བོད་ནང་རྒྱ་ནག་གིས་ལག་བསྟར་བྱས་པའི་སྲིད་བྱུས་ཀྱིས་བོད་མིའི་གཞི་རྩའི་རང་དབང་ཙམ་ལའང་འགན་ཁྱེར་མ་ཐུབ་པས་ས་བྱི་ཞི་རྒོལ་ཆེན་མོ་དང་། ༢༠༠༩ ནས་མེར་རང་ལུས་མེར་བསྲེགས་ལས་འགུལ་གཙོས་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་དངོས་ཡོད་དཀའ་ངལ་ཞི་བའི་སྒོ་ནས་ཕྱིར་བཏོན་བྱས་ནའང་། རྒྱ་ནག་གཞུང་གིས་དམག་དང་མཚོན་ཆ་བེད་སྤྱོད་ཀྱིས་དྲག་གནོན་བྱས་པ་དང་། བོད་མིའི་ལས་འགུལ་དེ་རིགས་ནི་ས་ཁུལ་བྱེ་བྲག་པ་ཅིག་དང་། ན་གཞོན་རེ་འགའ་ཚོར་བའི་ངར་ཤུགས་འོག་ཐོན་པར་ངོས་འཛིན་བྱེད་པ་ནི་ཧ་ཅང་གི་ནོར་འཁྲུལ་ཚབས་ཆེན་ཡིན།
བཙན་བྱོལ་བོད་མིའི་འདས་པའི་དུས་རབས་ཕྱེད་ཀའི་རིང་རྒྱ་གཞུང་གིས་བོད་དོན་ལ་བཟང་ཕྱོགས་ཀྱི་བསམ་གཞིག་མི་བྱེད་པ་དང་། ཐག་གཅོད་བྱ་འདོད་མེད་པར་དངོས་དོན་བོད་མི་རྩ་སྟོང་དུ་འགྲོ་རྒྱུ་ཁོ་ནའི་སྦྱོར་བ་རྩོམ་བཞིན་ཡོད་ནའང་། བོད་མི་རིགས་འདི་ཤི་མ་གསོན་གྱི་འཚོ་གནས་འདེམས་མཁན་ཞིག་མིན་པ་བོད་ཀྱི་ལོ་རྒྱུས་ཀྱིས་བདེན་དབང་ཡོད་ལ། དེ་རིང་སང་ཉིན་རང་ལུས་མཆོད་མེར་སྒྲོན་བཞིན་པའི་བོད་མིའི་སྙིང་སྟོབས་ཀྱིས་དེ་བས་ཀྱང་ར་སྤྲོད་བྱས་ཡོད་པས། རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་ཀྱང་ད་ལྟའི་བོད་ནང་འཛིན་པའི་སྲིད་བྱུས་འཕྲལ་དུ་བསྒྱུར་བཅོས་མ་བྱས་ཚེ། དུས་ཚོད་ཀྱི་སྔ་ཕྱི་མ་གཏོགས་ཁུངས་མི་འཁྱོལ་བ་ངོས་ཟིན་གྱིས། མི་རིགས་འཆམ་མཐུན་དང་འདྲ་མཉམ། རྒྱ་ནག་གི་རྒྱལ་སྤྱིའི་གཟུགས་བརྙན་ལ་སྲུང་སྐྱོབ་བཅས་ཀྱི་ཆེད་རྒྱ་བོད་གཉིས་སྨན་ལྟ་གྲུབ་ཀྱི་དགོངས་དོན་ལྟར་ ༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་ཟིན་པའི་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་བཞིན་གྲོས་གཞིར་བཞག་ནས། གང་མགྱོགས་བོད་དོན་ཐག་གཅོད་བྱེད་པ་དང་། མེར་བསྲེགས་གཏོང་མཁན་ཚོའི་མངོན་འདོད་བཞིན་༧གོང་ས་མཆོག་བོད་ནང་ཆིབས་བསུ་གནང་རྒྱུ་བཅས་ནི་འཕྲལ་ཕུགས་གང་དུའང་རྒྱ་བོད་གཉིས་བརྟན་གནས་དང་། བརྟན་གནས་ལ་དོན་སྙིང་ལྡན་པ་བཅས་ཀྱི་དངོས་རྒྱུ་ཡིན་པ་ཤེས་བཞིན་རི་བོང་རྡོ་རྫིས་མི་བྱེད་པར་ཞལ་གསང་བོ་གནང་རྒྱུའི་འབོད་སྐུལ་དང་ཆབས་ཅིག་གཞིས་ལུས་རྒྱ་ཆེའི་བོད་རིགས་མི་མང་ལའང་འབོད་སྐུལ་ཁག་ཅིག་ནི།
༡༽བསྟན་སྲིད་ཉག་ཕྲའི་སྐབས་རྒྱལ་སྲས་སེམས་དཔའི་མཛད་པ་བདག་གིར་བཞེས་ཏེ་རང་ལུས་མཆོད་མེར་སྒྲོན་པར་འཇིག་རྟེན་དུ་མཚུངས་ཟླར་རུང་བའི་དངོས་བོ་མེད་ཀྱང་། ད་ལྟའི་མཁྲེགས་འཛིན་ཅན་གྱི་རྒྱ་ནག་གཞུང་གི་དྲག་སྤྱོད་ལ་ལ་ལྟོས་ན། ཚེ་སྲོག་བློས་གཏོང་གིས་མིའི་རང་དབང་སྒྲུབ་པའི་རླབས་ཆེན་བྱས་རྗེས་ངོས་ཟིན་དཀའ་བ་འདུག་པས། བོད་མི་ཚོས་འཚོ་གནས་ཡུན་རིང་གིས་ངང་སྲིང་ངོ་བོ་ཟིན་པའི་ལས་དོན་གནང་རྒྱུའང་གལ་ཆེ་བར་འདུག་ན། སྐད་ཅིག་བློས་གཏོང་ལས་གསོན་པོའི་མཛད་འཕྲིན་སྐྱོང་རྒྱུའི་འབོད་སྐུལ་སྙིང་ནས་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་མི་གནས་སྡོད་རང་སྐྱོང་ཁུལ་དང་རྫོང་བཅས་ལ་བཅའ་ཁྲིམས་ཀྱིས་ཐོབ་ཐང་བསྐྲུན་པ་རྣམས་དོན་དངོས་ལག་བསྟར་ཡོང་ཕྱིར་ཐོབ་ཐང་རྩོད་པ་དང་། ས་གནས་བོད་མིའི་འཚོ་བ་དང་རིག་གནས་སོགས་ལ་རྒྱབ་འགལ་དུ་གྱུར་བའི་བཅའ་ཁྲིམས་ཀྱི་དགོངས་དོན་བཟོ་བཅོས་ཐུབ་ཕྱིར་བསམ་ཚུལ་བཏོན་སྟེ།༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽གྱི་ནང་དོན་མངོན་གྱུར་ཡོང་ཐབས་སུ་འབད་བརྩོན་གནང་དགོས།
༢༽རྒྱ་ནག་གིས་གཡོ་ཐབས་སྣ་ཚོགས་ཀྱིས་བོད་ཀྱི་འབྲོག་པ་གནས་སྤོ་བྱ་དགོས་པའི་ངན་ཇུས་འོག་འབྲོག་པའི་འཚོ་གནས་རྩ་མེད་བཟོ་འཆར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་དོ་ཁུར་དཔྱད་ཞིབ་བྱེད་བཞིན་པ་ལྟར། ས་གནས་ཁག་ཅིག་འཐབ་ཕྱོགས་གཅིག་གྱུར་གྱི་གཡོ་ཐབས་འོག་ཚུད་དེ། ཆོས་དང་བསྲེས་པའི་བྱེད་སྒོ་སྣ་ཚོགས་ཀྱིས་འབྲོག་པའི་འཚོ་བ་རྩ་སྟོང་འགྲོ་གཞིར་གྱུར་བ་རྣམས་འཕྲལ་དུ་མཚམས་འཇོག་ཡོང་བ་དང་། འབྲོག་པའི་ལོ་ངོ་སྟོང་ཕྲག་ལྷག་གི་སྲོལ་རྒྱུན་མི་ཉམས་གོང་འཕེལ་བྱ་རྒྱུར་ཤེས་ཡོན་པའི་སྡེས་འགན་ཁུར་ལེན་བཞིན་པར་གུས་བརྩི་དང་རྒྱབ་སྐྱོར་ཡོད།
༣༽ལོ་ཤས་སྔོན་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་རྒྱ་ནག་གི་གཞུང་ཚབ་ཁག་དང་། བོད་བལ་ས་མཚམས་འགྲམ། ས་ཚིགས་ཁག དེ་བཞིན་ཕྱི་བསྐྱོད་ལག་ཁྱེར་སྤྲོད་ས་བཅས་སུ་བོད་རིགས་ལས་བྱེད་ཕོན་ཆེ་འགྲེམས་འཇོག་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་འགལ་ཟླ་བཟོ་འཆར་ལ། བཙན་བྱོལ་བོད་མིའི་ཉེ་འབྲེལ་ལ་འཐབ་ཕྱོགས་གཅིག་གྱུར་གྱི་བོད་རིགས་ལས་བྱེད་མི་སྣ་མངགས་ནས་གནོན་ཤུགས་རབ་དང་རིམ་པར་སྤྲོད་པ། ཉིན་འགའི་སྔོན་༼བླ་སྤྲུལ་གྱིས་གཏན་འཇགས་གླེང་བ་༽ཟེར་བས་བླ་མ་དང་དད་ལྡན་མི་མང་བར་འགལ་བ་བཟོ་བཞིན་པ་སོགས་ངན་ཇུས་སྣ་ཚོགས་རྩོམ་བཞིན་པ་རྣམས་གསལ་རྟོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་གནང་དགོས།
༤༽ཡིན་ནའང་བླ་སྤྲུལ་དང་། བོད་རིགས་ལས་བྱེད་ཉུང་ཤས་ཀྱིས་སྒེར་གྱི་ཁེ་ཕན་ཁོ་ནས་བོད་མི་རིགས་ཀྱི་བླ་བཙོང་ཞབས་འདྲེན་གྱི་ལས་ཀ་བྱེད་མི་སྲིད་པ་མིན་ལ། ཉེ་བའི་ཆར་ཡང་བོད་མི་གནས་མཇལ་བའི་ལག་ནས་གྱོན་གོས་རས་སྣ་ཚུན་ཆད་བཙན་འཕྲོག་བྱེད་བཞིན་པའི་ཇག་རྐུན་གྱི་ཐབས་སྐྱོའི་བྱ་སྤྱོད་ཐོན་འདུག དེ་དག་རྒྱ་གཞུང་གི་བཅའ་ཁྲིམས་དང་མི་མཐུན་པས། ཚུལ་མིན་བྱ་སྤྱོད་དེ་རིགས་ལ་ལུགས་དང་མཐུན་པའི་ངོ་རྒོལ་བྱེད་དགོས་པ་དང་། བོད་རིགས་དེ་དག་ལ་འདི་ནས་ཀྱང་ཞིབ་འཇུག་གི་ལམ་ཁ་བསྟེན་སྟེ་དྲ་ངོས་སོགས་སུ་ཡོང་བསྒྲགས་ཀྱང་བྱ་སྲིད།
༥༽བོད་རིགས་ལས་བྱེད་གུང་བྲན་ཏང་མི་དང་། སློབ་གྲྭ་ཁག་གི་དགེ་རྒན། སློབ་ཆེན་སློབ་མ། སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ། ཞིབ་འཇུག་པ། དགོན་སྡེ་ཁག་གི་བླ་སྤྲུལ་མཁན་ལས་རྣམས་ཀྱིས་བོད་ཀྱི་ད་ལྟའི་དཀའ་ངལ་རྣམས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་བཅའ་སྒྲིག་ཁག་དང་མཐུན་པར་ཀྲུང་དབྱང་ལ་ཞུ་སྙན་འབུལ་རྒྱུ་དང་། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་གཞུང་ལ་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽་ལ་རྣམ་དཔྱོད་དང་ལྡན་པའི་གཞོགས་འདེགས་བྱ་དགོས། དེ་བཞིན་བོད་མིིའི་འཐབ་རྩོད་ཀྱི་ལས་འགུལ་གང་ཡིན་རིགས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྒྱ་ལས་མ་བརྒལ་བ་གནང་དགོས་པར་མི་མང་ལ་གོ་བསྐོན་སློབ་གསོ་ཐོབ་ཐབས་བྱེད་དགོས།
༦༽རྒྱ་ནག་མི་མང་ཁྲོད་སྤྱི་ཚོགས་འཆམ་མཐུན་དང་། མི་རིགས་ཀྱི་ཐོབ་ཐང་འདྲ་མཉམ། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ངོ་སྤྲོད་གསལ་བཤད་ཡོང་ཐབས་དང་། ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་འགན་འཁུར་ཡོངས་རྫོགས་གུང་ཁྲན་ཏང་གཞུང་འཛིན་ཚོགས་པ་རང་ཉིད་ལ་ཡོད་པས་གནས་བབ་འགྲེལ་བརྗོད། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་རྒྱབ་འགལ་བྱེད་ཀྱི་མེད་པའི་གནས་སྟངས་གསལ་བཤད་བྱེད་དགོས་པ་བཅས།
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གིས་ཕྱི་ལོ་༢༠༡༢།༢།༡༡ཉིན།
དབུ་ལམ་ལས་འགུལ་ཁང་ལ་རྗེས་སུ་ཡི་རངས་ཞུ། གནད་ལ་འཁེལ་བའི་ལམ་སྟོན་འབོད་སྐུལ་ཞུས་འདུག ང་ཚོས་རང་རང་ས་ནས་ཤུགས་འདོན་རྒྱུ་དངོས་གནས་གལ་ཆེ་རེད།
དབུ་མའི་ལམ་གི་དགོངས་དོན་འདི་རྒྱ་ཁྱབ་ཏུ་སྤེལ་དགོས་ན་མང་ཚོགས་དཀྱིས་མའི་ནང་ཚོགས་མི་མང་ཙམ་ཡོང་བ་བྱེད་དགོས་པ་དང་། མང་ཚོགས་དཀྱིས་མ་དག་བརྒྱུད་ནས་གུང་ཁྲན་ཏང་ཡོན་པ་ཚོའི་རྣ་ཁུང་ནང་ལྡུག་དགོས་གི་རེད། ག་ལེ་ག་ལེར་མཐོ་རིམ་དཔོན་རིགས་དག་གི་སེམས་ལ་ཡག་པོ་འབབ་ཐུབ་པ་ཅིག་བཟོ་དགོས་པ་རེད།
དེ་འདྲ་བྱས་ནས་ང་ཚོའི་མི་གཅིག་གི་སྲོག་ཡིན་ནའང་ཤོད་མ་དགོས་པ་ཉིན་གཅིག་ཡིན་ན་ཡང་སྔོན་ཙམ་ལ་བྱེད་ཐུབ་པའི་འབད་བརྩོན་དང་ཤུགས་བསྣོན་རྒྱག་དགོས་གི་རེད།
རྒྱ་ནག་མི་མང་ཁྲོད་སྤྱི་ཚོགས་འཆམ་མཐུན་དང་། མི་རིགས་ཀྱི་ཐོབ་ཐང་འདྲ་མཉམ། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ངོ་སྤྲོད་གསལ་བཤད་ཡོང་ཐབས་དང་།
ང་དྲི་བ་ཞིག་ཡོད་པ་ནི་བོད་ཁུལ་དུ་རྒྱ་མི་དང་བོད་མིའི་བར་ལ་དཔལ་འབྱོར་གྱི་འབྲེལ་བ་ལས་གཞན་པའི་འབྲེལ་བ་ཡོད་མཁན་ག་ཚོད་འདུག མ་ཟད་བོད་མི་དཀྱུས་མ་དེ་ཚོ་ཁྲོད་དུ་རྒྱ་སྐད་བྱང་ཆུབ་པར་ཤེས་མཁན་ཡང་ཉུང་ཉུང་ཡིན་པས་ཇི་ལྟར་འགྲེལ་བཤད་རྒྱག དབུ་མའི་ལམ་ཟེར་བ་དེ་རྒྱུན་འཁྱོངས་བྱས་ནས་ལོ་འདི་དག་གིས་ཁྲོད་དུ་རྒྱ་མི་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ཤེས་མཁན་ཇི་ཙམ་ཡོད། ང་རྒྱ་ཁོག་ལ་སློབ་སྦྱོང་རྐྱང་རྐྱང་ལ་ལོ་༧ལ་བསྡད་པ་ཡིན། སློབ་གྲོགས་ཁྲོད་བརྒྱ་ཆ་༩༩ཚང་མ་རྒྱ་རིགས་སློབ་མ་རེད། ངས་ཁོང་ཚོར་འགྲེལ་བཤད་མ་བརྒྱབ་བསམ་པ་མེད་ནའང་གནས་ལུགས་རྟགས་མཁན་དང་བསམ་བློ་ཀུ་ཡངས་ཡོད་མཁན་ཆེས་ཤིན་ཏུ་ཉུང་ཉུང་རེད། དེར་མ་ཟད་བོད་ཁུལ་གྱི་ས་ཆ་ལ་ལར་བོད་ཡིག་སྤྱོད་པར་ཡང་བཀག་འགོག་རབ་དང་རིམ་པ་བཟོ་གི་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ནང་དུ་གཏན་འཁེལ་བྱས་ཡོད་ནའང་དོ་དག་མང་པོར་ཁ་གཡར་ཏེ་བོད་ཡིག་སྤྱོད་ཀྱི་བཀག་འགོག་བཟོ་གི་ཡོད། གནས་ལུགས་བཤད་ས་མེད་པས་ད་གཟོད་ཐབས་ཟད་འུ་ཐུག་གི་གནས་ཚུལ་འདི་དག་བྱང་བ་རེད།
རྒྱ་མི་དེ་ཚོར་འགྲེལ་བཤད་རྒྱག་ནས་བོད་གཞུང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་ནི་སྟོང་བསམ་ཁོ་ན་རེད། ཕྱི་ཕྱོགས་ནས་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་ན་འགྲིག་རྒྱུ་རེད། ཡིན་ནའང་བོད་ནང་ནས་འགྲེལ་བཤད་རྒྱག་ཟེར་བ་ནང་བོད་ནང་གི་ད་ལྟའི་གནས་སྟངས་ལ་རྒྱུས་ལོན་མེད་པའི་བཟོ་རེད།
ངས་ཡང་སྐྱར་སྐད་ཡིག་གི་གནད་དོན་ཞིག་བཤད་པ་འདོད། ད་ལོ་ནས་བཟུང་མཚོ་སྔོན་གྱི་བོད་ཡིག་གི་མཐོ་འབྲིང་མང་པོར་བཙན་ནམ་ཤེད་ཀྱིས་རྒྱ་ཡིག་ལ་བསྒྱུར་དུ་བཅུག་ཡོད། བོད་ལྗོངས་ལ་བོད་ཡིག་མཐོ་འབྲིང་གཅིག་ཀྱང་མེད་པ་རེད། ཡ་མཚན་པ་ཞིག་ལ་རྔ་བ་ནས་ད་ལོ་བོད་ཡིག་མཐོ་འབྲིང་གསར་བ་ཞིག་རྒྱག་རྒྱུ་རེད། འདི་ཅི་རེད། བློས་གཏོང་བྱས་ན་དོན་སྙིང་མེད་ཟེར་མཁན་ཚོས་འདང་རེ་བརྒྱབ་ན་འགྲིག
༼བླ་སྤྲུལ་དང་། བོད་རིགས་ལས་བྱེད་ཉུང་ཤས་ཀྱིས་སྒེར་གྱི་ཁེ་ཕན་ཁོ་ནས་བོད་མི་རིགས་ཀྱི་བླ་བཙོང་ཞབས་འདྲེན་གྱི་ལས་ཀ་བྱེད་མི་སྲིད་པ་མིན་ལ། ཉེ་བའི་ཆར་ཡང་བོད་མི་གནས་མཇལ་བའི་ལག་ནས་གྱོན་གོས་རས་སྣ་ཚུན་ཆད་བཙན་འཕྲོག་བྱེད་བཞིན་པའི་ཇག་རྐུན་གྱི་ཐབས་སྐྱོའི་བྱ་སྤྱོད་ཐོན་འདུག དེ་དག་རྒྱ་གཞུང་གི་བཅའ་ཁྲིམས་དང་མི་མཐུན་པས། ཚུལ་མིན་བྱ་སྤྱོད་དེ་རིགས་ལ་ལུགས་དང་མཐུན་པའི་ངོ་རྒོལ་བྱེད་དགོས་པ་དང་། བོད་རིགས་དེ་དག་ལ་འདི་ནས་ཀྱང་ཞིབ་འཇུག་གི་ལམ་ཁ་བསྟེན་སྟེ་དྲ་ངོས་སོགས་སུ་ཡོང་བསྒྲགས་ཀྱང་བྱ་སྲིད།༽
བླ་སྤྲུལ་དང་བོད་རིགས་ལས་བྱེད་པ་ཚོས་གནས་མཇལ་བའི་ལག་ནས་གྱོན་གོས་རས་སྣ་ཚུན་ཆད་བཙན་འཕྲོག་བྱས་ཡོད་པར་ཁུངས་སྐྱེལ་ཨེ་ཡོད། བླ་མ་སུ་དང་སུ་རེད། ལས་བྱེད་སུ་དང་སུ་རེད། གསར་ལམ་ཁག་གི་བཤད་སྟངས་ལྟར་ན། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ད་ལོའི་གནས་མཇལ་བ་ཚོར་དཀའ་ངལ་སྤྲད་དང་སྤྲོད་བཞིན་པ་ཞིག་བཤད་ཀྱི་འདུག ད་དབུ་མའི་ལམ་ལས་འགུལ་ཁང་གིས་གཞན་ཞིག་ཤེས་རྟོགས་བྱུང་ཡོད་ས་རེད། དེ་ཡིན་ན། རྒྱ་གྲགས་བོད་གྲགས་ཤིག་བཟོ་རོགས། བོད་པའི་བླ་སྤྲུལ་དང་ལས་བྱེད་ཁག་ཅིག་གིས་ད་ལོའི་གནས་མཇལ་བར་དཀའ་ངལ་སྤྲད་པ་ལས། རྒྱ་ནག་གཞུང་གི་བཀོད་བྱུས་ཤིག་མིན་པར་སྒྲུབ་ཀྱི་ཡོད་ན་གནས་ཚུལ་གཞན་རེད། ལམ་སྟོན་འདི་འདྲ་མ་གནང་ན་ཡག་པོ་འདུག དེ་ལས་བཙན་བྱོལ་ནང་ལ་དབུ་མའི་ལམ་ངོ་འཕྲོད་པ་ཞིག་དང་། རྒྱ་ནག་རྩ་ཁྲིམས་སྒྲོམ་གཞིའི་འོག་གི་བོད་ཀྱི་རང་སྐྱོང་ཟེར་བ་དེ་ཉེ་སའི་མི་མང་གི་སེམས་ལ་འཇགས་ཐབས་རེ་ཡོད་ན་དེ་གནང་རོགས། ཐག་རིང་ས་ལ་ལག་པས་སྙོབས་ཧམ་མ་བྱས་ན་ཡག་པོ་འདུག
ཡང་ནན་གྱིས་ཞུ་རྒྱུ་ཞིག་ལ་བོད་རིགས་ལས་བྱེད་པ་ཚོར་མཚོན་ན་གདམས་ཀ་གཉིས་ལས་མི་འདུག
གཅིག་ནི་མི་རིགས་རང་ལུགས་ཀྱི་ལྟ་བ་འཛིན་པ་དེ་རེད། དཔེར་ན་མི་རིགས་ཀྱི་ཆ་སྲིད་དང་དཔལ་འབྱོར་། རིགས་གནས་སོགས་ལ་འབྲེལ་བའི་ལས་དོན་བསྒྲུབ་ཐབས་བྱེད་རྒྱུ་དེ་རེད། ལམ་དེར་སོང་ཚེ་འགོར་ཞྭ་མོ་སྐྱོན་པའམ་མི་ལེགས་པའི་ལྟ་སྟངས་འཛིན་པ་ནི་སྨྲོས་ཅི་དགོས།
ལམ་གཞན་པ་དེ་ནི་གཏམ་སྨྲ་མི་ཤེས་པའི་ཟོག་རྒན་ཞིག་དང་འདྲ་བར་ཁོང་ཚོས་བཀའ་ཅི་བཏང་བསྒྲུབ་ན་དེ་རེད།
མཐར་བཤད་རྒྱུ་ཞིག་ཡོད་པ་ནི་གལ་ཏེ་རྒྱ་ནག་གིས་འདི་ལྟར་མུ་མཐུད་དུ་འདི་འདྲའི་གདུག་རྩུབ་དྲག་གནོན་མི་ཆོས་ལས་འདས་པ་སྤེལ་ཚེ་ཁྱེད་ཚོས་ད་དུང་དབུ་མའི་ལམ་ཟེར་ནས་འདུག་རྒྱུ་ཡིན་ནམ། ༢༠༠༨ལོའི་དམར་གསོད་དང་ད་ལོའི་དམར་གསོད་ཀྱི་རྗེས་ནས་བོད་ནང་གི་བོད་མི་རྣམས་ལ་བསམ་ཚུལ་ཞིག་ཡོད་པ་ནི་གལ་ཏེ་མུ་མཐུད་དུ་འདིོ་ལྟར་དྲག་གནོན་བྱས་ཚེ་དྲག་པོ་ངོ་རྒོལ་མི་བྱེད་རང་བྱེད་ཆགས་རྒྱུ་རེད་ཟེར་གྱི་ཡོད། དེ་རྒྱུ་མཚན་མེད་པ་གཏན་ནས་མ་རེད།
ག་རེ་འཇོན་བཞག་ཡོད་། ཞེ་བུ་གཅིག་ཡིན་མདོག་མདོག་། ག་རེ་ལམ་སྟོན་དང་འབོད་བསྐུལ་། སོ་སོའི་ལས་མགུལ་དབུ་ལམ་ངོ་སྤྲོད་རྐྱང་རེད་། རང་དབང་དོན་དུ་ལུས་སྲོག་བཏང་བར། རླབས་ཆེན་གྱི་བྱས་རྗེས་ལ་ངོས་འཛིན་དཀའ་ཡིན་ན་གཅིག་། བོད་ཀྱི་དཔའ་པོ་དཔའ་མོ་ཚོས་རྣམ་ལ་ངོ་ཚ། སྣང་བ་ཁོ་རང་འགྲོ་གི་མིན་འདུག།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྱས་ཟིན་པ་དང་བྱེད་བཞིན་པ་དག་ཡང་བསྐྱར་ཤར་ཕྱོགས་ཁུག་རྟའི་དྲན་གསོ་བྱས་པ་ཞིག་རེད
གཞི་རྩ་ཡོད་པ། ལག་པ་འཆང་ས་ཡོད་པ། འཆར་སྣང་ལས་དངོས་ཡོད་ཡིན་པ། ཁྲིམས་མཐུན་རང་བཞིན་ལྡན་པ། དེང་གི་གནས་བབ་དང་མཐུན་པའི་ལས་འགུལ་སྤེལ་ཕྱོགས་ཤིག་རེད་འདུག་པས། རྒྱབ་སྐྱོར་ཞུ་འདོད་བྱུང་། ཕྲན་ནས་བོད་ནང་དུ་གྲོགས་པོ་ངོ་ཤེས་དག་ལ་འགྲེལ་བཤད་རྒྱག་ངེས་ཡིན།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྱས་ཟིན་པ་དང་བྱེད་བཞིན་པ་ལ་དྲན་གསོ་གཏོང་བ་ཞིག་རེད།
བོད་པ་ལགས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱག་ལས་འདི་ག་དུས་གནང་སོང་ངམ། གལ་སྲིད་འདི་འདྲ་གནང་ཡོད་ན། རང་སྐྱོང་ཟེར་བ་དེ་དངོས་གནས་རེ་བ་ཡོད་མི་སྲིད་པ་མ་རེད། འབོད་སྐུལ་འདི་ལྷག་ཚར། རིམ་པར་སེམས་ཚལ་བཤད་ཀི་ཡིན།
ཕྱོགས་གཅིག་ནས་ཡ་ཁོ་རང་མ་བྱས་ན་དབུ་མས་གང་ཡོང་། ད་དུང་བསྒུག་བཅུག་རྒྱུ་ཡིན་ནམ། ད་དེ་འདྲ་ཟེར་མ་སྡད་བོད་རང་བཙན་གཙང་མ་ཡིན་ཁྱེད་རང་ཚོའི་ཡ་མ་བྱས་ན་ང་ཚོའི་ཐབས་རྩོད་ཀྱི་ངོ་བོ་འགྱུར་སྲིད་པས་རྒྱ་ནག་གཟབ་པར་བྱོས། ཡ་ལེན་མགྱོགས་པོ་མེད་ན་ང་ཚོ་བསྒུག་ལོང་མེད་སྤུན་མཆེད་ཚོའི་དཀའ་སྡུག་ལ་བསམ་ན་ད་ནི་དྲག་པོའི་ཐབས་ལམ་ལས་གཞན་མེད། དང་པོ་བོད་ཡུལ་དུ་ཡོད་པའི་རྒྱའི་དཔོན་རིགས་དང་རྒྱའི་རྒྱུག་ཁྱི་ཚང་མ་དུས་གཅིག་ལ་གཙང་མ་བཟོ་རྒྱུ་ཡིན་ཟེར་ན་ཡག་ས་རེད།
,,,,,,,,,,,,,,,,,,,,,,,
དོན་སྙིང་ཅང་མི་འདུག སྐད་ཆ་རྙིང་བ་སྐྱར་ཟློས་བྱེད་རྒྱུ་མང་པས་རྙིང་དྲི་བྲོ་བཞིན་འདུག དངོས་གནས་མཐོང་རྒྱ་ཆུང་བ་ཀློག་པ་ཙམ་ངེས་ཤེས་རྙེད་པས་དེ་ལྟར་བསམ་བློའི་ཆུ་ཚོད་མེད་པའི་དེ་ཉིད་མ་བསྟན་ན་ལགས། ང་ཚོའི་རྩ་ས་རྩོད་གླེང་དང་དོན་མེད་ནང་ཁུལ་གསོད་རེས་ག་ཚོད་བྱས་སོང་། དེ་དག་གི་ཆེད་དུ་འཕང་སེམས་སྐྱེས་རྒྱུ་མེད་པ་མི་རིགས་ཀྱི་ཆེད་དུ་གྲོངས་ན་འཕང་སེམས་སྐྱེས་བ་ནི་བསམ་བློ་མེད་པའི་ཀླུག་པ་རེད། འཇིག་རྟེན་མི་༩༩.༩༩%རང་དོན་དང་ན་ཚས་གྲོངས་བས་སྤྱི་དོན་དང་བདེན་པའི་ཆེད་དུ་གྲོངས་ན་གཟི་བརྗིད་འཕང་སེམས་སྐྱེས་བ་ནི་ཡ་མཚན་གྱི་གནས་རེད། བདེན་དོན་དུ་གྲོངས་བའི་དཔའ་རྒོད་རྣམས་ལ་ཕྱག་འཚལ་ལོ། ཁྱེད་ཚོ་ནི་འཇིག་རྟེན་གྱི་གཟི་བརྗིད་དང་མི་རིགས་ལ་རྒྱལ་རེད། ཁྱེད་ཚོ་ཡན་ལ་རྒྱལ་ཞིག་གནས་འདིར་རྙེད་པ་དཀའ།
བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་མི་དང་མཉམ་ལས་མི་བྱེད་རྒྱུ་ནི་ངེས་པར་གལ་ཆེན་པོ་རེད། མདོར་ན་ཚོང་སོགས་ཀྱི་ཁེ་ཕན་རྒྱ་ལ་མེད་པ་བཟོ་ཐུབ་ན་རྒྱ་གཞུང་གིས་བཙན་དབང་བཏང་ཡང་རྒྱ་མི་སེར་བོད་ལ་སྤོ་ཡི་མ་རེད། ལྷག་པར་དུ་བོད་སྐད་ཁོ་ན་བེད་སྤྱོད་ནས་བོད་སྐད་མ་ཤེས་ན་བོད་ན་ལས་ཀ་བྱེད་ཐབས་མེད་པ་བཟོ་དགོས། ད་ལྟ་ཇི་ལྟར་བཤད་ན་ཡང་བོད་ནང་བོད་མི་ཏོག་ཙམ་མང་གི་རེད་བྱས་ཙང་ལས་འགུལ་དེ་དག་སྤེལ་ན་དུས་ཚོད་རན་ཤོས་རེད། གལ་སྲིད་མ་འོངས་པར་རྒྱ་མི་མང་བ་ཆག་ན་ལས་འགུལ་དེ་དག་སྤེལ་ཡང་ནུས་པ་གང་ཡང་མེད་པ་ཆག་གི་རེད། དེས་ན་ལྷག་དཀར་གྱི་ལས་འགུལ་མཚོན་པའི་རྒྱ་དང་མཉམ་ལས་མི་བྱེད་པའི་ལས་འགུལ་ལ་གཞིས་ལུས་སྤུན་ཟླ་རྣམས་ཀྱི་ཤུགས་ངེས་པར་རྒྱབ་དགོས། ལས་འགུལ་དེ་ལྟ་བུ་ནི་ཉེན་ཁའི་རང་བཞིན་ཆུང་བ་དང་ནུས་པ་ཆེ་བ་སོགས་ཡིན་པ་ཤེས་དགོས།
རིག་རྒོད་པོ། བོད་ཞེནལགས། ངས་ཀྱང་དེ་ལྟར་སེམས་ནས་ཡོད། ད་ལྟ་ང་ཚོའི་གཅིག་སྒྲིལ་དང་བསམ་བློའི་གནས་ཚད་དེ་ལྟར་སླེབས་མེད་ཀྱང་དཔའ་རྒོད་རྣམས་ཀྱིས་རང་ཉིད་བློས་བཏང་དང་རྒྱའི་གཡོ་མཐའ་ཆེ་བའི་དྲག་གནོན་ལས་ཉིན་ཞིག་བོད་མི་རྣམས་ཀྱིས་ངེས་ཤེས་རྙེད་དེ། ་བོད་སྐད་བཤད་ཅིང་བོད་ཡིག་སྤྱོད་དེ་བོད་མི་ཐམས་ཅད་ཀྱིས་རྒྱའི་ལས་ཁུངས་སུ་ལས་མཚམས་བཞག་ནས་རྒྱ་དང་མཉམ་འབྲེལ་མི་བྱེད་པའི་ལས་འགུལ་བོད་ཡུལ་ཀུན་ཏུ་སྤེལ་བ་ངེས། མི་འགྱང་བ་བོད་མི་རྣམས་ཁྱིམ་གཅིག་ཏུ་གྱུར་ནས་དེ་ལྟར་སྤེལ་བ་སྨོན། དེ་ལྟར་བྱེད་ཐུབ་ན་དཔའ་རྒོད་རྣམས་ཀྱི་རེ་བ་འགྲུབ་པ་རེད་ལ་རྒྱ་གཞུང་ཡང་ཨ་ཆད་འུ་ཐུག་གི་གནས་སུ་འགྲོ་ངེས་རེད། སྐབས་དེར་བོད་མི་རི་དགས་བཞིན་གསོད་པའི་གནས་ཚུལ་འདི་དག་ཡོངས་ཐབས་མེད།
དངོས་གནས་གསེ་རི་ཡའི་མི་མང་གི་འཐབ་རྩོད་བྱེད་སྟངས་ལ་བསྡུར་ན་ང་ཚོས་བྱེད་སྟངས་དེ་ལྟར་ཛ་དྲག་མ་རེད། དེ་བརྟེན་རྒྱལ་སྤྱིའི་དོ་སྣང་དེ་ལྟར་བྱེད་ཀྱི་མེད་ཀྱང་བོད་ཤར་ཕྱོགས་སུ་ཉེ་ཆར་གོ་རྒོལ་གྱི་གནས་སྟངས་ཤུགས་ཆེར་ཕྱིན་པས་རྒྱལ་སྤྱིའི་དོ་སྣང་བྱེད་འགོ་ཚུགས་བཞིན་འདུག མི་བདེན་ན་འདི་ནས་གཟིགས་ན་གནས་སྟངས་ཞིབ་བསྡུར་བྱེད་ཐུབ། http://edition.cnn.com/video/
མདོར་ན། བོད་པ་རང་གིས་རང་ཉིད་མ་སྐྱོབ་ན་གཞན་གྱི་སྐྱོབ་མཁན་མེད་པ་གསལ་པོ་རེད། གཞན་གྱི་བོད་ལ་རྒྱབ་སྐྱོར་བྱས་ན་གྲུབ་འབྲས་ཐོན་པ་རྟོགས་ན་སྐྱབ་སྐྱོར་བྱེད་ངེས་རེད། དེ་ལྟར་བདེན་དཔང་བྱེད་ཐུབ་མིན་ནི་བོད་ཀྱི་ཆོད་སེམས་དང་བོད་མིའི་ནུས་བ་ལ་རེག་ལས་བ་གསལ་བོ་རེད།
དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་དུས་ཐོག་ལ་གནད་ལ་འཁེལ་བའི་འབོད་སྐུལ་གནང་བར་དགའ་བསུ་དང་བཀའ་དྲིན་ཆེ་ཞུ། ལྷ་རབ་བྱུང་ན་བོད་རྒྱའི་དམིགས་བསལ་ཚོགས་ཆེན་ཞིག་ཞང་ཀང་ངམ་ཨོ་མིན། ཡང་ན་ཐའེ་ཝན་དུ་འཚོགས་ཐུབ་ན་ཧ་ཅང་བཟང། དབུ་མའི་ལམ་དྲིལ་བསྒྲགས་དང་འབྲེལ་བོད་ནང་ལ་མཁས་མཛངས་ཀྱི་ལས་དོན་སྤེལ་རྒྱུར་ལམ་སྟོན་དང་དྲིལ་བསྒྲགས་ཤུགས་ཆེར་ཡོང་ཐབས་ལ་སྣེ་ཁྲིད་ཀྱི་ནུས་པ་ཅི་ཆེ་འདོན་རྒྱུར་རེ་བ་དང་གཞེན་སྐུལ་ཞུ་འདོད་བྱུང། འདིའི་ཐད་ལ་སབོད་མིའི་སྒྲིག་འཛུགས་ནས་ཀྱང་མཐུན་རྐྱེན་སྒྲུབ་ངེས་རེད། གཞུང་དང་ཚོགས་པ་ཁག་ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུ་སྐབས་བབ་ཀྱི་གནད་འགག་གལ་ཆེན་ཞིག་རེད།
དཔའ་མོ་ཞིག་གིས་མི་རིགས་དོན་དུ་རང་ལུས་མེ་ལ་མཆོད་པའི་གནས་ཚུལ་ཐོན་འདུག ཨ་ནེ་བསྟན་འཛིན་ཆོས་སྒྲོན་། ཨམ་མདོ་རྔ་བ་། རང་ལོ་བཅོ་བརྒྱད་བཅས་ཡིན་འདུག དཔའ་མོ་ཁྱེད་ལ་སྙིང་ནས་གུས་འདུད་ཞུ། བོད་རྒྱལོ།
དབུ་མའི་ལམ་ལས་འགུལ་ཁང་གིས་ཐའེ་ཝན་ནམ་ཞང་ཀང་གང་རུང་ནས་ཚོགས་ཆེན་ཞིག་བསྡུ་རོགས།
ད་ལྟའི་འཆར་བོད་མི་བྱེས་བསྡོད་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་གཙོ་བའི་ལས་འགུལ་ལས་འགུལ་ཟེར་ནས་མི་བསྡོད་པར། མི་རིགས་ཀྱི་འཐབ་རྩོད་ཀྱི་ཕྱོགས་སུ་འབད་འབུངས་ཤུགས་ཀྱིས་བྱེད་མ་ཐུབ་ཚེ། བོད་གཞིས་ལུས་རྒྱ་ཆེ་མི་མང་གི་ཚབ་མཚོན་ཡང་མ་རེད་ཟེར་ནས་བཤད་ཆོག་པ་ཡིན་ལ། གཞིས་ལུས་མི་མང་གི་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་མ་རེད་ཟེར་ནས་བཤད་ན་འགྲིག རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་གིས་དབུ་མའི་ལམ་ཟེར་བའི་སྐོར་སྤྱི་ལོ་དོན་དགུ་ནས་གོ་ཡོད་པ་དེ་དབུ་མའི་ལས་འགུལ་ཁང་ནས་ཤེས་ན་འགྲིག་གི་ཡ
དབུ་མ་མ་གོ་དབུ་འཐོམས་བྱུང་བ་མང། དབུ་མ་མ་རྟོགས་དབུ་ཐད་གཡུགས་པ་མང།
དབུ་མ་དབུ་ལ་བཀུར་བའི་ཁ་མཁས་མང། དབུ་མ་ལག་ལ་ལེན་པའི་དབུལ་པོ་མང།
དབུ་ལམ་ཚུར་སྣེར་བོད་ཀྱི་རེ་བ་ཡོད། དབུ་ལམ་ཕར་སྣེར་རྒྱ་ཡི་རེ་བ་ཡོད།
དབུ་མའི་ལམ་ན་ཞི་བདེའི་འཚོ་གནས་ཡོད། དབུ་མའི་ལམ་བཟོ་མེད་ན་ཅི་ཡང་མེད།
ལམ་མཁན་དབུ་མའི་སྟོན་པ་སུ་དང་སུ། ལམ་འགྲོ་དབུ་མའི་ལམ་གྲོགས་དུ་དང་དུ།
ལམ་བར་ཕྱི་ནང་འགལ་རྐྱེན་གང་དང་ཅི། ལམ་སྲུང་གྲོགས་ཚོར་ནུས་པ་ཅི་དང་གང།
ཡར་གྱི་གནམ་ལ་རེ་ནས་སླེབས་ས་མེད། མར་གྱི་མཚོ་ནང་ལྷུང་ལ་ཉེན་ཁ་ཆེ།
དེ་བས་རི་རབ་ཆེན་པོའི་རྐང་ལམ་འདིར། རང་གི་ཚེ་སྲོག་འཚོ་ལ་གཟབ་པར་འཚལ།
དབུ་མ་སེམས་དང་སྲོག་ལ་མ་ཞུགས་པའི།།
རང་རེའི་བོད་དང་རྒྱ་གཞུང་དམར་པོ་གཉིས།།
དབུ་མའི་ཕ་རོལ་བྱིན་ནས་རྒྱ་བོད་གཉིས།།
གཅིག་དུ་གདན་གྲལ་ཐོབ་པའི་ཉི་མ་མེད།།
དབུ་ལམ་མི་མང་ལས་འགུལ་ཁང་ཞེས་པས།
དབུ་མའི་ལམ་གྱི་དོན་དུ་འབད་མེད་ནི།
དབུ་ལ་རྣ་ཁུང་ཐོགས་པ་ཡོངས་ཀྱིས་ཐོས།
དབུ་མའི་དབུས་ན་ལྟོ་གོས་གཏམ་གསུམ་བསྙེགས།
ཞི་རྒྱ་ཆེ་བའི་ཞི་བའི་ལས་འགུལ་ལས། །
གཞན་སྲོག་གཅོད་པའི་ལས་ལ་འཇུག་དགོས་མེད། །
རྣམ་གྲངས་མང་བའི་ལས་འགུལ་མཐར་ཕྱིན་ལས། །
དབུས་ལམ་ཆེད་དུ་རང་སྲོག་གཏོང་དགོས་མེད། །
རྒན་ལྷ་མོ་སྐྱབས་ལགས་ཀྱིས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞུ། ཡིན་ཡང་། ཞང་ཀང་སོགས་ནས་རྒྱ་རིགས་དང་ཐུག་རྒྱུའམ་འཚོགས་འདུ་འཚོགས་རྒྱུ་དེར་དཀའ་ངལ་ཆེན་པོ་ཡོད་པ་རེད། ཉེ་ཆར་མགུ་ལོག་དམ་ཆོས་བརྒྱུད་བཙན་བྱོལ་དུ་ཐེངས་ཁ་ཤས་སུ་ཡོང་བའི་རྒྱ་རིགས་ཤིག་གིས་རེ་འདུན་ལྟར་རྒྱ་ནག་མང་གཙོ་དོན་གཉེར་བ་ཁག་ཅིག་དང་ཐུག་ན་ཡག་པོ་ཡོད་པའི་བསམ་ཚུལ་བཏོན་འདུག ཁོ་རང་གིས་ཐེ་ལན་ཊིར་རྒྱ་རིགས་དེ་དག་འཛོམས་རྒྱུ་དང་། དབུ་མའི་ལམ་གྱི་སྐུ་ཚབ་ཐེ་ལན་དུ་མགྲོན་འབོད་བྱས་པ་རེད། དབུ་མའི་ལམ་གྱི་ཟླ་བ་ཚེ་རིང་དང་ཨ་ཁུ་དམ་ཆོས་གཉིས་ཀྱིས་འགྲོ་སོང་སྒེར་ངོས་ན་བཏང་སྟེ་འགྲོ་རྒྱུ་བྱས་འདུག དེ་དོན་བཀའ་ཤག་ལ་སྙན་སེང་ཞུས་པར་བཀའ་ཤག་ནས་ངོས་ལེན་བྱས་མི་འདུག བཀའ་ཤག་ནས་ངོས་ལེན་མེད་སྟབས་འགྲོ་མཁན་ཚོས་ཀྱང་ང་ཚོས་དང་བླངས་ཀྱིས་འགྲོ་སོང་བཏང་ནས་འགྲོ་དགོས་པ་གང་ཞིག་ལ་བཀའ་ཤག་གིས་ངོས་ལེན་མེད་ཚེ་ཡག་པོ་ཡོད་ས་མ་རེད་ཅེས་ཕྱིར་འཐེན་རྒྱབ་པ་རེད། འདི་དབུ་མའི་ལམ་གྱི་རྒྱུན་ལས་ཤིག་གི་དངོས་འབྲེལ་སྐད་ཆ་ཡིན།
རིགས་སྤུན་ཟླ་ལ་རྒྱ་ཅན་པ་ཚོ། །
ལུས་མེ་ལྕེའི་དབུས་ན་འབར་ན་ཡང་། །
སྐད་ལྷང་ལྷང་རང་དབང་འབོད་པ་འདིས། །
ལམ་དབུ་མར་རེ་བ་ཤེས་པར་གྱིས། །
སྟོད་འཕགས་ཡུལ་ས་ཡི་ཐིགས་ལེ་རུ། །
གཞུང་དམངས་གཙོ་ཉི་ཟླ་ཤར་འདྲ་ལ། །
ནང་ཤེས་རིག་སྐར་ཚོགས་བཞད་འདྲ་གན། །
ལམ་དབུ་མའི་བཀའ་དྲིན་ཤེས་པར་གྱིས། །
སྨད་རྒྱ་ནག་ལྕགས་རིའི་གོང་རོལ་ནས། །
སྣེ་རྒྱ་མཚོ་ཆེན་མོར་ཐུག་པའི་བར། །
རོག་ཁ་མཐུན་མེ་ཏོག་བཞད་འདྲ་བོ། །
ལམ་དབུ་མའི་བཀའ་དྲིན་ཤེས་པར་གྱིས། །
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འབོད་སྐུལ་ལ་རྒྱབ་སྐྱོར་ཡོད། སྐབས་བབ་སྒྲུབ་ཐུབ་པ་རྐྱང་རྐྱང་རེད། བོད་ནང་ནས་ཀྱང་འདི་ལྟར་ལག་ལེན་བསྟར་ན་༧གོང་ས་མཆོག་བོད་དུ་ཕེབས་ཐུབ་པ། བོད་ཀྱི་ཆོས་རིག་མི་ཉམས་རྒྱུད་འཛིན་གྱི་སྐལ་བཟང་གི་རང་དབང་ལྡན་ངེས་འདུག་པས། བོད་མི་ཚང་མས་དམིགས་ཡུལ་ཡོད་པ། ལམ་ཁ་ཡག་པ། རྣམ་དཔྱོད་ལྡན་པ། ཆིག་སྒྲིལ་ཡོད་པ་བཅས་ཀྱིས་རྩ་དོན་རང་སྐྱོང་གི་གནས་བབ་ལོན་རྒྱུ་ནི་ད་ནི་ཅང་འགོར་ཚོད་མ་རེད་འདོད་པས། བོད་ཕྱི་ནང་གཉིས་ནས་ཤུགས་རྒྱག་རོགས། ངའི་རེ་བ་ལ་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་དམངས་ཁྲོད་རང་བཞིན་གྱི་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
རབ་ཏུ་བྱུང་ན་གོང་གི་རྒྱ་བོད་ཚོགས་འདུའི་སྐོར་དེ་བཙན་བྱོལ་བོད་གཞུང་གིས་གོ་སྒྲིག་གནང་བ་ཡིན་ན་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། དགའ་ལྡན་ཕོ་བྲང་ནས་དེ་ལ་ལམ་སྟོན་གནང་རོགས། སྐུ་ཞབས་ཌུ་ཌུ་ལྟ་བུའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། རང་སྐྱོང་གི་རྩ་དོན་རྒྱ་ནག་གཞུང་ལ་འབོད་སྐུལ་བྱེད་མཁན་གང་ཟག་རླབས་ཆེན་དེ་འདྲ་མང་པོ་གདན་འདྲེན་ཞུ་རོགས། དབུ་མའི་ལམ་གྱིས་ཀྱང་དེ་ལྟར་གནང་རོགས།
འདི་ནི་ལེགས་བཤད་ཅིག་རེད་འདོད། འདིར་བཀོད་ཡོད། མ་འདྲ་བ་ཞིག་འདུག
༼ མི་ནག་མདུང་ཐུང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༢ གི་ཆུ་ཚོད་ ༦ སྐར་མ་ ༢༧
ལུས་དང་སྲོག་ལ་མེ་ལྕེའི་གོས་མནབས་ནས།།
བདེན་པའི་ཚིག་གིས་འབོད་པ་གཏོང་བ་འདིས།།
སྔོན་ཚེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚོས།།
འགྲོ་བའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཅས།།
ཡོངས་སུ་བཏང་བའི་ཚུལ་དང་གཅིག་ཏུ་མཐོང་།།
ལུས་སྲོག་རིན་ཆེན་འདི་ལྟར་བཏང་བ་ཡིས།།
དཀར་ནག་མི་རིགས་དུང་ཕྱུར་དྲུག་ཅུའི་སེམས།།
བདེན་པའི་ཕྱོགས་སུ་བཀུག་པའི་སྐྱ་རེངས་ཏེ།
བདེ་སྐྱིད་ཉི་མ་བོད་ཀྱི་ནམ་མཁའ་རུ།།
འཆར་བའི་བསུ་མར་ངེས་པ་འདི་ལྟ་ན།།
ད་ནི་མ་སྲེག་མ་སྲེག་ལུས་དང་སྲོག།
སྒོ་གསུམ་ཞུམ་པའི་ངག་གིས་འདི་སྐད་ཞུ།།
བླ་མ་གྲྭ་པ་བཙུན་མ་སློབ་མ་བཅས།།
གཅིག་རྗེས་གཅིག་གིས་སྙེག་པའི་མེ་རླབས་འདི།།
ད་ནི་མཚམས་འཇོག་གནང་རོགས་སྤུན་ཟླ་དག།
ཧ་ཅང་ཞུམ་པའི་ངག་འདི་འདར་བཞིན་ཡོད།།
ཤིན་ཏུ་ཉམ་ཆུང་སེམས་འདི་ངུ་བཞིན་ཡོད།།
ཞུ་འབོད་སེམས་ཀྱི་མཚོ་མོ་སྐྱོམ་པའི་ཆུ།།
ཡ་ཐོད་མིག་ནས་གཙང་པོའི་ཟོལ་གྱིས་ལུད།།
དབུ་མིའི་ལམ་ནས་ད་དུང་ཞིབ་ཙམ་འབྲི་རོགས། དཔེར་ན་བོད་མི་ཚོས་རང་གི་ས་ཐོག་ཏུ་ཡོད་པའི་རྒྱ་མིའི་ཟ་ཁང་དང་ཚོང་ཁང་སོགས་ཀྱི་ནང་མི་འགྲོ་བའི་དམ་བཅའ་བཞག དེ་ནི་ལག་དམར་གྱི་ཁྱིམ་ལ་འགྲོན་པོར་འགྲོ་མི་རུང་བ་དང་གཅིག་རེད། རྒྱ་ནག་གི་ཟ་ཁང་དང་ཚོང་མེད་པ་ཆགས་པའི་ཤུལ་གྱི་ཁྲོམ་རའི་སྟོང་ཆ་དེ་བོད་མི་རང་ཉིད་ཀྱིས་སྐོང་ཐུབ་པ་བྱེད་དགོས།
རྒྱ་ནག་གིས་བོད་མི་དེ་ཙམ་གྱི་ཚེ་སྲོག་ཆུད་ཟོས་སུ་བཏང་བར། བོད་མིའི་ས་ཁུལ་ཆེ་ཆུང་ཚང་མའི་ནང་དང་བླངས་ཀྱིས་ཐོག་ནས་རྒྱ་མིའི་ཟ་ཁང་དང་ཚོང་ཁང་ནང་མ་སོང་བར་བར་དཔལ་འབྱོར་ཉེས་ཆད་གཅོད་དགོས་པ་རེད། རྒྱ་ཚོང་འདི་དམར་གཞུང་གི་ལག་ཆ་རེད།
སྟག་སྨྱོན་གྱི་བསམ་ཚུལ་དེ་ཕྱོགས་གཅིག་ནས་རྒྱ་བོད་མི་མང་བར་འགལ་བ་སློང་བྱེད་ཅིག་མ་རེད་དམ། དབུ་མའི་ལམ་པ་བས་དེ་ལྟར་བརྗོད་འོས་སམ།
དབུ་མའི་ལམ་དང་ཕྱོགས་ཀུན་ནས་མཐུན་པར་གནང་རྒྱུ་ཁག་པོ་རེད། ཕྱོགས་ཀུན་ནས་མཐུན་པ་ཡིན་ན་ད་ལྟའི་ཛ་དྲག་གི་གནས་སྟངས་སྐྱོ་བོ་འདི་ཡོང་དོན་མེད། སོང་ཙང་བོད་ནང་དུ་ཡོད་པའི་རྒྱ་མི་ཚོའི་ཟ་ཁང་ཚོང་ཁང་སོགས་ལ་དཔར་འབྱོར་གྱི་དཀའ་ངལ་སྤྲོད་དགོས་པ་རེད་ལ་སྤྲོད་ཀྱང་ཐུབ་པ་ཞིག་རེད། ལས་དོན་འདི་རིགས་ཕྱོགས་གཅིག་ནས་བལྟས་ན་ཆུང་ཆུང་རེད་ལ་། ཕྱོགས་གཅིག་ནས་བལྟས་ན་ཆེན་པོ་ཞིག་ཀྱང་རེད། ག་ལེར་ཆུང་ས་ནས་གོམ་པ་རིམ་སྤོས་བྱས་ན་ནམ་ཞིག་རྒྱལ་ཁ་ཐོབ་ཀྱིན་རེད་ལ་ཕུགས་ཀྱང་གཏན་པོ་ཡོང་གི་རེད། ལྷག་པར་དུ་བོད་ནང་ན་བོད་པའི་རྒྱ་མི་ཚོར་བོད་ཀྱི་བཀའ་དྲིན་ཤེས་སུ་འཇུག་དགོས་པ་རེད། དཔེར་ན་ཁ་སྔོན་དུས་དབང་སྐབས་དྷ་སའི་རྒྱ་གར་ཟ་ཁང་ཚོང་ཁང་མགྲོན་སྦྱིན་བདག་ཚོའི་ཁ་ནས་ཚོང་མི་འདུག་ལབ་ནས་སྐད་ཤོར་གྱིན་འདུག་ག འདི་འདྲ་རང་གནང་མ་ཐུབ་རུང་ཕྱོགས་ཀུན་ནས་སུན་པོ་བཟོས་ན་དབུ་མའི་ལམ་དང་ཆེར་འགལ་ཨེ་ཡོད་དམ།
ཧིམ། རྒྱ་བོད་གཉིས་བོད་མིའི་དགོས་འདོད་རྩ་མེད་བཏང་ནས་བོད་མི་རྣམས་རི་དྭགས་བཞིན་གསད་ན་ཞི་མཐུན་ཅི་ལྟར་ཡོང་། སྡར་མའི་ཁ་ཡ་མི་འདུག
ཧིམ། རྒྱས་བོད་མིའི་དགོས་འདོད་རྩ་མེད་བཏང་ནས་བོད་མི་རྣམས་རི་དྭགས་བཞིན་གསད་ན་ཞི་མཐུན་ཅི་ལྟར་ཡོང་། སྡར་མའི་ཁ་ཡ་མི་འདུག མི་རིགས་རང་དབང་རྩོད་པ་མ་དགོས་འཚོ་བ་རང་མགོ་མི་ཐོན་པའི་མི་འདི་ཚོ་དངོས་གནས་སྡར་མ་རེད། འུ་ཐུག་རྒྱུ་མང་དྲགས་ཤིང་དཀའ་ངལ་མཐོང་རྒྱུ་མང་དྲགས་པས་ནང་མི་གནར་གསོད་བཏང་ཡང་ཁོང་ཁྲི་ཟ་རྒྱུ་མི་འདུག མི་ལ་ཁོང་ཁྲོ་མེད་དུས་འཚོ་བ་ལ་ཨ་ཐང་ཆད་པའི་རྟགས་མཚན་རེད། སེམས་རྒྱ་ཆེ་བ་མ་རེད། འུ་ཐུག་པ་རེད། འཚོ་བ་རང་མགོ་མ་ཐོན་པ་འུ་ཐུག་པ་རེད། མི་འུ་ཐུག་ན་དགོས་རྒྱུ་ཅི་ཡང་མེད་ཅིང་ཡོད་པ་ནི་བཟའ་བཏུང་རེད།
ང་ཚོས་ངོས་ནས་ལམ་དབུ་མ་ནི་རང་གི་གྱོང་ཁུར་གཞན་ལ་ཁེ་གསང་སྤྲད་ན་ཡང་རྒྱ་མི་ངོས་ནས་དེ་ནི་?????? ལམ་དབུ་མ།
འབོད་སྐུལ་ལ་རྗེས་སུ་ཡི་རང་ཞུ།
འོན་ཀྱང་དབུ་མའི་ལམ་ལས་འགུལ་ལ་ཞུ་རྒྱུར། ང་ཚོ་བཙན་བྱོལ་བོད་གཞུང་དང་ཆབ་སྲིད་ཀྱི་ཚོགས་པ་ཁག་གིས་ངེས་པར་དུ་འགན་ལེན་དགོས་པ་ཞིག་ནི། བོད་ནང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བསྟུད་མུར་སྐུ་ལུས་མེར་བསྲེགས་དང་སྐུ་སྲོག་འབེན་དུ་བཙུགས་ནས་རྒྱ་དམར་ལ་ཞི་རྒོལ་འདི་འདྲ་གནང་བཞིན་པའི་སྐབས་འདིར། རང་དབང་ལུང་པར་སྡོད་པའི་གཞུང་མང་གཉིས་ངོས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་བའི་བསྔོ་སྨོན་མཆོད་འབུལ་ཙམ་གྱིས་འགན་འགྲུབ་སོང་པ་དང་ཁྲལ་འཇལ་ཟིན་པའི་བཟོ་དང་ཚོར་སྣང་གིས་བོད་ནང་ལ་བལྟས་ནས། ནམ་རྒྱུན་ལྟར་ཁ་གཡང་རེ་དང་བསྔོ་སྨོན་རེས་འགྲོ་ཐབས་མི་གནང་པར་རང་དབང་ལུང་པ་སོ་སོ་ནས་མུ་མཐུད་དེ་རྒྱུན་མ་ཆད་པའི་སྒོ་ནས་ལས་འགུལ་སྣ་སྣང་སྤེལ་རྒྱུ་གལ་ཆེ། མ་མཐའ་ཡང་ང་ཚོའི་དཀའ་ངལ་གྱི་གནས་སྟངས་འདི་རྒྱ་ནག་མི་མང་གཙོས་འཛམ་གླང་མི་མང་ཚང་མས་ཧ་གོ་ཡ་ཅིག་དང་དོ་སྣང་ཡོད་པ་ཅིག་བཟོ་ཐུབ་དགོས། དེ་ཡང་གཞུང་དང་ཚོགས་པ་ཁག་གིས་སྣེ་འཁྲིད་དགོས། དེ་ལྟར་ལས་མི་ནུས་ན་གཞུང་ཚོགས་པ་ཁག་བཙུགས་པའི་དོན་དག་དེ་ཡང་དེ་ཙམ་རེད། ལས་འགུལ་སྤེལ་སྟངས་ཡང་བོད་པ་ཡོད་སའི་རང་དབང་ལུང་པ་ས་གནས་རྣམས་པང་སྒྲིགས་ནས་ལོ་གཅིག་གི་ཟླ་བ་བཅུ་གཉིས་དེ་བདུན་ཕྲག་དང་ཉི་མ་ཁག་བགོས་ཀྱིས་ལས་འགུལ་གོ་སྒྲིག་གནང་ན་ཅེས་མི་ཆོག
ཁྱོད་ཀྱིས་ད་དུང་ཡང་མང་ཙམ་བཤད་རོགས་གནང་།
བོད་རེ་བས་འཕུང་རྒྱ་དོག་པས་འཕུང་།
ད་ནི་བོད་ཀྱི་གཏམ་དཔེ་ལ་འགྱུར་བ་ཐེབས་པ།
བོད་རེ་བས་ཕྱུག རྒྱ་དྭོགས་པས་ཕོངས། ཞེས་པ་ལྟར་མི་འདུག་གམ།
སྔོན་ཡིན་ནའང་དབུ་མའི་ལམ། ད་ལྟའང་དབུ་མའི་ལམ། མ་འོངས་པའང་དབུ་མའི་ལམ།
ད་ནི་བོད་ཀྱི་རྩ་དོན་ལ་རེ་བ་ཆེན་པོ་ཡོད་པ་རེད། རྒྱ་ནག་གིས་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡིག་ཆ་དང་དུ་བླངས་མདོག་ཁ པོ་རེད།
བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞོན་ནུ་དང་། བུད་མེད། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དགུ་བཅུ་གསུམ་སོགས་ཐམས་ཅད་ཀྱིས་རང་ནུས་གང་ཡོད་ཀྱིས་ལས་འགན་གང་ལ་གང་འཚམས་སྤེལ་གྱི་འདུག འོན་ཀྱང་བོད་ཀྱི་རྩ་དོན་ལ་ཕན་རྒྱུ་མེད་ལ་ཆོལ་ཁ་ཕན་ཚུན་འཐེན་འཁྱེར་བཟོ་མཁན་གྱི་གཏེ་པོ་ཡིན་པའི་ཚོགས་པ་ཡང་ཡོད་པ་རེད། དེ་ཚོ་ནི་ཆོལ་ཁ་སོ་སོ་དང་ལུང་ཚན་སོ་སོའི་ཚོགས་པ་ཡིན་ཟེར་མཁན་དང་སྐྱིད་འདུག་ཡིན་ཟེར་མཁན་དེ་ཚོ་རེད། དེར་བརྟེན་ཁོ་བོ་ལ་མཚོན་ན་རང་བཙན་ལག་དེབ་བཟོས་པ་ལས་གཞན་ཆོལ་ཁ་དང་སྐྱིད་འདུག་གི་ཚོགས་པ་གང་ན་ཡང་འཛུལ་མེད་ལ་འདོད་པ་ཡང་མེད།
༤༣༽ བོད་ལ་ཞེན་ལགས།
ཚིག་ལ་མཚོན་ཆ་མེད་ཀྱང།
ཆོལ་གསུམ་མཐུན་སྒྲིལ་སྟོར་བྱེད།
ཁྱེད་ཀྱི་ཞལ་གསུང་དྲོ་མོས།
དགྲ་དགའ་གཉེན་སྡུག་མ་གནང་།
དུས་སྐབས་འདི་འདྲ་ཞིག་ལ་ལས་འགུལ་ཁང་ལ་ལས་འགུལ་ཞིག་སྤེལ་ཆར་ཡོད་ན་བསམ་ཏེ་གོ་རིམ་ཡོངས་རྫོགས་ཐེངས་གཅིག་ཀླགས་པ་ཡིན། འོན་ཀྱང་འདིར་ནང་དོན་ཡོངས་རྫོགས་རྒྱ་ནག་གི་བཀོད་ཇུས་འོག་འགྲོ་བ་མན་བསམ་པའི་དོགས་ཡོད་ཚིག་དོན་མང་བ་དང་གཞི་རྩའི་ཆ་ནས་བོད་སྤྱི་དོན་ལ་དགོངས་བཞེད་མ་གནང་བ་དང་གཞིས་བཞུགས་སྤུན་ཟླའི་དངོན་མདོད་མ་རྟོགས་པ་སོགས་མཆལ་གཏམ་སྣ་ཚོགས་བཤད་འདུག། ཡིན་དང་ཡིན། བོད་ནང་ནས་ལས་འགུལ་མ་སྤེལ་བ་ཡིན་ན་བཙན་བྱོལ་བས་ག་རེའི་གནང་ཐུབ་ས་རེད་ཅེས་དྲི་བ་འདིར་ལན་མེད་པ་ཤེས་ཀྱི་ཡོད་། དངོས་ཡོད་ད་བར་བོད་ཀྱི་གནད་དོན་མཛམ་གླིང་གི་དོ་སྣང་དང་གནས་དོན་གལ་ཆེན་ཆགས་པ་དེ་གཞིས་བཞུགས་བོད་མིའི་རང་སྲོག་བློས་བཏང་བའི་ལས་མགུལ་དག་གི་གྲུབ་འབྲས་ཁོ་ན་རེད་ཅེས་བཤད་ན་མ་འགྲིག་པ་གང་ཡང་མེད་། གལ་སྲིད་བོད་ནང་ནས་བོད་བསྟན་སྲིད་དོན་ལས་འགུལ་སྤེལ་མཚམ་བཞག་པའི་ཉིན་མོ་དེ་ནས་བོད་དོན་ཟེར་བ་དེ་རྒྱ་གཞུང་གི་ཧམ་བཤད་བཞིན་ཏ་ལའི་བླ་མ་སྒེར་དང་ཁོང་གི་འབྲེལ་ཡོད་འགས་གནད་དོན་ཅན་ལ་རང་བཞིན་དུ་འགྱུར་བ་རེད་། གནས་ལུགས་དེའི་ཕྱིར་བོད་སྤྱི་པའི་རྩ་དོན་དེར་བོད་མི་ཚང་མས་འགན་འཁྱེར་དགོས་པ་ཙམ་མ་ཚད་མེ་བསྲེགས་པ་སོགས་རང་སྲོག་བློས་བཏང་མཁན་ཁྲི་འབུམ་ཡོད་དགོས་པ་དང་ཡོད་པ་དེ་ཞན་ཆ་མ་ཡིན་པ་དཔའ་བོ་དེ་དག་མི་རིགས་ཀྱི་སྤོགས་ལ་རྩིས་དགོས་ངེས་རེད་། དེས་ན་དེ་རིང་ཁྱེད་རང་ཚོའི་ལས་འགུལ་ཁང་གི་གནས་ལུགས་དེ་དག་(འབྲེལ་བཤད་ཡག་པོ་རྒྱབ་ན་སེམས་ཁུལ་ཡོད་མདོག་)ཤེས་བཞིན་གཞན་དབང་དུ་སོང་བའི་སྐད་ཆ་འདི་མི་དགོས་པ་ཞིག་མཐོང་སོང་། དམིགས་བསལ་དྲི་བཀུལ་ཞུ་དོན་སྐུ་ངོ་ཟླ་བ་ཚེ་རིང་གཙོའི་འབྲེལ་ཡོད་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་བྱེད་རྣམས་པས་བོད་ཁམས་དང་ཨ་མདོའི་ད་སྐབས་གནད་དོན་དེ་མི་རེ་གཉིས་ཀྱི་མེ་བསྲེགས་བཏང་མ་བཏང་གི་གནད་དོན་དུ་མ་དགོངས་པ་བོད་སྤྱི་པའི་རྩ་དོན་ཆགས་དང་འཇིགས་ཡང་ན་གནས་ཐུབ་དང་མི་ཐུབ་ཀྱི་གནས་དོན་ལ་དགོངས་ནས་འདས་པོ་རྣམས་པའི་མངོན་མདོད་བཞིན་བོད་དོན་བརྩོད་རོགས་། ལས་འགུལ་སྤེལ་རོགས།
རྣམ་རྟོག་ཚེར་མ་རྣོན་པོ།། བོད་ཞེན་ལག་པར་ཟུག་བྱུང་།། དྲང་བདེན་སོར་མོས་བཏོན་ཚེ།། ཚེར་མ་མགོ་བོ་འཁྱོག་འདུག།