དེ་རིང་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་སྐུ་ཞབས་དྲི་བྲལ་མཆོག་བཞུགས་སྒར་དུ་༧གོང་ས་མཆོག་ལ་འཚམས་འདྲི་བརྒྱུད་ད་ལྟའི་བོད་ནང་གི་གནས་སྟངས་ཆེད་གདུང་སེམས་མཉམ་བསྐྱེད་དུ་ཆེད་ཕེབས་གནང་བ་དང་། ༧གོང་ས་མཆོག་སྐུ་དངོས་གནམ་ཐང་དུ་ཕེབས་བསུར་བཅར་སྟེ་བསུ་བ་བྱས་ཤིང་། དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་མཛད་སྒོ་གཟབ་རྒྱས་ཤིག་བསྡུས་བའི་སར། ༧གོང་ས་མཆོག་དང་སྐུ་ཞབས་དྲི་བྲལ་གཏན་ཞལ་ལྷན་རྒྱས་དགྱེས་འཛོམས་ཐོག རྡ་སའི་བོད་མི་སྟོང་ཕྲག་མང་པོས་དགའ་བསུ་གཟབ་རྒྱས་ཞུས་པའི་འདུ་འཛོམས་སར་༧གོང་ས་མཆོག་གིས་སྐུ་ཞབས་དྲི་བྲལ་གྱི་མཛད་རྗེས་དང་ཁོང་དང་ཐུགས་འདྲིས་བྱུང་ཚུལ་ནན་བཤད་གནང་། དེའི་རྗེས་སྐུ་ཞབས་དྲི་བྲལ་མཆོག་གིས་ཡིད་འགུལ་ཐེབས་པའི་ངང་གསུང་བཤད་གནང་དོན།
༧གོང་ས་མཆོག་དང་སྐུ་ཞབས་ཨ་ཇེ་མཆོག་གིས་གཙོས་མཛེས་སྡུག་ལྡན་པའི་མང་ཚོགས་རྣམས་ཀྱིས་ངོས་ལ་འཚམས་འདྲི་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རིང་འདིར་ང་རང་ལོ་ ༨༠ སོན་པའི་སྐྱེ་སྐར་གྱི་དགའ་སྟོན་རྟེན་འབྲེལ་ཚང་བ་ཞིག་བྱུང་ཞེས་བརྗོད་རྒྱུ་ཡིན། འདིར་གནམ་གཤིས་གྲང་ངར་ཆེ་ཡང་ཁྱེད་ཚོའི་མཛའ་བརྩེའི་དྲོད་རླབས་ཕྱུར་བཞིན་འདུག བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ས་ཕྱོགས་ཚང་མའི་ནང་དགའ་མོས་ཞུ་ས་ཞིག་ཡིན། སྐབས་ཞིག་ལ་ཁོང་དང་ལྷན་ཨ་རིའི་གྲོང་ཁྱེར་སི་ཡ་ཊལ་ནང་དུ་བསྐྱོད་སྐབས་རྩེད་ཐང་ཆེན་མོ་ཞིག་གི་ནང་དུ་མང་ཚོགས་ ༦༠༠༠༠ ཙམ་གྱིས་ཁོང་ལ་ཕེབས་སྒུག་ཞུ་བཞིན་འདུག ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ངས་ད་བར་མཇལ་འཕྲད་ཞུས་པའི་མི་སྣ་རྩ་ཆེ་ཤོས་དེ་ཆགས་ཡོད།
གཞན་ལ་སེམས་འགུལ་གཏོང་རྒྱུའི་ནུས་པ་ཁྱད་དུ་འཕགས་པ་ཞིག་ཁོང་ལ་ལྡན་ཡོད། དེར་བརྟེན་ངས་རྒྱ་ནག་གཞུང་ལ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་སྟེང་ཞི་བདེར་དགའ་མོས་ཆེ་ཤོས་གནང་མཁན་ཞིག་རེད་ཅེས་བརྗོད་རྒྱུ་མ་ཟད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དམག་མི་མེད། ཁོང་གི་བཀའ་འོག་ཏུ་མེ་མདའ་ཁྱེར་ནས་བཀའ་སྲུང་ཞུ་མཁན་དམག་མི་གཅིག་ཀྱང་མེད། ཁོང་ཁ་བྲལ་བ་ཞིག་མིན། རྒྱ་ནག་དཔོན་རིགས་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གང་འཁོད་ཡོད་པ་དེ་བོད་མི་ཚོར་ལག་བསྟར་བྱེད་རོགས་ཞེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན།
རྩ་ཁྲིམས་ནང་རང་སྐྱོང་གནས་བབ་ཀྱི་ཐོབ་ཐང་ཡོད་པ་འཁོད་ཡོད། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོས་མངོན་འདོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གང་འཁོད་པ་དེ་ཡིན། ང་ཚོས་རྒྱ་ནག་དཔོན་རིགས་ཚོར་དྲན་སྐུལ་གཏོང་རྒྱུ་ཞིག་ནི། འཇིག་རྟེན་འདི་ནི་བཟང་སྤྱོད་ཀྱིས་ཟིན་པ་ཞིག་ཡིན། བཙན་གནོན་དང་ཧམ་བཤད། གདུག་རྩུབ་བཅས་ལ་མཐའ་མའི་རྒྱལ་ཁ་ཐོབ་ཐབས་མེད། ཉིན་གཅིག་ང་ཚོས་བོད་དུ་ཁྱེད་ཚོར་ཐུག་འཕྲད་ལ་ཡོང་རྒྱུ་ཡིན། དཀོན་མཆོག་གིས་་བོད་ནང་རང་དབང་གི་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་རྒྱུར་རྒྱབ་སྐྱོར་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གྲུབ་མཚམས།
རྒྱ་གར་དང་བོད་མིའི་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་མཚམས་མཛད་སྒོ་གྲོལ་བ་བཅས།
༼ གངས་སྐྱིད་ཀྱི་ལོག་ཡིག་ཏུ་སྒྲ་བསྒྱུར་བྱས་པ་ཌུ་ཌུ་བྲིས་འདུག་པ། ཁོ་བོས་དྲི་བྲལ་བྲིས་པ་ཡིན། ༽
གཞན་ལ་སེམས་འགུལ་གཏོང་རྒྱའི་ནུས་པ་དེ་ནི། གོང་༧ས་མཆོག་ལ་ལྷན་སྐྱེས་སུ་ཡོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་དེ་ཉིད་ཡིན་ནོ།
ཞི་བདེའི་དེད་དཔོན་ཡེ་ཤུའི་བླ་ཆེན་ཊུ་ཊུ་མཆོག་གིས་གོང་ས་མཆོག་ཁ་བྲལ་བ་མིན་པ་དང་གསལ་བཤད་འབོད་སྐུལ་གནང་བ་རྒྱ་གཞུང་གིས་ཏན་ཏན་གསན་ཡོད་པ་རེད། །བཙན་གནོན་དང་ཧམ་བཤད། གདུག་རྩུབ་བཅས་ལ་མཐའ་མའི་རྒྱལ་ཁ་ཐོབ་ཐབས་མེད་པས། དུས་ཡུན་རིང་པོ་མི་ཐོགས་པར་བདེན་པའི་མཐའ་གསལ་ཏེ་གོང་ས་མཆོག་བོད་ལ་གདན་འདྲེན་ཞུས་ཏེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དུས་འཁོར་དབང་ཆེན་གནང་བར་འཆར་ལ་ཉེ།
མཐུ་ལྡན་སྲུང་མ་དམར་ནག་དྲག་ཁྲོས་ནས།།
ལྷ་དམག་གནམ་ས་འཁྲིགས་པའི་དཔུང་འཇུག་གིས།།
བོད་ཀྱི་ཡུལ་དུ་འགོང་བོ་སྤུན་དགུ་རྣམས།།
ད་ནི་བོད་ནས་ཕྱིར་ལ་སྐྲོད་རན་རེད།།
བླ་ཆེན་ཁོང་གིས་སེམས་གཏམ་ངོ་མ་གླེང་འདུག་པར་དགའ་བསུ་ཞུ།
ཆོས་དང་ཤ་མདང་མིན་གཅིག་ལ། །
འཚོ་ཡུལ་གླེང་ཕྲན་ཐ་དད་ཀྱང་། །
བདེན་པའི་ཕྱོགས་སུ་ལངས་ནས་ནི། །
སྙིང་གཏམ་བསྒྲགས་པར་བཀའ་དྲིན་ཆེ། །
ཆོལ་གསུམ་བོད་མིའི་སྡུག་བསྔལ་ཁུར། །
ཐུགས་དང་བརྩེ་བས་མ་བཟོད་པར། །
སྙིང་སྟོབས་ཕྲག་ཏུ་བཟུང་བ་ཡི། །
ང་ཡི་བླ་མ་རྒྱལ་གྱུར་ཅིག
ཡི་ཤོའུ་བླ་ཆེན་ཏྲུ་ཏྲུ་ནི་དངོས་ནས་ཞི་བདེའི་དེད་ཆེན་པོ་རེད་དེ་བྱང་ཆུབ་སེམས་པ་རེད་འདུག
དཀར་ཕྱོགས་དང་བདེན་པ་ལ་རྒྱབ་སྐྱོར་དང་ནག་ཕྱོགས་དང་རྫུན་པ་ལ་མི་དགའ་མཁན་ཞིག་རེད་འདུག
ཁོང་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་སྒྲུབ་སྟེ་འཛམ་བུ་གླིང་འདིར་ཞི་བདེའི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ལན་བརྒྱར་ཞུ་ཞུ།
ཐུགས་རྗེའི་བདག་ཉིད་ཅན་གྱི་སྐྱབས་མགོན་དང་། །
བྱམས་བརྩེའི་འོ་མཚོ་ལྡན་པའི་བླ་ཆེན་མཆོག །
འཛམ་གླིང་ཞི་བདེའི་དེད་དཔོན་རྣམ་གཉིས་ནི། །
གནས་འདིར་ཞལ་འཛོམས་བྱུང་བའི་ཉི་མ་ཤར། །
རྒྱ་ནག་གཞུང་གིས་གོ་སྐབས་འདི་དམ་འཛིན་གནང་རོགས། ཁྱེད་ཚོར་དངོས་གནས་བོད་མི་ཚོའི་ཆིག་སྒྲིལ་དགོས་ན། བླ་མ་དྲི་བྲལ་ལགས་ལ་སྙིང་དབུས་ནས་ཕྱག་འཚལ་ཞིང་ཐུགས་རྗེ་ཆེ་ཞུ། ཁྱེད་རང་ལྟ་བུའི་རྒྱབ་སྐྱོར་བ་མང་པོ་ང་ཚོ་བོད་མི་རིགས་ལ་དགོས་ཀྱི་འདུག ང་ཚོས་ནམ་ཡང་མི་བརྗེད། ཁྱེད་སྐུ་ཚེ་བརྟན་པར་ཤོག
༸གོང་ས་མཆོག་དང་ཆོས་དཔོན་ཊུ་ཊུ་མཆོག་རྣམ་པ་གཉིས་༸སྐུ་ཚེ་ཡུན་བརྟན་ཤོག ཆོས་དཔོན་མཆོག་གིས་བདེན་པར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། རྒྱལ་འགྱུར་ཅིག བདེན་པ་རྒྱལ་འགྱུར་ཅིག བདེན་པ་ཉིད་རྒྱལ་འགྱུར་ཅིག །
མི་རིགས་མི་གཅིག་དཀར་ནག་ཐ་དད་རེད། །
ཆོས་ལུགས་མི་གཅིག་རང་རང་་སོ་སོ་རེད། །
ཡུལ་ལུང་མི་གཅིག་གླིང་ཕྲན་ཁག་ཁག་རེད། །
འོན་ཀྱང་དེད་དཔོན་ཟུང་གི་དགོངས་གཞི་གཅིག །
བླ་ཆེན་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཚེ་ཡུན་དུ་བརྟན་པར་ཤོག འཕགས་མཆོག་གངས་ཅན་མགོན་པོ་སྐུ་ཚེན་ཡུན་དུ་བརྟན་པར་ཤོག
དེ་སྔོན་བོད་དུ་སྐུ་སྲུང་དམག་མི་དང་། ༡༩༥༩ ལོར་ནང་མི་བུ་ཕྲུག་བཅས་བཞག་ནས་སྐུའི་བསྲུང་བྱར་རྒྱ་གར་ས་མཚམས་བར་བཅར་ཞིང་། དེ་རྗེས་ལྷོ་བྲག་དོ་བོ་རྫོང་དུ་དགྲ་བོར་མེ་རྡེལ་མ་རྫོགས་བར་འཛིངས་མྱོང་བའི་དཔའ་བོ་དགོང་ལོ་༨༡་ཟིན་པ་ཞིག་ཁ་ས་སྐུ་བཤེགས་སོང་། བྱས་རྗེས་ཡོད་པའི་མི་རྒན་པ་རྣམས་དེ་འདྲ་བྱས་ནས་བཤེགས་པར་བློ་ཕམ་ཆེ།
ད་ལྟའི་དུས་འཛམ་གླིང་གི་མི་ཆེན་ཊུ་ཊུ་ལྟ་བུས་བོད་དོན་ཐོག་བཀའ་ྊམོལ་འདི་འདྲ་གསུངས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་རེ་སྤྲོད་རྒྱུ་ཁ་ཚ་དགོས་གཏུགས་རེད། ཆོས་དཔོན་ཁྱེད་ལ་གུས་རྩི་ཞུ།
ད་དུང་རྒྱ་ནག་གཞུང་གི་གདུག་རྩུབ་དང་། མནར་གཅོད་འོག་འཚོ་བཞིན་པའི་རྒྱ་རིགས་མི་དམངས་རྣམས་ལ་སོ་སོའི་རང་དབང་དང་། བདེ་སྐྱིད་ཀྱི་ཆེད་ཡར་ལངས་ནས་མང་གཙོ་མཁོ་སྒྲུབ་བྱ་རྒྱུར་སྐུལ་མ་རེ་གཏོང་ཐུབ་ན། མི་རིང་བར་འགྲོ་བ་མི་རིགས་ཁྲི་ཚོ་ཁ་ཤས་མི་ཡུལ་གྱི་དམྱལ་དོང་ནས་སྐྱབས་པའི་བྱས་རྗེས་འཇོག་ཐུབ་ངེས།།།།།།།།།།
ཞི་བདེ་དེད་དཔོན་རྣམས་དཔོན་རྣམས་གཉིས་བོད་ཀྱི་རྒྱལ་ས་གཉིས་པ་རྡ་རམ་ས་ལ་ལྷན་འཛོམས་བྱུང་བས་འཛམ་གླིང་ཞི་བདེ་ཤོག།
༧གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག ཐུགས་ཀྱི་འདོད་དོན་མཐའ་དག་མྱུར་ཏུ་འགྲུབ་པའི་སྨོན་འདུན་ཞུ། བླ་ཆེན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཚེ་ཡུན་དུ་བརྟན་པར་ཤོག ང་ཚོ་བོད་མི་དམངས་ཀྱི་ཆེད་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ། བོད་རྒྱལ་ལོ། །
སྲིད་སྐྱོང་བློ་བཟང་སེང་གེས་སྐུ་མགྲོན་ལ་གོས་གདན་འདིང་བ་དང་སྐད་སྒྱུར་བྱ་བ་སོགས་ལ་དོགས་བདེ་མ་སོང་། རྒྱལ་ཁབ་ཅིག་གི་སྲིད་སྐྱོང་ཡིན་ན་དེས་བྱ་འོས་བ་དང་མི་འོས་པའི་ལུགས་ལ་དཔལ་མགོན་ཀླུ་སྒྲུབ་སོགས་ཀྱི་བསྟན་བཅོས་དང་བོད་མཁས་དག་གི་ལེགས་བཤད་ནང་དུ་ལྷུག་པོར་བཀོད་ཡོད། བླུན་པོ་སྨྲ་བ་ཉུང་ན་མཛེས། རྒྱལ་བོ་ལྐོག་ཏུ་འདུག་མཛེས། ཕྱིས་སུ་འདི་འདྲའི་མཛད་སྟོན་ཐོག་སྲིད་སྐྱོང་དང་སྲིད་བློན་དག་མང་ཚོགས་ཀྱི་གྲལ་གདན་སྟེང་ནས་བསྡད་དེ་༧གོང་སའི་བསླབས་བྱ་ལ་ཉན་ན་མཛེས།