བོད་ཆུ་འབྲུག་ལོའི་ལོ་གསར་ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་རྒྱུན་ལས་རྣམ་པ་དང་། རྡ་ས་དང་དེའི་ཉེ་ཁུལ་གྱི་ཕྱོགས་བཞུགས་སྤྱི་འཐུས་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་ཞི་བའི་ངོ་རྒོལ་སྤེལ་རྒྱུ་ཡིན་འདུག
དང་པོ། སྔ་དྲོ་ཆུ་འབྲུག་ལོའི་གནམ་ལོ་གསར་བཞད་ལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་དང་། རྟེན་འབྱུང་མཛད་སྒོ་གྲུབ་འཕྲལ་ཆུ་ཚོད་ ༡༠།༠༠ ནས་ཟས་བཅད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་ཞུ་རྒྱུ།
གཉིས་པ། ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་རྔ་རོལ་དང་བཅས་འབུལ་རྒྱུ།
གསུམ་པ། གཞིས་བྱེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང་འབྲེལ་བའི་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་རྒྱུ།
བཞི་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་རྒྱུ།
ལྔ་པ། དེ་རྗེས་སྨོན་ལམ་གསུང་འདོན་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གྱི་གློག་བརྙན་ཁག་གཟིགས་འབུལ་བཅས་རེས་མོས་ཀྱིས་གནང་རྒྱུ།
དྲུག་པ། དགོང་དྲོ་ཆུ་ཚོད་ ༥ པ་ཡོལ་བ་དང་བོད་མི་མང་སྤྱི་འཐུས་རྣམ་པས་སྣེ་འཁྲིད་གནང་སྟེ་མེག་གྷན་བརྒྱུད་མར་མེའི་ཁྲོམ་བསྐོར་གནང་བཞིན་པར་སླར་ཡང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭར་འཛོམས་རྒྱུ།
བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ལས་འགུལ་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྒྱུ།
བརྒྱད་པ། བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་སྐུལ་རྗེས་ཚང་མས་འུར་འདོན་གྱིས་གསོལ་འདེབས་སྨོན་ལམ་གདུང་ཤུགས་དྲག་པོས་བཏབ་སྟེ་གྲོལ་རྒྱུ་བཅས།
ཚོགས་དྲུང་ལས་ཁུངས་ནས་ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༨ ལ།། །།
ཡིད་རངས་ཡོད།
མུ་འཐུད་རོགས།
སྤྱི་ལྷན་ལ་བཀའ་དྲིན་ཆེ་ཞུ། མི་མང་གི་སྣེ་ཁྲིད་ནས་རྣམ་འགྱུར་རེ་སྟོན་རྒྱུ་དུས་ལ་བབ་འདུག གཞུང་སྒེར་ཚང་མས་མཉམ་ཞུགས་གནང་རྒྱུ་གལ་ཆེན་རེད།
ང་ཚོ་མཉམ་དུ་ཡོད། མཉམ་དུ་ཆིག་སྒྲིལ་དགོས་ཡ།
བོད་གཞུང་གིས་ངོས་ནས་འདི་འདྲ་རེ་མ་གཏོགས་ཅི་བྱེད་རྒྱུ། སྤྱིར་བཏང་བོད་གཞུང་གིས་ག་དུས་ཡིན་ན་ལས་འགུལ་སྤེལ་མི་ཉན། མཚམས་མཚམས་ཛ་དྲག་སྐབས་རེ་འཕྲལ་ཕུགས་ལ་ཕན་པའི་ལས་འགུལ་སྤེལ་རྒྱུ་དེ་རེད་སྙམ།
བོད་ཀྱི་སྐྱེ་བོ་མང་པོས་རང་གི་གཅེས་པའི་སྐུ་ལུས། དལ་འབྱོར་རྟེན་བཟང་འདི་ཕངས་སེམས་མེད་པར་བོད་ཀྱི་སྐད་དང་། རིག་གཞུང་སྲུང་སྐྱོབ་ལ་དམིགས་ནས་བཏང་ཟིན་པ་སླར་འོང་བ་ག་ལ་ཡོད། འདི་ཡིས་སྐུ་ལུས་གཏོང་བ་པོའི་ཞེ་འདོད་ལྟར་དོན་དག་འགྲུབ་པ་ཤིནཏུ་དཀའ་བས། སླར་མ་འོངས་པ་ན་དེ་འདྲ་མི་མཛད་པར་བོད་ཀྱི་སྐད་ཡིག་སྦྱོང་བར་ཞུ་བ་ལགས། བོད་ཀྱི་སྐད་ཡིག་ཡོད་ན། བོད་ཀྱི་རིག་གཞུང་ཡོད། འདི་ལ་དམིགས་ཏེ། བདག་གིས་འཇམ་མགོན་བླ་མས་མཛད་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་བརྗོད་དང་། བྱང་ཆུབ་སེམས་དཔའ་གྲགས་པ་བྱང་ཆུབ་རྟོགས་བརྗོད་གཉིས་གློག་ཀླད་དུ་ཉིན་ལྟར་འཇུག་པར་བྱེད་ཅིང་། བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བྱེད། དེ་བཞིན་གཞན་རྣམ་དཔྱོད་ཅན་རྣམས་ལ་ཡང་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་ཞིང་། དེ་དག་གི་འདྲ་བཤུས་བོད་ཀྱི་སྐད་ཡིག་དོན་གཉེར་ཅན་དག་ལ་འབུལ་བཞིན་པ་ལགས་སོ།།lj53@columbia.edu
བོད་མི་མང་སྤྱི་འཐུས་ལྷན་ཚོགས་རྣམས་ལ་ བཀའ་དྲིན་ཤིན་ཏུ་ཆེ་ཞུ་ཡང་ནས་ཡང་དུ་ལས་འགུལ་འདི་འདྲའི་མུ་མཐུད་དུ་སྤེལ་རོགས་གནང་། རྗེས་སུ་ཡི་རང་དང་ཡིད་ཆས་ཡོད།
སྤྱི་འཐུས་ཀྱི་ཟས་བཅད་གནང་ན་བཀའ་ཤག་གི་ཅི་ཞིག་གནང་རྒྱུ་ཡིན་ན།ལན་ཞིག་གནང་རོགས།
ཡ་འབྲོག་རིན་པོ་ཆེ་། ཁྱེད་ཀྱི་གསུང་པ་ལྟར་ན་། ཁྱེད་ལ་སྤྱི་མཐུས་རྣམས་པ་ལས་ལྷག་པའི་ལས་འགུལ་སྤེལ་བའི་ཐབས་ལམས་ཞིག་ཡོད་པ་འདྲ་། ངས་ཤེས་གསར་ལ་ མི་ཁྱེད་ཚོ་འདྲ་བ་དེ་རིག་ལ་སྐྱོན་འདོག་བྱེད་པ་ལས་གཞན་འཇོན་ཐང་གང་ཡང་མཐོང་གི་མི་འདུག་། ཁྱེད་རང་སྐྱག་པ་གཏོང་ཤེས་གི་ཡོད་པས་། ཁག་པོ་རེད་། དེ་ལས་རང་ཉིད་རང་ལ་བློ་བསམས་ཡག་པོ་གཏང་ནས་དེ་ན་ཅིག་བྲིས་དང་། ཨ་རོག་ ཨེ་རེད་།།།
ག་རེ་ཡ་འབྲོག་རིན་པོ་ཆེ། དང་པོ་སོ་སོ་ལ་རིན་པོ་ཆེ་ཞེས་མིང་བཏགས་སྟངས་དེ་ལ་ལྟོས་དང་ཡོན་ཏན་ག་ཚོད་ཡོད་མེད་དཔག་ཐུབ། ཟས་བཅད་ངོ་རྒོལ་བསྡད་དུས་ཟས་བཅད་དགོས་རེད་མ་གཏོགས་དེ་སྔོན་ལ་ཁ་ལག་ག་ཚོད་ཟས་མ་ཟས་ལ་ཁྱོད་ཇུས་གཏོགས་ག་རེ་འདུག ཁྱོད་ཚོ་ཆེད་མངགས་གཞུང་ལ་སྐྱོན་བརྗོད་བྱེད་རྒྱུ་འགན་སྤྲད་ཡོད་ས་རེད།
བོད་མི་མང་སྤྱི་འཐུས་རྣམ་པའི་ད་རེས་ལོ་གསར་གྱི་ཚེས་གཅིག་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེར་རང་ངོས་ནས་རྗེས་སུ་ཡི་རངས་ཡོད། རྒྱུ་མཚན་ནི་བོད་གཞིས་ལུས་མི་མང་རྣམས་ཀྱི་བོད་མི་རིགས་ཀྱི་དོན་དུ་མི་ལུས་རིན་ཆེན་མཆོད་མེ་སྒྲོན་བཞིན་ཡོད་པས་སོ། ཤིན་ཏུ་བཀའ་དྲིན་ཆེ་ཞུ། ཁྱེད་རྣམས་པའི་སྣེ་ཁྲིད་གནང་ང་ཚོའི་རྒྱ་ཆེ་མི་མང་རྣམས་ཁྱེད་ཚོ་མཉམ་དུ་ཡོད། ལོ་འདི་ནི་མྱ་ངན་གྱི་ལོ་ཞིག་ལ་ངོས་འཛིན་གནང་ན་ཤིན་ཏུ་འོས་ཤིང་མཚམས་སོ།
འབྲོང་རིན་པོ་ཆེ་ངོས་འཛིན་གནང་མཁན་གངས་ཅན་བླ་མ་རེད། ཁྲི་འདོན་མཛད་མཁན་ཧོའུ་ཆབ་ཐོ་རེད ད་ཚང་མས་ཤེས་སོང་ངམ།
ལས་འགུལ་ག་དུས་སྤེལ་ན་འགྲིག་གི་རེད། ཡིན་ཡང་། མི་རིགས་ཤིག་གི་འཐབ་རྩོད་ལ་དུས་ཚོད་དང་ཟླ་ཚེས་ཤིག་ལ་སྒུག་ནས་བསྡད་ན་མི་འོས་པ་ཡིན། དེང་སང་བོད་གཞིས་ལུས་སྤུན་ཟླ་དག་གི་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་དང་ཡི་གེ་ཡི་བདག་དབང་། ༧གོང་ས་རྒྱལ་བའི་དབང་བོ་མཆོག་རང་ཡུལ་དུ་ཕེབས་པའི་འདོད་འདུན་ཆེད་དུ་རང་ལུས་ལ་ཤེས་རབ་ཀྱི་མེ་ལྕེའམ་ཞི་བདེ་ཡི་མེ་ལྕེ་སྤར་བཞིན་པ་འདི་ལ། དངོས་ནས་བོད་ལ་སྐྱེ་བའི་བོད་མི་ཡོངས་ལ་འགན་ཡོད་པ་མ་བརྗེད་པ་བྱེད་རོགས་ཞུ་འདོད་བྱུང་། དེ་ཙམ་ཡིན།
ལས་འགུལ་སྤེལ་བར་སྙིང་ནས་བཀའ་དྲིན་ཆེ། བོད་ཡུལ་དུ་རང་སྲོག་གཏོང་དུས་ང་ཚོས་ལོ་གསར་གཏོང་ན་བདེ་བོ་མི་འདུག
བཀའ་སྤྱི་གཉིས་ལ་བཤད་རྒྱུར། ཁྱེད་ཚོས་ལས་འགུལ་ཉི་ཚེ་བ་དེ་ཚོ་མི་དགོས། དེ་ལས་བོད་མི་རིགས་ཀྱི་ཆེད་དུ་གང་བྱེད་དགོས་མིན་འཆར་གཞི་ནུས་པ་ཐོན་པ་དང་གོ་རིམ་ལྡན་བཟོ་རོགས།
དེ་སྤྱི་འཐུས་ཀྱི་ལས་འགུལ་མ་གཏོགས་བཀའ་ཤག་གི་ལས་འགུལ་མ་རེད།བྱས་ཙང་བཀའ་སྤྱི་གཉིས་མ་རེད།
གང་ལྟར་ལས་འགུལ་མགོ་གཉིས་མ་འདི་འདྲས་ཕན་ཐོགས་ཅི་གང་ཡོང་གི་མ་རེད།ད་བཀའ་སྤྱི་གཉིས་ནས་མགོ་གཡོག་མགོ་བསྐོར་ཉི་མ་འཁྱོལ་ཐབས་འདི་བཞག་ན་དགའ།
ད་དུང་ཕན་ཐོགས་ཅི་གང་མེད་པ་ལས་འགུལ་འདི་འདྲར་བཙན་བྱོལ་བོད་མི་རེ་ཟུང་གིས་ཡིད་རངས་བསྔགས་བརྗོད་འདྲ་གཏོང་ཁུལ་འདི་འདྲས་ང་ཚོ་ཕོངས་ཀི་ཡོད།
དེ་ལས་ང་ཚོས་ཁོང་ཚོར་གནོན་ཤུགས་གང་ཐུབ་སྤྲད་ན་ཁོ་ཚོས་སྒྱིད་ལུག་གི་ལས་འགུལ་སྟབས་བདེ་དེ་ཚོ་བཞག་སྟེ་ཀླད་པ་དཀྲུག་དཀྲུག་དང་གཞི་རྒྱ་ཆེ་བའི་ལས་འགུལ་ནུས་ལྡན་དེ་འདྲ་ཡོང་སྲིད་པ་རེད།
ཨ་ཤུ་རེ་ཁོ། སྨོན་ལམ་དང་སྨྱུང་གནས་ཐན་ཐུན་རེ་འཚོག་པ་ཙམ་ལས། བཙན་བྱོལ་བ་ཚོར་བྱ་རྒྱུ་གཞན་གང་ཡོད།
བཀའ་སྤྱི་རྣམས་པས་ལས་འགུལ་སྤེལ་ན་ཡང་ཁྱོད་ཚོས་ལས་འགུལ་མི་དགོས་ཟེར་གྱི་འདུག མ་སྤེལ་ན་ཡང་སྤེལ་གྱི་མི་འདུག་ཟེར་གྱི་འདུག ད་ཁྱོད་ཚོ་སྨྱོ་མེད་དམ། ཁ་བདེ་མོ་བཤད་ཆོག་ཆོག་རེད་ཁྱོད་ཚོ་ཕལ་ཆེར་ལོ་གསར་གྱི་ཅ་དངོས་ཉོ་རྒྱུར་བྲེལ་ནས་བསྡད་ཡོད་ལས་ཆེ། ད་དུང་གཞན་ལོ་གསར་ཚེས་གཅིག་ལ་ཟས་བཅད་བསྡད་དུས་ད་དུང་འགྲིག་མི་འདུག་མདོག་མདོག སྤྱིར་བཀའ་སྤྱི་གཉིས་ཀྱི་ནོར་བའི་ཆ་ལ་མི་དམངས་ཀྱིས་ཐེར་འདོན་ལོས་བྱེད་ཡིན་ནའང་འགྲིག་པའི་ཆ་ལའང་སྐྱོན་འདོགས་བྱེད་ན་སྨྱོན་པ་མིན་ན་སྒེར་གྱི་འཁོན་སྤྱི་ཐོག་སྤུངས་པ་ཐག་ཆོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆུ་འབྲུག་ལོ་གསར་གྱི་ལྷག་དཀར་ལས་རིམ་དོན་སྙིང་ལྡན་པ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད། ལྷག་བསམ་དང་ལྡན་པའི་ལས་རིམ་ལ་འབྲས་བུ་ལེགས་པ་ཡོང་ངེས་ཡིན། ང་ཚོ་ཁྱེད་རྣམས་ཀྱི་རྒྱབ་ལ་ཡོད། བཀྲིས་བདེ་ལེགས།།
གོང་གི་འཆན་ཨང་༡༥ པ་བྲག་ཞོལ་སྤེན་པ་ལགས་ནས་གསུངས་པར་བརྒྱ་ཆ་བརྒྱ་མོས་མཐུན་ཡོད་
བོད་མི་རིགས་ཀྱི་འཕྲལ་འཕུག་དཀའ་ངལ་དེ་གསེལ་ཐབས་སུ་ཕན་ཐོག་དོན་འབྲས་ཞིག་གསོན་ཐུབ་པའི་ཆེད་ཀླད་པ་དཀྲུགས་ནས་ཐབས་ལམ་འཚོལ་དགོས་པ་ལས་ གདུངས་སེམས་མཉམ་སྐྱེད་ཞེས་འདྲ་ཆགས་ཆགས་ངང་སྟབས་བདེའི་ལས་འགུལ་དེ་འདྲ་ཀྱང་བྱས་བསྡད་ན་ཉིན་གཅིག་མི་ཚད་ ལོ་གཅིག་ཟས་བཅད་ངོ་བརྒོལ་བྱས་ཀྱང་འཛམས་གླིང་ནང་ད་བར་བོད་དོན་ཐོག་མགུལ་སྐྱོད་ཐེབས་མི་ཐུབ་ལེ་མིག་མཐོང་ལག་ཟིན་རེད་ ད་བོད་ནང་བོད་རིགས་སྤུན་ཟླ་ན་གཞོན་མེ་ཏོག་འདྲ་ལེ་མང་པོའི་ཚེ་སྲོག་གཏོང་བཞིན་པ་དེར་ངོ་མ་རང་སྙིང་ལ་ན་ཚ་ཡོད་ན་ བོད་ཀྱི་ཛ་དྲག་དཀའ་ངལ་དེར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཞིག་འཚོལ་ཐབས་བྱེད་རྒྱུུར་བོད་རིགས་ཙམ་ཟན་ཚང་མས་ཀླད་པ་དཀྲུགས་དགོས་ལེ་དེ་གལ་ཆེ་བ་ལས་ དཔལ་ལྡན་སྤྱི་འཐུས་རྣམས་པས་ཉིན་གཅིག་རིང་སྐུ་ལྷོད་དལ་ངང་བཟས་བཅད་གནང་བར་བོད་ཀྱི་ཛ་དྲག་དཀའ་ངལ་ལ་ཁྱད་པར་ཅི་འགྲོ་ཆི་མི་ཤེས་ ད་བོད་ཕྱི་ནང་མི་རིགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེ་མཁྱེན་ནོ་ བོད་མི་རིགས་ཀྱི་སྙིང་སྟོབས་དེ་ལོ་དུས་གྲངས་མེད་བར་དུ་རྟག་བརྟན་ཤོག་།
ཚོགས་གཙོ་མཆོག་ནས་གཙོས་པའི་སྤྱི་མཐུས་རྒྱུན་ལས་རྣམས་ལ་རྒྱབ་སྐྱོར་དང་ང་ཚོ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་ལོ་གསར་པ་འདིའི་ནང་ལ་གོང་ས་མཆོག་བོད་ལ་ཕེབས་ཐུབ་པའི་སྨོན་འདུན་ལས་འགུལ་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན་
བོད་རྒྱལ་ལོ་