༼པར་འདི་བཀྲ་ཤིས་དཔལ་ལྡན་ལགས་ཡིན༽
སི་ལ་ཀི་བོད་ཁྱིམ་སློབ་མ་གཙང་ཁ་ཚེ་ཐར།
༡
ལོ་དུས་ཀྱི་ངན་དགུ་འཛོམས་པའི་ཁ་སང་།
ཉན་མི་ཕོད་པའི་ངན་གཏམ་གྱི་རླུང་འཚུབ་ཅིག
སྙིང་སེམས་ཀྱི་རིས་དཀྱིལ་དུ་ཤུགས་ཀྱིས་འཛུལ་དུས།
བསམ་མ་ཕོད་པའི་ཁྱོད་ཀྱི་དཔའ་སྟོབས་ལ།
རམ་འདེབས་ཀྱི་མིག་ཆུའི་ཟེགས་མ་ལྷུང་ཞིང་།
དཔའ་སྟོབས་ཀྱི་གཟི་འོད་འཕྲོ་བའི།
ཁྱོད་ཀྱིས་བདེན་དོན་གྱི་རེ་འབོད་དུ་མས།
དྲང་བདེན་ལ་དབང་བའི་རང་དབང་གི་གཟི་འོད་ལ།
སྔར་མེད་ཀྱི་འོད་མདངངས་བཙལ།
གཅེན་པོ་ལགས།
རང་དབང་ལ་ཕྱོགས་པའི་ཁྱོད་ཀྱི་གར་སྟབས་རེ་རེ་ནས།
བཙན་འཛུལ་བའི་རྫུན་བཤད་ཀྱི་འདྲེ་ལག་ནག་པོ།
དུམ་བུར་གཤགས་ནས།
བཙན་དབང་གི་ཧམ་བཤད་འོག་ན།
རང་དབང་གི་ལྡིང་བསྐོར་བྱས་པའི།
གཞལ་མེད་ཞབས་རྗེས་ཀྱི་རྡོ་རིང་།
ལ་རྒྱའི་སེམས་ཁོངས་སུ་བཞེངས་འདུག
༢
ངའི་གཅེན་པོ།
ཟླ་མེད་ཀྱི་གདོང་མཆོང་པ།
ཁྱོད་ཀྱིས་དཀའ་སྡུག་གི་ལོ་ཟླ་དེ་ཇི་ལྟར་རྒྱུད་དམ།
ངའི་སེམས་ཁོངས་སུ།
ཁྱོད་ཀྱི་ཞལ་རས་དང་།
མི་རིགས་ཀྱི་ལས་དབང་བསྡེབས་ནས་འདུག
ང་ཚོས།
མ་ཎིའི་ཨོྂ་སྒྲ་དབྱངས་སུ་གྱེར་ཅིང་།
མཛུབ་རྩེར་ཕྲེང་བ་རེ་གོན་ནས།
ཁྱོད་ཕྱིར་ལོག་གི་ལོ་ཟླ་བསམས་ནས་ཡོད།
འུ་ཚང་གི་དཔའ་རྒོད།
མི་རིགས་ཀྱི་དཔའ་རྟུལ་འཁྲུམ་མེད།
གསན་བྱུང་ངམ།
གཅེན་པོ་ལགས།
ངས་གངས་རིའི་ཕ་མཐའ་ནས་འབོད་བཞིན་ཡོད།
ཕྱི་ལོ ༢༠༡༢ ཟླ་༢ ཚེས་༡༡
ཉིན་གུས་པའི་གཅེན་པོ་བཀྲ་ཤིས་དཔལ་ལྡན་གྱིས་དཀར་མཛེས་རྫོང་གི་ཁྲོམ་རྭ་རུ་ཞོགས་པའི་ཆུ་ཚོད་༡༡
ཡས་མས་སུ་སྐར་མ་ཁ་ཤས་རིང་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
བོད་རང་བཙན་གཙང་མ་ཡིན། ”ཞེསསྐད་འབོད་ཁྲོམ་སྐོར་བྱེད་སྐབས།
ཉེ་ འཁོར་དུ་ཡོད་པའི་དམག་མིས་གློག་རྒྱུགས་དང་མེ་མདའ་སོགས་ལག་ཆ་འདྲ་མིན་བེད་སྤྱོད་ཀྱིས་གཅར་རྡུང་དྲག་པོ་བཏང་རྗེས་བཙན་འཁྲིད་འདུག་པར་སྙིང་ནསདྲན་བཞིན་ རྒྱ་གར་འཕགས་ཡུལ་སི་ལ་ཀི་བོད་ཁྱིམ་སློབ་མ།བགྲང་བྱ་བཅུ་གཉིས་སོན་པའི་གཙང་ཁ་ཚེ་ཐར་འབོད་པས་ཕྱི་ལོ་༢༠༡༢ ༢ ༡༤ ཉིན་བྲིས།
བདེན་པ་ཡིན་ན་རྗེུས་སུ་ཡི་རིང་ཡོད་རྒྱབ་བཅོལ་རྒྱ་ཆ་རྒྱ་ཡོད་དངོས་གནས་བུ་དཔའ་བོ་ཟེར་ན་འདི་འདྲ་རེད་ངོས་ནས་བསྔསག་བརྗོད་ཡོད་
དཔའ་བོ་རྣམ་པ་གུས་འདུད་ཞུ།
རྩམ་སྙན་པོ་འདུག
སློབ་མ་ལོ་ཆུང་ཞིག་གིས་ཡག་པོ་འབྲི་འདུག
གཉིས་ཀ་ལ་ཡིད་རངས་ཡོད།
དཔའ་བོ་དང་དཔའ་བ་ལ་རྒྱབ་སྐྱོར་གནང་མཁན་དཔའ་བོའི་ནང་མི་སྤུན་མཆེད་རྣམས་ལ་ཁྱེད་ཚོ་ང་ཚོའི་དོན་དུ་རླབས་ཆེ་བ་དང་བྱ་དཀའ་བའི་བློས་བཏང་དང་ཕྱག་ལས་བོད་མི་ས་ཡ་དྲུག་གིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
དཔའ་བོ་ཁོང་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ལ་ཅི་མི་སྙམ་པར་རང་ཅག་གི་དགྲ་བོ་གུང་ཁྲན་ཏང་ལ་ཞི་བས་རྒོལ་བ་ལ་རྗེས་སུ་ཡི་རིང་དང་། ཁོའི་ཕ་མ་གཙོས་ནང་མི་སྤུན་ཟླ་གཉེན་ཉེ་བཅས་པར་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ།
དཔའ་རྒོད་མགྱོགས་པོ་གློད་གྲོལ་ཡོང་པ་ཤོག
ཁོ་ཚོའི་རེ་འབྲས་སྨིན་པར་སྨོན།