མེ་སཱོར་ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ།
<གཅིག>
ཁ་བ་ཆེས་མཐུག་ས་ནས
གནམ་གཤིས་ཆེས་གྲང་ས་ནས
ལོ་རྒྱུས་ཀྱི་དྲག་རླུང་འཚུབ་ཞིང་།
ཐལ་རྡུལ་གྱིས་རི་ལུང་བཀང།
ད་དུང་ས་གཞི་ཡོངས་སུ་དམར་མདོག་ཏུ་བསྒྱུར་དུས།
ཁྲག་རྣག་གི་བང་རིམ་བརྟུལ་ཏེ།
བཟོད་སྒོམ་གྱི་སྒང་བུ་འཐོར་ནས།
མེ་ལྕེ་ཞིག་ཆེས་གྲང་ས་ནས་འབུད་དུ་ཐོན།
མེ་ལྕེ་དེ་ཆེས་ཚ་ས་རུ་འབར་རུ་སོང་།
<གཉིས>
ཚེ་སྲོག་ལ་བཞི་ཤད་འཁོད་དེ།
རྣམ་ཤེས་ཁྲི་ཕྲག་གི་འོ་དོད་ཁྲོད།
ཁ་བ་ཇེ་མཐུག་ཏུ་བབས་པའི་དགུན་གཞུང་དེར།
མེ་ལྕེ་གཅིག་དང་མེ་ལྕེ་གཉིས།
ད་དུང་མེ་ལྕེ་གསུལ་ཏེ་མེ་ལྕེ་དུ་མས།
ཁྱི་སྤྱང་གིས་ཁེངས་བའི་རི་གྲོང་དཀྲོགས་ལ།
ལོ་མང་རིང་གསོག་བའི་འཁྱགས་རོམ་དེ་ཡང་རིམ་གྱིས་བཞུ།
<གསུམ>
རེ་བ་ཡིས་ཕྱུག་པའི་མེ་ལྕེ་ཚོས།
མཛེས་སྡུག་གི་ཕྱོགས་སུ་དར་མཚོན་འཐེན་ལ
ལས་དབང་གི་བཅིངས་བའི་རྣམ་ཤེས་ཚོེས
ད་གཟོད་ཚེ་སྲོག་གི་རིན་ཐང་རྟོགས།
མེ་ལྕེ་ཨཱ་་་་་མེ་ལྕེ་་་་
ཁྱེད་ཀྱིས་ལོ་རྒྱུས་ལ་གཟི་འོད་བསྐྲུན་ལ
ཁྱེད་ཀྱིས་ལས་དབང་གི་ཁ་ལོ་བསྒྱུར།
ཁྱེད་མེད་ན། རི་གྲོང་འདི་སྟོང་ངེས་ལ
ཁྱེད་མེད་ན། རྣམ་ཤེས་ཚོ་བརླགས་ངེས།
ཁྱེད་ནི་ཆེས་བརྗིད་ཉམས་ལྡན་ལ།
ཁྱེད་ནི་ཆེས་ཡིད་དབང་འཕྲོག
གྲོགས་པོའི་སྙན་ངག་ཡག་གི་་་་་ཡིག་ནོར་ཁ་ཤས་ལ་དོ་སྣང་སྤྲད་མི་འདུག་་་༼རི་ལུང་བཀང་༽དང་༼མཛེས་སྡུག༽༼དར་མཚོན་འཐེན་༽ལྟ་བུ་སོགས།
གྲོགས་པོ་ཐོར་རྒོད་པ་སྦྱན་ཆབ་ལགས། ཐུགས་རྗེ་ཆེ་རྗེས་སུ་འདིའི་ཐད་དོ་སྣང་སྤྲད་ཆོག
ཚེ་སྲོག་ལ་རྫོགས་ཚིག་བྲིས་པའི་མེ་ལྩེ། ཁྱོད་ཉིད་སྐམ་ས་ཆེན་མོའི་རླུང་དམར་ཁྲོད་ནས་འཆེད་དེ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྤོབས་སེམས་ཀྱིས་འབར། ཨ…..མེ་ལྕེ་…..ཁྱེད་ཀྱིས་……ཁ་བ་ནག་པོར་གྱུར་བའི་སྦྲ་གུར་གྱི་དགུན་གཞུང་གྲང་མོར་ལྷག་བསམ་གྱི་དྲོད་ཁོལ་སྦར།
རྒྱ་ཡི་
ངན་སེམས་འཁྱགས་རོམ་རྙིང་མཐུག་རྣམས་
མེ་ལྖེས་བཞུར་སོང་།
རྒྱ་ཡི་
གདུག་རྩུབ་བཙོན་ཁང་མུན་ནག་ནང་ལ་
མེ་ལྖེ་སྤར་སོང་།
རྒྱ་ཡི་
ངན་གཡོའི་ངན་འཆར་ཤོག་ལྷེ་རྣམས་
མེ་ལྕེར་བསྲེགས་སོང་།
རྒྱ་ཡི་
བོད་མིར་མ་དྲང་བ་འཛིན་པའི་རྨོངས་མུན་ལ་
མེ་ལྖེས་གསལ་སོང་།
རྒྱ་ནག་པོ་གུང་ཁྲན་གཞུང་གིས། །
བོད་ཆོལ་གསུམ་བཙན་གནོན་མ་བཟོད། །
སྙིང་རས་པ་ཅན་གྱི་བོད་མིས། །
ལུས་འཕང་མེད་མེ་ལ་བསྒྲོན་གི །
རང་རིགས་ཀྱི་དཔའ་བོ་རྣམས་ཀྱིས།།
རང་སྲོག་ལ་གཅས་པ་འཛིན་དེ།།
རང་ལུས་དེ་མཆོད་པ་མ་འབུལ།།
རང་ནུས་ཀྱིས་སྲིད་ཞུ་བསྒྲུབས་དང།།
རང་རྒྱལ་གྱི་བདེ་སྐྱིད་ཆེད་དུ།།
རང་ཚེ་ཡིས་མཆོད་པ་བརྗིད་ཡང།།
རང་དགོས་ཀྱི་རིགས་གནས་སྦྱོང་ནས།།
རང་རྒྱུད་འདི་བསྐྱངས་བ་ངོ་མཚར།།
རང་དབང་གི་རྩ་བ་དེ་ནི།།
རང་ལུགས་ཀྱི་སྐད་དང་ཡིག་གེ།།
རང་སྲོལ་གྱི་ཆས་དང་ཆ་ལུགས།།
རང་བཞིན་དེ་བརྟན་པོ་འཛིན་རྒྱུ།།
རང་ཡུལ་གྱི་སྤུན་ཟླ་རྣམས་པས།།
རང་ཟོན་གྱི་ངོ་བསྟོད་དོར་དེ།།
རང་རང་གི་སྟོབས་ཤུགས་སྟོན་ནས།།
རང་ཚུགས་དེ་ཤོར་རུ་མ་འཇུག།།