བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན་དེ་རིང་ཚེས་ ༡༤ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ནས་དགོང་མོ་ཆུ་ཚོད་ ༤།༠༥ བར་སྤྱི་ལྷན་དཔེ་མཛོད་ཁང་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཀའ་བློན་ཁྲི་པ་ཌོག་ཊར་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་ཚོགས་སྐྱངས་ཏེ། བཀའ་སྤྱི་ལྷན་རྒྱས་ཀྱི་རྣམ་ཀུན་སྲིད་ཇུས་འཛིན་ཕྱོགས་དང་ལས་དོན་བྱེད་ཕྱོགས། བོད་ནང་ཛ་དྲག་གནས་ཚུལ་བསྟུད་མར་འབྱུང་བཞིན་པའི་ཐོག་ཇི་དགེ་བཀའ་བསྡུར་ལྷུག་པོར་གནང་ཡོད་ཚུལ་བཀོད་ཡོད་ནའང་། ནང་དོན་འདི་དང་འདི་བྱེད་ཀྱི་གནས་ཚུལ་གསལ་ཁ་གང་ཡང་བཀོད་མི་འདུག ཡིན་ནའང་བོད་མི་མང་གིས་རྣ་བ་ཅོར་ཅོར་གྱིས་ཛ་དྲག་གི་སྐབས་འདིར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་གང་ཞིག་སྤེལ་མིན་ལ་ཉན་ཞིང་རེ་བ་ཧ་ཅང་ཆེན་པོ་གནང་བཞིན་པ་རེད།
ཤར་ཕྱོགས་ཁུག་རྟ་ལགས། ཌོག་ཊར་ཟེར་བའི་ཚབ་ཏུ་མཁས་དབང་དང་། རབ་འབྱམས་པ་ཟེར་བོད་ཡིག་ཡོད་བཞིན་དུ་དེ་འདྲ་བྲིས་ན་ཏག་ཏག་རང་སྡོད་ཨེ་ཡོད་ན།
སྤྱིར་ན་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ཞེས་བོས་ན་མིང་དོན་གཉིས་ལྡན་རེད།
ལྗང་སྨྱུག་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གང་བྲིས་པ་འདིར་བཀོད་འདུག
མཁས་དབང་ཟམ་གདོང་ལ་མཁས་དབང་ཞེས་པའི་མིང་འདི་དོན་ལྡན་ཡིན། བློ་བཟང་སེང་གེ་ལ་ཁྲིམས་ལུགས་མཁས་དབང་ཞེས་ལབ་ན་དོན་ལྡན་ཡིན། འདི་དགའ་མིན་དགའ་མདོག་གི་གནས་ཚུལ་གང་ཡང་མ་རེད། དོན་དངོས་ཀྱི་གནས་སྟངས་རེད། རྩོད་པ་རྒྱག་དགོས་པ་ཞིག་མ་རེད།
དེས་ན་རྩོད་རིན་ཞིག་མི་འདུག
མཁས་དབང་ཟེར་བ་ནི་མདོ་སྔགས་ཀྱི་གཞུང་དང་རྩིས་ས་རིས་རིག་པའི་གནས་ཡོངས་ལ་མཁས་པ་ཞིག་དགོས་སོ།
མཁས་དབང་ཞེས་པ་སྐབས་ཀྱི་བརྗོད་བྱ་གང་རུང་ལ་བརྟེན་ནས་འདོགས་ཆོག དེ་ལྟར་མ་བྱས་ན་སྔོན་གྱི་སྲོལ་རྒྱུན་རྙིང་པ་ལྟར་མཁས་དབང་ཡིན་ན་བླ་རྒན་ཞིག་གམ་ཡང་ན་གྲྭ་ཟུར་ཞིག་ཡིན་དགོས་པ་ལྟར་འགྱུར་ངེས་ཡིན།
སྙིང་རྗེ་མི་འདི་ཚོས་ག་རེ་འཇོན་གི་རེད། ཚོགས་ན་མ་ཚོགས་ན་གཅིག་པ་རེད། གནས་ཚུལ་ཛ་དྲག་མེད་དུས་བཀའ་བློན་དང་སྤྱི་འཐུས་ཞེས་ཅིག་ཡིན་མདོག་མདོག་བྱས། ངོ་ནས་ཛ་དྲག་དང་དགོས་ས་ཞིག་ལ་ཐུག་དུས་མི་འུག་ཐུག་འདི་ཚོ་འཛོམས་འཛོམས་འདྲ་བྱེད་ཁུལ་ཙམ་ལས། ཉན་རིན་དང་ལྟ་རིན་མེད་པ་ཤེས་ཤེས་པ་རེད། འདི་ཚོས་བོད་མི་འཆར་གཞི་མེད་གནས་སྟངས་སྐྱོ་བོ་འདི་འདྲ་ཞིག་ཏུ་གྱུར་བཅུག་པ་རེད། རྟག་པ་རང་བཙན་དང་དབུ་མ་ཡིན་ན་ཅིག་རྩོད་ཁུལ་བྱས་བསྡད་པ་ལས། དོན་གྱིས་བོད་དོན་ལ་མཁོ་བའི་འཆར་གཞི་སྣེ་གཅིག་བསྒྲུབ་ནུས་ཡོད་མ་རེད། སྙིང་རྗེ་ལས་ངན་ནུས་མེད་འདི་ཚོ། མི་འདི་ཚོའི་གྲོད་ཁོག་ན་སྐྱགས་པ་བཀང་དང་ཁ་ལྕེའི་བར་ནང་འཁྲུགས་བཀང་ལས་ཅི་ཡོད།
སྟག་སྨྱོན་ལགས།
ལབ་མ་རྒྱག མི་འདི་ཚོས་མ་འཇོན་པར་མཐོང་ན་རང་གིས་འཇོན་ཐང་སྟོན། བོད་དོན་ནི་བོད་མི་རེ་རེར་འོས་འགན་ཡོད་ནི་རེད། རང་ཉིད་ཟུར་ནས་བསྡད་དེ་གཞན་གྱི་སྐྱོན་འཚོལ་རྒྱུ་ཡ་རབས་བཟང་སྤྱོད་ཅིག་མ་རེད། ལས་བྱེད་འདི་ཚོས་འཇོན་ན་མ་འཇོན་ན་རང་རིགས་མི་དམངས་ཀྱིས་བསྡམས་པ་རེད། ངས་འཇོན་ངས་ཐུབ་ཅེས་བཙན་གྱིས་གཞུང་སྒོར་འཛུལ་ཡོང་བ་སུ་ཡང་ཡོད་ནི་མ་རེད། ལྷག་པར་དུ་བཀའ་ཁྲི་ལྟ་བུའི་དེང་རབས་ཤེས་ཡོན་ཆ་ཚང་ཡོད་པའི་ན་གཞོན་ཞིག་འུ་ཚོའི་གཞུང་ཞབས་སུ་བཞུགས་པ་འདིའང་དགའ་འོས་པ་ཤིག་རེད། ངོ་མས་གཞུང་ཞབས་ཚོས་འཛིན་སྐྱོངས་གནང་སྟངས་མ་འགྲིག་པར་མཐོང་ན་འཐད་ཀ་འདི་དང་འདི་འགྲིག་གི་མི་འདུག་ཅེས་གསལ་བྱེད་གནང་ན་འགྲིག དེ་མིན་གཞན་གྱི་ཉེས་སྐྱོན་རྐྱང་ཟུར་ནས་གླེང་བསྡད་ན་གཞུང་དམངས་གཉིས་ཀར་གནོད་ཀྱི་ཡོད་པར་ཁྱེད་སྨྱུག་ཐོགས་པས་ལོས་ཤེས། སེམས་གཏམ་དེ་ཙམ་ཡིན།ཐུགས་ལ་མི་གནོད་པར་མཁྱེན་མཁྱེན།
གཞུང་དམངས་མཉམ་རུབ་ཀྱིས་ལས་དོན་བསྒྲུབ་དགོས་པ་ལས་ལས་བྱེད་ཁ་ཤས་ཞིག་གིས་ཅི་བྱེད་འདི་བྱེད་རེད།
འོན་ཀྱང་གནད་ལ་ཁེལ་བའི་ལངས་ཕྱོགས་དང་ལམ་སྟོན་ཚད་ལྡན་བྱེད་མ་ཐུབ་ན་ཁོང་ཚོས་མ་འབྱོན་པ་ཡིན་དགོས། ངས་བསམ་ན་ད་ལྟ་ཛ་དྲག་གི་དུས་སུ་ཕྱི་སྡོད་བོད་མི་ཚོས་ལས་དོན་གཉིས་བསྒྲུབ་དགོས། དེ་ནི་འབོད་བསྐུལ་དང་ཁབ་བསྒྲགས་ཡིན། དེ་གཉིས་ཆར་ལ་མེད་ཐབས་མེད་པ་དེ་ནི་ཞི་རྒོལ་དང་བཙན་གནོན་གཉིས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་དེ་ཡིན། ད་ལོ་གནས་ཚུལ་རྒྱུས་ལོན་བྱེད་མ་ཐུབ་པ་དེ་སྟོང་ཆ་ཆེན་པོ་ཞིག་རེད་འདུག
དེའི་འགན་ཡང་གཞུང་དམངས་གཉིས་ཆར་ཡོད་ཀྱང་གཙོ་བོ་གཞུང་གིས་བལྟ་དགོས།
མཁས་དབང་དང་།རིགས་གཅིག་མཁས་དབང་གཉིས་ལ་ཁྱད་པར་གང་ཡོད་དམ་།
མཁས་དབང་ཡིན་ན་མདོ་སྔགས་གཞུང་ལུགས་དང་རྩིས་ས་རིས་སོགས་ལ་མཁས་དགོསཧཧཧཧཧཧཧཧཧཧ། དེ་འདྲ་མཁས་དབང་བོད་ཁོ་ན་ཡིན་རྒྱུ་རེད། འཛམ་གླིང་སྟེང་གི་ཚན་རིགས་མཁས་དབང་དེ་ཚོ་ཅི་ཞིག་རེད།
འོ་ན་འཛམ་གླིང་དེའི་ཐོག་ལ་རིགས་གཅིག་མཁས་དབང་མེད་པ་ཡིན་ནམ་།
ཕྱི་གླིང་པའི་མཁས་དབང་དེ་ཚོས་མདོ་སྔགས་ཞུང་ལུགས་དེ་ཚོ་ག་ནས་སྦྱང་པ་རེད་དམ་
ཀུ་རེ་ཡིན་ད་
མཁས་དབང་ཞེས་བསྟོད་མ་མང་ན་བཟང་། དངོས་གནས་ཡིན། རང་མི་རིགས་ཀྱི་རིག་གནས་མི་ཤེས་པའི་མཁས་དབང་ཞིག་ཡོང་མི་ཤེས། མཁས་དབང་ཡིན་པར་རང་མི་རིགས་ཀྱི་རིག་གནས་བཏང་སྡོད་བཞག་འཕེལ་ཞིག་ཤེས་དགོས་མ་གཏོགས། ང་ཚོས་བསྟོད་བསྟོད་འདི་སྨད་པར་འགྱུར་ཉིན་ཆེ།
གཞན་པར་ནང་གྲྭ་བ་ཞིག་གིས་ཅིག་ཤོད་བཞིན་འདུག དེ་སུ་རེད། ཁོས་ག་རེ་བྱེད་དགོས་ལབ་བཞིན་འདུག དེ་ཚོར་ཉོན་དང་། གྲྭ་རྒན་འདི་ཚོའི་ཁ་ན་མཁན་ཚུལ་བློའི་དགེ་བཅུའི་ཁྲིམས་འདྲ་བོ་ཡོད་ངེས་རེད།
ཨོ། གྲྭ་རྒན་དེ་ཕལ་ཆེར་བོན་གྱི་དགེ་བཤེས་སྨོན་མཐར་ཡིན་ས་རེད། དེ་ཡིན་ན་ད་ཚོད་ཧམ་གཏམ་དང་། དཔའ་གཏམ་ཤོད་བཞིན་ཡོད་ངེས།