐུད་ཀྱིས་འབར་བཞིན་པ་རེད། ཕྱི་ལོག་ན་ཡོད་མཁན་ཚོས་ཁོང་ཚོའི་མངོན་འདོད་དང་གནས་སྟངས་འཛམ་གླིང་གིས་ཤེས་ཐུབ་པ་བྱས་དེ་རྒྱ་ནག་ལ་གང་ས་ཅི་ཐད་ནས་གནོན་ཤུགས་སྤྲོད་ཐབས་བྱེད་དགོས། འདས་པོ་ཚོའི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཡང་རྒྱ་མི་ཆུང་བ་བྱས་ཏེ་གསལ་བསྒྲགས་ཀྱང་དེ་བཞིན་བྱེད་དགོས། བོད་ནང་དུ་འདས་པོ་ཚོར་ཆོས་བྱེད་རྒྱུའི་རང་དབང་ཡང་མེད་པས་ང་ཚོས་གང་ཐུབ་ཐུབ་བྱས་ན་འདས་པོ་ཚོའི་ནང་མི་སྤུན་མཆེད་སོགས་ཚང་མར་ཐུགས་ཕན་སོས་ངེས་རེད། གང་ལྟར་བོད་ཕྱི་ནང་གི་ལས་འགུལ་ཆེ་ཆུང་གང་ཡིན་ཀྱང་བོད་དོན་བདེན་མཐའ་གསལ་ཐབས་ཡིན་པ་ལས་ཕྱི་ནང་གི་བོད་མི་ཚང་མི་ཤི་རྒྱུའི་ཆེད་མིན་པ་ཤེས་དགོས། ང་ཚོ་རང་གིས་བོད་དོན་ཆེད་ག་རེད་བྱེད་ཐུབ་ཀྱི་ཡོད་མིན་དེར་བསམ་བློ་ཐོངས
དྲ་གྲོགས་རྣམ་པ་ལགས། བསམ་ཚུལ་བཤད་པར་གུས་ཞབས་ཡོད། བསམ་ཚུལ་ལེགས་མི་ལེགས་གནས་ཚུལ་གཞན་རེད་ལ། བསམ་ཚུལ་འཇོན་དགོས་པ་དེའང་གནས་ཚུལ་གཞན་ཞིག་རེད། བོད་ནང་གི་མེ་ལྕེའི་ལས་འགུལ་མཚམས་བཞག་པ་ཡིན་ན། ད་ལྟ་འབར་ཚར་སོང་བའི་དཔའ་རྒོད་དག་ནི་་ལོ་རྒྱུས་ཙམ་ལ་གྱུར་བ་རེད། ཅེས་པ་འདི་་བོད་ནང་གི་མེ་ལྕེ་ངེས་པར་འབར་དགོས་པའི་རྒྱུ་མཚན་གཅིག་ཡིན། དེ་ནས་བོད་ནང་ནས་ཡར་མ་ལངས་ན་བོད་དོན་ཐག་ཆོད་རྒྱུ་མེད་པ་མི་ལོ་དྲུག་ཅུར་ཕྱིར་མིག་ཅིག་བལྟས་ན་མི་གསལ་བ་ཅང་མེད་པས། བྱེས་ཀྱི་བོད་པ་ཚོ་ཁྱབ་བསྒྲགས་བྱེད་རྒྱུ་དང་མཆོད་འབུལ་བྱ་རྒྱུ་ལས་གཞན་གྱི་ལས་ཀ་ཡོད་པ་མ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་ནང་ནས་མེར་བསྲེགས་བཏང་ནའང་ཁྱབ་བསྒྲགས་ཀྱིན་ཆེད་ལས་ཅང་མ་རེད། འདི་དག་བོད་ནས་མེ་ལྕེ་འབར་དགོས་པའི་རྒྱུ་མཚན་ཡིན།
ད་དུང་བཤད་རྒྱུ་ཞིག་ལ། ཁྱོད་ཚོར་མེར་བསྲེག་རྒྱུའི་སྙིང་སྟོབས་མེད་པའི་སྟེང་ལ་མེར་བསྲེགས་གཏོང་བ་བར་བཤད་རྒྱུའི་སྙིང་སྟོབས་ཀྱང་མེད་པ་འདི་ནི་སྐྱོ་བ་ལ། ཨ་ཅེ་དོན་ཁོ། ང་མེར་བསྲེག་གཏོང་ནའང་བོད་ནང་གི་དཔའ་རྒོད་ཚོ་བཞིན་ཕྱི་ནང་གཉིས་ཀ་བསྲེགས་ནི་ཞིག སྐྱེ་བ་ཕྱི་མ་འགྲོ་ནི་ཞིག་བསྲེགས་པ་ལས་རྐང་ལག་གི་སྣེ་མོ་རེ་བསྲེགས་ནས་འདུག་ནི་མ་རེད། ཡིན་ནའང་། ཁྱོད་ཀྱིས་ཐོངས་ཞེས་བཤད་ན་ང་གཏན་ནས་གཏོང་གི་མ་རེད།
བོན་རྒྱ་ལགས་ཀྱིས་གསུངས་པ་རྒྱབ་སྐྱོར་ཆ་ཚང་ཡོད། ང་ཚོ་བོད་མི་རིགས་འདི་ཀྲུང་ཧྭ་མི་མང་གི་ཁྲོད་ན་གྲལ་རིམ་གཉིས་པར་གྱུར་ཡོད་པ་རེད། མི་འགྱངས་བར་ཧན་མི་རིགས་ཀྱི་ཚེ་གཡོག་ཆགས་རྒྱུ་རེད། དེ་ནས་མི་རིང་བར་བ་ཚྭ་ཆུ་ལ་ཐིམ་པ་བཞིན་འགྱུར་ངེས་རེད། མི་རིགས་རྩ་མེད་ཆགས་གྲབས་ཡོད་པའི་གནས་སྟངས་འདི་ལ་བསམ་བློ་རེ་བཏང་ན་བོད་མི་བརྒྱ་ཕྲག་སྟོང་ཕྲག་ཁ་ཤས་རེ་མེ་རུ་འབར་རུང་མི་རིགས་སྤྱིའི་ཆ་ནས་གྱོང་རག་ཡོང་རྒྱུ་གང་ཡང་ཡོད་པ་མ་རེད།
ང་ཚོའི་ངོས་ནས་བོད་ཕྱི་ནང་གི་བོད་མི་གཅིག་ལ་ཡང་རང་ལུས་མེར་བསྲེག་དགོས་ཟེར་བའི་ཐོབ་ཐང་ཡོད་པ་མ་རེད་ལ་མེ་རུ་མ་བསྲེག་ཟེར་བའི་ཐོབ་ཐང་ཡང་ཡོད་པ་མ་རེད། ཡིན་ན་ཡང་མི་རིགས་སྤྱིའི་ཆེད་དུ་རང་ལུས་བློས་བཏང་བྱེད་ཐུབ་མཁན་ཡོད་ན་གུས་བརྩི་ཞུ་བའི་འོས་སུ་གྱུར་པ་དང་ལོ་རྒྱུས་སུ་འགོད་ཐུབ་པའི་འབད་བརྩོན་བྱ་བ་དེ་ང་ཚོའི་ལས་འགན་ངོ་མ་དེ་རེད།
སྤྱིར་ན་ཚེ་སྲོག་གི་འགྲོ་གྲོན་མ་བཏང་ནས་མི་རིགས་ཤིག་ལ་རང་དབང་ཐོབ་པ་ལོ་རྒྱུས་མཐོང་རྒྱུ་མེད། ཚེ་སྲོག་བློས་བཏང་བྱེད་སྟངས་ལ་བསམ་ན་དེང་དུས་སུ་འཚེ་མེད་ཞི་བའི་ལམ་ནས་རང་ལུས་མེ་རུ་སྦར་དེ་ཕ་རོལ་པོར་སེམས་འགུལ་ཐེབས་ཐབས་བྱེད་པ་དེ་ལས་རླབས་ཆེ་བ་ཞིག་མེད།
བོན་རྒྱ་བསྟན་རབ་ཁྱོད་མི་གཞན་གྱི་རྐང་ལག་མེར་བསྲེག་ནུས་པར་འཕྱ་དམོད་བྱེད་ནུས་པའི་ཧམ་སེམས་ཞིག་ལྡན་ཡང་།
ཁྱོད་རང་ཉིད་བསྲེག་ནུས་པའི་སྙིང་སྟོབས་མེད་པ་དེ་ཡ་རེ་མཚན། ད་དུང་བོད་ནང་གི་མེ་དེ་འབར་དགོས་ལུགས་བཤད་ནུས་ཚོད་རེད།
བོད་ནང་གི་མི་ཚོ་བོད་དོན་ཆེད་མེ་རུ་ངེས་པར་དུ་འབར་དགོས་པ་དང་།
བཙན་བྱོལ་ནང་གི་བོད་མི་འགས་མེ་རུ་བསྲེག་རྩིས་བྱས་པ་དེའང་མ་འགྲིག་ཟེར་བ།
སོ་སོ་རང་ཉིད་བསྲེག་ཟེར་ན་གཏན་ནས་ཡོང་གི་མ་རེད་ཟེར་མཁན་དེ་རིགས་ལ་སྙིང་སྟོབས་ལྡན་པ་ཟེར་དགོས་སམ། བསམ་ཚུལ་འདི་རིགས་སྐྱོ་དགོས་པའི་མི་ཚད་བཞད་གད་ཀྱི་རྒྱུ་རེད། ཧ་ཧ།
ཡ་ཡ།བོན་རྒན་དང་ཨ་ཁུ་ཁྲོ་ཐུང་སྤོབས་མཐའ་སོགས་ནས་ནམ་རྒྱ་ནག་གཞུང་ཚབ་མདུན་མེར་བསྲེག་ལ་སྒུག་ནས་ཡོད།དེ་ལྟར་བྱེད་མ་ཐུབ་ན་ཁྱེད་ཚོ་སྡར་མ་ཙམ་མ་རེད་བོད་མི་ལག་སྣེ་ལ་བསྐོན་ཏེ་རང་ཉིད་ཕྱིར་བསྣུར་བྱེད་མཁན་དུད་འགྲོ་ཝ་ལས་ཀྱང་ཐ་ཤལ་རེད།
དཔའ་བོ་ཟེར་པ་རང་ཉིད་སྔོན་ལ་མཆོངས་མཁན་གྱི་རིགས་ཡིན་པ་ལས་སོ་སོ་ཡིབ་བསྡད་དེ་རོགས་པ་ཚང་མར་མཆོངས་ཤིག་ཅེས་བསྐུལ་མ་གང་ཐུབ་བྱས་ཏེ།མཐའ་མ་གནད་ལ་ཐུག་དུས་རང་ཝ་བྲོས་བྱེད་མཁན་ཚོ་བོད་ནང་ཁྱི་གྲལ་དུའང་མི་ཚུད།
ཉམས་ཆུང་བའི་བོད་མི་ཚོས་འཚེ་མེད་ཞི་བའི་འོག་ནས་རང་ལུས་ལ་མེ་སྦར་ནས་ཚ་བསྲེག་གི་དཀའ་སྡུག་ལ་བཟོད་བསྲན་ཆེན་པོའི་ངང་ནས་ཞི་བའི་འབོད་སྒྲ་བསྒྲགས་ཀྱང་། ད་དུང་མེ་རུ་འབར་གྱིན་བའི་སྐུ་ལུས་ལ་ལྕག་དབྱུག་གི་སྣེ་མོར་འཛེར་མ་བརྡབ་ཡོད་པའི་ལག་ཆ་
བྱད་ནས་ས་རུ་མ་འགྱེལ་བར་དུ་གཅར་བརྡུང་བྱས་ནས་ཁྲིད་འགྲོི་བའི་རྗེས་སུ་གར་སོང་ཆ་མེད་དུ་
གྱུར་འགྲོ། བོད་མི་བཅུ་ཕྲག་བརྒལ་བ་ཞིག་མཉམ་ཏུ་ཞི་བའི་འབོད་སྒྲ་བཏོན་ན་གང་བྱུང་གི་མེ་
མདའ་རྒྱག་ནས་བོད་མི་ཅི་ཙམ་ཚེ་སྲོག་ཤོར་གྱང་ཕང་མེད་དང་ཡ་ང་སྙིང་རྗེ་བྲལ།
ང་ཚོ་བོད་ནང་དུ་རྒྱ་གཞུང་གིས་དྲག་གནོན་དང་འཇིགས་སྣང་བསྐུལ་གྱང་འཛམ་གླིང་གི་གསར་
འགྱུར་ཆེ་ཁག་ནང་དུ་གོ་ཐོས་མེད་པའི་ངང་གླེང་ཙམ་མི་བྱེད་པ་དང་། འཛམ་གླིང་མཉམ་འབྲེལ་
རྒྱལ་ཚོགས་ཀྱི་ལྡིང་ཆའི་ནང་ན་གྲགས་འགུལ་ཅི་ཡང་མེད་པར་ཁུ་སིམས་མེར་ལྷག་པའི་རྒྱུ་སྐྱེན་གང་
ལ་ཐུག་པ་རེད། ད་དུང་བོད་མི་ཚོ་འཚེ་མེད་ཞི་བའི་ཁ་གཡང་གི་ནང་དུ་ཅི་ཙམ་གནས་དགོས་ཀྱི་རེད
སེ་རིའི་ཡ་དང་། ཨེ་ཇིབ། ལེ་བི་ཡ་སོགས་ཀྱི་ནང་དུ་སྒེར་གཅོད་སྲིད་གཞུང་དང་མི་མང་གྱེན་ལང་གི་
ཤོག་ཁག་བར་མི་གསོད་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར་ནས་བསོད་རེས་བཏུབས་རེས་བྱས་ཀྱང་མཉམ་
འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གིས་མི་མང་གྱེན་ལང་ཤོག་ཁག་ལ་འཚེ་བའི་ལས་མ་བྱེད་མི་ཟེར་བར་ཟས་གོས་དང་མདའ་མཚོན་དམགས་དཔུང་སོགས་ཀྱི་རོགས་རམ་ཆེད་མངག་གིས་གཏོང་བའི་རྒྱུ་མཚན་ཅི་རེད། ང་ཚོ་བོད་མི་རིགས་ལ་ཕོགས་པའི་དྲག་གནོན་དང་གནར་གཅོད་ལས་ལྷག
པ་ཞིག་ཁོང་ཚོའི་མི་རིགས་ལ་ཕོགས་ཡོད་དམ་ དེ་ལས་ལྷག་པ་ཞིག་ཡོང་ཚུལ་ཡོད་དམ། ང་ཚོས་ཀྱང་ཁོང་ཚོ་བཞིན་དུ་སྒེར་གཅོད་སྲིད་གཞུང་ལ་དྲག་པོའི་སྒོ་ནས་འཐབ་རྒོལ་དང་།
གསང་བའི་སྒོ་ནས་འཇབ་རྒོལ། ཐབས་ལམ་གྱི་སྒོ་ནས་སྒེར་གཅོད་སྲིད་གཞུང་ལ་འཇིགས་བསྐུལ
དང་གྱོང་གུད་སྤྲད་པ་ཡིན་ན་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མི་མང་གིས་ང་ཚོ་ལ་འཚེ་བའི་ལས་རེད་ཅེས་རྒོལ་བརྡུང་བྱེད་སྲིད་དམ། ང་ཚོ་བོད་པའི་འཚེ་བའི་ལས་བྱས་པ་དེར་འཛམ་
གླིང་གི་མི་མང་དགའ་བསུ་མེད་པ་དང་མཉམ་འབྲེལ་ཚོགས་ཀྱིས་རོགས་རམ་མེད་ན་གོང་དུ་བརྗོད་
པའི་རྒྱལ་ཁབ་དེ་ཚོ་ལ་རོག་རམ་དང་རྒྱབ་སྐྱོར་ཡོད་ཅིང་ང་ཚོ་ལ་མེད་པའི་རྒྱུ་མཚན་ཅི་རེད།
ང་ཚོ་ལ་འདི་འདྲ་བའི་དཔའ་སྤོབས་ཞིག་ཡོད་ཀྱང་རང་ཉིད་ཁོ་ན་མེ་ཕུང་ཞིག་ཏུ་གཞོབ་འགྲོ་ན་
འཚེ་མེད་ཞི་བའི་རྒྱལ་ཁ་ཞིག་དང་འབྲས་བུ་ཅི་འདྲ་ཞིག་འབྱུང་རྒྱུ་རེད།
ད་དུང་སྒེར་གཅོད་སྲིད་གཞུང་ལ་ཡ་ང་བག་ཚ་མེད་པར་བོད་པ་ཚོ་རང་ཉིད་མེར་བསྲེག་བྱེད་པ་ནི་
རྣམ་པ་མི་འདྲ་བའི་འཇིགས་བསྐུལ་བ་རེད་ཟེར། ང་ཚོས་དངོས་སུ་འཇིགས་བསྐུལ་བྱས་པ་ཡིན་ན་
ཁོང་ཚོ་ལ་དེ་ལས་ལྷག་པ་ཅི་ཞིག་བརྗོད་རྒྱུ་ལྷག་ཡོད།
ད་ལྟ་བར་ཏུ་བོད་མི་ཚོ་ལ་མདའ་མཚོན་དང་འབར་རྫས་འཇབ་རྒོལ་གྱི་ལག་ཆ་སོགས་མེད་ནས་
རང་ཉིད་ཁོ་ན་མེ་རུ་གཞོབ་དགོས་ཐུག་པ་རེད་དམ། ཡང་ན་འཚེ་མེད་ཞི་བའི་ལམ་ནས་རེ་བ་ཆེན་པོ་ཞིག་བཅངས་ནས་དེ་འདྲ་བྱས་པ་རེད། ཡང་ན་བོད་མི་ཚོ་གླེན་ཆེ་ནས་བེད་སྤྱོད་གཏོང་མ་ཤེས་པ་རེད།
བསམ་ཚུལ་འདི་འདྲ་ཞིག་བྲིས་པ་ལ་རྣམ་པ་ཚོས་དཔྱད་བརྗོད་ཅིག་གནང་རོག་
གཅིག་བྱས་ན་ངས་ནོར་བ་ཡིན་གྱང་སྲིད།
རང་གིས་ཅང་མི་ནུས་ཀྱང་བསམ་འཆར་འདི་འདྲ་ཡོད་ཆོག་ཅིང་ཡོད་མཁན་ཡང་བོན་རྒྱ་ཁོང་་གཅིག་པོ་ཞིག་ག་ལ་ཡིན། བསམ་འཆར་ལ་རྒྱབ་སྐྱོར་ཡོད། རེ་བའི་ཕྱོགས་སུ་བཞུད་ཅིང་། རྒྱལ་ཁ་དང་གཟི་བརྗིད་ཐོད་དུ་བསུས་པའི་དཔའ་བོ་དཔའ་མོ་ཚོ་ངོ་སོ་བསྟོད་་་་་་
བོན་རྒྱ་ཟེར་བ་རྒད་པོ་འདིས་བཤད་པ་བདེན་པར་འདུག
བོད་ནང་དུ་ད་དུང་མུ་མཐུད་དེ་འབར་དགོས་པ་མ་ཟད། དེ་ལས་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་མིའི་ཁ་ཤས་འབར་དགོས་འདུག བོན་རྒྱ་ནས་མགོ་བཟུང་སྟེ། གཏན་ཏུ་ཁ་ནས་བོད་མི་རིགས་གླེང་མཁན་བསྟན་འཛིན་བརྩོན་འགྲུས། བོད་དོན་འདྲ་འབྲི་ཁུལ་བྱས་ཏེ་རང་གི་འཚོ་བ་འཁྱོལ་ཐབས་བྱེད་པའི་འཇམ་ནོར། ད་དུང་བོད་ནང་གི་བོད་མི་རྣམས་འཆི་ཁར་འདེད་པའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནམ་མགོ་བརྩམས་ཏེ་བཙན་བྱོལ་སྤྱི་ཚོགས་ནས་རང་ལུས་གསོན་སྲེག་རེ་བྱེད་དགོས་ཀྱིན་འདུག
དེ་བས་བོན་རྒྱས་བཤད་པ་ལྟར་ཤི་རྗེས་ཆོས་ཡག་པོ་རེ་བྱེད་པ་ལ་ཐེ་ཚོམ་བྱེད་མི་དགོས་པ་རེད། ཤུལ་ལུས་མི་དམངས་ནས་ཁྱེད་རྣམས་ལ་ཟླ་གཅིག་དང་དེས་མི་ཆོག་ན་ལོ་གཅིག་ལ་གཤིན་ཆོས་བྱེད་དགོས་ཀྱང་བྱེད་ངེས་ཡིན། དེ་བས་འཐབ་རྩོད་འདི་ལོ་རྒྱུས་སུ་མི་འགྱུར་ཆེད། ཁྱོད་ཚོས་ངེས་པར་དུ་རྡ་སའམ་ལྡི་ལི་གང་རུང་རང་ལུས་གསོན་སྲེག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། རང་ལུས་གསོན་སྲེག་རྗེས་ཀྱི་ཁྱབ་བསྒྲགས་དང་གཤིན་ཆོས་སོགས་ལ་སེམས་ལས་ཁྱོན་ནས་བྱེད་མི་དགོས།
ཁྱབ་བསྒྲགས་ཡག་པོ་ཞིག་མི་ཡོང་བའི་སེམས་ལས་ཀྱང་བྱེད་མི་དགོས། ངས་བརྙན་དུ་ཕབ་ཆོག དེ་བྱས་ན་ད་གཟོད་བོད་ནང་གི་བོད་མི་ལའང་སེམས་ཤུགས་འཕར་ངེས་ཡིན་ལ། ཁྱོད་ཀྱི་འདོད་པ་ལྟར་ད་དུང་ལོ་རྒྱུས་སུ་མ་གྱུར་བར་མུ་མཐུད་དེ་འབར་ངེས་ཡིན།
གལ་ཏེ་ཁྱོད་ལ་སྣམ་ཉོ་བྱེད་ཀྱི་སྒོར་མོ་མེད་ན། ང་རང་གྲྭ་ས་ཁག་ལ་ཆེད་དུ་བཅར་ནས་ཞལ་འདེབས་སློང་ཆོག
དེ་ལའང་སེམས་ཁྲལ་ཁྱོན་ནས་བྱེད་མི་དགོས། ལྡི་ལིའི་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་ནས་ཁྱོད་ཀྱིས་རང་ལུས་གསོན་སྲེག་གཏོང་རྒྱུའི་གྲ་སྒྲིག་བྱོས་དང་ངས་རྒྱ་གར་རྒྱལ་ཡོངས་ཀྱི་གསར་འགོད་ལྷན་ཚོགས་ཁག་དང་རྒྱལ་སྤྱིའི་གསར་འགོད་རྒྱུད་ལམ་ཡག་ཤོས་བྷི་བྷི་སི་དང་ཨན་ཌི་ཊི་བི་སོགས་ཐམས་ཅད་སྐད་བཏང་སྟེ་ཁྱོད་རང་དང་ཁྱོད་ཅག་བརྙན་དུ་འབེབ་པའི་ལས་ཀ་བྱེད་ཆོག
ཁྱོད་ཅག་ཤི་རྗེས་ངས་ཁྱབ་བསྒྲགས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པ་ཞིག་བྱེད་ངེས་ལ་དེ་ནས་བོད་མི་ཡོངས་དང་ལྷག་པར་དུ་གདན་ས་སེ་འབྲས་དགེ་གསུམ་གཙོས་པའི་གྲྭ་ཚང་ཁག་ལ་ཟླ་བ་གཅིག་དང་། ད་དུང་དེས་མི་ཆོག་ན་ལོ་གཅིག་ལྷག་ལ་གཤིན་ཆོག་བྱེད་དུ་འཇུག་ངེས་ཡིན།
ད་ཁྱོད་ནས་མགོ་བཙུགས་ཏེ་བཙན་བྱོལ་དུ་འབར་བའི་དབུ་བརྩམས་རོགས་ཞེས་འབོད་སྐུལ་ལན་བརྒྱར་ཞུ་བ་ཡིན།
ཨ་ཅེ་དོན་ཁོ། ང་མེར་བསྲེག་གཏོང་ནའང་བོད་ནང་གི་དཔའ་རྒོད་ཚོ་བཞིན་ཕྱི་ནང་གཉིས་ཀ་བསྲེགས་ནི་ཞིག སྐྱེ་བ་ཕྱི་མ་འགྲོ་ནི་ཞིག་བསྲེགས་པ་ལས་རྐང་ལག་གི་སྣེ་མོ་རེ་བསྲེགས་ནས་འདུག་ནི་མ་རེད། ༼ཡིན་ནའང་། ཁྱོད་ཀྱིས་ཐོངས་ཞེས་བཤད་ན་ང་གཏན་ནས་གཏོང་གི་མ་རེད།༽ ཨ་ཨ་་་་་་་ཨ་་་དངོས་གནས་ངོ་ཚ་རྒྱུ་ཞིག་མེད་པ་ཁོ་དག་རེད།
བོན་རྒྱ་ལགས། ངས་བསམ་ན་ཁྱེད་རང་གི་བོད་མི་རིགས་ཤིག་གི་བདེ་སྐྱིད་བསྒུག་མེད་ཀི བོད་ཀྱི་ས་་ཐོག་ལ་རང་དབང་ཞིག་བྱུང་ན་ཁྱེད་རང་ལ་ཁེ་ཕན་ཞིག་ཐོབ་ཐབས་ཁོ་ན་བསྒུག་ནི་བསྡད་ཡོད་པ་གསལ་བོ་རེད།
རྒྱ་གཞུང་ལ་དགོས་པ་དེ་བོད་མི་རིགས་མ་རེད། བོད་ཀྱི་ས་ཆ་དང་གཏེར་ཁ་དང་ཐོན་ཁུངས་རེད། རྒྱ་ནག་དང་བོན་རྒྱའི་དམིགས་ཡུལ་གཅིག་པ་རེད།
འདིར་བསམ་ཚུལ་འདོན་ཁུལ་བྱེད་མཁན་ཤ་ཤས་ཤིག་ལ་ཅིག་མི་བཤད་རང་བཤད་རེད། ཁྱོད་ཚོས་བོད་མིའི་འཚེ་མེད་ཞི་བའི་ཁ་གཡང་ལ་དོན་སྙིང་མེད་མདོག་བྱེད་པ་པ་དེ་མི་བདེན། བོད་མི་རིགས་འདི་འཚེ་མེད་ཞི་བའི་ཁ་གཡང་ཁོ་ནའི་ཁྲོད་དུ་ལུས་མེད། འཚེ་མེད་ཞི་བའི་ཁ་གཡང་ཟེར་ན་ཅི་རེད། བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་དངོས་སུ་ལག་ལེན་ལ་བཏབ་ནས་མི་ག་འདྲ་མང་པོ་ཞིག་གིས་རང་ལུས་མེ་རུ་སྦར་སོང་། འཚེ་མེད་ཞི་བ་ལས་ལྷག་པའི་འཐབ་རྩོད་ལས་ལྷག་ཅིག་ད་ལྟ་ང་ཚོར་མེད་པ་ཤེས་དགོས། ང་ཚོས་རྒྱ་དམར་བོད་དུ་འབྱོར་ཉིན་ནས་འཚེ་བའི་སྒོ་ནས་ཁ་གཏད་གཅོག་ཅི་ནུས་གང་ནུས་བྱས་པ་རེད། ཡིན་ན་ཡང་འཚེ་མེད་ཞི་བའི་ལས་འགུལ་སྐབས་དང་གཏན་ནས་མི་འདྲ་བར་མི་འབུམ་ཕྲག་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་རེད།
བོན་རྒྱ་ལགས་ཁོང་རང་ཉིད་ཀྱིས་སྐུ་ལུས་མེ་རུ་སྦར་དང་མི་སྦར་དེ་ཁོ་རང་གི་གདམ་ཀ་རེད་མ་གཏོགས་ཁྱོད་ཚོ་སུ་ཡང་དེར་སྐུལ་མ་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད་ལ་བཀག་འགོག་བྱེད་པའི་ཐོབ་ཐང་མེད་པ་ངས་གོང་དུ་བཤད་ཡོད། ང་ཚོར་ལས་འགན་ཞིག་ཡོད་པ་དེ་ནི་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་ཚོར་གུས་བརྩི་དང་གདེངས་འཇོག་བྱ་རྒྱུ་དེ་རེད།
མཆན་པ་ཁ་ཅིག་གིས་བོད་ནང་འབར་བཞིན་པའི་མེ་རང་ཤི་དང་དུ་བ་རང་ཡལ་དུ་གྱུར་ནས་ལྷོད་དལ་ངང་ བག་ཕེབས་ངང་ ཁུ་སིམ་མེར་ འཇམ་ཅག་གེར་བསྡད་བཞག་ན་བསམ་གི་ཡོད་ས་རེད། རང་ཉིད་བོད་མི་ཞིག་ཡིན་བཞིན་དུ་བོད་ཅེས་པའི་ཐ་སྙད་འདི་རྦད་དེ་བློས་བཏང་ན་མ་གཏོགས་རྒྱའི་དབང་འོག་ན་དེ་ལྟར་སྡོད་པའི་རང་དབང་ཟེར་བ་ཞིག་མེད་པ་ཤེས་མེད་པ་འདྲ། མི་ཞིག་གིས་རང་གི་བསམ་ཚུལ་ཞིག་བཤད་མ་ཐག་ལམ་སང་དེས་ན་ཁྱོད་ཅེས་མཛུབ་མོ་གདོང་ལ་གཏད་རྐྱང་བྱེད་ཀི ངོ་མ་མི་དེའི་གྲངས་འདིའི་་བསམ་ཚུལ་ངོ་མ་དེ་གང་འདྲ་ཞིག་ཡིན་ན།
མི་རེས་བསམ་ཚུལ་རེ་བཤད་ནས་འདུག་རྒྱུ་ལས་གཞན་ཅང་མེད་པ་འདི་འཇོན་གི་མེད་ནི་ཡིན་པ་འདྲ། དཔལ་འབྱོར་གྱི་མ་རྩ་དང་བཀོད་སྒྲིག་གི་ལམ་ཁ་ཡོད་ན་ང་ཚོས་ཀྱང་སྐོམ་སོད་པའི་ལས་ཀ་མང་པོ་ཡོད་ཁོ་ཐག་ཡིན་རྒྱུ་རེད།མེ་དེ་དག་འབར་དགོས་ཀྱི་འདུག་ཟེར་ན་ཧ་ཅང་དཀའ་སྟེ་མི་གསོན་པོས་མེ་ཤིང་བྱེད་དགོས། མི་དགོས་ཀི་ཟེར་ན་མི་རིགས་ཤིག་གི་རང་དབང་དང་དར་རྒུད་ལ་ཐུག་ཡོད་ད་གང་དྲག་ གང་ལྟར་རང་ང་འདུག་རན་ཞིག་མ་རེད་ཡ
བདེན་པའི་འཐབ་རྩོད་མེ་ལྕེ་དེ་བོད་མི་རིགས་ཀྱི་ཆེད་དུ་རེད། དེའི་ནང་ལ་ང་དང་ཁྱོད་ཚང་མ་ཚུད་ཡོད། ཁྱོད་ཉིད་ཀྱང་གལ་ཏེ་མི་རིགས་ཀྱི་འཐབ་རྩོད་གནང་དགོས་མེད་ན། ཁྱོད་ཉིད་ལ་འདོད་པ་ཁེངས་པའི་རྒྱུ་སྔོན་སོང་ཞིག་ཡོད་ཀྱི་རེད། ཡང་ན་ཁྱོད་ཉིད་ལ་མེ་ལྕེ་དེ་དག་གིས་འཚེག་ཡོང་སེམས་ནས་དངངས་འཚབ་ཤིག་ཀྱང་ཡོད་སྲིད། དེ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ལས་ཁྱོད་ཉིད་མེ་འཚེག་པར་ཁོ་ཐག་ཆོད། ལ་རྒྱའི་དཔའ་བོ་གང་དག་མེ་ཁར་འཆི་ཚར་བ་དང་། འཆི་བཞིན་པ། འཆི་རྒྱུ་གང་ལ་ཡང་རང་ཉིད་ཀྱི་ཚེ་འདིར་བློ་གཏོང་ཐུབ་ནས་བོད་མི་རིགས་ཡོངས་ལ་ནམ་ཡང་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་ཐུབ་པའི་ཐུགས་འདུན་བཟང་པོ་འཆང་མཁན་ཤ་སྟག་རེད། རེད་དེ་ཁྱོད་ཉིད་ཀྱང་གཞན་ཡུལ་འདིསརཡོང་དགོས་དོན་ཡང་བོད་རིགས་ལ་སྤྱི་ཡོངས་ཀྱི་ཐོབ་ཐང་མེད་ནས་ཡོང་པ་ཞིག་ཡིན་རྒྱུ་རེད། དེ་ལྟར་ཡིན་པས་ན་དེ་འབྲེལ་གྱིས་དམིགས་འདུན་ནི་བོད་དོན་བདེ་པའི་འཐབ་རྩོད་ལས་གཞན་རྒྱ་འགོ་མཐོ་དུས་་རྒྱ་འགོ་དང་བོད་འགོ་མཐོ་ན་བོད་འགོ་འདོགས་ཆོག་ཆོག་དེ་འདྲ་ནི་ཡིན་རྒྱུ་མ་རེད། དེ་བས་ལབ་གླེང་མི་མང་མནོ་བསམ་ཐོན། བོད་རྒྱལ་ལོ། བདེན་པ་ཉིད་རྒྱལ་གྱུར་ཅིག
བོད་ནང་གི་མེ་ལྕེ་ནི་གྲངས་ཉུང་མི་རིགས་ཀྱི་ཚེ་སྲོག་ལ་འཆེད་པའི་མེ་ལྕེ་ཞིག་རེད། དེ་ཁ་ནས་ལབ་རྒྱུ་ལས་སླ་ཡང་། ལགས་བསྟར་བྱེད་རྒྱུ་དེ་ཁྱོན་ནས་ལས་མི་སླ། རང་དབང་ལུང་པའི་ནང་གི་ཚད་ཤིང་བླུན་རྟགས་ཀྱིས་ཁྱེར་ནས་གཞི་ལུས་བོད་མིའི་ཚེ་སྲོག་ལ་རིན་ཐང་ཆུང་དུ་མི་བལྟ་རོགས།
རྫ་ཆུའི་ཟླ་བ་ལགས། ཁྱོད་ཉིདཀྱི་དམིགས་འདུན་མི་རིགས་གོང་འཕེལ་དགོས་ན་བོད་བརྒྱུད་གྲྭ་བཙུན་་བཟོ་་རྒྱུར་སྟངས་འཛིན་དགོས།
མེ་ལ་བསྲེགས་ན་མི་རུང་བསམ་མཁན་ཚོས་དེ་མིན་པའི་འཐབ་རྩོད་ཀྱི་ལམ་གཞན་ལ་ཞུགས་རོགས། དཔའ་བོ་དཔའ་མོ་ཚོའི་རླབས་ཆེན་གྱི་བློས་བཏང་ལ་དམའ་འབེབས་མ་བྱེད་རོགས། མེ་ལ་བསྲེགས་ཐུབ་མཁན་ཚོས་བསྲེགས་པ་རེད། དེ་ཙམ་མི་ཐུབ་མཁན་ཚོས་དེ་ལ་དཔག་པའི་འབད་བརྩོན་གྱིས།
དེ་རིང་གི་ང་ཚོའི་འབོད་ཚིག་ཏུ་ཕུལ་བ།
བོད་མིས་ཅིའི་ཕྱིར་རང་ལུས་སྲེག་གིན་ཡོད། ཝེ། གུང་ཁྲན་ཏང།
སྐུ་གཤེགས་དཔའ་བོ་རྣམ་པར་མྱ་ངན་གུས་འདུད་ཞུ།
དགོན་སྡེ་དམག་གིས་སྐོར་དོན་ཅི། སུ་ལ་ཞེད་ཀྱི་འདུག
ཕྱི་གླིང་བའི་གསར་འགོད་པ་བོད་གཏོང་མི་ཕོད་པ་ཅི།
ཏཱ་ལའི་བླ་མར་ཅི་ཙམ་སྡིགས་ན་བོད་མིའི་སེམས་ལ་དེ་ཙམ་གནོད
བོད་དགའ་བར་འཇུག་ན་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་བྱོས།
མི་རིགས་ཁག་ལ་རང་སྐྱོང་གཙང་མ་དགོས།
ཀྲུང་གོ་མི་དམངས་ལ་དམངས་གཙོ་ཡང་དག་པ་དགོས།
གང་ན་དྲག་གནོན་ཡོད་ན་དེ་ན་ངོ་རྒོལ་ཡོད།
བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དགོས། བོད་ནི་ཧོང་ཀོང་དང་ཨོ་མོན་ལས་གནམ་སའི་ཁྱད་པར་ཆེ།
མཉམ་འབྲེལ་རྒྱལ་ཚོགས་ལགས། ཁྱེད་ཀྱིས་བོད་མི་མཐོང་དོན་ཅི།
རྫུན་ཕམ་བདེན་རྒྱལ་ཉི་མ་མྱུར་འཆར་སྨོན།
མེ་རུ་འབར་ཏུ་མཁན་ནི་གཞོན་ལྷན་ནམ་ཕྱི་སྡོད་ཀྱི་སྒྲིག་འཛུགས་སམ་ཕྱི་སྡོད་བོད་མི་སུ་ཞིག་གིས་རྒྱུད་སྐུལ་བྱས་བ་མིན་པ་རྒྱ གཞུང་རེད། གུང་ཁྲན་ཏང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དང་གཡོ་མཐའ་ཆེ་བའི་སྲིད་ཇིས་ལས་བྱུང་བ་ལས། གཞན་གྱིས་རྒྱུད་སྐུལ་ཙམ་ཁ་ལ་ཉན་ནས་མེ་སྲེགས་བ་མ་རེད། དེ་ལྟར་ཡིན་ན་རྒྱ་གཞུང་གི་འདོད་དང་མཐུན་པ་རེད་ལ། དཔའ་རྒོད་རྣམས་གཞན་གྱི་ངག་ལ་ཉན་མཁན་གྱི་ཡམས་རྒྱུག་མཁན་རྐྱང་རྐྱང་རེད། ཡམས་རྒྱུག་བྱས་ནས་རང་གིས་རང་ལུས་སྲེགས། ཅི་འདྲའི་བླུན་པ་ལ། ཁྱེད་ཚོས་རང་ལུས་སྲེགས་མ་ཐུབ་ཀྱང་དཔའ་རྒོད་རྣམས་ལ་འཕྱ་དམོད་མ་བྱེད་རོགས། མཐའ་བཏུགས་ན་སྐད་ཆ་བཤད་མཁན་འདི་དག་རང ཉིད་སྒེར་སེམས་ཆེ་དྲགས་པས་གཞན་དོན་ནམ་སྤྱི་དོན་དུ་མེ་སྲེགས་བཏང་བ་ལྟ་ཅི་སེམས་ངོ་ཙམ་ཡང་མ་ཤོངས་བས་སྐད་ཆ་འདི་འདྲ་བཤད་པ་རེད། ཁྱེད་ཚོས་སྐད་ཆ་འདི་ལྟར་བཤད་ཚེ་རྒྱ་གཞུང་གིས་ད་ལྟ་དཉརག་གནོན་བྱེད་པའི་སྲིད་ཇུས་འགྲིག་པ་མཐོང་ནས་མུ་མཐུད་དུ་དྲག་གནོན་བྱེད་ངེས་རེད། བོད་རིགས་མ་ཚར་བར་དུ་བྱེད་ངེས་རེད། རྒྱ་གཞུང་ལ་བོད་མི་རྩ་མེད་བཟོ་རྒྱུའི་ནུས་བ་ཡོད་པ་འདོད་ནས་བྱེད་ངེས་རེད། རྒྱ་གཞུང་ལ་བོད་མི་འདུལ་བའི་འཇོན་ཐང་ཡོད་པ་སེམས་ནས་དབུགས་ཀྱང་བཏང་དབང་མེད་པ་བཟོ་ངེས་རེད། རང་ཉིད་ཀྱིས་ལས་འགུལ་སྤེལ་མ་ཐུབ་ཀྱང་རྒྱ་གཞུང་སྐྱག་ལངས་བཏང་བྱེད་ཀྱི་སྐད་ཆ་མ་བཤད་རོགས། ངན་ལངས་བཏང་བྱེད་ཀྱི་སྐད་ཆ་དེ་བས་མ་གསུངས་རོགས། རྒྱ་གཞུང་ངན་ལངས་བཏང་ན་བོད་འདི་རྩ་མེད་བཟོ་བ་ཐེ་ཚོམ་མེད། མུ་མཐུད་དུ་དྲག་གནོན་བྱེད་ངེས་རེད། བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་ངེས་རེད།
ང་ཚོས་ཤེས་གསལ་ལྟར་རྒྱ་རིགས་ལ་ཡག་པོ་བྱས་ན་མཁྲེགས་སུ་འགྲོ་བ་ཞིང་ཐ་ན་མཛའ་གྲོགས་ཀྱང་ཁེ་ཕན་དང་གོ་སྐབས་རེག་ན་གཡོ་ཚོང་ངམ་ལྐོག་ཚོང་བྱེད་མཁན་གྱི་ཁྲེལ་མེད་ཀྱི་མི་རིགས་ཡིན་ཞིང་། གུང་ཁྲན་ཏང་དེ་བས་སྡིག་པས་སྐྱག་ལངས་བཏང་བྱེད་ཀྱི་སྐད་ཆ་མ་གསུངས། དེ་ནི་ཕྲན་གྱི ལྟ་ཚུལ་ཙམ་ཡིན།
བོད་ནང་གི་མེ་ལྕེ་དེ་བོད་ཕྱི་ལོགས་ཀྱི་བོད་མི་ཚོ་ལ་སྤར་བ་དང་བསད་པའི་ཐོབ་ཐང་མེད། ཁོང་ཚོ་ལ་བཟོད་མི་ཐུབ་པའི་འཇིག་བསྐུལ་དང་དྲག་གནོན་སོགས་གྱི་དཀའ་སྡུག་མ་བཟོད་ནས་ལས་འདི་ལྟ་བུ་ཞིག་བྱས་པ་རེད། ཁྱོད་ལ་མེ་ལྕེ་འདི་མུ་འཐུད་ནས་འབར་དགོས་ཞེས་པའི་ཐོབ་ཐང་མེད་ལ། ཁོ་ལ་འབར་མི་རུང་ཞེས་བཤད་པའི་དབང་ཆ་མེད།
ལས་འགུལ་གྱི་རྣམ་པ་ཐ་དང་ཀྱང་ངོ་བོ་གཅིག་ཏུ་གྱུར་བ།
ལས་འགུལ་གྱི་རྣམ་གྲངས་མང་ལ་མུ་འཐུད་དགོས་པ།
ལས་འགུལ་འདི་མི་གཅིག་ལས་མེད་ཀྱང་བར་མཚམས་མ་བཞག་པར་སྤེལ་དགོས།
གང་ལྟར་ང་ཚོར་སོ་སོའི་མི་རིགས་ཤིག་གི་རང་དབང་ཆེད་དུ་གོ་མཚོན་འཕྱར་ཞིང་དཔུང་ཆེན་སྒྲིག་ནས་དྲག་པོའི་འོས་ལངས་བྱེད་པའི་ནུས་པ་ཟད་ཀྱང་། ཐབས་ཇུས་སྣ་ཚོགས་སྒོ་ནས་རྒྱ་ནག་གཞུང་ལ་སྡུག་སྐད་བརྒྱབ་ཏེ་བསུན་བཙེར་བཟོས་ནས། མ་མཐར་ཡང་ང་ཚོའི་མི་རིགས་ལ་མཐོང་ཆུང་དང་མནར་གཅོད་མེད་པར་ཐོབ་འོས་པའི་རང་དབང་རྣམས་ལེན་པར་བརྩོན་དགོས།
འོན་ཀྱང་། ལས་འགུལ་སྤེལ་སྐབས་དུས་ཚོད་ཡོད་ཀྱང་མཉམ་བཞུགས་མ་གནང་མཁན་ཚོ་ཐབས་སྡུག་རེད་ལ།
ལས་འགུལ་ལ་ཁོ་ཡོང་གི་མི་འདུག མོ་སླེབས་མ་སོང་ཟེར་སྡོད་མཁན་ཚོ་ནི་དེ་བས་ཇབ་ཆུང་རེད།
ང་ཚོའི་ལས་འགུལ་འདིར་དངས་བླང་གི་རང་བཞིན་ལྡན་དགོས་པ་ལས། བཙན་དབང་སྐུལ་འདེད་ནམ་ཡང་བྱེད་མི་ཆོག་ལ། མི་གཅིག་ལས་མེད་ཀྱང་རྒྱུན་འཐུད་དགོས་པ་དེ་བས་གལ་ཆེ།
དེར་དྲ་གྲོགས་ཚོས་ལས་འགུལ་སྤེལ་བ་དང་མཉམ་དུ་དགོངས་ཚུལ་ལྷུག་པོར་གསུངས་དང་།
ད་ལྟ་ང་ཚོས་བསམ་ཚུལ་བརྗོད་རེས་བྱས་ནས་སོ་སོས་གང་ནུས་ཀྱི་ལས་འགུལ་སྤེལ་དགོས་པ་ལས་ཚོགས་པ་དང་གཞུང་གི་བཀའ་སྒུག་ནས་སྡོད་ཐབས་མེད་པ་རེད།
དཔེར་ན།
དགེ་རྒན་གྱིས་སློབ་ཁྲིད་སྐབས་སློབ་མ་ཚོར་བསམ་བློའི་སློབ་གསོ་སྤྲོད་དགོས་པ་དང་།
སྒྱུ་རྩལ་པས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་གླེང་དགོས་པ། (རྩོམ་པ་པོ་དང་། གློག་བརྙན་བཟོ་མཁན། གཞས་པ། རི་མོ་བ་སོགས།)
མཁས་དབང་ཚོས་གཏམ་བཤད་དང་རྩོམ་ཡིག་གང་མང་སྤེལ་གནང་དགོས་པ།
དགེ་འདུན་པ་ཚོས་ཞབས་རིམ་གནད་སྨིན་སྒྲུབ་དགོས་པ།
མར་མེའི་ཁྲོམ་སྐོར་དང་། ཟད་བཅད་ངོ་རྒོལ། སྐད་འབོད། གོམས་བགྲོད་སོགས་ཡོངས་གྲགས་ལས་འགུལ་ནང་སྐྱེ་བོ་སེར་སྐྱ་མཐོ་དམན་གང་མང་མང་མཉམ་བཞུགས་ཐུབ་པ་སོགས་གང་ལྟར་ལས་འགུལ་ཆེ་ཆུང་གང་ཡིན་ཡང་མུ་འཐུད་ནས་གནང་དགོས།
བོད་མི་སུ་ཡིན་ཡང་རང་ཉིད་བཞུགས་སའི་ཉེ་འགྲམ་གྱི་ཁྱིམ་མཚེས་ཡུལ་མི་དང་། ཡར་མར་ཕེབས་དུས་ངོ་ཤེས་སོགས་ལ་ཁ་བརྡ་གནང་སྐབས་ངེས་པར་དུ་ད་ལྟའི་བོད་ནང་གི་གནས་སྟངས་ཡིད་སྐྱོ་དགོས་པ་དང་། རྒྱ་ནག་པས་ང་ཚོའི་མི་རིགས་ལ་མནར་གཅོད་ཚད་མེད་གཏོང་གི་ཡོད་པ་རྣམས་ངེས་པར་གླེང་ཐུབ་པ་བྱས་ཏེ་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གི་གཤིས་སྤྱོད་ངན་པ་འདི་འཛམ་གླིང་མི་མང་ཚང་མས་ཤེས་ཐུབ་ཐབས་གནང་དགོས་སོགས་རེད།
སྤོབས་མཐའ་ལགས་ང་ཚོའི་འཚེ་མེད་ཞི་བའི་སྒོ་ནས་ལས་འགུལ་གང་མང་སྤེལ་བ་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནང་མེད་དུ་བཞག་དོན་ཅི་རེད། ཨེ་ཇེབ་དང་ལེ་བིའི་ཡ་ནང་དུ་གཞུང་དང་མི་མང་གི་བར་ལ་གསོད་རེས་གཏུབ་རེས་བྱས་ཀྱང་དངོས་ཤུགས་རྒྱུད་གསུམ་ནས་རོགས་རམ་འབེལ་འབེལ་ལྷུག་ལྷུག་དུ་ཡོང་དོན་གང་རེད། བོད་མི་ཚོར་ཕོགས་པ་ལས་ལྷག་ཅིག་ཁོང་ཚོ་ལ་ཕོག་ཡོད་དམ། བོད་ཀྱི་འཚེ་མེད་ཞི་བ་ཞེས་པའི་ཁ་གཡང་འདི་བསྒྲགས་པ་དང་ལྷན་དུ་འཛམ་གླིང་གི་རྒྱལ་ཁབ་ཆུང་ཁག་ནས་འགོ་འཛིན་དང་ཆེ་ཁག་གིས་འཇུག་སྐྱོང་བྱས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཞིག་རེད་ཅེས་བསྒྲགས་སོང་། འདི་འཚེ་མེད་ཞི་བའི་གྲུབ་འབྲས་ཤིག་ལ་ངོས་འཛིན་རྒྱུ་ཡིན་ནམ།
བོན་རྒྱ་བས་སེམས་གཏིང་གི་དྲང་གཏམ་ཞིག་གསུང་འདུག།ད་ལྟ་ང་ཚོར་དྲང་གཏམ་བཤད་མཁན་མེད་པ་འདི་ངོ་མ་སེམས་པ་སྐྱོ་བྱུང་།བོད་ནང་ནས་མི་རིགས་ཀྱི་དོན་དུ་ཆེས་རླབས་ཆེ་བའི་ཚེ་སྲོག་འབུལ་མཁན་རྣམས་ཀྱི་ངོ་སོ་བསྟོད།བོད་ཀྱི་དུས་ཚིགས་གཉན་འཕྲང་ཅན་གྱི་སྐབས་ལ་བོད་མི་རིགས་ལ་གཟི་བརྗིད་ཀྱི་འོད་སྣང་འཕྲོས་བྱུང་།བོད་མི་རིགས་བསྟན་སྲིད་ཀྱི་ཆེད་དུ་གསོན་པ་ཚོས་རླབས་ཆེན་གྱི་མཛད་རྗེས་འཇོག་རོགས།
བོད་མི་རིགས་ཀྱིས་བགྲང་བྱ་བཅུར་འཚེ་མེད་ཞི་བའི་ལས་འགུལ་རྐྱང་སྤེལ་བ་རེད། ལོ་སྔ་ཕྱི་གཉིས་ལའང་འཚེ་མེད་ཞི་བའི་མེར་བསྲེགས་ལས་འགུལ་སྤེལ་བ་རེད། ད་དུང་ཡང་རྒྱ་ནག་གིས་དྲག་སྤྱོད་དང་མེ་མདས་འོག་བསད་དང་གསོད་བཞིན་པ་རེད། ད་ནི་འཚེ་མེད་ཞི་བའི་ལམ་དེ་མཇུག་རྫོགས་ནས་འཚེ་བའི་ལས་འགུལ་སྤེལ་དགོས་པ་ཁ ཚ་དགོས་གཏུགས་ཀྱི་ལས་འགུལ་ཡིན་པས། གཞིས་བྱེས་གང་ཡིན་ནའང་འཚེ་བའི་ལས་འགུལ་སྤེལ་ན་མི་ལེགས་སམ།
འདིར་མཆན་བུ་འགོད་མཁན་གྱི་གྲས་སུ་བོད་པ་ཟེར་བ་ཞིག་གིས་འཚེ་མེད་ལས་འཚེ་བས་ནུས་པ་ཐོན་སྐོར་ཞིག་ལི་སྦི་ཡ་དང་ཨེ་ཇེབ་དང་བསྡུར་ནས་བཤད་པ་དེ་ལ་རྒྱུ་མཚན་མི་འདུག ཨེ་ཇེབ་དང་ལི་སྦི་ཡའི་གྱེན་ལོག་ནི་ང་ཚོ་དང་རྒྱ་དམར་གཞུང་བར་གྱི་འགལ་བ་དང་གཏན་ནས་མི་འདྲ། ངོ་རྒོལ་བྱ་ཡུལ་བསྡུར་ན་མཐར་ཐུག་དུས་ལི་སྦི་ཡའི་རྒ་ཏ་ཧྥི་དང་མུ་བྷ་རག་གི་ཁྱིམ་ཚང་རེ་རེ་རེད། ངོ་རྒོལ་བྱེད་མཁན་ཡང་ཡུལ་དེའི་མི་མང་ཚང་མ་ཡར་ལངས་ཡོང་བ་རེད། རྒྱ་དམར་གཞུང་ནི་དེང་དུས་སུ་ནང་གི་དཔལ་འབྱོར་དང་ཕྱིའི་ཚོང་འབྲེལ་གང་ཐད་ནས་རྒ་ཏ་ཧྥི་དང་མུ་བྷ་རག་གི་ཁྱིམ་ཚང་དང་བསྡུར་ཐབས་མེད་པ་རེད། ང་ཚོ་ངོ་རྒོལ་བྱེད་མཁན་ཡང་བོད་རིགས་གཙོས་པའི་གྲངས་ཉུང་ཉུང་ཞིག་མ་གཏོགས་སྡེབས་གཅིག་ཏུ་ལངས་ཐུབ་ཀྱིན་མེད་པ་ཡིན་དུས་དྲག་པོས་ནུས་པ་མི་ཐོན་པ་གསལ་བོ་རེད། དེ་ལས་འཚེ་མེད་ཞི་བ་རང་གི་སྟེང་ནས་ལས་འགུལ་རྒྱུན་མཐུད་ཐུབ་པ་ཡིན་ན་གནས་སྐབས་རིང་ལ་རྒྱ་དམར་གྱི་བསམ་བློ་ལ་འགྱུུར་བ་གཏོང་ཐུབ་མདོག་ཁ་པོ་མ་རེད་ལ་ནུབ་ཕྱོགས་པས་ཀྱང་འགུལ་སྐྱོད་བྱེད་མདོག་ཁ་པོ་མ་རེད། ཡིན་ན་ཡང་བོད་མི་མང་གི་སེམས་ཤུགས་དང་། ཆིག་སྒྲིལ། ཆབ་སྲིད་ཀྱི་རྨོངས་གཉིད་ལས་སད་པར་ཐན་ཐོགས་ཆེན་པོ་ཡོད་པ་རེད། རིམ་གྱིས་རྒྱ་ནག་མི་མང་གི་བསམ་བློ་ལ་འགྱུར་བ་རེ་འགྲོ་བའི་ཤུགས་རྐྱེན་ཡང་ཡོད་པ་རེད་སྙམ། མཉམ་འབྲེལ་རྒྱལ་ཚོགས་དང་ནུབ་ཕྱོགས་པའི་སྟོབས་ཤུགས་ཀྱིས་ཕན་ཐོགས་ཉིན་ཤིག་ལ་ཐོགས་གི་རེད། སྔོན་མ་ཁོ་རེ་ཡ་ལྷོ་མ་དང་དེང་དུས་སུ་ཐའེ་ཝན་ལྟ་བུ་བསྐྱབས་པ་རེད། དེང་དུས་སུ་ང་ཚོས་ཞི་དྲག་གང་བྱས་རུང་ཅང་ནུབ་ཕྱོགས་པས་བསྐྱབ་མདོག་ཁ་པོ་མ་རེད།
མི་འཁྱམས་ལགས། ང་ཚོས་འཚེ་བའི་ལས་འགུལ་མ་སྤེལ་བ་མ་རེད། སྤེལ་ནས་ང་ཚོ་ཕམ་པ་རེད། བོད་མིས་དྲག་པོའི་ངོ་རྒོལ་སྤེལ་བའི་ལོ་རྒྱུས་ཤེས་འདོད་ན་ཆུ་སྒང་གི་རྒད་པོ་ཚོའི་ལོ་རྒྱུས་ཀློག་དང་ཤེས་ངེས་རེད།
འདིའི་ཐད་ལ་ཞབས་མཆན་པ་འགས་འཚང་ཁ་ཤིག་ཤིག་གིས་ཅིག་བཤད་ཀྱི་འདུག འདི་ནི་དགོས་ངེས་ཅན་ཞིག་རེད། བཤད་བཤད་པའི་མདོ་རྩ་ཕྱོགས་གཅིག་ཏུ་དྲིལ་ནས་སྡོམ་ཞིག་རྒྱག་དགོས་མོད། འདི་ནས་ཞབས་མཆན་པ་ཚོའི་བཤད་སྟངས་དང་གླེང་སྟངས་ལ་བསམ་ན། དགའ་བས་ལས་སྐྱོ་བའི་སྣང་ཚུལ་ཞིག་ངམ་ངམ་ཤུགས་ཀྱིས་ཐོན་ཡོང་གི་འདུག ཁྱོད་ཀྱི་ཁ་དང་ངའི་ལག་ཅེས་ལབ་བསྡད་པ་ལས་འཆར་གཞི་དང་གོ་རིམ་ལྡན་པའི་བསམ་ཚུལ་ཆ་ཚང་བ་ཞིག་ཕུལ་བ་ཡིན་ན། དོན་དངོས་དང་ལག་ལེན་དུ་འགེལ་ཐུབ་མིན་ཅི་རིགས་ཀྱིས་གཞི་རྩའི་བློ་བསྡུར་བྱ་ས་ཞིག་ཡོང་གི་ཡོད་པ་དེ་ཡིན། འདི་ཡང་གནད་འགག་ཅིག་རེད། ཁྱོད་སྲེག་ཐུབ་མིན་དང་ང་སྲེག་ཐུབ་མིན་གྱི་སྐད་ཆ་དེ་ནི་འདིར་འཐེན་དགོས་པ་ཞིག་རེད། ཁྱོད་ཀྱིས་རང་ལུས་མེར་སྲེག་དགོས་ཞེས་ལབ་ན་སྲེག་ཐུབ་པ་ཞིག་མིན། མི་རེ་རེའི་བསམ་བློའི་འཁོར་ཕྱོགས་དང་བློ་རྒྱ་བསྐྱེད་ཚུལ་ཞིག་རེད། དེ་འདྲ་མིན་པར་ཅིག་གིས་སྐུལ་མ་བྱེད་དགོས་པ་ཞིག་ག་ལ་ཡིན། དེ་འདྲ་ཡིན་ན་ད་སྔོན་རྒྱལ་གཅེས་དཔའ་རྒོད་དེ་དག་ལ་མི་གཞན་གྱིས་སྐུལ་མ་བྱས་ནས་བསྲེགས་པ་ལས་རང་འགུལ་གྱིས་རང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་མཆོད་བྱས་པ་མིན་པར་འགྱུར་འགྲོ་བས། འདི་ཚང་མར་བསམ་བློ་གཏོང་དགོས་པ་ཞིག་རེད། ལྷག་པར་དུ་ཞབས་མཆན་པ་ཚོས་སྐད་ཆ་བཤད་དུས་ཡར་མར་བསམ་བློ་རྒྱ་ཆེ་ཙམ་ཞིག་གཏོང་དགོས་པ་ཞིག་རེད།
ངས་བསམ་ན་ཆུ་རྒང་གི་འཇོན་ཡོད་བསམ་གྱི་ཡོད་ཆུ་རྒང་མེད་སོང་བ་ཡིན་ན་༧གོང་ས་ཡིད་བཞིན་གྱི་ནོར་བུ་སྐུ་ཟིལ་བ་ཁྲོམ་མེར་འཛམ་གླིང་གི་ཁྱོན་འདི་ན་བཞུགས་ཡོད་མེད་ཀྱང་ཐེ་ཚོམ་མོ།
འོན་ཀྱང་དེང་གི་དུས་སུ་མི་བུ་རེ་ཟུང་གིས་སྔར་ཀྱི་ཆུ་རྒང་གི་ངོམས་སོ་ཁྱེར་ནས་ཟུར་འགྲོས་བྱེད་བཞིན་པ་
འདི་དག་ནི་སྔར་གྱི་ཆུ་རྒངགི་ཞབས་ལ་ཐག་འདོགས་བྱེད་པ་ཞིག་རེད།
བོད་པ་ཟེར་བ་འདི་ཀླུ་སྨྱོན་རེད།
མྱི་འདི་ཚོའི་སྐད་ཆ་མགོ་ལོག་གི་རྒྱལ་གཅེས་དཔའ་བོ་སྤྲུལ་སྐུ་བསོད་བྷོའི་ཞལ་ཆེམས་རང་རེད། ད་ཕལ་ཆེར་བོན་རྒྱ་ཚང་སྐུ་བཞུགས་ཡོད་རྒྱུ་མ་རེད། སྐུ་བཞུགས་ཡོད་ན་ཁ་བྲོ། བོད་ནང་གི་རྒྱལ་གཅེས་དཔའ་པོ་དེ་ཚོའི་སྙིང་སྟོབས་ཀྱི་མེ་དཔུང་ལ་སྣུམ་མ་བླུགས་རོགས་གནོངས། སྣུམ་བླུགས་ཐུབ་ན་དང་པོ་རང་ཉིད་ནས་མགོ་འཛུགས་བྱས་ཏེ་སྐུ་ལུས་མེར་བསྲེག་གཏོང་དགོས་པ་རེད་ལོ།
དོན་གྲུབ་མཚོ་མོ་དང་རྨ་ཆུའི་མགོན་པོ་དོན་འགྲུབ་གཉིས་དང་བོན་རྒྱའི་བར་ན་ནད་ཅིག་ཡོད་ས་རེད། དེ་མིན་བསམ་ཚུལ་དྲངས་བཤད་འདི་ལས་བོན་ཕུད་འདེད་བྱེད་དགོས་པའི་རྒྱུ་མཚན་མི་འདུག བསམ་བློ་ཞིབ་མོར་བཏང་ན་སྐད་ཆ་འདི་དག་དུས་སུ་བབ་པའི་སྐད་ཆ་རེད། ངས་བསམ་ན་མི་མང་པོ་ཞིག་ལ་བསམ་ཕྱོགས་འདི་འདྲ་ཡོད་མདོག་ཁ་བོ་རེད། བཙན་བྱོལ་གྱི་ཤེས་ཡོན་པའི་ཁྲོད་ན་སྐད་ཆ་གསོན་པོ་བཤད་མཁན་མེད་པའི་རྐྱེན་གྱིས་མི་ཚང་མའི་རྣ་བར་སྐད་ཆ་གསོན་པོ་འགྲོ་ནི་མ་རེད། འདི་དག་ཡོད་ཚད་གྱི་ཕུགས་དེད་ན་བཙན་བྱོལ་ན་མི་གསོན་པོ་མེད་པའི་རྟགས་རེད། ཚང་མ་སྡར་མ་བླ་སྲོག་མེད་མཁན་དག་དག་རེད། བོན་རྒྱས་གནས་ལུགས་ཤིག་བཤད་པ་ལས་ཚང་མས་ངེས་པར་བསྲེག་དགོས་ཞེས་བཤད་མེད། བོན་རྒྱའི་བཤད་སྟངས་དེ་བདེན་པ་རེད་ལ་གནས་ལུགས་ཀྱང་རེད། བོན་རྒྱ་རྒྱལ་ལོ། བསམ་ཚུལ་རྒྱལ་ལོ། བདེན་པ་རྒྱལ་ལོ།
གཞི་ལུས་བོད་མའི་རང་ལུས་མེ་སྲིགས་ཀྱི་ལས་འགུལ་ལ་རྒྱབ་སྐོར་ཡོད་ཡིན་ཡང་ང་ཚོའི་ལས་འགུལ་གང་སྤེལ་ཀྱང་ཕུག་གྱང་རིང་པོ་ཞིག་དང་ཕུན་གསུམ་ཚོགས་པ་ཞིག་སྤེལ་དགོས་པ་དེ་ཧ་ཅང་གི་གལ་ཆེན་རེད། ངོ་ཚོ་ལ་བདེན་པ་ཡོད་རེད་ནམ་ཞིག་ང་ཚོ་རྒྱལ་ངེས་ཅན་ཡིན་པ་ཆོས་ཉིད་རེད་ནམ་ཡང་སེམས་ཤུགས་མ་ཆག་རྒྱ་མི་དམར་པོའི་སྲིད་གཞུང་ལ་ངོ་ཚ་དང་དྲག་སྤྱོད་ལ་ཚམ་འཇོགས་མེད་ན་གཞི་བྱིས་བོད་མིའི་ཞི་དྲག་གི་ལས་འགུལ་ལ་ཡང་ཚམ་འཇོགས་ནམ་ཡང་ཡོང་མི་སྲིད་དེ་ཡང་ཆོས་ཉིད་རེད་ཧཧ་ཧ་
དཔེར་ན། མཁའ་ལ་ཉི་མ་མ་ཤར་ན། ས་ལ་མུན་པ་འཇོམས་མི་སྲིད། བོད་ལ་རང་དབང་མ་ཐོབ་ན། བོད་མི་ནམ་ཡང་སྡོད་མི་སྲིད།
ད་བར་དུ་རང་སྲིད་རང་སྐྱོང་དང་ལམ་དབུ་མ་ནས་མཐར་ཐུབ་མ་སོང་བ་རེད། འབྱུང་འགྱུར་མེར་བསྲེགས་གཏོང་མི་རྒྱུན་ཆད་ཀྱི་མ་རེད། བོད་ནང་དུ་མུ་མཐུད་མེར་བསྲེགས་ལས་འགུལ་སྤེལ་རྒྱུའི་གསལ་བསྒྲགས་སྦྱར་ཡོད་པ་རེད། ཡིན་ཡང་ད་བར་དུ་ང་ཚོ་འཚེ་མེད་ཞི་བའི་སྒང་ནས་བགྲང་བྱ་དྲུག་ཅུ་ལྷག་ཕྱིན་འདུག ད་དུང་མུ་མཐུད་དུ་འཚེ་མེད་ཞི་བ་དང་ལམ་དབུ་མའི་སྒང་ལ་སོང་ན་འབྲས་བུ་མེད་པ་གསལ་པོ་གསལ་རྐྱང་རེད། ད་ནི་བོད་མི་ཡོད་དོ་ཅོག་གིས་རང་ལུས་མེར་བསྲེགས་ལས་བོད་ནང་དུ་དྲག་པའི་ལས་ལ་སྤྱད་ན་བསམ་སོང་། ཁ་སང་ཡང་མི་གཅིག་མེར་བསྲེགས་བཏང་སོང་། འདི་ནས་ཁྱབ་བསྒྲགས་ཅི་ཙམ་བྱས་ཀྱང་དེང་འཛམ་བུའི་གླིང་གི་རྒྱལ་ཁབ་གང་ཡིན་ནའང་སོ་སོའི་ཁེ་ཕན་མ་གཏོགས་བསྒྲུབ་ཀྱི་མེད་པ་ཤེས་གསལ་ལྟར། དེ་ལས་བོད་ནང་ལོག་གི་རྒྱ་མའི་དཔལ་འབྱོར་བསྡུ་རུབ་ཀྱི་ལས་ཁུངས་ཁག་དང་དཔལ་འབྱོར་གྱོང་རྒུད་རྒྱག་སའི་གནས་སོགས་གཏོར་དགོས་པ་རེད། རང་གཞན་གཉིས་ཆ་མ་སྐྱིད་པ་བཟོས་ནས་མཐར་རྒྱ་ནག་གཞུང་འུ་ཐུག་ཐབས་ཟད་དུ་གཏོང་དགོས་པ་རེད། ཁ ཤས་ཀྱིས་ང་ཚོར་འཇིགས་སྐུལ་བའི་ཞྭ་མ་གཡོགས་ན་ཐང་མོད། འདས་མ་ད་གསུམ་གྱི་ལོ་རྒྱུས་དེ་རྒྱལ་སྦྱིའི་སྒང་གི་ཁྲིམས་ཐོག་ལ་འགྲོ་རྒྱུ་ཡོད་པ་མ་རེད།
དྲ་གྲོགས་ཚོ་ཕེབས་ནས་བསམ་ཚུལ་བཤད་པ་དང་། བསམ་ཚུལ་ལ་གཉའ་གནོན་བྱས་པ་ཐམས་ཅད་ལ་ཐུགས་རྗེ་ཆེ། བགྲོ་གླེང་ངོ་མ་ཞིག་བྱེད་འདོད་ན་དོན་ཚན་ཆ་ཚང་ཞིབ་ཚགས་ཤིག་བཀླགས་ནས་བསམ་ཚུལ་འདོན་རོགས། སྤྱིར་ན་བསམ་ཚུལ་འདི་ནི་བོད་ནང་གི་སྤུན་ཟླ་ཚོ་དང་རྒྱ་ནག་ལ་བཤད་པའི་བསམ་ཚུལ་ཞིག་ལས་བཙན་བྱོལ་ནང་གི་དྲ་འབུ་ཚོ་ལ་བཤད་ནི་ཞིག་མིན། ཁྱེད་ཅག་གིས་ང་ལ་འགན་འཁུར་ཞེས་པའི་སྐད་ཆ་འདི་བཤད་ན་ང་དགོད་རྒྱུ་ཡོང་གི་འདུག ད་ནས་བཟུང་ངའི་སྔུན་ལ་ཁྱོད་ཚོས་གདོང་འབག་གོན་ནས་མ་ཡོངས་རོགས། ཡོང་ནའང་སྟག་གི་རུས་པ་ཁྱི་གུས་ནམ་དུའང་འཆའ་ཐུབ་ཀི་མ་རེད།
སྤོབས་པ་མཐའ་ཡས་ལགས།
སྔོན་མའི་འཚེ་བའི་ལས་དང་ད་ལྟའི་འཚེ་བའི་ལས་གཉིས་གནས་བབ་དང་སྤྱི་ཚོགས་དུས་རབས་སོགས་གཅིག་ནི་མ་རེད། ཆུ་སྒང་གི་ལོ་རྒྱུས་བཙན་བྱོལ་ལ་གོམ་ཁ་བརྒྱབ་བ་ནས་བཟུང་བོད་མི་ཡོད་དོ་ཅོག་གི་ཤེས་ནི་རེད། བགྲང་བྱ་དྲུག་ཅུ་ལྷག་ལ་འཚེ་བ་མེད་པ་དང་ལམ་དབུ་མའི་སྒང་ལ་སོང་ནི་རེད། ད་ནི་འཚེ་བའི་ལས་ཀ་བྱས་ནའང་། འཇིགས་སྐུལ་བའི་ཞྭ་མོ་ནི་གཡོག་གི་རེད། ཡིན་ཡང། རྒྱལ་སྤྱིར་ཁྲིམས་ཡོད་ཡོད་པ་རེད།གལ་སྲིད་ཁྲིམས་ཐོག་ལ་སོང་ན་་འཛམ་བུའི་གླིང་གི་ཁྲིམས་ཀྱི་མཁས་དབང་ནི་ང་ཚོར་ཡོད་པ་སྨོས་ཅི་དགོས། གང་ལྟར་རྒྱ་ནག་གི་མེ་འཁོར་ལྕགས་ལམ་དང་དཔལ་འབྱོར་འདུ་འགོད་བྱ་ས་སོགས་གཏོར་ན་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་སྐྲག་དངངས་ཀྱང་ཡོང་གི་རེད། ད་བར་དུ་བོད་མི་རིགས་འུ་ཐུག་ཐབས་ཟད་བཏང་བ་རེད། ད་ནི་རྒྱ་ནག་གཞུང་འུ་ཐུག་ཐབས་ཟད་གཏོང་དགོས་པ་རེད། དེ་མ་བཏང་ན་བོད་རྒྱ་འབྲེལ་མོལ་གྱི་གྲུབ་འབྲས་གང་ཡང་ཡོད་པ་མ་རེད་ལོ།
སྒེར་གྱི་རྙོག་དྲྭའི་གནོན་ཤུགས་འོག་གནས་པའི་རང་མེད་བྱེད་འདོད་ཡོད་རིགས་རྣམས་ཀྱིས་གོ་སྐབས་འདི་ཆེ་ས་འདི་དམ་འཛིན་བྱེད་རོགས།
ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཅན་མ་འོངས་བོད་ཀྱི་ཆོས་རིགས་ལས་དོན་ལ་སོན་རྩ་སྐྲུན་ཐུབ་མཁན་རྣམས་ཀྱི་ཕྱིར་འཐེན་རེ་བྱས་ན་མི་ལེགས་སྙམ།
མི་རེ་རེ་ངོས་ནས་སོ་སོའི་འཇོན་ཚད་རེ་ལས་ན་ཡག་ཤས་རེད།དེ་མིན་ཁྱེད་ཀྱིས་ཅིག་བྱོས་དང་ཟེར་བ་དང་།ཡང་ན་དེ་ཡིས་ཅང་མ་འཇོན་ཚུལ་ཁོ་ན་གླེང་མཁན་ཚོས་རང་རང་ལ་ཡང་བསམ་བློ་རེ་ཐོངས་དང།ཚད་བཞི་གང་འདྲ་ཞིག་ན་འདུག་གམ། དེར་གཞིགས་ན་སྐད་ཆ་བཤད་མི་བཟང་ངམ།དེ་མིན་འགན་ཁུར་མེད་པའི་མིང་རྫུན་འོག་འཛུལ་ནས་ནང་ཁུལ་ལ་དཀྲུག་ཤིང་གཏོང་བ་ནི་ད་ལྟའི་ང་ཚོའི་ལས་ཀ་མ་རེད་ལོ།དྲ་མཆན་རྒྱག་མཁན་དག་ལ་བཤད་པ་ཡིན།
སྐྱི་རྩི་ལགས།
དངོས་གནས་བསམ་བློ་མི་འདུག ཀླད་སྟོང་རེད། རྒྱ་ནག་དང་གདོང་ཐུག་གིས་སྐད་ཆ་བཤད་ན་ཅི་ཞིག་ཕན་ཐོགས་ཡོད་པ་རེད། ཕན་ཐོགས་ཡོད་པ་མ་རེད། སྐད་ཆ་བཤད་ཀྱང་རྒྱ་གཞུང་གིས་མི་ཉན་ཞིང་ཉན་འདོད་ཀྱང་ཡོད་པ་མ་རེད། རྒྱུ་མཚན་ནི་སྐད་ཆ་བཤད་པ་དེ་རྒྱ་ནག་ལ་ཕན་ཐོགས་མེད་པ་སེམས་ནས་སྐད་ཆ་ཉན་འདོད་མེད་ཡོད་པ་མ་རེད། མེད་པ་མ་ཟད་སྐད་ཆ་བཤད་མཁན་ཚང་མ་གཙོན་དུ་བཅུག་པ་མི་མཐོང་ངམ། དེ་བརྟེན་རྒྱ་གཞུང་གིས་མི་མང་སྨྲ་བརྗོད་རང་དབང་སྤྲད་ཀྱི་མེད། མེད་པ་ཤེས་བཞིན་དུ་རྒྱ་གཞུང་ལ་ཅི་ལྟར་བཤད་དགོས་རེད། སྐུ་མདུན་གྱིས་ད་བར་སྐད་ཆ་བཤད་རྒྱུའི་འདོད་འདུན་བཅང་ཡང་གྲུབ་འབྲས་མ་ཐོན་པ་མ་མཐོང་ངམ། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྒྱ་གཞུང་ལ་གནོད་ཤུགས་སྤྲད་རྒྱུ་དེ་རེད། རྒྱ་གཞུང་ལ་གནོད་ཤུགས་སྤྲད་ཐུབ་ན་རྒྱ་གཞུང་གིས་ཕྲན་ནམ་བོད་ལ་སྐད་ཆ་མི་བཤད་རང་བཤད་ཆགས་ངེས་རེད། དེ་མིན་སྐད་ཆ་ག་ཚོད་བཤད་ཀྱང་ཕན་ཐོགས་ཡོད་པ་མ་རེད། ཐབས་ལམ་གལ་ཆེན་རེད།
སུ་ཞི་གི་ཚེ་སྲོག་རྩེད་བྱེད། བོད་མི་གཅིག་གྲོངས་ཀྱང་ཚང་མ་རང་ཉིད་རེད། རང་ཉིད་ཀྱིས་རང་རྩེད་བྱེད་སྲིད་དམ། ཁྱེད་ལ་བོད་མི་ཐམས་ཅད་གཅིག་པ་ཡིན་པའི་འདི་ཤེས་མེད་པས་སྐད་ཆ་དེ་ལྟར་བཤད་པ་རེད། བོད་མི་ཚང་མ་གཅིག་པ་ཡིན་པའི་འདི་ཤེས་ཡོད་ན་སྐད་ཆ་དེ་འདྲ་ཡོང་མི་སྲིད། མི་སྲིད་དེ། ཚང་མ་རང་ཉིད་རེད། རང་གི་ཤ་ཁྲག་རེད། རང་གིས་ཅི་ཕྱིར་གང་གི་ཚེ་སྲོག་རྩེད་བྱེད་དམ།
ཡཱ་གྲོགས་པོ་ཚོ།བརྒྱ་བཤད་ཚིག་གི་རྩ་བ་སྟོང་བཤད་འོ་མའི་མར་ལོ།སོ་སོའི་ཕྲག་ཏུ་འཁུར་བའི་འགན་འཁྲི་ཉག་ཅིག་ཡིན་ལ་དེ་ལ་དམ་དོན་དང་གཡོ་ཟོལ་མེད་པ་བྱས་ན་རེ་བ་ངང་གི་འགྲུབ་སྲིད།༸གོང་ས་མཆོག་གིས་་་བོད་པ་ཡིན་ཕྱིན་ཆད་མི་རེ་རེ་སྟེང་ལ་འགན་ཆ་ཚང་ཡོད་ཅེས་བཀའ་ཕེབས་དོན་ལྟར་གཞིས་བྱེས་ཉིས་ཀའི་ནུས་པ་མཉམ་རུབ་བྱེད་རྒྱུ་ད་ལྟའི་གནས་བབ་ལ་མཁོ་སྙམ།
ཡ་ཡ་ཁྱོད་ཚོ་ནང་ལ་ཁོར་ན་ངར་བ་རྐྱང་རྐྱ་རེད། ཤུ་རེ་ཁོ་ཕྱི་ལ་འདི་འདྲ་ཞིག་ངར་ན་རེ། འ་ཧ་བོ་ན་ཧ་བོ
རེད་གྲོགས་པོ་ཚོ་སྤུན་ཟླ་ཚོ། ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་དག་གིས་འཚེ་མེད་ཞི་བའི་ལམ་ནས་སྙིང་སྟོབས་ཆེན་པོའི་སྒོ་ནས་བོད་མི་རིགས་དང་རྒྱལ་ཁབ་དོན་དུ་རང་གི་སྐུ་ལུས་མེ་རུ་བསྒྲོན་ནས་ཞི་བའི་འབོད་སྒྲ་གྱེར་སོང་། རྒྱ་གཞུང་གིས་འདི་ཡང་རྣམ་པ་མི་འདྲ་བའི་འཇིགས་བསྐུལ་བའི་བྱ་དཔྱོད་ཅིག་རེད་ཟེར།
ཕྱི་ནས་ཏ་ལའི་རུ་ཚོགས་ཀྱིས་ངན་ཅུས་ཤིག་རེད་ཟེར། ད་ང་ཚོས་དངོས་སུ་འཇིགས་བསྐུལ་བ་བྱས་ཀྱང་རྒྱ་གཞུང་ལ་དེ་ལས་ལྷག་པའི་སྐད་ཆ་ཞིག་བཤད་རྒྱུ་ལྷག་མེད ད་ལྟ་ང་ཚོའི་བོད་མི་ཚོའི་སྙིང་ལ་འཇགས་དཀའ་བའི་ན་ཟུག་བསླང་ཡོད་གདོང་ལ་སྐྱོ་ཉམས་དོད་ཡོད། སེམས་ཀྱི་ན་ཟུག་ཅུང་ཟད་ཆུང་དུ་འགྲོ་ཕྱིར་
རྒྱ་གཞུང་ལ་གཏོར་རྒོལ་གྱི་ལས་ཤིག་བརྩམས་དགོས་ཀྱི་འདུག། བོད་རིགས་སྤུན་ཟླ་ཚོའི་སྙིང་ནད་འདི་སངས་བའི་ཕྱིར་རྒྱ་གཞུང་གི་སྲིད་འཛིན་ཧོས་གཙོས་པའི་བོད་པའི་ཐོག་ཏུ་སྲིད་ཅུས་འཁྲེགས་བཟུང་བྱེད་མཁན་དག་གི་ཚེ་སྲོགས་ལ་བསྙབ་དགོས་ཀྱི་འདུག། གལ་སྲིད་ཧོའི་ཅིན་ཐོ་དམར་གསོད་ཅིག་གཏོང་ཐུབ་སོང་ན་ང་ལ་ཅི་ཡང་མེད་ཀྱང་ཆོག། འཇིག་རྟེན་གྱི་རྒྱུ་ནོར་ཡོངས་རྫོགས་ཐོབ་པ་ལས་ཀྱང་དགའ་ཆེ་བ་ངས་དཀོན་མཆོག་གསུམ་པོ་དཔང་ཏུ་བཞག་ནས་སྐད་ཆ་འདི་བཤད་པ་ཡིན། སྔ་ཕྱི་ཀུན་ཏུ་བོད་ལ་སྡུག་པོ་ཚད་མེད་པ་ཅིག་གཏོང་མཁན་གཙོ་བོ་ཡིན། བོད་ཀྱི་ཉི་ཟླ་གཉིས་ཀྱི་ཡ་གྱལ ༧་པན་ཆེན་རིན་པོ་ཆེའི་སྐུ་ཚེ་འཕྲོག་མཁན་གྱི་གཤེད་མ་ཡིན། ངས་མི་ཚེ་ནང་གི་གོ་སྐབས་ཆེས་ཡག་ཤོས་ཤིག་ཤོར་སོང་བ་ནི་ང་སྐྱེ་དགུ་ས་ཡོམས་ཀྱི་སྐབས་སུ་དེ་རུ་མེད་པ་དེ་རེད། དེ་དུས་དགྲ་བོ་ཁོང་ས་དེ་རུ་བཅོས་མའི་རྫུ་འབགས་གྱོན་ནས་སླེབ་ཡོད་པ་ངས་བརྙན་འཕྲིན་ནང་ནས་མཐོང་སོང་། ཕལ་ཆེར་དགྲ་བོ་ཁོང་ངས་ལག་འོག་ཏུ་ཚུད་པའི་གོ་སྐབས་དེ་ལས་ལྷག་ཅིག་ང་ལ་ཡོང་རྒྱུ་མེད་པ་འདྲ།
དོན་འགྲུ་མཚོ་མོ་ཁྱོད་རང་གཞི་རྩའི་སློབ་སྦྱོང་ཡག་པོ་ཞིག་བྱེད་དགོས་པར་སེམས། ཁྱོད་རང་ཁོག་རྒྱ་ཆུང་དྲག་པ་མ་ཟད་མིག་རྒྱངས་ཀྱང་ཐུང་དྲག་འདུག ཁྱོད་རང་གི་བོད་དོན་བསམ་ནོ་བཏང་སྟངས་དེ་ཉི་མ་གཅིག་ལ་གྲོ་ཁོག་རྒྱག་ན་བོད་དོན་བདེ་མཐའ་ཧ་ལམ་འགྲིག་པ་འདྲ་བོ་འདུག ད་དུང་ནད་ཀྱིས་མ་ན་གདོན་གྱིས་མ་གཏབས་ན་ནི་བོད་རང་བཙན་གཙང་མ་ཐོབ་ཀྱི་རེད་བས། ངས་ལྟས་ན་དེ་ལྟར་མ་རེད། མི་རིགས་ཀྱི་ཐོབ་ཐང་རྩོད་ཡག་ལ་རྒྱུ་ལུས་ལ་ཆོག་ཤེས་བྱེད་ན་ནམ་ཡང་མི་འགྲིགས། གལ་ཏེ་དེ་ལྟར་བྱས་ན་ཕྱི་འབྱུང་གིས་འབྲས་བུ་དཔེར་ན། མི་རབས་རྗེས་མའམ། ཁྱོད་ཉིད་ཀྱི་སྐྱེ་བ་གཞུག་མ་དེ་རྒྱ་ཡི་ཆས་གོས་དང་རྒྱའི་ཞལ་ལག་དེ་བཞིན་རྒྱ་ཡི་གྲོང་ཁྱེར་ཞིག་ཏུ་འགྲིགས་རྒྱུ་ལས་གཞན་སྐུ་ཉིད་སྐྱེ་བ་ལེན་ས་མི་བརྙེད། གང་ཡིན་ཞེ་ན་བོད་མི་རིགས་འདི་ཉན་འཕྲང་ཅན་དུ་སླེབས་ཏེ་དེང་སྐབས་བོད་ས་ཡོངས་རྫོགས་རྒྱ་གུང་ཁྲན་མི་རིགས་ཀྱིས་གང་ཡོད།