(བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ།)
ཀུན་གྱིས་མཁྱེན་གསལ་ལྟར་བོད་ནང་དུ། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་བདེན་དོན་གྱི་ཆེད་དུ་གཅེས་པའི་ཚེ་སྲོག་འཕངས་མེད་དུ་དོར་ཏེ། རྒྱ་ནག་གི་དྲང་བདེན་མ་ཡིན་པའི་སྲིད་ཇུས་ཀྱི་བྱེད་བབ་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་བསྟུན་མར་བགྱི་བཞིན་པ་དང། འདི་ནི་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་བྱེད་སྟངས་འོག་ནས་བོད་མི་ཚོས་སྤེལ་བའི་ཆེས་གཟི་བརྗིད་ལྡན་པའི་ལས་འགུལ་ཞིག་ཡིན་པར་མ་ཟད། བོད་རིགས་སྤུན་ཟླ་དག་གིས་གཙོས་པའི་དྲང་བདེན་ལ་དགའ་བ་ཡོད་པའི་འགྲོ་མི་ཡོངས་ཀྱིས་ཅིས་ཀྱང་རྒྱབ་སྐྱོར་དང་དོ་ཁུར་བྱ་དགོས་པའི་བྱ་བ་རླབས་ཆེན་ཞིག་ཀྱང་ཡིན་པ་རེད།
ད་ནི་བཙན་བྱོལ་བོད་མིར་མཚོན་ན་ཡང་བོད་མིའི་འཐབ་རྩོད་ཀྱི་གནས་སྟངས་འདི་ལ་དཔག་པའི་འཆར་གཞི་དང་གྲ་སྒྲིག སྟོབས་ཤུགས་དང་བློས་གཏོང་བཅས་ཁ་ཡོད་ལག་ཡོད་དུ་ལྡན་དགོས་པ་སྐབས་དང་དུས་སུ་བབ་འདུག་པ་དང་། ཁ་ལྕེ་ཡན་གྱི་སྐད་ཆ་མ་ཡིན་པར་ལས་འགུལ་དངོས་ལ་ཞུགས་པའི་སྦྱོར་བ་ཅི་ཡོད་རྩོམ་རན་འདུག་སྙམ།
སྐབས་འདིར་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་བླ་ན་མེད་པའི་གཅེས་སྲོག་གི་མཛད་རྗེས་དག་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དང་། དེ་དག་གི་འཐབ་རྩོད་ཀྱི་ངོ་བོ་ངོས་འཛིན་སྟངས། དེ་བཞིན་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་འདི་ལ་དམིགས་ཏེ། གཞིས་བྱེས་བོད་མིའི་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཁྱོན་ཡོངས་ནས་ཇི་ལྟར་རྣོ་ངར་ཅན་དུ་གཏོང་ཐབས། གསར་འགྱུར་མཁོ་སྒྲུབ་དང་ཁྱབ་སྤེལ་གཏོང་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་དང་བགྲོ་གླེང་བྱེད་རྒྱུ་ནི་དགེ་མཚན་ལྡན་ལ་འོས་སུ་ཆེ་བར་མཐོང་། དེ་བས་ང་ཚོས་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡༩ ཉིན <<བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ།>> ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཞིག་འཚོགས་གཏན་ཁེལ་ཡོད་ན་བགྲོ་གླེང་འདི་ལ་ཕེབས་འདུན་ཡོད་པའི་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།
ཚོགས་ཡུལ། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་།
ཚོགས་དུས། ༢༠༡༢ ༢ ༡༩ རེས་གཟའ་ཉི་མ། ཞོགས་པའི་དུས་ཚོད། ༩:༠༠ ནས་ཕྱི་དྲོ། ༥:༠༠ བར།
བརྗོད་གཞི། <<བོད་མིའི་མེར་སྲེག་ལས་འགུལ་དང་བོད་ནང་གི་འོས་ལངས་ལ་ལྟ་བ།>>
བགྲོ་གླེང་བ། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས། ནོར་གླིང་མཐོ་སློབ་གྱི་ལོ་རྒྱུས་སློབ་དཔོན་དགེན་ལྷ་ལུང་། རྩོམ་པ་པོ་ཤེས་རབ་དར་རྒྱས། ལོ་རྒྱུས་ཉམས་ཞིབ་པ་འཇུ་བསྟན་སྐྱོང་། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས།
བརྗོད་གཞི། <<རྒྱ་ནག་གི་འཁྱོག་བཤད་དག་ལ་བདེན་པས་རྒོལ་རྡུང་གཏོང་བ།>>
བགྲོ་གླེང་བ། བོད་མི་མང་སྤྱི་འཐུས་བསོད་ནམས་རྒྱལ་མཚན། བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན། བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ། བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ། བོད་མི་མང་སྤྱི་འཐུས་གངས་ལྷ་མོ།
བརྗོད་གཞི། <<བཙན་བྱོལ་བོད་མིའི་ད་ལྟའི་འཐབ་རྩོད་ཀྱི་སྟོབས་ཤུགས་ཇི་ལྟར་གོང་འཕེལ་དུ་གཏོང་ཐབས།>>
བགྲོ་གླེང་བ། ལོ་རྒྱུས་ཉམས་ཞིབ་པ་མགོ་ལོག་དམ་ཆོས་དཔལ་བཟང་། དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར། བོད་རྒྱལ་ཡོང་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། བོད་རང་དབང་སློབ་ཕྲུག་ཚོགས་པའི་རྒྱུན་ལས་སྒྲོལ་དཀར།
འབྲེལ་གཏུག་ཁ་པར། ཚངས་དབྱངས་རྒྱ་མཚོ། 9882603991 / 8679044405
༢༠༡༢ ༢ ༡༤ ཉིན།
བགྲོ་གླེང་རྗེས་ནས་ག་རེ་ཡིན་ནའང་མི་འདི་ཚོས་ལས་འགུལ་རེ་བླངས་ཐུབ་ན་དགའ་ས་རེད། མ་གཞི་ནས་འུ་ཚང་གི་ཤེས་ལྡན་པ་དག་གྲལ་མགོ་དང་མི་ཚོགས་ཡོད་སར་བཤད་རྒྱུ་གོམ་པ་ལས་འགུལ་བསྐྱོད་ལ་དེ་ཙམ་འབྲེལ་བ་མེད། དེས་རྐྱེན་གྱིས་ལས་འགུལ་བ་ག་དུས་ཡིན་ཡང་མི་དམངས་དཀྱུས་མ་ཡིན་པའང་འདི་ལ་ཐུག་ཡོད།
ག་དུས་ཡིན་ཀྱང་བགྲོ་གླེང་བྱེད་ས་གངས་སྐྱིད་རང་ལ་བྱེད་དགོས་དོན་གང་ཡིན། རྟག་པར་ཚོགས་འདུ་ཚོགས་ཚོགས་ནས་ཉོབ་སྡད་མཁན་རྐྱང་རྐྱང་རེད། དེ་ལས་ཁོང་རྣམས་གཞིས་ཆགས་ཁག་ལ་ཆེད་ཕེབས་ཀྱིས་མི་མང་གི་བསམ་ཚུལ་བཤད་ས་ཡོད་པ་ཞིག་དང་། མི་མང་གི་ལངས་ཕྱོགས་ངོ་མ་གཞུང་གི་ཧ་གོ་བ། མི་མང་གི་མངོན་འདོད་བསམ་ཚུལ་ལ་གཞུང་ནས་བདག་སྤྲོད་བྱེད་པ། དོན་ཕན་ལྡན་པའི་ལས་འགུལ་སྤེལ་ཕྱོགས་མི་མང་ལ་བསམ་ཚུལ་བསྡུ་ལེན་བྱེད་པ་སོགས་མི་མང་དང་འབྲེལ་བའི་ཚོགས་འདུ་ཞིག་བྱུང་ན་ཡག་པོ་ཡོང་ས་རེད།
བགྲོ་གླེང་དེ་དོན་ལ་འཁྱོལ་བ་ཞིག་ཡོངས་བར་སྨོན། དེ་མིན་ཁ་སྟོང་ནང་ནས་ཚིག་སྟོང་ཞིག་གིས་ཅི་ཡང་མི་ཕན།
ད་དངོས་གནས་བགྲོ་གླེང་དང་ཟབ་སྦྱོང་མང་དྲགས་ཏེ་མི་མང་ཉོབ་ཐག་ཆོད་ཡོད་པ་རེད།དེ་ལས་གློ་བུར་ཐོག་བརྒྱག་མི་མང་ཧང་སངས་དགོས་ཀྱི་ལས་འགུག་ཅིག་སྤེལ་ཐུབ་ན།མི་མང་སྡེབས་ལངས་ཡོང་གི་རེད།ནུས་པ་ཅིག་ཀྱང་འཐོན་ཡོང་གི་རེད།
བགྲོ་གླེང་དེ་ཚོ་ཁ་ནང་གི་རླུང་ཕྱི་ལ་བཏང་བ་ཙམ་རེད།
བསྟན་འཛིན་བརྩོན་འགྲུས་མི་འདུག་བ།
རྒྱ་དཔོན་རྣམས་གང་སར་བསྐྱོད་སྐབས་སྐད་འབོད་དང་ངོ་རྒོལ་རྐྱང་པ་མ་ཡིན་པར། བོད་རིགས་དང་ཡུ་གུ་སོག་པོ་སོགས་མི་རིགས་མང་པོ་མཉམ་འབྲེལ་ཐོག ལུགས་མཐུན་ཐོག་ས་གནས་དེའི་གནད་ཡོད་མི་སྣ་བརྒྱུད་རྒྱ་དཔོན་ལ་དངོས་སུ་ཐུག་འཕྲད་ཆོག་པའི་དགོང་ཁྲོལ་ཞུ་སྟེ། ཡིག་ངག་གཉིས་ཐོག་ནས་ཁ་ཐུག་དྲི་བ་དང་ཞུ་ཡིག་འབུལ་རྒྱུའི་གོ་སྐབས་བྱུང་ན་ཕན་འབྲས་ཡག་པོ་ཡོད་ངེས་རེད། དེ་མིན་སྐད་འབོད་ངོ་རྒོལ་གྱིས་ཁྱབ་སྒྲགས་ཡག་པོ་འགྲོ་སྲིད་པ་རེད་དེ། ཕ་རོལ་པོ་ལ་ཁོང་ཁྲོ་སློང་བ་མ་གཏོག་དོན་དངོས་སུ་ཕན་ཐོག་ཆུང་ཆུང་རེད།
བགྲོ་གླེང་གོ་སྒྲིག་པ་ལགས།
ཁྱེད་རྣམ་པར་ཡིག་འབྲེལ་ཇི་ལྟར་ཞུ་དགོས་སམ། ལམ་སྟོན་ཞིག་གནང་རོགས།
བགྲོ་གླེང་ནི་གྲོས་བཏོན ་པ་འདྲ་བོ་རེད། གྲོས་བཏོན་རྗེས་གྲོས་ཆོད་ཅིག་དགོས་པ་རེད།
ད་ལྟ་བར་དུ་གྲོས་ཡིག་མང་པོ་ཅིག་ཤོག་ཐོག་ནས་ལྷག་བསྡད་པ་དང་། མང་པོ་ཞིག་རྒྱུན་ལྡན་བཞིན་སྐད་འབོད་དང་ཟས་བཅད་ལས་འགུལ་སོགས་ལས་བརྒལ་ཐུབ་མེད།
ད་རེས་བགྲོ་གླེང་བའི་ཁྲོད་དུ་ལོ་རྒྱུས་གི་དངོས་ཡོད་མཁྱེན་མཁན་དང་ཕྱི་ནང་གཉིས་གི་གནས་ཚུལ་ཤེས་མཁན་ཁག་ཅིག་གདན་ཞུ་གནང་ཡོད་པ་འདི་ནས་བགྲོ་གླེང་དོན་སྙིང་ལྡན་པ་ཞིག་ཡོང་ངེས་རེད།
ཡིན་ནའང་ཛ་དྲག་གི་གནད་ངོས་ཟིན་རྗེས་ལག་ལེན་ལ་བཅུ་ཆ་གི་གཅིག་ཙམ་ངེས་པར་དུ་་་་་མངོན་འགྱུར་
ཆུ་སྐྱེས་སྒྲོལ་མ་ལགས། ཡི་འབྲེལ་བྱེད་ས་ངའི་གློག་ཕྲིན་སྟེང་སྐུར་ན་འགྲིག ངའི་གློག་ཕྲིན་ཁ་བྱང་། atsenpo@gmail.com འདི་ཡིན།
ཨ་བཙན་པོ་ལགས། ཀླུ་མཁར་བྱམས་ལགས་གདན་འདྲེན་ཞུས་མེད་དམ། སྐབས་འདིར་དམིག་བསལ་ཆབ་སྲིད་པ་དབྱིངས་ཡོད་མཁན་དང་ཕྱག་ལས་གནང་མཁན། དེའི་ཁར་དཔྱད་རྩོམ་འབྲི་མཁན་ཚོ་སྐད་བཏང་ན་ཡག་གི་རེད། མི་དེ་ཚོའི་འདི་ད་ཧྲ་ཐག་ཐག་འདུག་བསམ་པ་གཅིག་གཉིས་ཤིག་ལས་མི་འདུག
བོད་མིའི་ཛ་དྲག་གི་འོས་ལངས་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གླེང་བ།ད་ལྟ་གླེང་བའི་དུས་ཚོད་མ་རེད་ལ།ལངས་བའི་དུས་ཚོད་རེད།
ཁྱེད་ཅག་གིས་ལས་གཞི་འདི་འདྲ་ཞིག་སྤེལ་བ་སེམས་གཏིང་ནས་གུས་འདུད་ཡོད་ན་ཡང་། བགྲོ་གླེང་ཚར་བའི་ཉིན་ཕྱི་མ་དེར་མི་ཚང་མ་སྔར་བཞིན་གོ་མེད་ཚོར་མེད་ངང་གཉིད་དུ་ཡུར་གྱི་རེད། བོད་གཞུང་གིས་དེ་མི་སྒེར་གྱི་བསམ་ཚུལ་ཡིན་པར་ཁག་བྱས་ནས་དོན་སྣང་བྱེད་པའི་དཔེ་སྲོལ་ཡོང་སྲིད་ཀྱི་མ་རེད། མཐར་ཁྱེད་ཅག་གིས་མདུན་ངོས་སུ་འབྲས་བུ་ཞིག་མངོན་ཡོང་བ་ནི་འགྲོ་གྲོན་རེད།
ཁྱེད་ཚོར་བདེ་པ་རྐང་ཅིག་མེད་པ་བདེན་མདོག་ཁ་པོ་འདུག་ག་བསམ་གཞིགས་ལེགས་པར་མཐོང་ནས་ཤོགས་ཨ
བགྲོ་གླེང་བ་རྣམས་པ་ཚོ་ལ་ཞུ་རྒྱུར་ང་རང་ཚོ་བོད་ནང་ནས་བགྲོ་གླེང་དང་ཚོགས་འདུ་ཉུང་ལ་དོན་ཕན་བདེན་པའི་ལས་འགུར་ཆེས་ཆེ་བས་བཙན་ཟུར་དུ་ཡོད་པའི་བོད་མི་དག་ནི་བགྲོ་གླེང་དང་ཚོགས་འདུ་མང་ལ་ཆེས་དོན་ཕན་བདེན་པའི་ལས་འགུར་ཉུང་བས་དེ་དག་ནི་རྒྱུ་དང་རྐྱེན་གང་དུ་ཐུག་ཡོད་མེད་ཉམས་ཞུབ་བྱེད་པ་གར་འགང་ཆེ།།