གཤམ་དུ་རྡེག་གནོན་བྱོས་དང་ལྟད་མོ་འདུག
ཕྱག་གསུམ་བཙལ་ནས་ཉོན་དང་བློ་སྐྱེད་འདུག
དགེ་འདུན་ཆོས་འཕེལ་རྣམ་དཔྱོད་དྲན་གི་འདུག
བསམ་བཞིན་ངོ་ཚས་གདོང་བ་ཚ་གི་འདུག
http://www.voanews.com/tibetan/video.cfm
གཤམ་དུ་རྡེག་གནོན་བྱོས་དང་ལྟད་མོ་འདུག
ཕྱག་གསུམ་བཙལ་ནས་ཉོན་དང་བློ་སྐྱེད་འདུག
དགེ་འདུན་ཆོས་འཕེལ་རྣམ་དཔྱོད་དྲན་གི་འདུག
བསམ་བཞིན་ངོ་ཚས་གདོང་བ་ཚ་གི་འདུག
http://www.voanews.com/tibetan/video.cfm
ཨ་་་ལ་ལ་ལ།
མཐའ་མ་མཐའ་མ་དེར་ཨམ་སྐད་ཅིག་བཤད་དུས་མགོ་ལོག་གི་རྒད་པོ་ཞིག་དྲན་གི་འདུག ལྷག་པར་དུ་ཁོའི་ཞི་མོའི་མིང་ནས་འབོད་དུས་འབྲོག་རྒན་ཞིག་ལས་སེམས་ནང་ཅང་འཆར་རྒྱུ་མི་འདུག
སྐད་རིག་པའི་མཁས་པ་ཟེར་བ་ནི་འདི་འདྲ་ཞིག་ཡིན་རྒྱུ་རེད། རང་གིས་སྐད་ཡིག་མང་བོ་ཤེས་པས་མ་ཚད་རང་་གི་བུ་མོས་ཀྱང་སྐད་ཡིག་མང་བོ་ཞིག་ཤེས་ཀྱི་ཡོད་འདུག བོད་པ་ཚང་ལ་སྐད་རིག་པའི་མཁས་པ་དེ་འདྲ་ཡོད་དམ།
ཐུགས་རྗེ་ཆེ། རླུང་འཕྲིན་ལེ་ཚན་འདིའི་མགོ་ནས་མཇུག་བར་ཆ་ཚང་ལ་གཟབ་ནན་གྱིས་ཉན་པ་ཡིན།
ཁོ་ཚོ་དངོས་ནས་མཁས་དབང་རེད།ང་ཆོ་བོད་ལའང་འདི་འདྲ་བ་མང་སེ་ཡོད་ན་ཅི་མ་རུང༌།
ཁོང་ཚོ་དངོས་ནས་མཁས་དབང་རེད། ང་ཚོ་བོད་ལའང་འདི་མང་སེ་དགོས་ཀི་འདུག
ཐོས་པ་བརྒྱ་ལས་མཐོང་བ་གཅིག ཞེས་པའི་དཔེ་ལྟར་བོད་མི་རིགས་ཀྱི་སྐད་ཡིག་འདི་ཁྱད་པར་བ་ཞིག་ཡིན་པ་འཛམ་གླིང་སྟེང་ར་འཕྲོད་གསལ་པོ་གནང་སོང་ངོ༎་ དགའ་དྲགས་པས་དེ་ནུབ་གཉིད་ཀྱང་ཡག་པོ་ཁུག་ཐུབ་མ་སོང༌། ངོ་མ་རླབས་ཆེན་གྱི་མི་རིགས་འདི་ལ་མེད་པ་ཅི་ཡང་མི་འདུག་གོ།
ནེ་ཁོལ་ལ་སེ་ཞེས་པའི་སྐད་རིག་པ་བ་འདི་ལ་ཉན་པ་ཡིན། ཉི་ཧོང་གི་སྐད་སོགས་འབར་མའི་སྐད་ཀྱི་ཁྱིམ་རྒྱུད་འདིའི་ནང་ཞེ་སའི་ཚིག་མང་པོ་འདུག་ཟེར་བ་དེ་སྐད་ཆ་གསར་པ་ཞིག་རེད། གཞན་རྣམས་ནི་ཧ་ལམ་གོ་མྱོང་རྒྱུས་ཡོད་རེད་དྲན་བྱུང་། དེ་ནས་ཁོས་ཀྲུང་གོ་དང་ཀྲུང་གོ་ཞེས་མ་ཎི་འདྲེན་འདྲེན་བྱས་སོང་། དེ་བློ་ལ་འབབ་པོ་ཞིག་མ་བྱུང་། དེ་མིན་དོན་ཚན་འགའ་བཤད་རྒྱུ་ཡོད་ཀྱང་རེ་ཞིག་འཇོག
བརྗོད་གཞི་འདི་ལ་འབྲེལ་ནས་མཆན་འདེབས་མཁན་ཚོའི་རྣམ་འགྱུར་ཐད་སྐད་ཆ་འགའ་བཤད་འདོད་བྱུང་། ཕྱི་རྒྱལ་བས་བོད་སྐད་བཤད་ན་ང་ཚོ་ཧང་སངས་པ་དེ་མུ་མཐུད་གནས་ས་རེད། སྤྱིར་བཏང་དེང་དུས་ཀྱི་འཇིག་རྟེན་ནང་སྐད་གཉིས་སྨྲ་བ་དང་སྐད་གསུམ་སྨྲ་བ་དེ་ཚོ་ཧ་ཅང་མང་པོ་རེད། བོད་ལ་ཡང་རྒྱ་སྐད་བོད་སྐད་གཉིས་ཀ་ཤེས་མཁན་ག་ཚོད་ཡོད། རྒྱ་གར་ལ་བོད་སྐད་དང་དབྱིན་སྐད། ཧིན་སྐད་བཅས་ཤེས་པ་ག་ཚོད་ཡོད། ངའི་གོ་ཚོད་ལ། བོད་མི་ཞིག་གིས་དབྱིན་ཇིའི་ལུང་པར་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་པ་རེད་ཟེར། འདི་ཚོ་ནི་ང་ཚོའི་མདུན་གྱི་ཇ་དང་བག་ལེབ་བཞིན་ཧ་ཅང་གི་དཀྱུས་མ་ཞིག་རེད་དྲན། དེ་བས་བསྟོད་སྨད་ཀྱི་ཚད་རན་པོ་ཞིག་བྱུང་ན་ལེགས་སྙམ། ངས་སྒྲུང་ཐུང་ཞིག་འབྲི
ང་དང་ཐོག་བལ་ཡུལ་ལ་འབྱོར་ནས་རྒྱ་གར་ལ་ཡོང་སྐབས་དེར། ང་ཚོའི་འགྲུལ་འཁོར་གྱི་ནང་བོད་མི་ལོ་ན་བཞི་བཅུ་ཟིན་མ་ཟིན་ཞིག་འདུག ཁོས་ལམ་ཐག་རིང་པོ་དེ་བགྲོད་སྐབས་བལ་སྐད་ནས་མགོ་བཙུགས་ཏེ། དེ་ནས་ཧིན་སྐད། དེ་ནས་དབྱིན་སྐད་བཅས་བཤད་ནས་ང་ཡང་ཧང་ནག་པོ་སངས་དགོས་པ་ཞིག་བཟོས་བྱུང་། མཐའ་མ་དེ་ང་ཚོ་ལྡི་ལི་ལ་འབྱོར་དུས་ཁོས་རང་གི་དངུལ་ཁུག་རྐུན་མར་ཤོར་རབས་བཤད་ནས་འུ་ཐུག་ནས་བསྡད་འདུག
རབ་གསལ་ལགས་ཀྱི་གསུངས་པ་དངོས་ནས་རེད།
སྐད་རིགས་ཁ་ཤས་སྨྲ་མཁན་ང་ཆོ༹་ལ་ཧ་ཅང་མང་། Nicole ལའི་དེབ་དེ་དག་་ཁོང་རང་ཉིད་གཅིག་པོས་བྲིས་པ་མ་རེད།ལས་རོགས་ཁ་ཤས་དང་མཉམ་དུ་བརྕ༹མས་པ་རེད།
འདིར་འང་རོགས་དངུལ་སྤྲོད་ཀྱི་ཡོད་ན་དེབ་ཁ་ཤས་ཞིགས་འབྲི་ཐུབ་ས་རེད།
ཨག་ཚོམ་ཅན་གྱི་མགོ་སེར་རྒན་པོ་འདིས།།
ལྟས་ངན་ཁ་ཏའི་ཅོང་སྒྲ་བསྒྲོག་བཞིན་དུ།།
“ཀྲུང་གོ་” “ཀྲུང་གོ་”མ་ཎི་བགྲང་པ་ནི།།
ཊམ་ཀའི་བྱིན་རླབས་འཇུག་ཕྱིར་བཏོན་པ་ཡིན།།
ངེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ།།
གོང་ཏྰ་ལས་གསུངས་ཞེས་ལུང་འདྲེན་ན།།
བློ་རིག་པའི་དཔྱད་པ་མི་དགོས་པར།།
སྒོས་རང་དོན་ལྷུན་གྱིས་འགྲུབ་པ་ཡིན།།
གསེར་རྟ་མཁན་པོ་འཇིགས་ཕུན་གྱི་སློབ་མ་ཚུལ་ཁྲིམས་བློ་གྲོས་ཟེར་བ་དང་། བསོད་ནམས་དར་རྒྱས། ཡེ་ཤེས་ཕུན་ཚོགས་ཟེར་བ་དེ་གསུམ་གྱིས་རྒྱ་སྐད་ཀྱི་སྟེང་དུ་གཞུང་ཆེན་པོའི་ཆོས་ཁྲིད་གསུངས་པ་ཆུ་བཞུར་བཞུར་རེད། དེའི་ནང་ནས་ཀྱང་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེའི་སྐད་གདངས་དང་བརྗོད་ཚིག་སོགས་ཧ་ཅང་སྤུས་དག་རེད་ཟེར། ངས་གློག་བརྙན་ལས་དངོས་སུ་མཐོང་བྱུང་།
དེ་བཞིན་ཀ་རྡོར་སྒང་གསུམ་གྱི་གཞིས་ཆགས་ན་གཞོན་ཚོ་དང་གནའ་ནས་གཞིས་ཆགས་པའི་ཁྱིམ་ཚང་ཚོར་ཡང་སྐད་རིགས་ལྔ་ཙམ་ཆུ་བཞུར་བཞུར་རེད། ཁོང་ཚོ་ལྟ་བུ་ཡིན་ན་ཡུལ་སྐད་བལ་སྐད་རེད། གཞུང་སྐད་ཧིན་དི་རེད། མངའ་སྡེའི་སྐད་བྷང་ག་ལའི་རེད། ཕ་སྐད་བོད་སྐད་རེད། སྤྱི་སྐད་དབྱིན་ཇི་རེད། ད་དུང་དེའི་སྟེང་དུ་སྐད་རིགས་གཞན་ཤེས་མཁན་ཡང་ཡོད་པས་སྐད་རིགས་དྲུག་བདུན་ཡན་ཤེས་ཀྱིན་ཡོད་པ་རེད།