དེ་རིང་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢།༣༠ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་བཛྲི་ཚང་གི་ཕ་བཛྲི་དང་མ་པད་དཀར་གཉིས་ཀྱི་བུ་རང་ལོ་ ༡༩ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག
གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྔ་པ་རྫོང་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ཀྱང་། སྐབས་ཐོག་དེར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་སླེབས་ཏེ་ཁོང་གི་སྐུ་ལུས་ལ་འབར་གྱིན་པའི་མེ་བསད་དེ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་འདུག་པས་ཤི་གསོན་གྱི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཁོང་ཚང་ལ་ནང་མི་ ༧ དང་མིང་སྲིང་ ༤ ཡོད་པའི་ཁོང་ནི་ཆེ་ཤོས་ཡིན་ཞིང་། ཁོ་རང་འཛིན་གྲྭའི་ནང་གི་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་དང་། ཚོགས་གླེང་ཐེངས་མང་གནང་མྱོང་མཁན་ཞིག་ཡིན་འདུག
ས་གནས་དེ་ག་རང་ནས་བོད་པའི་ཕོ་སར་གཉིས་ལ་གཅར་རྡུང་དྲག་པོ་བཏང་ཞིང་གཅིག་མང་ཚོགས་ཀྱི་རམ་འདེགས་འོག་ཐར་ཙམ་བྱུང་ཡོད་ནའང་། གཞན་དེ་ཉེན་རྟོག་པ་གཉིས་ཀྱིས་གཡས་གཡོན་ནས་བཀྱགས་ཁྲིད་འགྲོ་སྐབས། མེ་འཁོར་གྱིས་མིས་མཐོང་བར་ཁོ་བོའི་ལག་པ་དང་མགོ་རུ་ཁྲག་མང་པོ་འཐོན་བཞིན་འདུག་ཟེར། དེ་མིན་གྲྭ་པ་ཞིག་ཀྱང་གཅར་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཡོད་ཀྱང་ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ཤེས་རྟོགས་མ་ཐུབ།
དོན་རྐྱེན་དེའི་རྗེས་སུ་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ་འགྲེམས་འཇོག་བྱས་ནས་ཡོད་པའི་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་རང་ཐད་ནས་བཀག་བསྡོམས་བྱས་ཏེ་དོན་རྐྱེན་བྱུང་སའི་ས་གནས་སུ་མི་མང་འགྲོ་བཅུག་མེད་པ་དང་། རྫོང་མཁར་དུ་འགྲོ་སའི་ཕྱོགས་ཚང་མར་སྔར་ནས་ཡོད་པའི་ཞིབ་བཤེར་ས་ཚིགས་རྣམས་ནས་ཕར་འགྲོ་ཚུར་འོང་གི་བོད་མི་རྣམས་ལ་ཞིབ་བཤེར་བྱས་པ་སོགས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
ཀིརྟི་རིན་པོ་ཆེ་མཆོག་མཁྱེན་ནོ། ད་བཀའ་སློབ་ཅིག་ཕེབས་པའི་དུས་མ་རེད་དམ། དཀོན་མཆོག་རྣམ་གསུམ་མཁྱེན། བོད་ལ་རང་དབང་ཐོབ་པར་ཤོག
ཀིརྟི་རིན་པོ་ཆེ།
ད་མ་རེད་དམ།
ཀིརྟི་རིན་པོ་ཆེ་དང་། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་། ད་མ་རེད་དམ།
ཨ་ཁ། བོད་ཀྱི་བདེན་མཐའ་སེལ་ཆེད་དེ་ལྟར་གཤེགས་འདུག ཁྱེད་རྣམ་པའི་རྒྱལ་གཅེས་ཀྱི་སེམས་ཤུགས་ལ་དུས་ནམ་ཡང་གུས་བཀུར་དང་ཡི་རང་ཡོད། ང་ཚོས་ཉིན་རེ་བཞིན་ལོ་ཆུང་མང་པོའི་ཚེ་སྲོག་མེ་ལ་བསྒྲོན་པ་གོ་དུས་ལོ་ཆུང་གི་ཚེ་སྲོག་ལ་ཕངས་སེམས་ཆེ། རང་ལུས་ལ་ཁབ་རྩེ་ཙམ་ཡང་བཙུགས་མ་ནུས་པའི་ང་ལྟ་བུས་དེ་ལྟར་བརྗོད་སྤོབས་མེད་ཀྱང༌། མ་འོངས་བོད་ལ་མཁོ་བའི་སོན་རྩ་མང་པོ་དེ་ལྟར་བཤེགས་པ་མཇལ་དུས་ཡིད་ཀྱི་གདུང་བ་འགོག་ཐབས་མི་འདུག
རང་སྲོག་མཆོད་མེ་དང་། སྐུ་ལུས་རྒྱ་་འབེན་དུ་བཞག་པའི་གངས་ཕྲུག་ཚོ། ཁྱེད་ཅག་གི་ཚེ་སྲོག་དམར་པོ། ང་དང་ངའི་བུ་རབས་ཚ་བརྒྱུད་ཚོའི་ཆེད་དུ་ཕུལ་བ་ངས་གཏན་ཏུ་བརྗེད་མི་མི་སྲིད་ལ། གླད་པ་དང་རུས་རྐང་ཅན་གྱི་གདོང་དམར་བ་ཚོས་ནམ་ཡང་བརྗེད་ག་ལ་སྲིད།
མདོར་ན། བོད་གངས་ཅན་པའི་ལྗོང་འདིའི་འདས་མ་ད་གསུམ་གྱི་དཀར་ཕྱོགས་དགེ་བའི་ལས་ཇི་རྙེད་ཅིག་ཡོད་པ་དེ་དག་སྟོང་གསུམ་གྱི་འཇིག་རྟེན་གྱི་དགེ་བའི་ལྟོས་སུ་ཡུལ་གྱིས་སྤྲུལ་ནས་ཁྱེད་ཅག་གི་དགེ་རྩར་བསྔོའོ།།
ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ ཨོ་མ་ཎི་པདྨེ་ཧྰུྃཿ
ཨ་ཧ་བོ། ད་མེར་སྲེག་མཚམས་འཇོག་བྱས་ནས་སྡེབས་ལངས་ཀྱི་ངོ་རྒོལ་རེ་འབྱུང་ཐུབ་ན་སྟོབས་ཤུགས་ལོས་ཆེ་བསམ་ཀི ཡིན་ཡང་། ༧ གོང་ས་མཆོག་བོད་དུ་གདན་ཞུ་གནང་མཁན་རྔ་བ་དང་ས་ཁུལ་བྱེ་བྲག་པ་ཁ་ཤས་ལས་མ་བྱུང་བ་ག་རེ་ཡིན་ནམ། བོད་ལ་རང་དབང་འཐོབ་ན་འདྲ་ལ་མ་ཐོབ་ཀྱང་རུང་གང་ལྟར་༧ གོང་ས་མཆོག་བོད་ནང་དུ་གདན་ཞུ་བྱེད་དགོས། འདིའི་ཕྱོགས་ལ་མདོ་དབུས་ཁམས་གསུམ་གྱི་གནད་ཡོད་མི་སྣ་ཚང་མའི་ཁ་རེ་གྲགས་ན་བསམ་ཀི
ཀིརྟི་རིན་པོ་ཆེ་དང་། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་། ད་མེར་སྲེག་མཚམས་འཇོག་བྱས་ན་མ་རེད་དམ།
ཚང་མས་མ་ཎི་གསུང་རོགས། རྗེས་དྲན་བསྔོ་སྨོན་གནང་རོགས། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།
ཕྱོགས་བཅུ་ན་བཞུགས་པའི་སྐྱབས་གནས་དཀོན་མཆོག་གསུམ་དང་། འཁོར་རྣམ་པ་བཞི་ལ་གསོལ་བ་འདེབས་པ། ཚེ་འདས་རྣམས་ཐུགས་ལས་མི་འདོར་བར་བསྔོ་སྨོན་གནང་བར་ཞུ། རྒྱལ་བ་སྲས་བཅས་ཐུགས་དམ་བདེན་པའི་མཐུས། །ཚེ་འདས་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །བདེ་བ་ཅན་སོགས་དག་པའི་ཞིང་ཁམས་སུ། །འགྲོ་བའི་འདྲེན་པ་མཆོག་ཏུ་འགྱུར་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།