ཀླུ་སྨྱོན།
དེ་རིང་མར་ངོའི་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཡིན་པས། ངེད་བླ་སློབ་ཚོ་ལྷན་འཛོམས་ཀྱིས་ནྰ་རོ་མཁའ་སྤྱོད་མའི་སྒོམ་བཟླས་དང་འབྲེལ་དཔའ་བོ་མཁའ་འགྲོ་མཉེས་པིའ་ཚོགས་འཁོར་བསྐོར་པ་ཡིན། མཁའ་སྤྱོད་མའི་ཆོས་སྐོར་འདི་ལ་ནྰ་རོ་མཁའ་སྤྱོད་དང་ཨིནྡྲ་མཁའ་སྤྱོད། མཻ་ཏྲི་མཁའ་སྤྱོད་གསུམ་ཡོད་པ་ལས་ནྰ་རོ་མཁའ་སྤྱོད་མའི་སྒོ་ནས་གྲུབ་པ་ཐོབ་སྟེ་རིག་འཛིན་གྱི་ས་ལ་གཤེགས་པའི་བོད་ཀྱི་སྒོམ་ཆེན་པ་ཧ་ཅང་མང་ཞིང་། སྤྱི་ལོ་༡༩བཞི་ཅུའི་ནང་དུ་ཁམས་སྒ་ཡུལ་དུ་ནྰ་ལུང་སངས་རྒྱས་བཟང་པོ་ཟེར་བའི་གྲྭ་རྐྱང་ཞིག་གིས་ཀྱང་མི་ལོ་ཧྲིལ་བོ་བཅུ་བདུན་ལ་ནྰ་རོ་མཁའ་སྤྱོད་འདི་བསྒྲབས་པས་མཐར་གྲུབ་པ་ཐོབ་སྟེ་ཐུན་མོང་ཡོངས་གྲགས་སུ་མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་སྐལ་ལྡན་དུ་མ་ཐར་བའི་ལམ་ལ་བཀོད་པ་དང་། ཁོང་གི་དྲུང་དུ་གང་ནས་ཡོང་བ་མི་ཤེས་པའི་ཁྱི་མོ་དམར་མོ་བརྒྱ་ཉིས་བརྒྱ་རེ་གློ་བུར་དུ་འཚོགས་རྗེས་ཉིན་ཤས་ནང་གར་སོང་མེད་པ་ཆགས་འགྲོ་བ་དང་། ནམ་རྒྱུན་སྐུ་མདུན་དུ་ཁྱི་མོ་དམར་པོ་གཉིས་གསུམ་ཞིག་རྒྱུན་སྡོད་བྱས་ཡོད་པར་ཁོང་གིས་སྐད་ཆ་ཅི་གསུང་མི་དང་མི་ལབ་པ་བཞིན་ཉན་ཤེས་པ་ཞིག་ཀྱང་ཡོད་འདུག ཁོང་གི་རྣམ་ཐར་ཁོང་དང་མཇལ་མྱོང་བའི་མི་སྣ་སུམ་ཅུ་ཙམ་ལ་བཅར་འདྲི་བྱས་པ་ཞིག་ཁོ་བོའི་ལག་ཏུ་ཡོད་པས། རྗེས་སུ་མ་ཤི་ཚེ་རིང་བྱུང་ན་དེ་དེབ་ཅིག་ཏུ་བསྒྲིགས་ཨེ་ཐུབ་ཀྱི་འདུན་པ་ཡང་ཡོད།
ནམ་ཞིག་དུས་ན་དགའ་མ་བྱུ་རུའི་མདོག །
ལི་ཁྲིའི་སྐྲ་གྲོལ་དམར་སེར་མིག་གཡོ་མས། །
འཁྱུད་དང་ཙུམ་པའི་རོལ་བ་རྨད་བྱུང་བས། །
མངོན་སུམ་རིག་འཛིན་གྲོང་དུ་འཁྲིད་པར་ཤོག །
ཚིག་རྐང་གསུམ་པ་མ་དྲན་པས་རང་གིས་གསར་བརྩམས་བྱས་པ་ཡིན།
ནྰ་རོ་མཁའ་སྤྱོད་དམར་བ་ཁྱོད། །
བྱུར་མདོག་ཅན་གྱི་དམར་བ་་ཁྱོད། །
ཁྱི་མོའི་དམར་མོར་དམར་བ་ཁྱོད། །
ལས་རྒྱ་དམར་ཧྲེང་དམར་མོ་ཁྱོད། །
ཧ་ཧ་ཤེལ་ནང་མོག་མོག་ཁྱོད། །
ཧྰུང་ཧྰུང་དངོས་གྲུབ་ག་དུས་སྪོལ། །
ཀུ་རེས་ཚུལ་དུ་གཟུགས་སྟོན་མ། །
ཀུ་རེའི་ཚུལ་གྱིས་གསོལ་བ་འདེབས། །
དབྱིངས་སྟོང་པའི་མཁའ་ལ་རྟེན་འབྱུང་གི་འཇའ་རིས། །ཚུལ་ཇི་བཞིན་རྟོགས་ན་སྣང་སྲིད་ཀྱི་ཆོས་ཀུན། །དོན་སྒྱུ་མའི་དཔེ་བཅུ་རེ་རེ་ལ་བསམ་ཏེ། །གཞི་དབྱིངས་རིག་སྟོང་པའི་རང་རྩལ་ལ་རོལ་དགོས། །
འདོད་ཆགས་དམར་མོ་གྱེན་དུ་ལངས།
བདག་འཛིན་དམར་སེར་འོག་ཏུ་འ་གྱེལ།
སྟོང་དང་རྟེན་འབྱུང་རོལ་པ་ལས།
བྱུང་བའི་མཁའ་འགྲོའི་ཚོགས་ལ་འདུད།།
ཇི་སྐད་དུ་རིགས་པའི་དབང་ཕྱུག་གིས།
རྣམ་པ་དུ་མར་ཐབས་མང་པོ།
ཡུན་རིང་དུས་སུ་གོམས་པ་ལས།
དེ་ལ་སྐྱོན་དང་ཡོན་ཏན་དག
རབ་ཏུ་གསལ་བ་ཉིད་དུ་འགྱུར།། རྣམ་འགྲེལ་ཚད་མ་སྒྲུབ་པ་ལེའུ་༢པ། ཚིགས་བཅད་༡༣༧
དེའི་ཕྱིར་ཡང་དག་ཡང་དག་མིན།
གང་གང་ཤིན་ཏུ་གོམས་གྱུར་པ།
སྒོམ་པ་ཡོངས་སུ་རྫོགས་པ་ན།
དེ་གསལ་མི་རྟོག་བློ་འབྲས་ཅན།། འདི་རྣམ་འགྲེལ་ཚིག་ཡིན་བསམ། ལེའུ་གཉིས་པར་བལྟས་ཀྱང་། གོང་མ་དེ་རྙེད་ཀྱང་འདི་ཉིད་མ་རྙེད། ཚིག་དག་མེད་ན། བཅོས་གྲོགས།
འོག་མིན་ཞིང་ན་ལྷན་སྐྱེས་རྒྱལ་ཡུམ་མ།
ཉེར་བཞིའི་ཡུལ་ན་ཞིང་སྐྱེས་ཌ་ཀི་མ།
ནོར་འཛིན་ཁྱབ་པའི་ཀརྨ་མི་ཊ་མ།
རྣལ་འབྱོར་བདག་གི་སྐྱབས་མཆོག་རྗེ་བཙུན་མ།
དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ
འདོད་ཡོན་བདེ་ཆེན་གྱེན་དུ་འབར། །
ཟག་མེད་ཡེ་ཤེས་འོག་ཏུ་འགུལ། །
ཡེ་ཤེས་སྤྱན་ཡངས་མཁའ་ལ་གཟིགས། །
དངོས་གྲུབ་སྣོད་བཅུད་ས་ལ་ཕོབ། །
བསམ་ཚུལ་ཡོད། འདོད་པའི་ཆུ་བོ་ཤག་ཤག་འབབ་པའི་ཁྲོད་ནས།།བདེ་སྟོང་མཉམས་སུ་བཞེས་ལ་སྤྲོ་སྣང་ཅན་དག། ཧེ་ཧེ་གསང་སྔགས་ཟབ་མོའི་གདམ་པར་སློབ་ཅིག།།