དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་གྱི་སྟེང་། མདོ་སྨད་རྔ་པ་ཁུལ་ཛམ་ཐང་བར་མ་ཡུལ་ཚོའི་མི་སྐྱ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་མདོ་སྨད་རྔ་པ་ཁུལ་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་ཕ་སྤྱན་གཟིགས་དང་མ་སྙིང་མོ་གཉིས་ཀྱི་བུ་རང་ལོ་ ༡༨ ཡིན་པའི་སྣང་གྲོལ་ལགས་ཀྱིས། ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་བརྗོད་པ་ལྟར་ན། ཁོང་གི་སྐུ་ལུས་མེར་བསྲེགས་གཏོང་སྐབས་ས་གནས་ཉེན་རྟོག་པ་སླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་རྩིས་བྱས་ཡོད་པ་དང་། སྐབས་དེར་ཇོ་ནང་དགོན་པའི་གྲྭ་བ་མང་པོ་འབྱོར་ཏེ་ཉེན་རྟོག་པའི་ལག་ནས་སྐུ་ཕུང་ཚུར་འཕྲོག་ཐུབ་ཡོད་འདུག ད་ལྟ་ཁོང་གི་སྐུ་ཕུང་འཛམ་ཐང་དགོན་ཆེན་དུ་ཁྱེར་ཏེ་ཕོ་ལུང་དང་བསྔོ་སྨོན་འདོན་བཞིན་ཡོད་འདུག ཇོ་ནང་འཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་ལ་ཆོས་རྗེ་གྲྭ་ཚང་དང་། ཚེས་བཅུ་གྲྭ་ཚང་། གཙང་པ་གྲྭ་ཚང་བཅས་སྒར་ཁག་གསུམ་ཡོད་པ་དང་། ད་ལྟ་དགོན་པ་དེར་གྲྭ་བ་ ༢༥༠༠ ལྷག་ཡོད་འདུག བོད་ཀྱི་དུས་བབ་ལས་དྲངས།
ཁོང་བདེ་བ་ཅན་སྐྱེ་བའི་ཆེད་དུ་ཐུགས་སྨོན་གང་ཟབ་གནང་རོགས་ཞུ།
དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་མི་བུ་བློ་སྤོབས་ཅན་འདི་རིགས་ཀྱི་ཚེ་སྲོག་སྐྱོབས་ཆེད་རང་ལུས་མེར་བསྲེག་མཚམས་འཇོག་དགོས་པའི་རེ་སྐུལ་ནན་མོ་ཞུ་དགོས་པ་དང་ཡང་མིན་ན་དམངས་ཚོགས་ཀྱིས་རྒྱབ་ལངས་བྱ་དགོས་པའི་སྐུལ་འདེད་ཀྱང་བྱས་ན་བསམ་ཀི མུ་མཐུད་དུ་འདི་ལྟར་སོང་ན་མི་བུ་ཅི་ཙམ་གྱི་སྲོག་ཤོར་རམ། དེ་ལ་དཔག་པའི་གྲུབ་འབྲས་ཀྱང་ག་འདྲ་ཞིག་ཐོན་འོང་བ་རབ་རིབ་ཅིག་ལས་མ་འདས།
ཁ་བརྡ་དྲ་ཚིགས་རྩོམ་སྒྲིག་པ་ལགས། གོང་གི་གསར་འགྱུར་འདི་གུས་པས་དུས་བབ་ལ་སྤྲད་པ་དེ་རེད། གསར་འགྱུར་གྱི་ཁ་བྱང་ནོར་འདུག རྔ་བ་མ་རེད། རྔ་བ་ཁུལ་གྱི་མངའ་ཁུངས་ཡིན་པ་ལས། རྔ་བ་མ་རེད། དེ་ཡིན་གཅིག་བཅོས་རོགས། འཛམ་ཐང་ནས་རེད། མདོ་སྨད་འཛམ་ཐང་གི་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག་ཟེར་ན་འགྲིག་གི་ཡོད་རེད། ཐུགས་རྗེ་ཆེ།