གསར་འགྱུར་གཉིས་ངེད་ཀྱི་སེམས་སུ་ཡང་ཡང་འཁོར་བྱུང་། གསར་འགྱུར་དེ་གཉིས་ངེད་ཀྱིས་དུས་བབ་གསར་ཤོག་དང་དྲ་རྒྱ་ལས་མཐོང་བྱུང་། དེ་གཉིས་ཀ་ཆོལ་ཁ་དང་ཆོས་ལུགས་ཞེས་པའི་ཚིག་འདི་ལ་འབྲེལ་འདུག གསར་འགྱུར་དང་པོ་དེ་ནི། དུས་བབ་གསར་ཤོག་ཏུ་འཁོད་པའི་གླ་ཡོད་གསལ་བསྒྲགས་སྐོར་ཅིག་ལས་མཐོང་བྱུང་། གསལ་བསྒྲགས་དེ་ཚོ་ནི་བོད་མི་མང་སྤྱི་འཐུས་ཀྱི་རྐུབ་སྟེགས་ཁྲོད་དུ་ཇོ་ནང་ཆོས་བརྒྱུད་ཀྱི་སྟེགས་བུ་དགོས་པའི་སྐོར་དེ་རེད་ལ། ཆོས་བརྒྱུད་གཞན་གྱི་བླ་ཆེན་དག་གིས་འདི་ལ་རྒྱབ་སྐྱོར་གནང་འདུག ང་ནི་རྩ་བའི་ཆ་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་དང་ཆོས་སྲིད་ཟུང་འབྲེལ་ཟེར་བ་འདི་གཉིས་ཀ་ལ་དགག་ཕྱོགས་ཀྱི་བསམ་ཚུལ་འཛིན་མཁན་ཞིག་ཡིན། དེའི་རྒྱུ་མཚན་ནི་ཧ་ཅང་ལས་སླ་བོ་ཞིག་སྟེ། ཆོས་ནི་ཚེ་ཕྱི་མའི་བདེ་སྡུག་གཉེར་བ་ཞིག་དང་། སྲིད་ནི་ཚེ་འདིའི་བདེ་སྡུག་གཉེར་བ་ཞིག་རེད་དྲན། འཇིག་རྟེན་གྱི་སྲིད་སྤངས་ནས་རབ་ཏུ་བྱུང་ཟིན་པའི་རྗེས་ལ་སྲིད་ཀྱི་ཁྲི་མཐོན་པོ་དག་ལ་འགྱིངས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད་དྲན། འོན་ཀྱང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཏན་འཁེལ་ཟིན་པའི་གནད་དོན་ཞིག་ཡིན་བརྟེན་མུ་མཐུད་ནས་གུས་ཞབས་ལོས་བྱེད། དེས་ན། ཇོ་ནང་ལ་སྤྱི་འཐུས་ལོས་དགོས། ཡེ་ཤུ་དང་ཁ་ཆེ། རིམ་གྱིས་འཛམ་གླིང་གི་ཆོས་ལུགས་ཡོད་དོ་ཅོག་ལ་རྐུབ་སྟེགས་སྤྲོད་དགོས་པ་ཞིག་རེད། དེ་མིན་དྲང་བདེན་ཟེར་བ་དེའི་ལྗིད་ཚད་བརླག་འགྲོ་བ་ནི་གདོན་མི་ཟ་སྙམ་མོ།།
གསར་འགྱུར་གཉིས་པ་དེ་དུས་བབ་ཀྱི་དྲ་རྒྱའི་ཐོག་མདོ་སྨད་ཚོགས་ཆེན་འཚོགས་ནས་ ༧གོང་ས་མཆོག་ལ་སྐུར་འདེབས་དང་སྲུང་མ་བསྟེན་མཁན་ཡིན་ན་ཆོལ་ཁའི་ཁོངས་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ཟེར་བ་འདི་རེད། ཚིག་འདི་ནི་མིག་ལ་བདེ་པོ་ཞིག་མ་བྱུང་། རྒྱུ་མཚན་ནི། གཅིག་ནས་བོད་ཀྱི་ཡུལ་མིའི་ཐོབ་ཐང་དེ་ཚོ་ཆོལ་ཁ་ཞེས་པའི་རང་དབང་ཅན་གྱི་ཚོགས་པ་ཞིག་གིས་འཕྲོག་ཐུབ་པའི་ཐོབ་ཐང་ཡོད་མེད་མ་ཤེས། བཅའ་ཁྲིམས་ནང་ལ་ཡང་ཚོགས་པ་ཞིག་ལ་དེ་འདྲའི་དབང་ཚད་སྤྲད་ཡོད་པ་ཞིག་མིག་གིས་མ་མཐོང་། གཉིས་ནས། སྲུང་མ་བསྟེན་མཁན་ཡིན་ན་ཆོལ་ཁོངས་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ན། ཁ་ཆེ་བ་དང་ཡེ་ཤུ་བ་དེ་ཚོ་ལ་ཅི་བྱེད་རྒྱུ་ཡིན་ནམ་དྲན། འོན་ཀྱང་། ང་ཚོ་བོད་མིའི་ཁ་སྟབས་གནས་སྟངས་འདི་འདྲ་བ་ཞིག་ལ་ཁོག་པའི་སྙིང་ལྟར་གཅེས་ཤིང་ཕ་མའི་དྲིན་ལས་མཐོ་བའི་༧གོང་ས་མཆོག་ལ་བཅངས་པའི་དད་པ་དང་བཀའ་དྲིན་བསམ་ཤེས་ཤིག་འདིའི་རྒྱབ་ཏུ་ཡོད་པ་ནི་ངས་གསལ་པོར་མཐོང་གི་འདུག མྱོང་བས་ཤེས་གི་འདུག
མ་གཞི་ཆོལ་ཁའི་ཁོངས་ནས་ཕྱིར་འབུད་ཟེར་བ་དེ་ཅི་འདྲ་ཞིག་ལ་གོ་དགོས་པ་རེད། དཔེར་ན་ཨ་མདོ་བ་ཞིག་མདོ་སྨད་ཆོལ་ཁོངས་ནས་ཕྱིར་འབུད་བྱས་ན་དེ་རྗེས་ཕ་ཡུལ་དུ་སྡོད་མི་ཆོག་པར་ཁམས་དང་དབུས་གཙང་། ཡང་ན་རྒྱ་ཡུལ་འདྲ་བོ་ཞིག་ལ་འགྲོ་དགོས་པའི་དོན་རེད་དམ། ཡང་ན་མདོ་སྨད་ལག་དེབ་བཟོ་མི་ཆོག་པ་ཙམ་རེད། ངོ་མ་ཡིན། ངས་ཆོལ་ཁོངས་ནས་ཕྱིར་འབུད་ཟེར་བ་དེ་ཅི་ཞིག་ལ་ཟེར་གྱི་ཡོད་ཤེས་ཀྱི་མི་འདུག ཤེས་མཁན་ཞིག་གིས་གསལ་བཤད་ཅིག་གནང་རོགས་ཞུ།
ཆོལ་ཁ་རེ་ནས་འཐུས་མི་བཅུ་རེ་བྱས་ནས་སྤྱི་འཐུས་སུམ་ཅུ་ཐམ་པ་ཡིས་ཡོངས་ཁོངས་ཀྱི་ཆ་ནས་བོད་མི་ཡོད་དོ་ཅོག་མཚོན་ཐུབ། རྒྱུ་མཚན་ནི་ཆོལ་གསུམ་གྱི་ཁོངས་སུ་མ་གཏོགས་པའི་བོད་པ་ཞིག་མེད་པ་རེད། དེ་མིན་ཆོས་རྒྱུད་བྱེ་བྲག་པའི་ངོ་ཚབ་ཞིག་དམངས་གཙོའི་སྲིད་གཞུང་དུ་བཅུག་པ་ནི་ང་དགུའི་གོང་གི་བོད་སྲིད་གཞུང་གི་གདན་ས་གསུམ་མཚོན་པའི་བླ་རྒན་གསུམ་དང་སྐུ་དྲག་མཚོན་པའི་མི་སྐྱ་གཅིག་ལས་གྲུབ་པའི་བཀའ་ཤག་སྲིད་གཞུང་གི་འགོས་ནད་ཞིག་ཡིན་པ་རེད།
དེ་ལྟར་མིན་ན་ཇོ་ནང་བོད་མི་མཚོན་པའི་སྤྱི་འཐུས་ཞིག་དང་ཁ་ཆེ་དང་དེ་བཞིན་ཆོས་ལུགས་གཞན་ལ་ཡིད་ཆེས་བྱེད་མཁན་གྱི་བོད་མིའི་ཡིད་ཆེས་མཚོན་པའི་འཐུས་མི་དགོས་པ་མ་ཟད་ཆོས་མེད་སྨྲ་བའི་བོད་མའི་ངོ་ཚབ་ཀྱང་དགོས།
ངས་བལྟས་ན། ཆོས་ལུགས་དང་ཕར་བཞག་ཆོལ་ཁ་ལ་གཞི་བཞག་ནས་སྤྱི་འཐུས་ཀྱང་འདེམས་བསྐོ་མི་དགོས་པ་ཆབ་སྲིད་ཚོགས་པ་རྒྱུད་ནས་འོས་གཞི་འདེམས་བསྒྲུབ་ཀྱིས་སྤྱི་འཐུས་ལ་བསྐོས་ན་ཡག་གི
ཆོས་ལུགས་མི་སྣ་ལ་ངོ་ཚབ་ལྡབ་ལོག་(གཅིག་ནས་ཆོལ་ཁའི་ཁོངས་སུ་འོས་འཕེན་པའི་ཐོབ་ཐང་དང་གཉིས་ནས་ཆོས་རྒྱུད་ཀྱི་ཕྱོགས་ནས་འོས་འཕེན་པའི་ཐོབ་ཐང་ཡོད་པ་)གི་གོ་སྐབས་སྤྲོད་པ་དང་གྲ་བ་མིན་པའི་བོད་མི་ལ་འོས་ཤོག་གཅིག་ལས་འཕེན་རྒྱུའི་ཐོབ་ཐང་མེད་པ་ནི་དམངས་གཙོའི་ལྟ་བ་དང་འགལ་པ་རེད།
ས་ཁོངས་ཀྱི་ཁྱབ་ཚད་ལྟར་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་དེ་མང་གཙོ་རྒྱལ་ཁབ་ཁག་གི་འགྲོ་ལུགས༣་ཤིག་ཡིན་པས། ཆོལ་ཁ་ལ་གཞི་བཞག་ནས་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་དེ་འཛམ་གླིང་གི་གནས་སྟངས་དང་མཐུན་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ལ་ཆབ་སྲིད་ཀྱི་དོན་སྙིང་ཡོད་པའི་འགྲོ་སྟངས་ཤིག་རེད། འོན་ཀྱང་།ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཟེར་བ་འདི་ནི་དགོས་མེད་ཅིག་ཏུ་མཐོང་ལ་དགེ་བཤེས་བླ་མ་རྣམས་སྤྱི་འཐུས་ལ་བཞེངས་འདོད་ཡོད་ན་སོ་སོའི་ཆོལ་ཁའི་ཁོངས་ནས་བཞེངས་ན་དགའ་བསུ་བྱེད་འོས་པ་རེད། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་དེ་དངོས་ནས་མཚམས་འཛྷཇོག་དགོས་པའི་དུས་སུ་སླེབས་འདུག་བསམ། སྲུང་མ་ཆེ་གེ་མོ་བསྟེན་མཁན་ཆོལ་ཁའི་ཁོངས་ནས་ཕུད་ཟེར་བ་སོགས་ལ་དགོས་སྐྱོན་གང་ཡོད་བསམ་གཞིག་དགོས་གནང་དགོས་པར་བསམ། ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡིན་པས། གལ་སྲིད་རང་སྲིད་རང་སྐྱོང་འདྲ་བོ་ཞིག་རེག་པ་ཡིན་ན་སུ་ཆོལ་ཁའི་ཁོངས་ཡིན་པ་དང་སུ་མིན་པ་སོགས་དབྱེ་བ་འབྱེད་ཁག་པོ་རེད། གྲོས་ཆོད་དེ་འདྲ་བཞག་ཡོད་པ་བདེན་ན་གྲོས་ཆོད་དེ་འདྲའི་རིགས་ལ་མོས་མཐུན་གཏན་ནས་མེད།
གསར་འགྱུར་འདི་གཉིས་གང་ཡིན་ཡང་དེང་གི་གནས་སྟངས་མཐུན་པ་ཞིག་མ་རེད། ཆོས་བརྒྱུད་ཀྱི་སྤྱི་འཐུས་འདི་བཅལ་ཁྲིམས་དང་འབྲེལ་བ་ཡོད་པར་བརྟེན་རི་བཤད་ཐང་བཤད་བྱས་པས་ཕན་གྱི་མ་རེད། མདོ་དོན་བཅའ་ཁྲིམས་ལ་འགྱུར་བ་འགྲོ་གཞིའི་ལས་འགུལ་སྤེལ་དགོས་པ་རེད། མདོ་སྨད་ཀྱི་གྲོས་ཆོད་དེ་དམངས་གཙོའི་སྤྱི་ཚོགས་ནང་ཆོལ་ཁ་རང་གིས་རང་ཉིད་ལ་ཞབས་འདྲེན་ཞུས་པ་རེད། དེས་༧གོང་ས་མཆོག་ལ་དད་གུས་དང་དམ་ཚིག་གཙང་མ་ཡིན་པར་སྟོན་གྱི་ཡོད་ནའང་སྟོན་སྟངས་ལ་ནོར་འཁྲུལ་ཤོར་བ་རེད། འདི་ཞབས་འདྲེན་རེད།
༼སྲུང་མ་བསྟེན་མཁན་ཡིན་ན་ཆོལ་ཁོངས་ནས་ཕྱིར་འབུད་བྱེད་རྒྱུ་ཡིན་ན། ཁ་ཆེ་བ་དང་ཡེ་ཤུ་བ་དེ་ཚོ་ལ་ཅི་བྱེད་རྒྱུ་ཡིན་ནམ་དྲན། འོན་ཀྱང་། ང་ཚོ་བོད་མིའི་ཁ་སྟབས་གནས་སྟངས་འདི་འདྲ་བ་ཞིག་ལ་ཁོག་པའི་སྙིང་ལྟར་གཅེས་ཤིང་ཕ་མའི་དྲིན་ལས་མཐོ་བའི་༧གོང་ས་མཆོག་ལ་བཅངས་པའི་དད་པ་དང་བཀའ་དྲིན་བསམ་ཤེས་ཤིག་འདིའི་རྒྱབ་ཏུ་ཡོད་པ་ནི་ངས་གསལ་པོར་མཐོང་གི་འདུག མྱོང་བས་ཤེས་གི་འདུག༽
དགེ་རབ་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྦྲགས་ནས་འགྲེལ་བཤད་ཅིག་གནང་འདུག་པ་དེ་དོན་དངོས་ནས་མཐུན་ཀྱང། ༧གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་ཤིག་འདིའི་རྒྱབ་ཏུ་ཡོད་ཟེར་བ་དེ་གོ་རམཏོགས་དཀའ།་བཅའ་ཁྲིམས་དང་མ་མཐུན་པ་ཞིག་ཡིན་ན་བཀའ་དྲིན་བསམ་ཤེས་ཤིག་ཅི་ལྟར་ཆགས། ངས་གྲོས་ཆོད་དེ་ལ་མོས་མཐུན་མེད་ཟེར་དོན་ཡང་གྲོས་ཆོད་དེ་བོད་བྱོལ་བོད་མིའི་བཅའ་ཁྲིམས་ནང་འཁོད་པའི་བོད་ཀྱི་ཡུལ་མི་དང་ཐོབ་ཐང་ཟེར་དང་འགལ་གྱི་འདུག་པས་ཡིན། ང་ཚོ་ལ་བཅའ་ཁྲིམས་ལས་འགལ་བའི་བསམ་ཤེས་ཤིག་ཡོད་ན་ཡག་པོ་ཡོད་དམ།
བློ་བཟང་ལོང་རྟོགས་ལགས།
ཁྱེད་ཀྱིས་ཟེར་པའི་”ས་ཁོངས་ཀྱི་ཁྱབ་ཚད་ལྟར་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་དེ་མང་གཙོ་རྒྱལ་ཁབ་ཁག་གི་འགྲོ་ལུགས”རེད་ཅེས་པའི་འཛམ་བུ་གླིང་འདིའི་སྟེང་གི་དམངས་གཙོ་རྒྱལ་ཁབ་གཅིག་གི་མིང་བཏོན་རོགས་གྱིས་དང་ཐུགས་རྗེ་གཟིགས།
དོན་དངོས་ཐོག སྤྱི་འཐུས་ཀྱི་ཡོང་ཁུངས་ཆབ་སྲིད་ཚོགས་པ་ཡིན་དགོས་པ་དང་། ཆབ་སྲིད་ཚོགས་པའི་ངོ་ཚབ་ཀྱི་ཡོང་ཁོངས་ནི་ས་ཁུལ་བྱེ་བྲག་ཏུ་གནས་པའི་མི་དམངས་ཀྱི་ཆབ་སྲིད་ཀྱི་ལྟ་བ་མཚོན་ཐུབ་པའི་འཐུས་མི་ཞིག་དགོས་པ་ཡིན།
སོག་པོ་ཟོག་པས་དེ་སྔོན་ཁོང་ཚོའི་དགོས་མཁོ་ལ་བརྟེན་ནས་ཞིང་ཆེན་བགོ་སྟངས་ལ་བཞིགས་ཏེ་ཆོལ་ཁ་གསུམ་དུ་དབྱེ་བ་ཡིན་པས། དུམ་བུ་གསུམ་དུ་བགོ་བ་འདི་གནའ་སྔར་ནས་བོད་དུ་མེད་ལ་བོད་པས་བཟོས་བའི་ཇུས་ཞིག་ཀྱང་མིན་པས་འདི་སྐྱུར་མི་ཐུབ་པའི་སྡུག་བསྔལ་ཞིག་ཀྱང་ང་ཚོ་མྱོང་དགོས་དོན་མེད། འདི་ལྟ་བའི་གནད་དོན་ལ་ཤི་འཇུར་རོ་འཐོམ་བྱེད་ཀྱིན་སྡོད་ན་ཆོ་གང་ཡོད་གི???
གནས་ཚང་ཞིག་ལས་རང་ཁྱིམ་མེད་པའི་སྐབས་འདི་འདྲ་ཞིག་ལ་བོད་པ་ཚང་གི་ནང་ཁུལ་ལ་སྐད་ཆ་འགན་མེད་པའི་བསྐོར་རྐྱང་རྐྱང་བཤད་དེ་ཉིན་མ་ཕུད་དེ་བསྡད་པ་ཡིན་ན། ནམ་ཞིག་གནས་ཚང་ལས་བྲལ་ནས་ཁྱིམ་ཚང་རང་བདག་སྐབས་བོད་པ་འདི་ཚོས་ག་རེ་བྱེད་རྩིས་ཡོད་ན། བོད་པ་ཚང་གི་མི་བུ་འདི་དག་གིས་ཧམ་པ་འདི། དངོས་ནས་དགོས་སར་མེད། མི་དགོས་སར་ག་དུས་ཡིན་ཡང་མཁས་འདོག་སྟོན་རྒྱུར་དགའ་བ་དང་རང་ཉིད་ལ་འཇོན་ཐང་མེད་ཀྱང་ཁ་སྤོབས་ཆེ་ལུགས་འདི། གཤམ་དུ་དྲ་གྲོགས་ཚོ། བདག་གི་རྩོམ་ཡིག་འདི་ལ་གཟིགས་རོགས་ཞུ།
བོད་ཀྱི་སྤུན་ཟླ་ཚོར་འབོད་སྐུལ།
རང་གི་ཤེས་པ་བདེན་གྱི་གོང་བུར་བཞག།
གཞན་གྱིས་བྱས་པ་གཡེན་དང་ཁྲ་མར་བརྩིས།།
འདི་འདྲ་འདི་ལ་ཡིད་ཆེས་བྱེད་ལུགས་འདིས།།
གནའ་ཡང་ཕམ་རེད་ཕྱིས་ཀྱང་ཕམ་བྱེད་རེད།།
དེ་ལས་ཁ་སེམས་ནང་ལ་ཚུར་འཁོར་ནས།།
གཅིག་ལས་གཉིས་མེད་བོད་ཀྱི་བདེ་སྡུག་ལ།།
འགན་ཞིག་བླངས་ན་ག་འདྲའི་ཡག་པོ་འདུག།
བོད་པ་ཟེར་ན་གཅིག་ལས་གཉིས་མེད་ལ།།
བོད་དོན་ཟེར་ནས་དེ་བས་ག་ལ་ཡོད།།
རང་གིས་མི་སྒྲུབ་གཞན་གྱིས་སྒྲུབ་པ་དེར།།
ནག་ཉེས་བཀལ་ན་གནས་ལུགས་མི་ལྡན་པས།།
ཕྱིས་སུ་དེ་ཡི་རིགས་ལ་གཟབ་པར་འཚལ།།
སྙིང་ནས་བརྩེ་བའི་དྲ་གྲོགས་སྤུན་ཟླ་ཚོ།།
ངས་འདི་ལྟར་བྲིས་པ་དེ་ཡང་དྲ་གྲོགས་སྤུན་ཟླ་ཁྱེད་ཅག་གིས་དཔྱད་པ་མ་བྱེད་ཟེར་བ་མིན་ལ། སྐད་ཆ་བཤད་ལུགས་ནི་དངོས་ནས་རྩུབ་པོ་དང་ཕན་ཚུན་ལ་བརྩི་བཀུར་དང་ཡིད་ཆེས་སྤེལ་ལུགས་ཀྱི་སྐད་ཆ་བཤད་སྟངས་ཤིག་མཐོང་གི་མི་འདུག་ན། དེ་དག་ལ་འགྱུར་བ་རེ་རང་ཉིད་ནས་མགོ་བཙུགས་དེ་གཏོང་བ་ཡིན་ན་ནི། ངེད་ཅག་བོད་པ་ཚང་གི་མ་འོངས་པ་ལ་རེ་བ་ཞིག་ཡོད་ངེས། སེམས་བསམ་པའི་གཏིང་ནས་བོད་ཟེར་ན་གཅིག་ལས་གཉིས་མེད་པ་དེའི་བསྐོར་ལ་ཚང་མས་འགན་ཞིག་ལེན་རོགས་ཞུ། མི་སུ་ཞིག་གིས་བོད་ཟེར་བའི་མིང་ཚིག་འདི་ཉིད་དུམ་པར་བཟོ་བའི་ཚིག་རེ་བཤད་ཀྱི་ཡོད་ན་དེ་ནི་བོད་པ་ཚང་གི་བདེན་དོན་ལ་འགན་འཁུར་མེད་མཁན་ཡིན་པ་རེད།
མེ་སྒྱོགས་རྒྱ་མཚོ་ལགས།
ཨ་རི། ཡོ་རབ་རྒྱལ་ཁབ་མང་ཆེ་བ། ཨོ་སི་ཀྲི་ལི་ཡ་ལ་སོགས་མང་གཙོའི་རྒྱལ་ཁབ་མང་ཆེ་བ་ས་ཁོངས་ནས་སྤྱི་འཐུས་ཐོན་གྱི་ཡོད་པ་རེད། རྒྱལ་ཁབ་ཁག་གི་འོས་བསྡུ་ལས་ཁུངས་ཀྱིས་ས་ཁོངས་ནས་ཆབ་སྲིད་ཚོགས་པ་ཁག་འགྲན་བསྡུར་བྱེད་འཇུག་གི་རེད། དང་པོ་ས་ཁོངས་མེད་པར་ཆབ་སྲིད་ཚོགས་པ་ཟེར་ནས་ཚོགས་པ་ཁག་གི་འོས་བསྡུར་འགྲན་བསྡུར་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཅིག་ཡོད་ན་གང་ཉིད་ནས་མིང་འདོན་རོགས། ཨོ་སི་ཀྲི་ལི་ཡར་མཚོན་ན་ཡང། འོས་བསྡུ་ལས་ཁུངས་ཀྱི་ས་ཁོངས་བགོ་སྟངས་དེ་ནམ་རྒྱུན་གྱི་ས་ནས་བགོ་སྟངས་དང་མ་འདྲ་བའི་ས་བཀྲ་དམིགས་བསལ་ཞིག་འདུག་་ས་ཁོངས་དེ་དག་ནས་ངལ་རྩོལ་ཚོགས་པ་དང། ལྗང་ཁུ་ཚོགས་པ། མང་གཙོ་ཚོགས་པ་སོགས་ཡོང་གི་འདུག ས་ཁོངས་དེ་ཡི་ཚོགས་པ་ཁག་ནས་སུ་རྒྱལ་བ་ཡིན་ན་དབུས་གྲོས་ཚོགས་ནས་རྐུབ་བཀྱགས་རེག་གི་ཡོད་པ་རེད། དེ་ཙམ་ཡིན། ཐུགས་རྗེ་ཆེ།
གཤམ་གྱི་དྲ་རྒྱ་ལ་གཟིགས་དང་དེ་ནི་ཨོ་སི་ཀྲི་ལི་ཡའི་འོས་བསྡུ་ལས་ཁུངས་ཀྱི་ས་ཁོངས་གཅོད་སྟངས་ཀྱི་ས་ཁྲ་རེད། རི་མོར་དེར་བལྟས་ན་གསལ་བོར་རྟོགས་ངེས། ས་ཁོངས་དེ་དག་ནས་ཚོགས་ལ་འདྲ་མིན་ཡོང་ཆོག་གི་རེད། འོན་ཀྱང་ང་ཚོ་བཙན་བྱོལ་བ་རྣམས་ལ་མཚོན་ན་རང་དབང་ལུང་པ་ལྟར་ཐོང་ཐང་དང་གང་ཅིའི་ཐད་དཀའ་ངལ་ཞིག་ཡོད་པ་ཡིན་དུས། ས་ཁོངས་གཅོད་སྟངས་ཀྱི་ལམ་ལུགས་དེ་ཡང་ཡག་པོ་ཞིག་དང་ང་ཚོས་མིག་དཔེ་བྱེད་འོས་པ་ཞིག་མ་རེད་དམ།
http://www.aec.gov.au/pdf/profiles/boundary_map_2007.pdf
ང་ཚོས་ཡིན་མིན་གཅིག་མི་ལ་ལད་ཟློས་མ་བྱས་པ་ཡིན་ན་ཡོང་གི་མེད་པ་རེད་དམ། གཞན་གྱིས་བྱས་པ་ཚང་མ་ལ་ནོར་འཁྲུལ་མེད་པ་རེད་དམ།
ཨ་མདོ་འདི་ཆོས་ཅང་ཤེས་བགྱོ་མི་ཤེས་ནི་ འཇོན་བགྱོ་མི་འཇོན་མི་ནི་ སྐད་ཆ་ཆེན་པོ་ཆེན་པོ་བཤད་བགྱོ་དགའ་ནི་ངོ་མ་དགོད་བགྱི་ཡོང་ཀི་ཡ། སྤྱི་འཐུས་ཅིག་ཅིག་འགྲིག་མི་འདུག་ཟེར་ཁུལ་བྱས། ཁྱེད་ཚོས་རང་བཙན་འཔྱ་ཁྲལ་མི་སྤྲད་ནི་ ཁྱེད་ཚོ་སྤྱི་འཐུས་འདེམས་ཤོག་འཕེན་ཀི་མི་ཡོང་ནི་་་དག་དག་གིས་ཆི་ཟིག་བཤད་ཀི་ཡོད།དཔེར་ན། ༢༠༠༢ལོར་ཡིན་བསམ་སོང། མདོ་སྨད་ལ་སྤྱི་འཐུས་གཅིག་བསྐྱར་འདེམས་བྱེད་དགོས་བྱུང་དུས་གཞུང་གིས་འགྲོ་སོང་བཏང་ནས་འོས་ཤོག་འཕེན་བཅུགས་དུས་ྨདོ་སྨད་པ་ཚོ་་་འོས་ཤོག་འཕེན་གི་་ཡོང་ཁ་མ་ཉན་ནས་་འོས་ཤོག་གི་ཆེ་དམའ་བའི་གྲངས་ཀ་མ་ལོངས་པར་གཞུང་གིས་ཡང་བསྐྱར་འོས་བསྡུ་བྱེད་དགོས་བྱུང་བ་རེད། མཐའ་མར་གཞུང་ལ་སྒོར་ཁྲི་ལྔ་དྲུག་ཅིག་གི་གྱོང་རེག་འདུག་ཟེར་།དེའི་ཆེ་ཚད། སྔོན་མ་ཅིག་ལ་འཐུས་འདེམས་སྐབས་ཞིག་ལ་རྡ་ས་ན་ཡོད་པའི་ཨ་མདོ་ཚོ་ཡིན་གཅིག་མིན་གཅིག་འོས་ཤོག་འཕེན་ཀི་ཤོག་ཟེར་ནས་བརྡ་བརྒྱབས་་པ་རེད། མང་པོ་ཞིག་བསླེབས་ཡོང་བས་ནང་རང་བཙན་ལག་དེབ་ཡོད་མཁན་ཉུང་ཉུང་། ལག་དེབ་ཡོད་ནའང་ཁྲལ་བརྒྱབས་ཡོད་གཅིག་གཉིས་ལས་་མི་འདུག འོས་བསྡུ་ལ་ཐོ་འགོད་བྱས་ཡོད་མཁན་མི་གཅིག་ར་མི་འདུག ཨ་ཁུ་བློ་བཟང་བསྟན་འཛིན་འུ་ཐུག་ནས་ཐོ་འགོད་མེད་ན་མེད་ན་ ལག་དེབ་ཡོད་མེད་གཉིས་ཀས་འོས་འདེམས་བྱོས་ཟེར། ངོ་མ་དེ་དག་ནི་ཁྲིམས་འགལ་རང་རེད།
མེ་སྒྱོགས་རྒྱ་མཚོ་ཟེར་བ་གུང་བྲན་ཏང་གིས་བོད་ཀི་ནང་མེ་སྒྱོགས་འཕེན་ཀི་བཏང་བ་ཡིན་པ་འདྲ། ཁྱེད་ཀྱིས་་་་་་དེ་མིན་ཆོས་རྒྱུད་བྱེ་བྲག་པའི་ངོ་ཚབ་ཞིག་དམངས་གཙོའི་སྲིད་གཞུང་དུ་བཅུག་པ་ནི་ང་དགུའི་གོང་གི་བོད་སྲིད་གཞུང་གི་གདན་ས་གསུམ་མཚོན་པའི་བླ་རྒན་གསུམ་དང་སྐུ་དྲག་མཚོན་པའི་མི་སྐྱ་གཅིག་ལས་གྲུབ་པའི་བཀའ་ཤག་སྲིད་གཞུང་གི་འགོས་ནད་ཞིག་ཡིན་པ་རེད། ཟེར་བ་འདི་གང་ནས་རིག་སོང་། རྒྱལ་བའི་རང་རྣམ་ནང་ ཆོས་སྲིད་ཀའི་དབང་ཆ་ཡོད་པ་ཏྰ་ལའི་བླ་མ་གཅིག་པུ་ཡིན། སྲིད་བློན་གཉིས་ཡོད་པའི་གཅིག་སེར་མོ་་བ་དང་། གཅིག་སྐྱ་བོ་ཡིན། བཀའ་ཤག་ནང་རྣམ་ཀུན་འཐུས་མི་བཞི་ཡོད་པ་ནས་གཅིག་སེར་མོ་བ་ཡིན་། གསུམ་སྐྱ་བོ་ཡིན། བཀའ་ཤག་འོག་ལས་ཁང་གཉིས་ཡོད། ༡ ཡིག་ཚང་སེར་མ་བཞི་ཡོད་།ཁོང་ཚོས་གཙོ་བོ ཆོས་དོན་འགན་འཁུར་བྱེད་། ནོར་སྲིད་ལས་ཁུངས་ནང་སྐྱ་བོ་བཞི་ཡོད། ཁོ་ཚོས་ཆོས་དོན་མིན་པའི་ལས་དོན་རྣམས་བྱེད་ཀྱི་རེད། གསུངས་འདུག།
༡ དགེ་རབ་ཀྱིས་བཤད་ནོ་བདེན་ཀི་ཡ། ་་་་་ འཇིག་རྟེན་གྱི་སྲིད་སྤངས་ནས་རབ་ཏུ་བྱུང་ཟིན་པའི་རྗེས་ལ་སྲིད་ཀྱི་ཁྲི་མཐོན་པོ་དག་ལ་འགྱིངས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད་དྲན། ཟེར་བ། རྒྱུ་མཚན་དེའི་ཕྱིར་་་བོད་ཀྱི་ཆོལ་ཁ་དང་ཆོས་རྒྱུད་ལ་ཆིག་སྒྲིལ་ཞིག་བྱུང་བ་རེད།རྒྱུ་མཚན་་དེའི་ཕྱིར་ ན་ནིང་དང་ད་ལོ་ངོ་རྒོལ་དང་མནར་གཅོད་དེ་དག་དག་བྱུང་བ་རེད། རྒྱུ་མཚན་དེའི་ གཞུང་སྒེར་གཉིས་ཀས་དཔལ་འབྱོར་ཡང་ཁྱེད་ལ་བརྟེན་ནས་བཟ་དགོས་བྱུང་བ་རེད། ཁྱོད་སྲིད་ཀྱི་ཁྲི་མཐོན་པོ་དག་ལ་འགྱིངས་མེད་ན་ང་ཚོ་སོ་སོའི་ས་བདེ་མོ་སྐྱིད་པོ་བྱས་ྦསྡད་ན་འགྲིག་ཀི་ཡོད་་ནི་རེད།
ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་གུང་བྲན་ཏང་གིས་ང་ཚོའི་ཀླད་པའི་ནང་ཆུང་དུས་ནས་བཞགས་ཡོད་པ་དེ་ལས་གཞན་ནུབ་ཕྱོགས་ཀྱི་གོ་དོན་དི་མོ་དི་ཟོ་ངེད་ཆོ་དགོ་ནི་རེད། བླ་རྒད་ཚོ་སྤྱི་འཐུས་མི་དགོས། སྐད་རྒྱག་ན་སྔོན་ལ་རྒྱུགས་དགོས་ཨ་ཁུ་ལེ་ལེ།།
གོང་དུ་བློ་བཟང་ལུང་རྟོགས་ཟེར་བའི་ཁ་ཐག་ལད་དུ་སོང་བ་ཞིག་གིས་སྲུང་མ་བསྟེན་མཁན་ཞིག་ཆོལ་ཁོངས་ནས་ཕུད་ན་ཁ་ཆེ་དང་ཡེ་ཤུས་བའི་ཆོས་བྱེད་མཁན་ལ་ཅི་བྱེད་རྒྱུ་ཡིན་ནམ་ཞེས་ཟུར་བཟའ་དང་མཐོང་ཆུང་བྱེད་ཁུལ་བྱས་འདུག། གྲས་ཆོད་འདིའི་དགོངས་དོན་ཆོས་ལུགས་གཞན་བྱེད་མཁན་ལ་འགོག་རྐྱེན་དང་གནོན་ཤུགས་སྤྲད་པ་མ་ཡིན་ལ། ལྷར་པར་དུ་དོལ་ཚོགས་འདི་མདོ་སྨད་ཆོལ་ཁས་ཆོས་ཀྱི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད་སྟབས། མདོར་བསྡུས་ནས་བཤད་ན་རྒྱལ་འཚོང་གི་ལས་ལ་ཞུགས་ན་མི་གྲལ་ནས་ཕུད་རྒྱུ་ཡིན་ཞེས་བའི་དོན་རེད། སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་དུ་མདོ་སྨད་ཀྱི་མི་གྲངས་ཉུང་ངུ་ལས་མེད་ཀྱང་། མི་སུ་ལའང་ནད་མནར་དང་གཉེན་ཉེ་མེད་མཁན་འདས་གྲོངས་སུ་ཕྱིན་པ་སོགས་ལ་ས་གནས་དེ་གའི་ཨ་མདོ་མི་སུ་ཡོད་ཚང་མས་བལྟ་སྐྱོང་བྱེད་སྲོལ་ཡོད་སྟབས། དོལ་ཚོགས་དང་འབྲེལ་བ་ཡོད་མཁན་བྱུང་ན་འདི་འདྲའི་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་མིན་ཞེས་མི་དམངས་ཀྱི་བསམ་ཆར་ལྟར་བཞག་པ་ཞིག་རེད། དེར་བརྟེན་ཁྱོད་ལ་གྲོས་ཆོད་འདིས་ན་ཚ་འདྲ་བཟོས་ཡོད་ན་སྡུག་གྱོང་རེད། མགོ་རྨོངས་ནས་སྐད་ཆ་བཤད་བཞིན་ཡོད་ན་སེམས་གཏམ་ཡིན།
ཆོས་བརྒྱུད་སྤྱི་འཐུས་ འདི་ངེས་བར་དུ་དགོས། དེ་ལ་རྒྱུ་མཚན་མང་པོ་བཤད་རྒྱུ་ཡོད།
གོང་གི་མི་འདི་ཚོས་ད་དུང་མང་པོ་ཞིག་ཧ་གོ་མི་འདུག ཡིན་ན་ཡང་མ་ཤེས་ཤེས་ཁུལ་བྱེད་བགྱོ་དགའ་ཀི
ཆོས་བརྒྱུད་སྤྱི་འཐུས་གྲ་བ་ཡིན་དགོས་པའི་ངེས་བ་མེད་ཁུ སྐྱ་བོ་ཆོས་བརྒྱུད་སྤྱིའཐུས་བྱེད་མཁན་མང་པོ་མཐོང་མྱོང།
བོད་ཀྱི་སྤྱི་འཐུས་འདེམས་ལྟངས་འདི་ཨ་རིའི་སྤྱི་འཐུས་འདེམས་ལྟངས་དང་འདྲ་བོ་རེད། དམངས་གཙོའི་འགྲོ་ལྟངས་དང་འགལ་བ་རེད་ཟེར་ན་ཅིང་མི་ཤེས་ཀི་
ཨ་རོ། མེ་སྒྱོགས་ལགས། ཁྱོས་ཆོལ་ཁ་གསུམ་མི་དགོས་ཟེར་བ་དང་ན་ནིང་རྒྱ་ནག་གིས་ཆོལ་ཁ་གླེང་མི་ཆོག་ཟེར་བ། ད་ལོ་ནས་བཟུང་རྒྱ་མིས་བོད་ཆེན་པོ་ཟེར་བ་ཞིག་བྱུང་མ་མྱོང་ཟེར་བ་སོགས་ལ་་འབྲེལ་བ་ཞིག་མེད་དམ།
དོ་སྣང་ཅན་གྱི་བློ་བཟང་ལུང་རྟོགས་ལགས།
འདི་གར་ནུའུ་ཡོག་ཏུ་དེ་རིང་སྐུ་མདུན་རིན་པོ་ཆེའི་བཀའ་སློབ་ཚ་བོ་ཉན་རྒྱུ་རག་སོང་བས་ང་བོད་པ་ཡིན་པའི་སྤོབས་པ་ཇེ་ཆེར་དང་ཁ་བདེ་བའི་ལྕེ་ལེབ་ཇེ་རྣོ་རུ་འགྲོ་ངེས་འདུག
མུས་མཐུད་བཤད་རྒྱུར། ཁྱེད་རང་གིས་ “ཨ་རི། ཡོ་རབ་རྒྱལ་ཁབ་མང་ཆེ་བ། ཨོ་སི་ཀྲི་ལི་ཡ་ལ་སོགས་མང་གཙོའི་རྒྱལ་ཁབ་མང་ཆེ་བ་ས་ཁོངས་ནས་སྤྱི་འཐུས་ཐོན་གྱི་ཡོད་པ་རེད།”ཟེར་བ་དེ་འགྲིགས་མི་འདུག
ངས་ཡང་བསྐྱར་ནན་འདྲི་བྱ་རྒྱུ་ནི་ “ས་ཁོངས་ཀྱི་ཁྱབ་ཚད་ལྟར་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་དེ་མང་གཙོ་རྒྱལ་ཁབ་ཁག་གི་འགྲོ་ལུགས”རེད་ཅེས་པའི་འཛམ་བུ་གླིང་འདིའི་སྟེང་གི་དམངས་གཙོ་རྒྱལ་ཁབ་གཅིག་གི་མིང་བཏོན་རོགས་གྱིས་དང་ཐུགས་རྗེ་གཟིགས།
དམངས་གཙོའི་གཞུང་གི་སྤྱི་འཐུས་ཡོང་ཁོངས་ནི་ཆབ་སྲིད་ཚོགས་པ་ཞིག་ནས་ཡིན་དགོས། ཨ་རི་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་མི་རྣམས་མངའ་སྡེ་རེ་ནས་འཐུས་མི་གཉིས་རེ་བྱས་ནས་ཁྱོན་བསྡོམས་འཐུས་མི་བརྒྱ་ཐམ་པ་ཡོང་གི་ཡོད་པ་དེ་དང་བཙན་བྱོལ་སྲིད་གཞུང་དུ་ཡོད་པའི་ཆོལ་ཁ་གསུམ་ནས་འཐུས་མི་བཅུ་རེ་ཡོང་བ་གཉིས་འདྲ་མདོག་ཁ་བོ་ཡོད་རེད་དེ་དོན་དངོས་ཀྱི་ཐོག་ནས་ཁྱད་པ་ཆེན་པོ་ཡོད།
ཨ་རའི་མངའ་སྡེ་རེ་རེ་ནས་འཐུས་མི་གཉིས་རེའི་ཡོང་ཁུངས་ནི་འཐུས་མི་གང་ཞིག་ཡིན་ཡང་ཆབ་སྲིད་ཚོགས་པའི་ལྟ་བའི་ཐོག་ནས་འོས་གཞི་ལངས་དགོས་ཀྱི་ཡོད་པ་ལས། ཁྱེད་ཀྱིས་ཟེར་བ་ལྟར་”ས་ཁོངས་ཀྱི་ཁྱབ་ཚད་ལྟར་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་་་་་་་་་་་་”ཟེར་བ་དེ་འདྲ་དམངས་གཙོའི་རྒྱལ་ཁབ་གཞན་མེད།
དེ་བཞིན་དུ་ཨ་རའི་གྲོས་ཚོགས་འོག་མ་ཡིན་ནའང་འདྲ། རྒྱ་གར་གྱི་གྲོས་ཚོགས་འོག་མ་ཡིན་ནའང་འདྲ་། དེ་དག་གི་འཐུས་མིའི་གྲངས་ཚད་དང་འཐུས་མིའི་ཡོང་ཁོངས་ནི་མངའ་སྡེ་སོ་སོའི་མི་འབོར་ལ་བཞིགས་ནས་constituency དུ་བགོས་ནས་ཡོང་གི་ཡོད། ཨ་རིའི་California མངའ་སྡེ་ལྟ་བུ་ནས་འཐུས་མི་ལྔ་བཅུ་ལྷག་ཡོད་པ་དང་། མངའ་སྡེ་ཆུང་ཆུང་Vermont ལ་མཚོན་ན་གྲོས་ཚོགས་འོག་མའི་འཐུས་མི་གཅིག་ལས་མེད།
ཁྱེད་ཀྱིས་བཤད་པའི་ལྗང་བའི་ཚོགས་པའི་འཐུས་མི་རྣམས་ཀྱང་གོང་གི་ལམ་ལུགས་ལྟར་ཡོང་གི་ཡོད་ལ་ New South Wales ནས་ཡིན་པའི་ལྗང་བའི་ཚོགས་པའི་འཐུས་མིའི་ལས་དོན་Australia རྒྱལ་ཡོངས་ལྗང་བའི་ཚོགས་པའི་ལྟ་བ་ལྟར་ལས་དོན་བསྒྲུབ་དགོས་ཀྱི་ཡོད།
ཨ་ཕོ་ཧོར་ལགས།
ང་ཚོའི་རྒྱལ་ཁབ་མི་གཞན་གྱིས་འཕྲོག་པ་མ་གཏོགས་སྲུང་མ་ཆེ་གེ་མོ་དང་ག་གེ་མོ། ད་དུང་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་གི་སྲུང་མ་ས་ཡ་མང་པོ་དེ་ཚོས་ཁྱེར་མེད་པ་འདྲ། ང་ཚོའི་སྤྱི་ཚོགས་འདི་ཆོས་བརྒྱུད་མང་པོས་གྲུབ་པ་ཞིག་རེད། ང་ཚོའི་འདས་པའི་ལོ་རྒྱུས་ཁྲོད་ཆོས་རྒྱུད་འདི་ཚོའི་དབར་དམག་འཁྲུག་མང་པོ་ལངས་རྐྱེན་ང་ཚོ་ཨེ་ཤི་སུམ་ཆ་ལ་དབང་བསྒྱུར་མྱོང་མཁན་ཕམ་པ་ནས་ཕམ་པར་གྱུར་ཡོད་པ་རེད། ད་དུང་མུ་མཐུད་ཆོས་བརྒྱུད་དང་ལྟ་བ་མཐུན་མ་མཐུན་གྱི་དམག་རྒྱག་རྒྱུ་དེ་དུས་རབས་ཀྱི་རྗེས་ཟིན་པའི་སྐད་ཆ་ཡིན་ནམ།
དེ་འདྲ་ཡིན་ན་མུ་མཐུད་དམག་རྒྱོབ། ཤ་ཁྲག་གཅིག་པའི་སྤུན་ཟླ་རང་ཁོངས་ནས་རྒྱང་འབུད་ལ་ཐོངས།
ཁྱེད་ཚོས་ཐོས་ཡོད་སྲིད།་ཉེ་ཆར་རྒྱ་དམར་གཞུང་གིས་འཛམ་གླིང་གང་སའི་རྒྱ་རིགས་ཚོགས་པའི་ཚོགས་གཙོ་རྣམས་སྐད་བཏང་ནས་ཚོགས་འདུ་ཞིག་ཚོགས་པ་དང། ཚོགས་འདུའི་ཐོག་ཐེ་ཝན་དང་ཀྲུང་གོ་གཉིས་རྒྱ་རིགས་ཡིན་པས་མཐུན་ལམ་བཟོ་དགོས་པ་དང་། བོད་རིགས་ཁ་བྲལ་བ་རྣམས་ལ་ཁ་གཏད་གཅོད་དགོས་ལབ་འདུག གྲོགས་པོ་ཚོ་གཟིགས་དང། ཁྱོད་ཤི་ང་གསོན་གྱི་དགྲ་བོ་གཉིས་ཀྱིས་མི་རིགས་ཀྱི་འདུ་ཤེས་བཟུང་ནས་ང་ཚོར་ཁ་གཏད་གཅོག་གི་ཡིན་ཟེར། ང་ཚོས་ད་དུང་ཉུང་ཉུང་དེ་ཉུང་རུ་གཏོང་དགོས་པའི་རྒྱུ་མཚན་གང་ཡིན།
ཆོས་བྱེད་གྲྭ་པ་ཚོ་ལ་ཆོས་འདུལ་བའི་བཅས་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས་བཅས་རབ་བྱུང་བའི་འགྲོ་ལུགས་ཤིག་ལོགས་སུ་ཡོད་ཅིང་། དེ་བས་ཀྱང་གཙོ་བོར་འཇིག་རྟེན་འདི་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་དགོས་ཀྱི་ཡོད་པས། སྟོན་པའི་རྗེས་འཇུག་པ་ཚོ་སྲིད་དོན་ནང་དུ་འཇུག་མི་འོས་པ་ནི་སྨོས་མི་དགོས་པ་ཞིག་རེད། སྟབས་ཉེས་ཤིག་ལ། བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཞེས་པ་དར་སྤེལ་བྱུང་བ་ནས་བཟུང་ཆོས་དོན་སྲིད་དོན་ནང་བསྲེས་ཤིང་། སྲིད་དོན་ཆོས་དོན་ཕྱིར་སྤྱོད་པའི་གཞུང་འཛིན་པ་དང་དཔོན་རིགས་ཡ་མ་ཟུང་ཅན་མང་དུ་བྱོན་ཡོད། དེ་དང་དུས་མཚུངས་སུ་བོད་བཙན་པོའི་ཆབ་སྲིད་ཀྱི་དབུ་འཕང་དམའ་ནས་དམའ་རུ་ཕྱིན་ཏེ་གཞུང་འབྲེལ་གྱི་ལས་དོན་གང་ཅིའི་ཆ་ནས་ཆོས་དོན་གཙོ་བོར་སྤྱོད་པ་དེ་བྱུང་། དེའི་དབང་གིས་བོད་ཀྱི་སྤྱི་འཐུས་ཁྲོད་ཆོས་བརྒྱུད་སོ་སོ་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་རེ་འཇོག་དགོས་པར་གྱུར་ཡོད། ལྷ་རབ་བྱུང་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་ཞིབ་ཀྱིས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་རྐུབ་སྟེགས་མེད་པ་བཟོས་ན་འོས་བབ་ཆེན་པོ་འདུག་བསམ། དེ་མིན་མ་འོངས་པ་ལ་ཆོས་ལུགས་དང་འབྲེལ་བའི་སྤྱི་འཐུས་ཀྱི་རྐུབ་སྟེགས་སྤྲོད་དགོས་ས་དང་། དེའི་དགོས་མཁོ་འདོན་མཁན་མང་དུ་འགྱུར་ཉེན་ཆེ་བར་ངེས་སོ།།
ལྷ་ཀླུ་གཉན་གསུམ་ལགས།
ཁྱེད་ཀྱི་དྲི་བ་ “ང་ཚོས་ཡིན་མིན་གཅིག་མི་ལ་ལད་ཟློས་མ་བྱས་པ་ཡིན་ན་ཡོང་གི་མེད་པ་རེད་དམ། གཞན་གྱིས་བྱས་པ་ཚང་མ་ལ་ནོར་འཁྲུལ་མེད་པ་རེད་དམ།” ཟེར་ཕོད་པ་ཁྱེད་ཀྱི་གཟི་བརྗིད་རེད་།
ཁྱེད་རང་གིས་དྲི་བ་འདི་དྲིས་པ་ཙམ་གྱིས་བློ་ཁོག་རེད། ང་ཚོའི་མི་རིགས་འདི་ག་རེ་བྱས་ནས་མི་རིགས་གཞན་གྱི་རྐང་རྗེས་དེད་ནས་འགྲོ་དགོས་ཀྱི་ཡོད་པ་རེད་དམ།
ཏན་ཏན་རེད། རང་གཞན་ཚང་མ་ལ་ནོར་འཁྲུལ་ཡོད་རེད། ང་ཚོས་བྱེད་དགོས་པ་ནི་ལེགས་སྤེལ་ཉེས་འགོག་བྱ་རྒྱུ་དེ་རེད།
ཐེ་ཚོམ་གྱི་རྒྱ་རུ་ཚུད་པའི་ཀུན་གསལ་མིང་ཅན་ལགས།
ང་ནི་བྱང་ཀོ་རི་ཡའི་ཨ་ཁུ་ཁིན་ཇོན་དང་ནག་ཚོང་བསྒྲིག་པ་ལས་འཁྲུངས་པའི་འབར་རྫས་ཆེས་ཁོང་ཁྲོ་ཚ་བའི་མེ་སྒྱོགས་ཞིག་ཡིན་གི ཁྱོད་ངའི་འཁྲིས་སུ་ཕར་འཁོར་ཚུར་འཁོར་བྱེད་ནས་འགྲོ་གིན་སྡོད་ན་མགོ་ཡུག་འཁོར་རོགས་ཡིན། ད་བར་ཁྱེད་ཀྱིས་བོད་རིགས་བསམ་ཤེས་མཁན་དང་བཤད་ཕོད་མཁན་ག་ཚོད་གཅིག་ལ་རྒྱ་གུང་བྲན་གྱི་རྒྱུགས་ཁྱི་ཡིན་པའི་ནག་ཉེས་བཙུགས་ཡོད་དམ།
བོད་ནང་གི་བོད་རིགས་ལྷག་བསམ་ཅན་རེ་འགས་བོད་སྤྱི་ལ་ཕན་པའི་དོན་ཞིག་བསྒྲུབ་ན་རྒྱ་གཞུང་གིས་དེ་ལ་ཁ་བྲལ་རིང་ལུགས་པ་དང་ལག་འབྲེལ་བྱེད་པའི་ནག་ཉེས་བཙུགས་ནས་བཙན་ཁང་དུ་བཅུག བཙན་བྱོལ་སྤྱི་ཚོགས་ནང་དུ་ཁ་གསང་གཏིང་གསང་གྱི་སྐད་ཆ་ཞིག་བཤད་ན་མི་ཁྱོད་འདྲ་བས་རྡོ་དང་གཡུག་པས་དེད་ཡོང་ནས་སྤྱི་ཚོགས་ནང་སྡོད་མི་བཟོད་པ་བཟོ།
ང་ཚོ་བཙན་བྱོལ་གཞུང་དུ་ཆོལ་ཁའི་ལམ་ནས་སྤྱི་འཐུས་འདེམས་པ་དེ་དམངས་གཙོའི་ལྟ་བ་དང་མཐུན་གི་ཡོད་མེད་ནི་ང་རང་ཚོ་རང་གིས་བལྟ་རྒྱུ་རེད། ངའི་བསམ་པ་ལ་རྒྱ་གཞུང་གིས་ང་ཚོ་ལ་ཡག་པ་ཞིག་བྱ་བའི་རེ་བ་མེད་དེ་རྒྱ་དམར་གྱིས་བཤད་ཚད་ལ་ང་ཚོ་ལ་allergic ཡོད་པ་ནང་བཞིན་དགག་པ་བརྒྱབ་སྡོད་ན་འགྲིགས་ཨེ་ཡོང་།
ཐུགས་རྗེ་གཟིགས་ཁྱེད་ཀྱིས་ངས་དྲ་ངོས་འདིར་བྲིས་པ་རྣམས་ཀློག་ནས་ད་དུང་ཁྱེད་ལ་དོགས་པ་ཡོད་ན་དམིགས་སུ་བཀར་ནས་དྲི་བ་གཏོང་ན་ལེགས། ཁྱེད་ལ་རྒྱུ་མཚན་བཤད་རྒྱུ་རྫོགས་ནས་ང་ལ་རྒྱ་མིའི་སོ་བ་ལྟ་བུར་ཉེན་འཛུགས་བྱེད་ཀྱིན་སྡོད་ན་ཁྱེད་ཀྱི་མི་ཚེ་སྟོང་ཚད་རེད་ལོ།
ཨ་རོ། མེ་སྒྱོགས། ཁྱེད་ཀྱི་མིག་ཞར་སོང་ནི་མིན་ན། ངས་ཁྱེད་ལ་དྲི་བ་གཉིས་དྲིས་ཡོད། ལན་མེད་པ་གནད་ལ་སོང་ཡོད་པ་འདྲ།
མེ་སྒྱོགས། ངས་ཁྱེད་ལ་དྲི་བ་གཉིས་དྲིས་ཡོད། ལན་མེད་པ་གནད་ལ་སོང་ཡོད་པ་འདྲ།
བློ་བཟང་ལུང་རྟོགས་ལགས། ཁྱོད་ཀྱི་ཚིག་དེ་ད་སྤྲང་བོ་རྡུང་བྱེད་རང་དབྱུག་མ་རེད་དམ། དོལ་ཚོགས་ཀྱི་མིང་འཁྱེར་ནས་བོད་པ་འགས་ཕྱིའི་དགྲ་ལ་མི་འཛིང་བར་ནང་གི་གཉེན་དཀྲུགས་བཞིན་ཡོད་པས་མདོ་སྨད་ཆོལ་ཁས་གྲོས་ཆོད་འདི་བཞག་པ་རེད། ཁྱོད་ཀྱིས་ད་དུང་ལྷ་ས་མཐིལ་གྱི་འབྱུང་བོ་རོ་ལངས་འདི་སྲུང་མ་ཞིག་གམ་འདིའི་རྗེས་འབྲིངས་བ་ཚོ་ཆོས་ལུགས་པ་ཁག་ཅིག་ལ་ངོས་འཛིན་བཞིན་ཡོད་དམ། དེ་ཡིན་ན་ངས་ཁྱོད་ལ་རྩོད་པ་མི་བརྒྱག རྒྱ་ནག་གཞུང་གིས་བོད་པ་ཚོའི་སྟེང་ལ་གསོད་རྡུང་གཅར་གསུམ་བྱེད་བཞིན་པའི་སྐབས་ཡང་དོལ་ཚོགས་པས་ངོ་རྒོལ་བྱེད་ས་དང་དགྲ་རུ་འཛིན་ས་༧་གོང་ས་མཆོག་རེད། འདས་ལོའི་ནང་ཡོ་རོབ་ཁག་ཏུ་༧་གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་ཁོ་ཚོས་ཕྱི་གླིང་བ་སྐྱེས་ཕོ་མོ་གཉིས་ཀར་གྲ་ཆས་གཡོག་ཏེ་མིག་ལ་གཟན་པོ་བྱས་ཏེ་བོད་པའི་གྲ་བ་ཡིན་ཁུལ་གྱིས་ངོ་རྒོལ་བྱས་བ་དག་མཐོང་ཡོད་རྒྱུ་རེད། ཁོ་ཚོས་ངོ་རྒོལ་བྱེད་སྐབས་ཁྲོམ་ལམ་གྱི་མི་ཚོགས་ལ་ཁོ་ཚོ་རྒྱ་གཞུང་དང་འབྲེལ་བ་སྤུ་ཙམ་མདོག་གི་སྐྱག་རྫུན་བཤད་ཤོར་སྐད་འབོད་བྱས་ཚར་རྗེས་རྒྱ་ནག་སློབ་ཕྲུག་ངོ་རྒོལ་བྱེད་མཁན་དག་དང་མཉམ་རླངས་འཁོར་གཅིག་གི་ནང་འགྲོ་བཞིན་པ་ངས་མིག་གིས་མཐོང་མྱོང་། གཞན་སྤྱི་འཐུས་ཆོལ་ཁའི་ཁོངས་ནས་ཡོང་སྟངས་འདི་རྒྱལ་ཁབ་གཞན་ལ་མངའ་སྡེའི་ཁོང་ནས་ཡོང་གི་ཡོད་པ་གོང་དུ་དྲ་གྲོགས་ཞིག་གིས་གསུང་བ་བདེན་པ་རེད། རྒྱལ་ཁབ་ལ་གྲོས་ཚོགས་གོང་འོག་གཉིས་ཡོད་རྗེས་མི་འབོར་གྱི་ཆ་ནས་ཡོང་གི་ཡོད་པ་དེ་ས་འཐུས་རེད། དེར་བརྟེན་བཙན་བྱོལ་དུ་ཆོལ་ཁ་གསུམ་གྱི་མི་འབོར་ཆ་མི་སྙོམ་སྟབས། མི་འབོར་གཅིག་བུ་ལ་ལྟོས་ནས་འདེམས་ན་ཆོལ་ཁ་གཅིག་རྐྱང་ནས་སྤྱི་འཐུས་ཡོངས་ཀྱི་རྐུབ་སྟེགས་བཀང་བའི་ཉེན་མཐོང་གསལ་ཡིན་སྟབས། བོད་གཞུང་སྤྱི་འཐུས་ལྷན་ཁང་འདིས་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ཀྱི་སྤྱི་བའི་འཐུས་མི་ཞིག་གི་ཚབ་མཚོན་དགོས་སྟབས། འདི་ནི་༧གོང་ས་མཆོག་གི་ཐུགས་རྒྱང་རིང་བོའི་དགོངས་གཞི་བླ་ན་མ་མཆིས་བ་ཞིག་ཡིན་པ་ལས། འདི་མི་དབང་ཡོད་ཅན་གཅིག་གཉིས་ཤིག་གིས་བསམ་བློ་མ་བཏང་བར་བྱས་བ་ཞིག་ག་ལ་ཡིན། འདས་བའི་ལོ་འགའི་སྔོན་རྒྱལ་ཡོངས་དམངས་གཙོ་ཚོགས་པས་བསམ་ཚུལ་འདི་བཏོན་པ་རེད། འོན་ཀྱང་ང་ཚོའི་གཞུང་ལ་གྲོས་ཚོགས་གོང་འོག་གཉིས་འཛོམས་ན་གྲོས་ཚོགས་འོག་མ་མི་འབོར་གྱི་ཆ་ནས་ཡོང་དགོས་དེ་གསལ་བོ་རེད། དེར་བརྟེན་སྔ་ལོའི་འཚོགས་ཆེན་དེ་བོད་རིགས་འདུས་སྡོད་བྱེད་སའི་ས་ཁུལ་ཚང་མ་ནས་ཡོང་གི་ཡོད་སྟབས་འདི་མ་འོངས་བ་ན་གྲོས་ཚོགས་འོག་མ་ཞིག་གི་རྨང་གཞི་མ་རེད་དམ།
ཀུན་གསལ་ལགས།
ངའི་མིག་ཞར་འདུག་པས་ཁྱེད་ཀྱིས་སྐད་ཆེ་ཙམ་བྱེད་ནས་དྲི་བ་དེ་ཡང་བསྐྱར་འདྲི་རོགས་གྱིས་དང་།
སྐད་ཆ་དྲང་པོ་ཞིག་བཤད་ན། དེང་སང་བོད་ཀྱི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལས་འགུལ་གཉིས་སྤེལ་གྱི་ཡོད། དང་པོ། ༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང། གཉིས་པ། དོལ་ཚོགས་ལ་ཁ་རྡུང་གཏོང་རྒྱུ་དེ་གཉིས་ཡིན། ལས་འགུལ་དེ་གཉིས་ང་ཚོའི་རྩ་དོན་ལ་ཕན་ཐོགས་ཡོད་མེད་བཤད་ཁག་པོ་རེད། ལས་འགུལ་དེ་གཉིས་སྤེལ་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་མགོ་བོ་མགྱོགས་ཐུབ་དང། སོ་སོའི་དམིགས་ཡུལ་འགྲུབ་ཐུབ་བྱེད་ཀྱི་ཡོད། སྐད་ཆ་འདི་སུ་ལ་ཕོག་ན་དེ་སྡུག་གྱོང་རེད། ༧གྷགྷགོང་ས་མཆོག་གི་མཚན་གནས་ལོག་པར་བེད་སྤྱོད་གཏོང་མཁན་རྣམས་ལ་ཐར་བ་ཡོད་མི་སྲིད།
༧གོང་ས་མཆོག་ལ་དད་པ་མེད་མཁན་དང་ཁོང་གི་སྲིད་ཇུས་ལ་ཁས་ལེན་མེད་མཁན་སོགས་གང་ལྟར་ལྟ་བ་མ་མཐུན་པ་ཚང་མ་གད་སྙིགས་ནང་གཡུག་རྒྱུ་ཡོད་མེད་ཀྱང་བསམ་བློ་གཏོང་རྒྱུ་གལ་ཆེ། བོད་ཀྱི་གནད་དོན་འདི་༧གོང་ས་མཆོག་སྐུ་རྐྱང་ལ་དགའ་མ་དགའ། དགག་པ་རྒྱབ་མ་རྒྱབ། དད་པ་ཡོད་མེད་ཙམ་གྱི་ཐག་གཅོད་བྱེད་རྒྱུ་ཡོད་དམ། དྲི་བ་འདི་དག་ལ་ཡང་བསམ་བློ་བཏང་ན་ག་འདྲ་འདུག
དོལ་ཚོགས་ཟེར་བ་དེའི་ལོ་རྒྱུས་བཤད་མ་དགོས་ཀུན་ཀྱིས་མཁྱེན་གསལ་རེད། ཡིན་ན་ཡང། ངའི་རེ་བ་ཉག་གཅིག་ནི་བོད་རིགས་ནང་ཁུལ་དུ་དགྲ་གྲོགས། ཕྱི་ནང་། བཟང་ངན་དེ་འདྲའི་མང་པོ་ཞིག་དགོས་ཀྱི་ཡོད་མེད་དེ་ཡིན། འདི་ཡང་བོད་མིའི་ལས་དབང་ལ་སེམས་ཁུར་བླངས་བའི་ཁུལ་ཡིན། བཤད་སྟངས་དང་འབྲི་སྟངས་ནོར་ན་དགོངས་དག་ལབ་རྒྱུ་ཡིན། ཡང་བསྐྱར་བརྗོད་འདོད་པ་ཞིག་ལ་རྗེས་སུ་སྨྱུག་གྲོགས་ཚོས་ཡོད་ཚད་མཐོང་ཚད་རྒྱ་མིའི་སོ་ཉུལ་སོགས་ཀྱི་མིང་ངན་མི་འདོད་རྒྱུ་མཁྱེན། དེའི་འདྲའི་ཚིག་ཁ་ཤས་གོང་དུ་མཐོང་སོང་བས་དེ་དག་མཚམས་འཇོག་ཡོང་བ་ཞུ།
དྲ་འབུ་བློ་བཟང་ལུང་རྟོགས་ལགས། ཁྱོད་མ་དགར་དབུས་ལ་སོང་ནས་མ་མཇལ་ཕྱིར་ལ་ཡོང་ཡང་། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཕྱི་འཛམ་བུ་གླིང་གིས་གུས་བརྩི་དང་ཆེ་བསྟོད་བྱེད་ས་ཞིག་རེད། དེར་བརྟེན་བོད་བ་རང་གིས་ཀྱང་བཀུར་བསྟི་དང་བརྟན་བཞུགས་ཕུལ་ན་དེ་ཚོ་ནོར་ཡོད་རྒྱུ་མ་རེད། མིའི་ཁྲག་གི་རྒྱུ་བ་ཙམ་གཅིག་ཀྱང་ཕ་གསོད་པའི་ལག་དམར་དང་རྒྱལ་འཚོང་གི་ལས་ལ་ཞུགས་མཁན་ཞིག་ང་ཚོའི་བོད་པ་ཚང་ལ་སྔོན་གྱི་ལོ་རྒྱུས་ནང་དུ་འང་དགོས་མཁོ་བྱུང་མེད་ལ་ཕྱིན་ཆད་ཀྱང་འབྱུང་མི་སྲིད། ད་ལྟའི་བར་བོད་ཀྱི་གཞུང་སྒེར་ཚོགས་པ་སུས་ཀྱང་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་བཙན་གྱིས་བྱེད་དགོས་ཞེས་བཙན་ཚུགས་བྱས་བ་གོ་མ་མྱོང་བས། ཁྱོད་ཀྱིས་སྐད་ཆ་རྫུན་སྒྲོག་དང་བསྐུར་འདེབས་མ་བྱེད། ཁྱོད་ལ་དོལ་ཚོགས་ནས་འབབ་རྒྱུ་ཞིག་ཡོད་ལ་ཁྱོད་ཀྱི་ཁེ་བཟང་བྱོས། ངས་ཁྱོད་ལྟ་བུ་ལ་ཉུལ་མ་དང་སོ་བ་སོགས་ཅི་ཡང་མི་ཟེར། ང་ཚོའི་སྐྱིད་སྡུག་ཁ་ཁ་རེད། ཕྱི་རྒྱལ་ཅིག་ལ་ཐེབས་ཆག་ཅིག་སླེབས་ཚར་ན་ཡོད་ཚད་འཇོན་ཡོད་བསམ་ནས་རང་གི་ཅ་ནེ་ནང་ལ་སྐྱག་པ་མ་གཏོང་།
གོང་དུ་ཡིག་གཟུགས་ཆུང་དྲག་པས་བསྐྱར་འགོད་བྱས་བ་ཡིན། དགོངས་འཇགས་འཚལ།
བློ་བཟང་ལུང་རྟོགས་ལགས། ཁྱོད་ཀྱི་ཚིག་དེ་ད་སྤྲང་བོ་རྡུང་བྱེད་རང་དབྱུག་མ་རེད་དམ། དོལ་ཚོགས་ཀྱི་མིང་འཁྱེར་ནས་བོད་པ་འགས་ཕྱིའི་དགྲ་ལ་མི་འཛིང་བར་ནང་གི་གཉེན་དཀྲུགས་བཞིན་ཡོད་པས་མདོ་སྨད་ཆོལ་ཁས་གྲོས་ཆོད་འདི་བཞག་པ་རེད། ཁྱོད་ཀྱིས་ད་དུང་ལྷ་ས་མཐིལ་གྱི་འབྱུང་བོ་རོ་ལངས་འདི་སྲུང་མ་ཞིག་གམ་འདིའི་རྗེས་འབྲིངས་བ་ཚོ་ཆོས་ལུགས་པ་ཁག་ཅིག་ལ་ངོས་འཛིན་བཞིན་ཡོད་དམ། དེ་ཡིན་ན་ངས་ཁྱོད་ལ་རྩོད་པ་མི་བརྒྱག རྒྱ་ནག་གཞུང་གིས་བོད་པ་ཚོའི་སྟེང་ལ་གསོད་རྡུང་གཅར་གསུམ་བྱེད་བཞིན་པའི་སྐབས་ཡང་དོལ་ཚོགས་པས་ངོ་རྒོལ་བྱེད་ས་དང་དགྲ་རུ་འཛིན་ས་༧་གོང་ས་མཆོག་རེད། འདས་ལོའི་ནང་ཡོ་རོབ་ཁག་ཏུ་༧་གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་ཁོ་ཚོས་ཕྱི་གླིང་བ་སྐྱེས་ཕོ་མོ་གཉིས་ཀར་གྲ་ཆས་གཡོག་ཏེ་མིག་ལ་གཟན་པོ་བྱས་ཏེ་བོད་པའི་གྲ་བ་ཡིན་ཁུལ་གྱིས་ངོ་རྒོལ་བྱས་བ་དག་མཐོང་ཡོད་རྒྱུ་རེད། ཁོ་ཚོས་ངོ་རྒོལ་བྱེད་སྐབས་ཁྲོམ་ལམ་གྱི་མི་ཚོགས་ལ་ཁོ་ཚོ་རྒྱ་གཞུང་དང་འབྲེལ་བ་སྤུ་ཙམ་མདོག་གི་སྐྱག་རྫུན་བཤད་ཤོར་སྐད་འབོད་བྱས་ཚར་རྗེས་རྒྱ་ནག་སློབ་ཕྲུག་ངོ་རྒོལ་བྱེད་མཁན་དག་དང་མཉམ་རླངས་འཁོར་གཅིག་གི་ནང་འགྲོ་བཞིན་པ་ངས་མིག་གིས་མཐོང་མྱོང་། གཞན་སྤྱི་འཐུས་ཆོལ་ཁའི་ཁོངས་ནས་ཡོང་སྟངས་འདི་རྒྱལ་ཁབ་གཞན་ལ་མངའ་སྡེའི་ཁོང་ནས་ཡོང་གི་ཡོད་པ་གོང་དུ་དྲ་གྲོགས་ཞིག་གིས་གསུང་བ་བདེན་པ་རེད། རྒྱལ་ཁབ་ལ་གྲོས་ཚོགས་གོང་འོག་གཉིས་ཡོད་རྗེས་མི་འབོར་གྱི་ཆ་ནས་ཡོང་གི་ཡོད་པ་དེ་ས་འཐུས་རེད། དེར་བརྟེན་བཙན་བྱོལ་དུ་ཆོལ་ཁ་གསུམ་གྱི་མི་འབོར་ཆ་མི་སྙོམ་སྟབས། མི་འབོར་གཅིག་བུ་ལ་ལྟོས་ནས་འདེམས་ན་ཆོལ་ཁ་གཅིག་རྐྱང་ནས་སྤྱི་འཐུས་ཡོངས་ཀྱི་རྐུབ་སྟེགས་བཀང་བའི་ཉེན་མཐོང་གསལ་ཡིན་སྟབས། བོད་གཞུང་སྤྱི་འཐུས་ལྷན་ཁང་འདིས་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ཀྱི་སྤྱི་བའི་འཐུས་མི་ཞིག་གི་ཚབ་མཚོན་དགོས་སྟབས། འདི་ནི་༧གོང་ས་མཆོག་གི་ཐུགས་རྒྱང་རིང་བོའི་དགོངས་གཞི་བླ་ན་མ་མཆིས་བ་ཞིག་ཡིན་པ་ལས། འདི་མི་དབང་ཡོད་ཅན་གཅིག་གཉིས་ཤིག་གིས་བསམ་བློ་མ་བཏང་བར་བྱས་བ་ཞིག་ག་ལ་ཡིན། འདས་བའི་ལོ་འགའི་སྔོན་རྒྱལ་ཡོངས་དམངས་གཙོ་ཚོགས་པས་བསམ་ཚུལ་འདི་བཏོན་པ་རེད། འོན་ཀྱང་ང་ཚོའི་གཞུང་ལ་གྲོས་ཚོགས་གོང་འོག་གཉིས་འཛོམས་ན་གྲོས་ཚོགས་འོག་མ་མི་འབོར་གྱི་ཆ་ནས་ཡོང་དགོས་དེ་གསལ་བོ་རེད། དེར་བརྟེན་སྔ་ལོའི་འཚོགས་ཆེན་དེ་བོད་རིགས་འདུས་སྡོད་བྱེད་སའི་ས་ཁུལ་ཚང་མ་ནས་ཡོང་གི་ཡོད་སྟབས་འདི་མ་འོངས་བ་ན་གྲོས་ཚོགས་འོག་མ་ཞིག་གི་རྨང་གཞི་མ་རེད་དམ།
གསར་འགྱུར་གཉིས་ཀྱི་སྐོར་ལ་རྨོངས་འཆར་ཐུང་ཐུང་ཞིག་འབྲི་འདོད་སྐྱེས། འོན་ཀྱང་།
དེ་རིང་སང་ཉིན་ངེད་ཀྱི་སློབ་ལོ་མཐའ་མའི་སྤྱི་རྒྱུགས་ལ་འཁེལ་ནས་ཡོད་པས། གནས་སྐབས་ལ་ཡོང་གི་མི་འདུག
ཡིག་རྒྱུགས་ཚར་བ་དང་འབྲི་གི་ཡིན།
གྲོགས་པོ་མེ་སྒྱོགས་ལགས་ནས་ང་ལ་དོལ་ཚོགས་ནས་འབབ་རྒྱུ་ཞིག་ཡོད་པ་མེད་འགྲོ་ཟེར་ནས་དྲི་བ་བཏང་སོང། ཕལ་ཆེར་ཁྱེད་ཀྱང་ཆབ་སྲིད་ལས་འགུལ་གཉིས་དེའི་ཁྲོད་ཁེ་ཕན་ཟ་མཁན་དེ་འདྲ་མིན་འགྲོ། ༧གོང་ས་མཆོག་ལ་དད་གུས་ཡོད་མེད་དེ་༧གོང་ས་མཆོག་གི་བཀའ་གསུང་སྒྲུབ་རྒྱུ་དེ་རེད། གང་ཉིད་ཀྱིས་བཀའ་སྲུང་སྒྲུབ་ཀྱི་ཡོད་ན་ང་རང་རྗེས་སུ་ཡི་རང་ཡོད། ཁྱེད་ཀྱིས་ངའི་བསམ་ཚུལ་ཡག་པོ་ཀློག་ཡོད་ན་ངས་དོལ་ཚོགས་ལ་རྒྱབ་སྐྱོར་བྱས་མེད་ཀྱང། དྲ་གྲོགས་ཚོ་ནི་ག་དུས་ཡིན་ན་ཡང་རྣམ་རྟོག་ལངས་ཆོག་ཆོག་དེ་འདྲ་རེད། ང་ཚོས་དགྲ་བོ་རྒྱ་དམར་མཉམ་དུ་ལག་པ་བཏང་ནས་སྐད་ཆ་བཤད་ཆོག་པ་ཞིག་ལ།དོལ་ཚོགས་མཉམ་དུ་ལག་པ་བཏང་ནས་སྐད་ཆ་བཤད་མ་ཐུབ་པ་གང་ཡིན་ནམ། དྲི་བ་འདི་དག་ངའི་སེམས་ནང་རྟག་པར་སླེབས་ཀྱི་འདུག དོལ་ཚོགས་ཟེར་བ་དེ་ཡང་བོད་མི་ས་ཡ་མང་པོ་དམར་གསོད་གཏོང་མཁན་གྱི་དགྲ་བོ་རྒྱ་དམར་ལས་སྡུག་པ་ཅིག་ལ་ངོས་འཛིན་བྱེད་དགོས་དོན་ནི་ཆོས་ལུགས་ཀྱི་ན་ཚས་ལྷད་པའི་སྐྱོན་ཡིན་ཐག་ཆོད། ན་ཚ་དེས་ང་ཚོ་ད་ལྟ་བར་དུ་ཕུང་བཅུག་པ་རེད། ན་ཚ་དེ་གང་ཉིད་ལ་ཡང་ཡོད་པས་ངས་ནི་གཤག་བཅོས་བྱེད་ཐུབ་ཀྱི་མི་འདུག་་་ཁྱེད་ཀྱིས་ཨ་རི་ནས་གཤག་བཅོས་བྱེད་མཁན་ཞིག་བཙལ་ན་ཡག་གི་རེད། ཕ་མ་གཅིག་གི་སྤུན་གཉིས་ལ་ཡང་བསམ་ཚུལ་མཐུན་ཁག་པོ་རེད། འོན་ཀྱང་།་ཕན་ཚུན་ལ་དགྲ་བོའི་འདུ་ཤེས་བཟུང་ན་མཇུག་འབྲས་ག་འདྲ་ཡིན་པ་ཁྱེད་ཀྱི་མཁྱེན་ཡོད་མདོག་ཁ་བོ་རེད།
ནོར་བཅོས་་་་ཆོས་ལུགས་ཀྱི་ན་ཚས་ཟེར་བ་དེ་རྨོངས་དད་ཀྱི་ན་ཚ་་་
དེ་སྔོན་ཁ་བརྡ་དྲ་དེབ་འདི་ཡིད་འོང་གི་སྐྱེད་ཚལ་ཉམས་དགའ་བ་ཞིག་མོད། ཉེ་དུས་ཤིག་ནས་བཟུང་དོན་མེད་ཀྱི་རྩོམ་ཡིག་དང་མཆན་བུ་ཉག་ཉོག་མང་དུ་བྲིས་ཏེ། ཁ་བརྡ་དྲ་དེབ་གི་རིན་ཐང་དམའ་རུ་བཏང་བས། འདས་པའི་ཟླ་ཤས་རིང་ང་ཁ་བརྡ་དྲ་སྟེང་དུ་མ་ཡོང་། ད་ཐེངས་དྲ་གྲོགས་རྣམས་ཀྱིས་ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་མིན་ཐད། བགྲོ་གླེང་གནང་གིན་ཡོད་པ་མཐོང་བས། མཆན་བུ་གཅིག་འབྲི་འདོད་བྱུང་། སྤྱིར་བཏང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཟེར་བ་འདི་དགོས་རྒྱུ་ཞི་མ་རེད། གལ་ཏེ་ད་ཡོད་ཆོས་བརྒྱུད་བཞི་དང་བོན་བཅས་ལ་སྤྱི་འཐུས་དགོས་ཚེ། ཇོ་ནང་པ་ལ་ཡང་ཅིས་ཕྱིར་མི་དགོས། ད་དུང་བོད་ཀྱི་ཁ་ཆེ་བ་དང་། ཡི་ཤི་པ་རྣམས་ཀྱིས་ཀྱང་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཞེས་བཤད་ན། གཞུང་ངོས་ནས་སྤྲོད་དགོས་ཀྱི་རེད། མ་སྤྲད་ན་དྲང་བདེན་དང་། ཁྱབ་མཉམ་ཟེར་བ་དེ་ཏག་ཏག་བསྡད་ཡོད་པ་མ་རེད་བསམ་གི ལྷག་པར་ད་ལྟའི་བོད་ཀྱི་གནས་སྟངས་ལ་བསམ་གཞིགས་བྱས་ན། གཞིས་བྱེས་གཉིས་དང་ཆོལ་གསུམ་ཆོས་ལུགས་དང་བཅས་པ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། དེ་ཡོང་བ་ལ་བཙན་བྱོལ་གཞུང་གི་ངོས་ནས་དྲང་བདེན་དང་ཁྱབ་མཉམ་གྱི་ཕྱག་ལས་གནང་དགོས། ད་ལྟའི་ཆར་ཇོ་ནང་པ་རྣམས་ཀྱིས་སྤྱི་སྙོམས་ཀྱི་ཐོབ་ཐང་སླད་རང་གཞུང་ལ་རེ་བསྐུལ་ཅི་ཙམ་ཞུས་ཀྱང་། གཞུང་ངོས་ནས་གཟིགས་རྟོགས་དེ་ཙམ་མི་མཛད་པར་འགོར་འགྱངས་གནང་གིན་ཡོད་པ་འདིས། མ་འོངས་གཞུང་དམངས་གཉིས་བར་གྱི་ཕུག་རྒྱང་རིང་པོའི་མཛའ་བརྩེ་ལ་གས་ཆག་འགྲོ་མི་སྲིད་པ་མིན་པས། ཆོས་བརྒྱུད་སོ་སོའི་སྤྱི་འཐུས་དང་། དེ་ལ་གཞུང་འབྲེལ་གྱི་ཐོབ་ཐང་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་གནང་རྒྱུ་གལ་ཆེ་སྙམ།
སྤྱིར་བཏང་ཆོས་བརྒྱུད་ཀྱི་ཐོབ་ཐང་དང་སྤྱི་འཐུས་ཟེར་བ་དེ་ཡོད་མེད་ཀྱིས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་འབྲེལ་བ་དེ་ཙམ་མེད་མོད། འཇིག་རྟེན་འདིའི་ཐོག་འཚོ་སྡོད་བྱེད་ཡུན་རིང་སྤྱི་མཚུངས་ཀྱི་མིང་དང་ཐོབ་ཐང་ཞིག་ངེས་པར་དགོས་པས། ཇོ་ནང་པ་རྣམས་ཀྱིས་རང་གཞུང་ལ་གཞུང་ངོ་མའི་འདུ་ཤེས་ཀྱི་ཐོག་ནས་ཞུ་བའི་འབོལ་སྐུལ་ཞུ་གིན་ཡོད་པ་ལས། བསམ་གཟས་ནས་གཞུང་ལ་མཛད་དཀའ་བཟོ་གིན་མེད་པ་གཞིས་བྱེས་ཇོ་ནང་པ་རྣམས་ཀྱི་ད་ལྟའི་གནས་སྟངས་དང་། མི་རིགས་ཀྱི་ལ་རྒྱ། རྒྱལ་ཞེན་བཅས་ཀྱིས་གསལ་བོར་མཚོན་ཐུབ། དེས་ན་འདིར་ཡོད་དྲ་གྲོགས་རྣམས་ཀྱིས་གོ་སྐབས་འདི་བཟུང་ནས་དྲང་བདེན་གྱི་རྩོམ་ཡིག་དང་། མཆན་བུ་རེ་བྲིས་ན་བཟང་སྙམ།
དྲ་གྲོགས་ཨ་ཕོ་ཧོར་མཆོག་ལ་ཞུ།
དུས་དེང་སང་གི་ཁྱེད་ཀྱི་བསྟོད་གླུ་དེའི་ནང་དུ་ཊམ་ཀ་བྲིས་མིན་འདུག་ཟེར་བ་གོ་སོང་། དེ་བདེན་པ་རེད་པས? ད་ཁྱེད་ཀྱི་མགྲིན་པ་གཟེངས་སུ་བཏོད་ནས་བཙན་བྱོལ་གཞུང་ལ་གླུ་དབྱངས་སྙན་མོ་ཞིག་སློངས་དང་། སྐུ་མཁྱེན།
ཁྱོད་ཀྱིས་ “་་་་་་་་་་་་བཙན་བྱོལ་དུ་ཆོལ་ཁ་གསུམ་གྱི་མི་འབོར་ཆ་མི་སྙོམ་སྟབས། མི་འབོར་གཅིག་བུ་ལ་ལྟོས་ནས་འདེམས་ན་ཆོལ་ཁ་གཅིག་རྐྱང་ནས་སྤྱི་འཐུས་ཡོངས་ཀྱི་རྐུབ་སྟེགས་བཀང་བའི་ཉེན་མཐོང་གསལ་ཡིན་སྟབས་་་་་་་་་་་”ཟེར་ནས་ཁྱོད་ལ་འདི་ལྟ་བའི་སྐྱག་དྲི་ཅན་གྱི་ལུང་ཞེན་ཞིག་ཡོད་ན་བཀའ་བློན་ཁྲི་པ་གཅིག་མ་གཏོགས་འདེམས་རྒྱུ་མེད་པ་དེའི་ཐད་ལ་ཧོབ་ཏུ་ལུང་ཞེན་བསྐྱིར་དང་རྒྱལ་ཞེན་སླེབས་ཐུབ་པ་དེར་ཡ་མཚན་ཆེ། དེ་ཚིག་རྗེན་པར་བཏོན་ན། ཁྱོད་ཀྱིས་ཆོས་ལས་གང་ཟག་གཙོ་བོ་བཟུང་གིན་ཡོད་པ་ཞིག་ལ་ཟེར་རྒྱུ་རེད། དེ་ཁ་གསལ་དུ་བཏང་ན་ཁྱེད་རང་གི་ཕ་ཡུལ་གཅིག་པའི་མི་ཞིག་འདེམས་རྒྱུ་བྱུང་བར་གལ་བ་ཆེ་འཛིན་པ་ལས། འདེམས་བྱའི་མི་དེའི་ཤེས་འཇོན་ལ་གཙོ་བོ་འཛིན་གྱིན་མེད་པས་རེད།
དོན་དག་རྡོག་རྡོག་བྱས་ནས་བཤད་ན། ཆོལ་ཁ་ཡིན་པ་ཙམ་གྱིས་འཐུས་མི་རུ་འདེམས་པ་ལས་ཆོལ་ཁ་སོ་སོའི་ནང་དུ་ཡོད་པའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ཞིག་ནས་ཆབ་སྲིད་ཀྱི་ལྟ་ཚུལ་གང་ཞིག་མཚོན་ཐུབ་པའི་མི་ཞིག་འདེམས་རྒྱུ་དེ་གལ་ཆེ་བརྩིས་དགོས།
ཀུན་གསལ་གཙོས་པའི་དྲ་གྲོགས་འགའ་ལ་དམིགས་བསལ་ཤོད་རྒྱུར།
ཀེ་ཀུན་གསལ། ངས་ཆོལ་ཁ་གསུམ་མི་དགོས་གང་ན་ལབ་འདུག་པས། ཁྱོད་ག་རེ་རེད། བུ་གུ་ཆུང་ཆུང་ཞིག་གི་ལག་ཏུ་འབུ་ཞིག་བཞག་པ་ནང་བཞིན་ ངས་འདི་ལ་ཆོལ་ཁ་གསུམ་ལབ་པ་དང་ཁྱོད་འདྲོགས་ནས་ངུ་སྐད་ཤོར་དགོས་དོན་ག་རེ་རེད་པས། ཁྱོས་ཚིག་སྒྲུབ་གཅིག་གང་གཙང་བཀླགས་ནས་ང་ལ་དྲི་བ་འདྲི་མི་ཤེས་མཁན་ཞིག་གིས་ངས་འདི་ལ་བཤད་པའི་གཏམ་དང་རྒྱ་མིས་ཕར་གི་ལ་བཤད་པའི་གཏམ་ལ་འབྲེལ་བ་ཡོད་པའི་རྣམ་རྟོག་དེ་གང་ནས་འཁྱེར་ཡོང་པས།
ཡག་པོ་ཉན་དང་ངས་ཐེངས་ཅིག་ཤོད་དོ། ངས་ཆོལ་ཁ་གསུམ་ལ་བཞིགས་ནས་སྤྱི་མཐུས་འདེམས་བསྒྲུབ་བྱེད་པའི་ལམ་སྲོལ་དེ་དམངས་གཙོ་རིང་ལུགས་དང་མཐུན་གྱི་མིན་འདུག་ཟེར་བ་མ་གཏོགས་ཆོལ་ཁ་གསུམ་དགོས་མཁོ་མིན་འདུག་ཟེར་རྒྱུ་མ་བྱུང་།
ང་ཚོའི་སྤྱི་ཚོགས་ནང་དུ་དམངས་གཙོ་ཚབས་ཚུགས་པོ་ཞིག་ཡོང་མིན་ཚད་ལྟ་ཞིག་དགོས་ན་དེ་ལ་གནད་དོན་གཅིག་གི་ཐོག་ཏུ་དྲི་བ་གཉིས་ལས་གཏོང་མི་དགོས། དེ་ནི་གལ་སྲིད་བོད་མི་སོ་སོས་འདེམས་པའི་སྤྱི་འཐུས་དེས་རང་གི་སྐྱེས་ཁུངས་ཀྱི་ལུང་པ་དེ་མཚོན་ཐུབ་པར་གལ་ཆེ་རམ། ཡང་ན་རང་ཉིད་ཀྱི་བསམ་བློའི་ལྟ་བ་མཚོན་ཐུབ་པའི་བོད་མི་ཞིག་བྱུང་ན་དགའ?
མིག་གཉིས་ཕྱེ་ནས་ཅུང་ཕར་བལྟ་མར་བལྟ་ཞིག་གྱིས་དང་། དཔེར་ན་Hillary Clinton ལ་ཆ་བཞག་ན་མོ་རང་གི་མངའ་སྡེ་བཞག་ནས་ནུའུ་ཡོག་མངའ་སྡེ་ནས་གྲོས་ཚོགས་གོང་མའི་སྤྱི་འཐུས་སུ་སླེབས་ཐུབ་པ་དེས་ག་རེ་མཚོན་ཐུབ་ཀྱི་རེད་ཟེར་ན་ནུའུ་ཡོག་པའི་བསམ་བློ་ལ་ལུང་ཞེན་ཕྱོགས་རིས་མེད་པའི་རྟགས་མཚོན་གསལ་པོ་ཞིག་རེད། དེ་ལྟ་བུ་ཞིག་བྱུང་ན་རབས་དང་དེ་ལྟར་མ་བྱུང་ནའང་ཆོལ་ཁ་སོ་སོའི་སྤྱི་འཐུས་དེ་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ (ད་ལྟའི་ཆ་ བཙན་བྱོལ་སྤྱི་ཚོགས་སུ་ཆབ་སྲིད་ཚོགས་པ་ཞིག་མེད) ཁག་བརྒྱུད་ཡོང་མི་ཐུབ་པའི་དཀའ་ངལ་ཆེན་པོ་མེད། ད་ལྟ་རྡ་སར་རྒྱལ་ཡོངས་མང་གཙོ་ཚོགས་པ་ཟེར་རྒྱུ་དེ་ས་སྟོང་ཟིན་མཁན་འདྲ་ཞིག་ཡིན་པས་ཡོད་པ་ལས་མེད་པའི་ཡག མིང་དོན་མཚུངས་པའི་ལས་དོན་ཞིག་བསྒྲུབ་མ་ཐུབ་ན་ཆབ་སྲིད་ཚོགས་པ་ཞིག་གི་མིང་འཁྱེར་གྱིན་སྡོད་ན་སྤྱི་ཚོགས་ནང་གི་བསམ་བློ་གཏོང་ཕྱོགས་ལ་གནད་བསྐྱེལ་གྱི་རེད། འདི་༸གོང་ས་མཆོག་གི་ཞལ་སྲུང་མཁན་འདྲ་བོ་རེད། ༸གོང་ས་མཆོག་གིས་ཆབ་སྲིད་ཚོགས་པ་ཞིག་དགོས་གསུངས་པ་གཞོན་ནུས་འགན་ལེན་ནས་བཙུགས་པ་རེད་ལྟ་བུ་བཤད་ཀྱིན་སྡོད་པ་ལས། རང་འགུལ་གྱི་རྣམ་དཔྱད་རྟ་རྔ་ཙམ་མེད་པ་འདི་རེད། ༸གོང་ས་མཆོག་གིས་ཁྱེད་ཚོ་ལ་ཕྲུ་གུ་དམར་འབྱར་ནང་བཞིན་འོ་མ་འཐུང་སྟངས། གོམས་པོ་སྤོ་སྟངས། སྐྱག་གཅིན་གཏོང་སྟངས་ཚང་མ་བསླབ་དགོས་ཀྱི་རེད་པས?
གནམ་བདག་ཆོས་ལུགས་ཁྲེགས་བཟུང་པ་ཚོས་ “གནམ་བདག་ཁྱོད་ནི་ལུག་རྫི་ཡིན།” ཞེས་སྨོན་ལམ་འདེབས་ཀྱི་ཡོད་པ་ཁྱེད་ཚོས་དེ་སྟེང་ “ང་ནི་ལྐུགས་པ་ལུག་ནང་བཞིན་ཡིན།”ཞེས་འཐོལ་བ་སྦྱར་ནས་མིག་བཙུམ་ཞིང་ལག་གཉིས་དཔྲལ་པར་སྦྱར་གྱིན་འགྲོ་སྡོད་ན་དོན་དག་འགྲུབ་རྒྱུ་ཅང་མེད་ནི་རེད།
བོད་པའི་སྤྱི་ཚོགས་ནང་དུ་འཕོ་འགྱུར་ཞིག་གཏོང་ཕོད་པའི་བློ་ཁོག་ཆུང་ལ་མ་འོངས་པར་ཕུག་བསམ་གཏོང་ནས་རྒྱང་རིང་པོ་མཐོང་མཁན་ཡང་དཀོན་པོ་རེད།
ཡང་ཀུན་གསལ་མིང་ཅན་གྱིས་“བོད་ཀྱི་སྤྱི་འཐུས་འདེམས་ལྟངས་འདི་ཨ་རིའི་སྤྱི་འཐུས་འདེམས་ལྟངས་དང་འདྲ་བོ་རེད།”ཟེར་དེ་འཁྱོག་གཏམ་ཡིན་པ་ངའི་ལན་༡༧་ལ་བལྟས་ན་ཤེས་ཐུབ།
གཞན་ཡང་ཀུན་གསལ་མིང་ཅན་པས་ “རྒྱལ་བའི་རང་རྣམ་ནང་ ཆོས་སྲིད་ཀའི་དབང་ཆ་ཡོད་པ་ཏྰ་ལའི་བླ་མ་གཅིག་པུ་ཡིན།”ཟེར། ཁྱེད་རང་ལ་ཀླད་པ་ཡོད་ན་ཅུང་དཀྲོགས་དཀྲོགས་བཏང་ནས་བསམ་བློ་ཐོངས་དང་། སྐབས་དེ་དུས་༸གོང་ས་མཆོག་དགོངས་གྲངས་བཅུ་དྲུག་ལའང་ཕེབས་མེད་པ་གཅིག་གིས་ཆོས་སྲིད་གཉིས་ཀའི་དབང་ཆ་ག་འདྲ་བྱས་ནས་ཕྱག་ཏུ་བཞེས་ཐུབ་ཀྱི་རེད་པས། ཁྱེད་ཀྱིས་ཨང་རྩིས་ཏོག་ཙམ་ཤེས་ཀྱིན་ཡོད་ན་བེད་སྤྱད་དང་། ༸གོང་ས་སྐུ་ཕྲེང་ལྔ་པ་ནས་ང་དགུ་ལོར་བཙན་བྱོལ་དུ་མ་ཡོང་བའི་བར་དུ་དགའ་ལྡན་ཕོ་བྲང་གིས་ལོ་སུམ་བརྒྱ་ལྷག་ཙམ་བོད་འདི་དབང་བསྒྱུར་བའི་སྐབས་ཀྱི་སྐུ་མདུན་རང་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དེ་ལོ་ག་ཚད་འདུག་པས། དེའི་བར་བརྒལ་སྲིད་གཞུང་རྣམས་སྐུ་སྒེར་ཡིག་ཚང་ལྟ་བུ་དང་སྐུ་དྲག་ལས་གྲུབ་པའི་བཀའ་ཤག་གིས་བཟུང་ཡོད་པ་རེད། སྐབས་དེ་དུས་ཀྱི་འཁོར་ཡུག་དང་ཆབ་སྲིད་ཀྱི་གནས་སྟངས་དེ་འདྲ་རེད། དེ་ལ་ཡག་བཙོག་བཤད་ཀྱིན་སྡོད་ན་ཆོ་མེད་རེད། དེང་སང་ཧོན་ཐོར་ཡར་རྒྱས་ཕྱིན་ནས་སྔོན་མ་ནང་བཞིན་ཡོད་པ་མ་རེད། གལ་སྲིད་ཁྱེད་འདྲ་བས་སྔོན་མའི་ལུགས་སྲོལ་དེ་རྒྱུན་འཛིན་དགོས་ཟེར་རྒྱུ་ན་ལྐུགས་པ་རེད། དེ་དམངས་གཙོའི་འགྲོ་ལུགས་གང་དང་ཡང་མི་མཐུན་པ་ཞིག་ཆགས་རྒྱུ་ངེས་ཅན་རེད།
རང་ཉིད་ལྟ་བུ་ལ་ཆ་མཚོན་ན་སྐྱེ་བ་ཕྱི་མ་ཞིག་ཡོད་པའི་ཤེས་རྟོགས་གདེང་འཁེལ་བ་ཞིག་མེད་པས་དེར་འདྲ་ཞིག་ཡོད་པའི་ཡིད་ཆེས་ཀྱང་མིན་འདུག་ལ་དེར་འགྲོ་རྒྱུའི་གྲ་སྒྲིག་ཀྱང་མི་བྱ། སྤྲུལ་སྐུ་ལྟ་བུ་སྐྱེ་བ་གཞན་ཞིག་སྐྱེ་རྒྱུ་ཡོད་པའི་དབང་དུ་བཏང་ནའང་། དེ་མུན་ནག་ནང་དུ་བཞུ་མར་འཁྱེར་ནས་སྒོ་ཟོག་འཚོལ་དུ་འགྲོ་བ་ནང་བཞིན་གྱིས་བརྙེད་དེ་བས་དཀའ་རྒྱུ་རེད་བསམ། འོན་ཀྱང་འདི་དག་ནི་རང་མི་རིགས་དང་རང་གི་ཕ་མེས་ནས་ཡོད་པའི་སྲོལ་རྒྱུན་ཞིག་ཡིན་པས་དེ་ལ་དམིགས་སུ་བཀར་ནས་འཕྱ་དམོད་བྱ་རྒྱུའི་ཀུན་སློང་ངན་པ་ཡང་མེད། དེ་ལྟར་ཡང་སྲོལ་རྒྱུན་གང་ཞིག་ད་ལྟའི་འཁོར་ཡུག་གི་གནས་བབས་དང་མཐུན་གྱི་མེད་ན་བསྐྱུར་བཞག་རྒྱུ་རེད། ད་ལྟ་ང་ཚོའི་ལག་ཏུ་ཡོད་པའི་གདམ་ཁ་རྣམས་མ་ནོར་བ་ཞིག་བྱེད་ནས་འདེམས་རྒྱུ་དེ་གལ་ཆེ་བ་ལས་འདི་གསར་རྙིང་གི་རྩོད་གཞི་ཞིག་ཏུ་བརྩིས་ནས་བཞག་ན་ཕངས་པོ་རེད།
ཀུན་གསལ་ལགས། ད་དུང་ཁྱེད་ཀྱིས་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ཚུལ་བརྗོད་ཀྱིན་སྡོད་ལོ། དེ་འདྲའི་འཐུས་མི་དེ་ཡིན་གཅིག་མིན་གཉིས་གྲ་བཙུན་གྱི་སྡོམ་པ་སྲུང་མཁན་ཞིག་ཡིན་དགོས་རྒྱུ་མ་རེད། ཁྱེད་ལ་དཔེར་ཡག་པོ་མང་པོ་བསྟན་རྒྱུ་ཡོད་ས་རེད་དཱ། དེ་འདྲ་ཡིན་ན་ཆོས་འཐུས་དེ་འདེམས་མཁན་ཡང་གྲ་བཙུན་ཞིག་ཡིན་མི་དགོས་ལ་ཆོས་བརྒྱུད་བྱེ་བྲག་པ་ཞིག་ཀྱང་ཡིན་མི་དགོས་པ་བོད་མི་ཆོས་ཁས་ལེན་མཁན་ཞིག་ཡིན་ན་མི་འགྲིག་གི? ཆོ་ག་རེ་འདུག་གཱ
ངས་ཁྱེད་ལ་དཔེར་གཞན་དག་ཅིག་སྤྲོད་ཆོག ཨི་རག་(Iraq) གི་གྲོས་ཚོགས་ནང་གི་ཆོ་མེད་བྱབ་ཆུང་གི་ཆོས་ལུགས་མི་སྣ་ཚོའི་རྩོད་གཞི་འདི་དག་ལ་གཟིགས་དང་། ཆོས་ལུགས་པ་འདི་ཚོས་ཁ་ནས་མངར་མོ་འདྲ་བཤད་པ་མ་གཏོགས་ལག་ནས་སྐྱུར་མོ་ཞིག་མ་གཏོགས་བཙིར་རྒྱུ་མེད་པ་དེ་རེད། གཞན་དག་དཔེར་འདྲེན་མི་དགོས། བོད་འདི་ས་སྐྱས་དབང་བསྒྱུར་བ་ནས་དགེ་ལུགས་པའི་ལག་ནས་བོད་ཀྱིི་བདག་དབང་དེ་རྒྱ་དམར་མ་ཤོར་བའི་དབར་གྱི་ལོ་རྒྱུས་ལ་བློ་གཟུ་བོས་བཀླགས་པ་ཡིན་ན་ཁྱེད་ལ་ (gag reflex) ཡོད་ན་སྐྱུད་པ་ཤོར་རྒྱུ་རེད། གལ་སྲིད་ཁྱེད་ཀྱིས་ལོ་རྒྱུས་ཀྱི་བསླབ་བྱ་ལེན་མ་ཤེས་ན་ཁྱོད་དུད་འགྲོ་ཞིག་ཏུ་སྐྱེས་པ་དང་ཁྱད་པར་ཅང་མེད་པ་རེད།
ད་འགྲོ་རན་པས་འདིར་མཚམས་འཇོག
རཱ་ཧུལ་གྱིས
དྲ་གྲོགས་ཚོས་བོད་མི་མང་གི་སྤྱི་འཐུས་གཙོས་བྱས་པའི་ཇོ་ནང་དང་ཡེ་ཤུ་ཆོས་རྒྱུད་བཅས་ཀྱི་འཐུས་ཚབ་དགོས་ཀྱི་རེད་ཅེས་བསམ་འཆར་དང་། ཤུགས་ལྡན་ཚོགས་པའི་སྐོར་ལ་བསམ་ཚུལ་སོགས་བཏོན་གནང་བར་ཚང་མར་ཡར་མར་བལྟས་རྗེས་བསམ་ཚུལ་ཞིག་འདོན་ན་བཟང་སྙམ། དྲ་རྒྱ་འདི་རུ་ཞུགས་ནས་ཁ་མ་གྲག་པར་བསྡད་ན། བོད་ཀྱི་སྤྱི་འཐུས་འགའ་ཤས་ལྟ་བུ་ཆགས་འགྲོ་གི་རེད། བོད་ཀྱི་སྤྱི་འཐུས་འགའ་ཤས་ཀྱིས་ཚོགས་འདུའི་མགོ་མཇུག་ཚང་མར་ཚིག་གཅིག་ཀྱང་མ་བཤད་པར་ཉན་ནས་སྡོད་པ་ལས་སྐད་ཆ་མི་བཤད་པར་སྡོལ་སྲོལ་ཡོད། ང་རང་གིས་ཀྱང་འདིར་ཞུགས་ནས་ཁྱེད་ཚོས་བསམ་འཆར་བ༸ཐྲྤཀླགས་པ་ཙམ་གྱིས་ངས་འགན་འཁུར་དང་ལྷག་པར་དུ་དྲ་རྒྱ་དོ་དམ་པའི་དམིགས་ཡུལ་འགྲུབ་ཀྱི་མ་རེད་བསམ་བྱུང་།
དེས་ན། ང་རང་གིས་བསམ་ཚུལ་མདོར་བསྡུས་ཤིག་བཤད་ན། བོད་ཀྱི་སྤྱི་འཐུས་སུ་ཆོས་ལུགས་ཀྱི་སྤྱི་འཐུས་ད་ལྟའི་དུས་སུ་དགོས་པ་ཆེན་པོ་རེད།་ རྒྱུ་མཚན་ནི་བོད་ཀྱི་གཞི་རྩའི་འཐབ་རྩོད་ཀྱི་དམིགས་ཡུལ་དེ་ནང་བསྟན་ཆོས་རིག་གཙོས་བྱས་པའི་སྐད་ཡིག་དང་གོམས་གཤིས་འདི་ཉིད་ཡིན་པས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ད་བར་ལྷག་ཡོད་པ་དང་ཆོས་ལུགས་འདི་ཉིད་དང་འབྲེལ་བའི་འཛམ་གླིང་གིས་དོ་སྣང་དང་རྒྱབ་སྐྱོར་ཡོད་པས། ཆོས་ལུགས་ཁག་གི་སྤྱི་འཐུས་ད་ལྟའི་དུས་སུ་གནད་འགག་ཆེ་སྙམ། དེས་ན་ཇོ་ནང་གཙོས་བྱས་པའི་བོད་རིགས་ཚོས་ཆོས་ལུགས་གཞན་གྱི་རྗེས་འབྲང་མཁན་ཚོ་ལའང་ཐོབ་ཐང་སྤྲོད་དགོས་ཀྱི་རེད་བསམ་གྱི་འདུག།
མ་གཞི་ཆོས་ལུགས་ཀྱི་སྤྱི་འཐུས་ཟེར་བ་བོད་ཀྱི་སྤྱི་ཚོགས་སུ་དར་ཡོད་པ་རྒྱལ་ཁབ་གཞན་ཨ་རི་ལ་ལྟ་མ་དགོས་པར་རྒྱ་གར་ནང་ལའང་མེད། ཆོས་ལུགས་ཁག་གི་གྲྭ་བ་ཚོས་འོས་ཤོག་ཐེངས་གཉིས་བླུག་གི་ཡོད་པ་དེ་འདྲ་མང་གཙོའི་རྒྱལ་ཁབ་གང་ལའང་མཐོང་རྒྱུ་མེད། འདི་ཚོ་ཚང་མར་མ་འོངས་པར་ཞིབ་འཇུག་ལེགས་པོར་བྱས་ནས། ཆོས་ལུགས་ཀྱི་འཐུས་མི་ཟེར་བ་དེ་ཆོལ་གསུམ་ཁག་གསུམ་གྱི་སྤྱི་འཐུས་ནང་ཁུལ་ནས་འདེམས་རྒྱུ་བྱས་ན་བཟང་སྙམ། དེ་མིན་མ་འོངས་པར་ཆོས་ལུགས་སྤྱི་འཐུས་ཚོས་ཆོས་ལུགས་ནང་ཁུལ་ལ་འཐབ་རྩོད་དང་ཕྱོགས་རེས་བྱེད་པའི་རྒྱུ་རུ་འགྱུར་ཉེ་ཆེ།
བཀུར་འོས་རབ་གསལ་ལགས་ལ་དྲི་བ་འགའ་ཡོད།
༡ ཁྱེད་ཀྱིས་གསར་འགྱུར་གཉིས་ལས་དང་པོ་དེ་མི་དགོས་པའི་རྒྱུ་མཚན་ལ་ “དེའི་རྒྱུ་མཚན་ནི་ཧ་ཅང་ལས་སླ་བོ་ཞིག་སྟེ། ཆོས་ནི་ཚེ་ཕྱི་མའི་བདེ་སྡུག་གཉེར་བ་ཞིག་དང་། སྲིད་ནི་ཚེ་འདིའི་བདེ་སྡུག་གཉེར་བ་ཞིག་རེད་དྲན། འཇིག་རྟེན་གྱི་སྲིད་སྤངས་ནས་རབ་ཏུ་བྱུང་ཟིན་པའི་རྗེས་ལ་སྲིད་ཀྱི་ཁྲི་མཐོན་པོ་དག་ལ་འགྱིངས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད་དྲན། ” ‘ཞེས་འདི་འདྲ་ཞིག་བཀོད་འདུག འདི་ཁྱེད་ཀྱིས་མ་མཁྱེན་པ་མི་སྲིད་ཀྱང་འདི་ལྟར་འགོད་དགོས་པ་གང་ཡིན་ནམ། ཆོས་ནི་གང་ཟག་རང་སྟེང་ནས་བཤད་ན་འཁོར་བ་ལ་ངེས་འབྱུང་སྐྱེས་དགོས་པ་སོགས་ཡིན་ཀྱང། ཐེག་པ་ཆེན་པོ་ཡིན་ན་སེམས་ཅན་གྱི་བདེ་བ་འབའ་ཞིག་དོན་དུ་གཉེར་བ་ལས་ཚེ་འདི་དང་ཕྱི་མའི་ཁྱད་པར་གྱི་ཐོག་ནས་ཨེ་ཡིན་ནམ།
༢ སྲིད་སྐྱོང་མཁན་ཞིག་ཡིན་ན་རང་གི་ཚེ་འདིའི་བདེ་བ་ཁོ་ན་དོན་དུ་གཉེར་མཁན་ཞིག་ཡིན་དགོས་སམ།
༣ སྲིད་སྟེགས་ཀྱི་ཐོག་ནས་སེམས་ཅན་ལ་ཕན་པ་སྒྲུབ་པ་དེ་ཆོས་མིན་པའི་སྒྲུབ་བྱེད་གང་ཡོད་དམ།
༤ “འཇིག་རྟེན་གྱི་སྲིད་སྤངས་ནས་རབ་ཏུ་བྱུང་ཟིན་པའི་རྗེས་ལ་སྲིད་ཀྱི་ཁྲི་མཐོན་པོ་དག་ལ་འགྱིངས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད་དྲན།” ཞེས་པ་ལ་དཔག་ན། ཁྱེད་ཀྱི་སྲིད་ཀྱི་སྟེགས་དེ་དེ་འདྲའི་མཐོན་པོ་ཞིག་ལ་ངེས་བཟུང་འདུག འོན་ཀྱང་བོད་སྤྱི་བའི་དོན་དང། ལྷག་པར་སེམས་ཅན་གྱི་སྡུག་བསྔལ་གྱི་ཚོར་བ་ཅུང་ཟད་ཡོད་མཁན་ཞིག་གིས་སྲིད་སྟེགས་དེ་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་ཁྱེར་བ་ལས་རང་ཉིད་ཆེ་འགྱིངས་བྱེད་པའི་ཁྲི་མཐོན་པོ་ཞིག་ཏུ་འཛིན་པའི་ཁྱབ་པ་ཨེ་ཡོད་ལ།
༥ དྲི་བ་གལ་ཆེ་བ་ནི་འདི་ཡིན། དོལ་རྒྱལ་ཚོགས་པ་འདི་ཆོས་ཚོགས་ཤིག་གི་ཚད་དུ་བཞག་ནས་ཁ་ཆེ་དང་ཡེ་ཤུ་སོགས་ལ་དཔེ་བཞག་པ་ནི་དངོས་ནས་ཡ་མཚན་རེད། དོལ་རྒྱལ་བོད་ཀྱི་ཆོས་ཁུངས་སུ་མི་ཚུད་པ་ནི་དམ་ཉམས་ཡིན་པ་དེ་གས་འཐུས། ཆོས་ཁྲིམས་ནང་མང་གཙོ་མ་ཁས། གྲྭ་བས་སྐྱེས་དམན་ལེན་མི་ཆོག་པ་དེར་མང་གཙོས་འགྲེལ་བཤད་མེད།
མི་སྐྱ་ལ་རང་དབང་ཡིན་ཟེར་ན། རྒྱ་མིས་ཕོག་ཟོས་ནས་ནང་ཁུལ་དམར་བཟོད་གཏོང་མཁན་ལ་ངོ་རྒོལ་བྱས་པ་དེར་ངོ་རྒོལ་དང། སྒྲིག་འཛུགས་ཁོངས་ནས་ཕུད་པར་སྐྱོན་ཆ་གང་ཡོད་དམ། བོད་མི་མང་གིས་རང་འགུལ་གྱིས་དོལ་རྒྱལ་མཚམས་འཇོག་དང། དེ་དག་དང་འབྲེལ་བ་མི་བྱེད་པའི་ཁས་ལེན་གཙང་མ་བྱས་པ་རེད། འདི་ཡང་འོས་ཤོག་གི་ལམ་ནས་ཐག་བཅད་པ་ཞིག་རེད་ལ། མང་ཚོགས་རང་གིས་ཐག་བཅད་པ་ཞིག་ཡིན་པས་སུ་ལའང་འདིའི་ཐད་བཟོ་བཅོས་བྱེད་པའི་ཐོབ་ཐང་མེད། འདི་ལའང་འགྲེལ་བཤད་ཅིག་གནང་རོགས།
༤ ཁྱེད་ཀྱིས་འདིའི་སྐོར་གྱིས་ལོ་རྒྱུས་མང་པོ་ཞིག་གཟིགས་ཡོད་པས་ངས་ཞུ་ག་ལ་དགོས། འོན་ཀྱང་འདམས་
ཀ་ཞིག་ཡོད་པ་ནི་༸གོང་ས་མཆོག་དགོས་སམ། དོལ་རྒྱལ་དགོས་ཟེར་བ་འདི་རེད། འདིའི་སྐོར་ཁོང་གིས་དངོས་སུ་གསུངས་ཡོད་པ་ལྟར་རེད། འདིའི་འགྲེལ་བཤད་ཆོས་འབྱུང་ཁག་ནས་གསལ་ཡོང་བས་གཞན་གྱིས་འོལ་ཚོད་ལ་མི་ཉན་། འོན་ཀྱང་ཁྱེད་ཀྱིས་འདི་ཤེས་བཞིན་དུ་འདི་ལྟར་གསུངས་དོན་གང་ཡིན་ནམ།
དགེ་རབ་ལགས། ནམ་རྒྱུན་ཁྱེད་ཀྱི་ངག་ལས་བློ་བསྐྱེད་མང་པས་ངས་ཁྱེད་ཀྱི་འགྲེལ་བཤད་ལ་སྒུག་ཡོད། ཁ་བྲོ།
༡༽སྤྱིར་བཏང་ཆོས་བརྒྱུད་དང་ཆོལ་ཁའི་ཞབས་སྟེགས་གཞིར་བཟུང་ནས་འོས་བསྡུ་བྱེད་སྟངས་འདིས་སྤྱི་འཐུས་ཀྱི་སྤུས་ཚད་ཐད་གནོད་སྐྱོན་ཕྲན་བུ་འགྲོ་ངེས་ཡིན་ཀྱང་། ལམ་སྲོལ་འདི་ལ་དེ་ལས་ལྷག་པའི་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཡོད་པར་སེམས།
༢༽དོལ་རྒྱལ་གྱི་གནད་དོན་འདི་ནི་ད་ཆ་ཆོས་དད་ཀྱི་ར་བ་ལས་ཡོངས་སུ་བརྒལ་བའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཟིན་ཡོད་སྟབས། གོང་དུ་གྲོགས་པོ་འགའ་ནས་ཡེ་ཤུ་དང་ཁ་ཆེ་སོགས་དཔེ་མཚོན་དུ་བཀོད་པ་ནི་དོན་ལ་གནས་མེད། ངས་འདིར་དཔེ་མཚོན་ཙམ་ཞུས་ན། སྔ་ལོ་ ༧སྐྱབས་མགོན་རིན་པོ་ཆེ་ཇར་མནི་ལ་ཕེབས་སྐབས་དོལ་ཚོགས་དང་རྒྱ་ནག་གི་སློབ་ཕྲུག་ཚོ་ཕྱོགས་གཅིག་ཏུ་ལངས་ཏེ་ངོ་རྒོལ་ག་འདྲ་བྱས་སོང་། བོད་རིགས་དང་ཕྱི་རྒྱལ་བ་༧ སྐྱབས་མགོན་རིན་པོ་ཆེར་ཕེབས་བསུར་བཅར་མཁན་ཚོས་ལག་གདངས་འབྲེལ་ནས་མདུན་བཀག་པ་མ་གཏོགས་མཆོང་རྩིས་བྱས་སོང་ང་། ༧ སྐྱབས་མགོན་རིན་པོ་ཆེ་སྦར་ལིན་ལ་ཕེབས་ཉིན་ཡང་ཁོང་ཚོ་དངོས་སུ་སླེབས་མི་འདུག་མོད། དོལ་ཚོགས་ཀྱི་ཡིག་ཆ་དེ་ཚོ་རྒྱ་རིགས་ངོ་རྒོལ་བ་ཚོས་བཀྲམ་གྱིན་འདུག དེ་ཁྱོད་ཚོས་གསན་ཡོད་ངེས་རེད། དེ་སྐབས་ནི་བོད་ནང་གི་ཞི་བའི་གྱེན་ལང་ལ་དྲག་གནོན་བྱས་ཏེ། བོད་མི་རྣམས་དམར་གསོད་དང་བཙོན་འཇུག་མནར་གཅོད་གཏོང་བཞིན་པའི་སྒང་རེད། ཁོང་ཚོས་རྒྱ་གཞུང་ལ་ཁ་ཕྱོགསཏེ་ངོ་རྒོལ་སྐད་འབོད་བྱ་རྒྱུའི་ཚབ་ལ་བོད་མིའི་བདེ་སྡུག་གི་གནས་སྟངས་བརྗོད་པར་ཕེབས་མཁན་གྱི་རྒྱལ་བ་རིན་པོ་ཆེའི་སྒང་ལ་མཆོང་གི་ཡོད་པ་རེད། རྒྱུ་མཚན་དེ་འདྲར་བརྟེན། མདོ་སྨད་མི་མང་གི་ངོས་ནས་གལ་སྲིད་ཆོལ་ཁོངས་སུའང་རྒྱལ་འཚོང་བ་འདིའི་རིགས་བྱུང་ཚེ་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་མིན། ཆོས་དང་ཟིང་ཟིང་གི་འབྲེལ་བ་རྒྱུ་མིན། ཁ་དང་ཁ་སྤུ་དབྱེ་བ་བྱེ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད་ལ་དེ་ཡག་པོ་རེད་དྲན་གྱི་ཡོད།