དེ་རིང་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཚོུད་ ༡༠།༣༠ ཐོག སྤྱི་ལྷན་དཔེ་མཛོད་ཁང་དུ་ཚོགས་གཙོ་སྦྲེལ་པོ་དབུ་བཞུགས་ཐོག སྤྱི་འཐུས་རྒྱུན་ལས་དང། རྡ་སར་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ལྷན་ཚོགས་གནང་སྟེ། ད་ལྟའི་ཆར་བོད་ནང་ཛ་དྲག་གནས་ཚུལ་རྒྱུན་ཆད་མེད་པ་ཐོན་བཞིན་པའི་ཐོག་བྱེད་ཕྱོགས་ཇི་དགེ་བཀའ་བསྡུར་གནང་ཡོད་པ་དང། ལྷན་ཚོགས་འདིའི་གྲུབ་དོན་སྙན་ཐོ་ཁག་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་སུ་གཏན་འབེབས་གནང་རྗེས། བཀའ་སྤྱི་ལྷན་རྒྱས་སུ་གོ་བསྡུར་ཞུ་འོས་ཁག་ཞུས་དེ་ཕྱག་བསྟར་མཇུག་གནོན་གནང་རྒྱུ་ཡིན་འདུག་པ་དང་། སང་ཉིན་བཀའ་སྤྱི་ལྷན་འཛོམས་གནང་རྒྱུ་ཡིན་འདུག
དེ་རིང་ཚོགས་ཞུགས་གནང་མཁན་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྒྱུན་ལས་ཀརྨ་མ་ཆོས་འཕེལ་ལགས་དང་། སྤྱི་འཐུས་པདྨ་འབྱུང་གནས་ལགས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྨོག་རུ་བསྟན་པ་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་བཅས་དང། རྡ་སར་ཕྱོགས་བཞུགས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ལགས། སྤྱི་འཐུས་བོུ་ཚེ་རིང་ལགས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་གངས་ལྷ་མོ་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་བཅས་བསྡོམས་སྤྱི་འཐུས་གྲངས་ ༢༠ ལྷན་འཛོམས་གནང་ཡོད་པ་དང། ཕྱི་དྲོའི་ཚོུད་ ༤།༣༠ ཐོག་ལྷན་ཚོགས་གྲོལ་ཡོད་པ་རེད།
སྒེར་གཅོད་སྲིད་གཞུང་གཏོར་བའི་དྲག་སྤྱོད་པ་བྱེད་དུ་འགྲོ
འཇིགས་མེད་ཆོས་ལྡན།
ད་ནི་ཉོག་བཤད་ལུང་པ་གང་དགོས་ཚོད་མ་རེད། རྒྱ་མིས་སྡུག་པོ་གང་བཏང་ཡང་ང་ཚོས་ཤེས་ཚོད་རེད། དུས་རབས་ ༢༠ སྨད་ནས་བསད། གཏུབ། བཅོམ། བསྲེགས་ཀྱི་གནས་ཚུལ་བཤད་མ་དགོས་ལ། བྱིས་པ་མངལ་ནས་བཏོན་ཏེ་སྣུམས་ལ་བསྲེགས། ཕ་མ་གསོན་སྦས་བྱས་ཏེ་བུ་ཕྲུག་ལ་མེ་མདས་ཞབས་བྲོ་འཁྲབ་ཏུ་བཅུག་པའི་མུན་ནག་གི་དུས་རབས་ཡོད་ཚད་ལ་ཕྱིར་དྲན་ཞིག་བྱས་ན། བཟོད་སྲན་དང་གུས་ཡངས་ཀྱིས་བོད་རྒྱ་འགྲིག་མཐུན་གྱི་ངང་རིང་ག་ཚོད་བསྟེན་ཀྱང་ད་ནི་རྒྱ་ནག་ལ་བསམ་ཤེས་བྱ་རྒྱུ་ཞིག་མེད་ཚོད་གདའ་བས། ང་ཚོས་མང་པོ་མི་བཤད་པར། ཤི་གསོན་ཐག་གིས་བཅད་དེ་བོད་དུ་བསྐྱོད་མཁན་ཚོ་ལམ་དུ་ཆས། བོད་དུ་སླེབས་ནས་ཤི་ན་ཤི་གོ་ཆོད་པ་རེད་ལ། མ་སླེབས་པར་ལམ་སྐབས་ནས་ཤི་ཡང་མིག་བཙུམས་ཐུབ་པ་ཞིག་རེད་པས། ང་ཚོས་ད་ནི་ཞེ་འཁོན་སྙིང་ནད་རྩོད་དུ་འགྲོ རྒྱ་ནག་གཞུང་གི་མགོ་རྟིང་སློག་པའི་དྲག་སྤྱོད་པ་ཁྱུ་གཅིག་ཏུ་འགྱུར་རྒྱུའི་དམ་བཅའ་བཞག་ནས་འགྲོ འགྲོ་མཁན་ཚང་མ་འདིར་ཐོ་འགོད་བྱེད་དུ་ཤོག ང་ཚོ་རྒྱ་ནག་ནང་གཏོར་དུ་འགྲོ
ཁ་བརྡ་ཚང་གིས་འདིར་དྲ་ངོས་སུ་འཇོག་རོགས་ཞུ།
ད་ནི་བཀའ་སྤྱི་ལྷན་རྒྱས་ལ་གནང་རྒྱུ་གཅིག་ལས་ལྷག་ཡོད་པ་མ་རེད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འཚོགས་ནས་བཟང་ཐག་ངན་ཐག་གཅོད་སྟངས་ཐད་ཀྱི་ལྟ་སྟངས་བསྡུར་ནས། བཟང་ཐག་ངན་ཐག་གཅོད་པའི་དུས་ཚོད་ཀྱི་བཅད་པ་བཟོས་ནས་རྒྱ་ནག་གཞུང་ལ་དུས་ཚོད་འདིའི་ཕན་ནས་ང་ཚོས་ངང་སྒུག་བྱེད་མི་ཐུབ་ཅེས་བརྡ་ལན་སྤྲོད་དགོས། དེ་མིན་གང་ཡང་ལྷག་མེད། གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་ནུས་པ་ནི་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་རྨང་གཞི་ཡིན་ཞེས་པ་དེ་བརྗེད་མེད་པ་ཡིན་ན། ད་ནི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྟོབས་ཤུགས་འདི་ཆུད་ཟོས་སུ་མི་འགྲོ་བའི་མདུན་སྐྱོད་ཅིག་ཏུ་བསྒྱུར་དགོས་པ་གལ་ཆེན་པོ་ཆགས་ཡོད། ད་ནི་ལས་འགུལ་སྤེལ་ནས་སྡོད་པ་ལས། ལག་ལེན་གྱི་སྟེང་ནས་མདུན་སྐྱོད་བྱེད་དགོས་པ་རེད། གཞིས་ལུས་རྒྱ་ཆེའི་མང་ལ་བོད་པ་རང་ངོས་ནས་རང་སྐྱོང་གི་ཐོབ་ཐང་ངོ་མ་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་དང་སྐུལ་སློང་བྱས་ནས་མདུན་དུ་བསྐྱོད་དགོས་པ་ལས། སྐད་འབོད་བྱས་ནས་ཉི་མ་སྐྱེལ་ཐབས་འདི་ཡོངས་སུ་བསྒྱུར་བའི་བཀའ་གྲོས་ཤིག་གནང་རོགས།
ཁོ་ཚོའི་ལག་ལ་ཡང་ཁ་ལག་ཅིག་རག་ཡོད་ས་རེད
ས་གནས་རྡ་སའི་སྤྱི་འཐུས་རྣམ་པ་འདི་ལྟར་འདུ་འཛོམས་ཛ་དྲག་བསྡུས་པ་ཡག་པོ་རེད། ད་རེས་གི་འདུ་འཛོམས་འདི་་་འདུ་འཛོམས་རྒྱས་པ་ཞིག་བྱུང་ཡོད་ན་སྐྲག་ས་འཇིགས་ས་མེད་མཁན་ན་ནིང་གི་སྤྱི་འཐུས་དཔའ་བོ་དེ་ཚོ་་ཅིག་བྱས་ན་ཁེ་ཤོར་ཉིས་ཤོར་ཐོག་བོད་ནང་ལ་རྒྱུག་འགྲོ་སྲིད་པ་རེད།
འོན་ཀྱང་དུས་ཚོད་ད་རུང་ཡོད་པ་རེད། ཁ་ནང་ལ་བསྐོར་ན་དཔའ་བོ་ལྕགས་གི་ཐོ་བ་དེ། ཁ་ཕྱི་ལ་བསྐོར་ན་འགྱིག་གི་ལྒང་བུ་མིན་པར་སྨོན།
ཁ་ནང་ལ་བསྐོར་བའི་དཔའ་བོ་ཚོ།
དཔའ་ཡོད་ན་དཔའ་རྟགས་སྟོན་རན་རེད།
གྲོས་སྲིད་སྟེགས་སྒང་གི་རིག་རྒོད་ཚོ།
ཐབས་ཡོད་ན་ཐབས་ཇུས་འཐེན་རན་རེད།
གོང་ཞུས་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་ཀློག་སྐབས་སེམས་སུ་ད་ལོ་སྤྱི་འཐུས་རྣམས་ཚད་ལྡན་ཡིན་པའིཚོར་སྣང་ཞིག་སྦྱིན་བྱུང་། ཚོར་སྣང་དེ་དང་འབྲེལ་ནས་ཁོང་རྣམས་ལ་རེ་བ་གསར་པ་ཞིག་སྐྱེས་སོང་། མདོར་ན་སྐབས་གོང་མའི་སྤྱི་འཐུང་ཀླད་སྟོང་དེ་དག་དང་མི་འདྲ་བར་མིག་སྔའི་སྤ྄ི་འཐུས་རྣམས་པས་འབད་བརྩོན་གང་ལེགས་ཀྱིུ་བོད་བསྟན་པ་ཆབ་སྲིད་ལ་སྨན་པའི་ཕྱག་ལས་གང་ལེགས་གནང་རྒྱུའི་རེ་བ་ཡོད།
ཐབས་ཡོད་མེད་བཤད་ཚོད་མི་ཐུག་མོད
འགྲུབ་ཡོད་མེད་མདུན་ན་ཤར་ཡོད་ཀ
བྱིས་པའི་བསམ་བློ་ཅན་མ་བྱེད་རོགས། བཀའ་སྤྱི་ལོས་ཚོགས་དགོས། ཚོགས་པ་ཆེན་པོ་ཞིག་གི་ལས་དོན་སྒྲུབ་སྐབས་གྲོས་བྱེད། བསམ་བློ་གཏང་། བློ་དྲིས་པ་སོགས་རིམ་པ་མང་པོ་དགོས་རེད་མ་གཏོགས་གོང་གི་མཆན་བཀོད་མཁན་ཁ་ཤས་ཀྱིས་བཤད་པ་ནང་བཞིན་ཚོགས་མི་དགོས་པ་གྲོས་མི་དགོས་པ་སོ་སོ་གང་དྲན་གྱིས་ལས་ཀ་རེ་བྱེད་པ་ནི་ཚོགས་པ་ཞིག་དང་གཞུང་ཞིག་གི་བྱེད་སྟངས་ག་ལ་ཡིན། སྤྱིར་བོད་དོན་ལ་བཀའ་སྤྱི་གཉིས་ལ་འགན་དམིགས་བསལ་ཡོད་པ་བདེན་ཡང་བཀའ་སྤྱི་མི་བཅུ་ཕྲག་ཁ་ཤས་དེ་ལ་ཁྱོད་ཚོས་འགྲིག་གི་མི་འདུག བྱེད་ཀྱི་མི་འདུག་ཟེར་ནས་སོ་སོ་ལ་འགན་གང་ཡང་མེད་པ་ནང་བཞིན་བྱེད་ན་དེ་བས་ཡོང་ཐབས་མེད། དང་པོ་བཀའ་སྤྱི་གཉིས་ལ་བྱེད་ཀྱི་མི་འདུག་ཟེར་མཁན་སོ་སོ་བོད་དོན་གྱི་ཆེད་མདུན་མཆོང་བ་ཞིག་ཡིན་དགོས། དེ་མིན་དུས་ཚོད་ཕུད་ཐབས་ཆེད་དྲྭ་བའི་ནང་གང་བྱུང་མ་བཤད་རོགས།
ད་བྱུང་མ་སོང་། གོང་གསལ་མཚན་ཐོ་མཐོང་སྐབས་སྤྱི་འཐུས་འདི་དག་ཚང་མ་ཐོག་མར་འོས་ཤོག་ཏུ་སླེབས་སྐབས་ཞེད་པོ་བྱེད་ཡ་ཡོད་ལབ་མཁན་ཤ་སྟག་རེད། དེ་ལས་ཀྱང་རྒྱུན་ལས་ནང་ལ་ཡོད་མཁན་རྣམས་དེ་ལྟར་རེད། དེར་བརྟེན་ད་ཆ་རྒྱུན་ལས་ཀྱིས་ལས་ཀ་ག་རེ་དགོས་མིན་བྱེད་ཤེས་ཀྱི་མེད་པའི་རྟགས་ཤིག་བསྟན་འདུག མུ་མཐུད་དེ་འདུག་དགོས་ནའང་དེ་མུར་འདུག་མ་ཤེས་པ་རེད། གྲོས་ཚོགས་མ་འཚོགས་པའི་སྐབས་གནས་ཚུལ་ག་རེ་བྱུང་ཡང་རྒྱུན་ལས་ཀྱིས་ཐག་གཅོད་བྱེད་དགོས་པ་རེད། འོན་ཀྱང་ད་ཐེངས་ཀྱི་འཚོགས་འདུ་འདི་གྲོས་ཚོགས་ཀྱི་འཚོགས་འདུ་མ་རེད་ལ། རྒྱུན་ལས་ཀྱི་འཚོགས་འདུ་ཡང་མ་རེད། རྡ་སའི་ཕྱོགས་བཞུགས་སྤྱི་འཐུས་རྣམས་སྐད་བཏང་འདུག འདི་འདྲའི་ཚོགས་འདུ་འདི་ཁྲིམས་སྒྲིགས་གང་གི་ཆ་རྐྱེན་འོག་འཚོིགས་མེད་པ་རེད། དེའི་ཕྱིར་ཚོགས་འདུ་འདི་འདྲ་ད་བར་བྱུང་མྱོང་མེད་པ་རེད། གང་ལྟར་ཚོགས་འདུ་འདི་སྤྱི་འཐུས་རྒྱུན་ལས་ཚོས་རང་འགན་ཁུར་མ་ཐུབ་པར་བརྟེན། ལག་པ་ཕྱི་སའི་ཆེད་དུ་ཚོགས་འདུ་འདི་འདྲ་ཞིག་ཚོགས་དགོས་བྱུང་བ་རེད། ཚོགས་འདུ་འདི་ནི་ཁྲིམས་ཀྱིས་དབང་བསྒྱུར་འོག་འཚོགས་མེད་པར། གང་བྱུང་གང་ཟག་གིས་དབང་བསྒྱུར་འོག་འཚོགས་འདུག ཆབ་སྲིད་པ་རྫུན་མ་ཚོས་འདི་འདྲའི་ལག་པ་ཕྱི་སའི་ལས་ཀ་འཁྲབ་སྟོན་བྱེད་པ་དེ་རྒྱུན་ལྡན་ཞིག་རེད། བློ་ཕམ་པ་ལ། མ་འཇོན་ན་དགོངས་པ་ཞུས་ན་ལེགས། མ་འཇོན་ན་དགོངས་པ་ཞུས་ན་ལེགས། མ་འཇོན་ན་དགོངས་པ་ཞུས་ན་ལེགས།
གཞན་རང་རང་གི་རྐུབ་སྟེགས་སྲུང་ཐབས་སུ་འཁྲབ་སྟོན་འདི་འདྲ་བྱས་པ་མ་འདྲིགས།
ངོ་མ་འཚོག་རན་རེད། དེ་མ་ཟད་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་ཚོའི་ཡིད་ཚིམ་པ་ཞིག་ཡོང་སླད་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གི་ནང་མི་མཐུད་དེ་ལས་འགུལ་ཤུགས་ཆེན་སྤེལ་དགོས་གལ་ཆེ་བས་རྣམ་པ་ཚོས་གྲོས་བསྡུར་ཡག་པོ་ཞིག་གནང་བའི་རེ་བ་ཡོད། གཞིས་ལུས་རྒྱ་ཆེའི་བོད་མི་ཚོའི་འདོད་པ་དང་མཐུན་པའི་ལས་འགུལ་རེ་སྤེལ་རོགས་གནང། མཆོད་འབུལ་སྨོན་ལམ་ཙམ་གྱིས་མི་ཡོང་བ་མཁྱེན་གསལ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྡ་སར་གནས་བཞུགས་སྤྱི་འཐུས་རྣམས་དང་ལྷན་དུ་འཚོགས་འདུ་འཚོགས་པ་ངོ་མ་ཡག་པོ་རེད། ཡང་ཡང་གོ་བསྡུར་བྱེད་དགོས། ཕོ་རབས་གཅིག་གི་བློ་སྒོ་ལས། ཕོ་ངན་བརྒྱ་ཡི་གྲོས་བསྡུར་དགའ་ཟེར་བའི་གཏམ་དཔེ་བཞིན། ང་ཚོ་བོད་མི་མང་གི་འཐུས་མི་ཚོ་མངོན་པར་བསྟོད། གོ་བསྡུར་མང་ཙམ་གནང་ཐུབ་པའི་རེ་བ་ཡོད་ལ། ལག་ལེན་ཡང་མང་ཙམ་བསྟར་རོགས།