( ཕུང་གསུམ་པའི་ཚོགས་ལ་ཕུལ་བ།)
དོལ་སྨྱོན།
དོན་དངོས་ཁྱོད་ཚོ་སུ་ཡིན། ད་ལྟ་ཁྱོད་ཚོས་གང་ཞིག་བྱེད་ཀྱིན་ཡོད།
ཁྱོད་ཚོས་རང་ཉིད་ངོ་ཤེས་ཀྱི་འདུག་གམ། ཁྱོད་ཚོས་རང་ཉིད་གསལ་པོར་རིག་གི་འདུག་གམ།
སངས་རྒྱས་ཀྱི་བསྟན་པ་སྙིགས་ཞབས་སུ་ཐུག་ཅིང་། རིག་གཞུང་གི་གཟི་འོད་ཡིབ་ལ་ཉེ་བའི་དུས་འདིར།
ཁྱོད་ཚོས་ཕུང་གསུམ་པའི་ཟློས་གར་འདི་ལྟར་འཁྲབ་དུས། ང་ཡི་བློ་སྙིང་བྲང་གསུམ་འཁྲུགས་འགྲོ།
རང་ཡུལ་ན་མི་བུ་མང་པོའི་ཚེ་སྲོག་མེ་ལ་འབུལ་བ་ཅིའི་ཕྱིར་ཡིན་ནམ།
གཞན་ཡུལ་ན་མནར་གཅོད་དང་འུ་ཐུག་གིས་འཚོ་བ་གང་གི་ཕྱིར་ཡིན་ནམ།
ཁྱོད་ཚོས། ད་དུང་འདི་ལྟ་བུའི་བྲོ་གར་འཁྲབ་པའི་སྙིང་སྟོབས་གང་ནས་རག་སོང་།
གང་ལ་བསམ་རུང་སྙིང་རླུང་ལྡང་བའི་དུས་འདིར། ཁྱོད་ཚོ་དང་ཁྱོད་ཚོ་ལྟ་བུའི་ཕུང་གསུམ་པ་མང་པོ་ཞིག
འདི་ལྟར་གྲོག་ཚང་བརྡོལ་བ་བཞིན་འཕྱུར་ཡོང་ནས། རང་རང་སོ་སོའི་ནུས་ཚོད་དང་བསྟུན་ནས།
ཟད་མཐའ་མེད་པའི་ཟློས་གར་འཁྲབ་ཚུལ་བལྟས་ན། ང་མུན་པའི་འཇིག་རྟེན་ཞིག་ཏུ་ཡིབ་ན་འདོད་བྱུང་།
ཁྱོད་ཚོས་ཕྱི་ནས་གཟན་ཤམ་གྱིས་དུག་གསུམ་བཏུམས་ཤིང་། ད་དུང་བླ་མ་ཆེན་པོ་དང་སྤྲུལ་སྐུ་ཆེན་པོ།
གཞན་ཡང་མཁན་ཆེན་དང་གདུང་སྲས་སོགས་མིང་གི་ཆོ་ལོ་མང་པོས་རྒྱན་དུ་ཐོགས་ཤིང་།
གཞན་དོན་དང་མཛད་འཕྲིན་ལ་སྙད་ནས། ཟད་མེད་ཀྱི་འཁོར་ལོ་བསྐོར་སྟངས་འདི་ཡང་།
དོན་དངོས་རང་དོན་ཟེར་བའི་ངར་འཛིན་འདི་དང་། རྒྱུ་ནོར་ཟེར་བའི་འདོད་རྔམས་འདི་གཉིས་མིན་ནམ།
ཁྱོད་ཚོས་ལས་འབྲས་དཔང་པོར་བཅོལ་བའི་བྱ་བཞག་དེ་ཉིན་གཅིག་ལའང་འཁྱོང་གིན་འདུག་གམ།
ཁྱོད་ཚོས་ལ་རྒྱ་ཕྲག་ཏུ་བཟུང་བའི་སེམས་ཤུགས་དེ་ཐེངས་གཅིག་ལའང་སྐྱེས་ཀྱིན་འདུག་གམ།
རང་སེམས་བདུད་ཀྱིས་བསླུས་པའི་ཁྱོད་ཚོ། གཞན་དོན་དང་མཛད་འཕྲིན་གྱི་ཐ་སྙད་ཆེན་པོ་རེ་རེ།
ཁ་ལ་ཁྱེར་ཞིང་གཞན་ལའང་སྒྲོག་མོད། འོན་ཀྱང་དུས་ཚོད་ཀྱི་ཀྱོག་མཚམས་གང་ཞིག་ནས།
གསལ་པོར་མཐོང་བའི་ཁྱོད་ཚོའི་རྐང་རྗེས་ནི། སྦྲུལ་ནག་པོའི་འགྲོ་སྟངས་བཞིན།
ནམ་ཡང་ཀྱག་ཀྱོག་ནས་ཀྱག་ཀྱོག་ཁོ་ན་ལ་འཐེན་འདུག་ཨང་།
ཁྱོད་ཚོའི་རྐང་རྗེས་དག་འདི་ལྟར་མཐོང་དུས། ཁྱོད་ཚོའི་གྲིབ་གཟུགས་དག་འདི་ལྟར་རིག་དུས།
ང་ཡི་བློ་སྙིང་བྲང་གསུམ་དེ་སུ་ཞིག་ལ་འབུལ་ན་འདོད་བྱུང་།
རྗོད་བྱ་ཤིན་ཏུ་ལེགས་ནའང་རྩོམ་ཡིག་འབྲི་སྟངས་དེར་ངའི་འདོད་པ་ཅུང་ཚིམས་ཐུབ་མ་བྱུང་། ཐད་བརྗོད་ཀྱི་ལམ་ནས་བྲིས་ན་རང་མོས་གཟུགས་ཀྱི་སྙན་ངག་གི་བྲོ་བ་བོར་འགྲོ་བ་ཨེ་ཡིན།
དོལ་རྒྱལ་སྨྱོན་པ་གསན་ཅིག ཁྱོས་སྨྲས་པའི་ཚིག་མདའ་དེ། གང་ནས་རག་ཅིང་ཇི་ཙམ་ཉར་ཡིན། ང་ཚོར་སྔོན་བཙན་པོའི་དུས་རབས་འདས་ནས། བོད་ས་ཡོངས་ལ་གཞན་རོག་ལ་མ་བརྟེན་པའི་དབང་བསྒྱུར་ནུས་པའི་དབུ་ཁྲིད་མེད་ལུགས་ལ་བལྟས་ན། དེང་དུས་ལ་བོད་ཅེས་པའི་མིང་ཡང་མི་མངོན་པའི་དབྱིངས་སུ་ཐིམ་ལ་ཉེ་དགོས་རུང་། མིང་ཕར་ཡལ་བའི་ཚབ་ཏུ། འཛམ་གླིང་འདིའི་ཐོག་ཏུ་མི་རིགས་ཉུང་ཚོད་ཀྱིས་སྙན་གྲགས་ཆེ་ཤོས་སུ་གྱུར།
དེ་ཙམ་མ་ཟད་ད་དུང་། བོད་ཀྱི་ལོ་རྒྱུས་སུ་ཡོད་པའི་གཅེས་ནོར་དེ་དག་ཁ་མ་ཉམས་གྲུ་མ་ཞིག དྲག་པོའི་དམག་ཞབས་སུ་མ་ཤོར། དམར་བའི་རྒྱུས་དངོས་སུ་མ་བརྗེས། འཕྲེང་ཐག་གཅིག་གིས་རྒྱུས་པའི་འཕྲེང་རྡོག་བརྒྱ་བཞིན། སྡོད་ས་མི་གཅིག་ན་ཡང་བསམ་པ་གཅིག་དང་། སྐད་རིགས་གཅིག རིགས་གཞུང་གཅིག་དང་གོམས་གཤིས་གཅིག་གིས་མ་འཐོར་བ་ཟིན་ནས་སྡད་ཡོད་པ་འདི། བོད་ཀྱི་བླ་ཆེན་གོང་མ་རྣམས་དང་། ཞལ་བཞུགས་ཀྱི་བླ་སྤྲུལ་རྣམས་ཀྱི་སྐུ་དྲིན་ཁོ་ནར་ཡིན་པ་ཕར་བལྟས་ཚུར་གསལ། ཟུར་བལྟས་ལེབ་མཐོང་རེད་ལ། དེང་དུས་འཛམ་གླིང་ཡོངས་ན། བོད་ཅེས་པ་གོ་རྒྱུ་དང་རིག་རྒྱུ། ཡོད་པ་བཟོ་མཁན་དེ་ཡང་བླ་སྤྲུལ་མཁན་པོ་དགེ་བཤེས་གཙོས་པའི་ཆོས་བྱེད་མི་སྣ་ཁོ་ནའི་སྐུ་དྲིན་ཡིན་པ་དུས་ནམ་ཡང་བརྗེད་མི་ཉན་ཡ། ཉུང་ཤས་ཀྱིས་ཐོལ་ཅོ་སྣ་ཚོགས་བྱེད་ནས་བསྟན་པ་རྨ་འབེབས་བྱེད་མཁན་ཡོད་སྲིད་པ་ནི་འཇིག་རྟེན་འཁོར་བའི་ཆོས་ཉིད་རེད། སྤྱོད་པ་ཐོལ་ཅོ་བྱེད་ནས་ཆོས་ཀྱི་ཉོ་ཚོང་གཙོ་བོ་བྱེད་མཁན་གྱི་རིགས་དེ་དག་མེད་ན། མང་ཆེ་ཤོས་བཟང་སར་འཇོག་པའི་ལྟོས་ས་མེད་པར་འགྱུར་བས། སེམས་རྒྱ་ཆེ་ཙམ་གནང་ན། འདི་ཕྱི་གཉིས། རང་གཞན་གཉིས་ལ་ཕན་ཆེ་བར་སྙམས།
གྲིབ་གཟུགས་ལགས།
ང་་་་་་ཚོར་ཞིག་གིས་དྲུད་ནས་བློ་བུར་ཏུ་བྲིས་པ་ཞིག་ཡིན།
དེ་ཙམ་དོ་སྣང་ཆེན་པོ་བྱེད་ལོང་མ་བྱུང་ལགས།
རིག་རལ་ལགས།
ཁྱོད་ཀྱིས་གསུངས་པ་དག་བདེན་པ་རེད་འདོད།
འོན་ཀྱང་། རྒྱལ་ཁབ་གང་སར་འགའ་ཞིག་ནས་ཆོས་པའི་གཟུགས་ཀྱིས།
མི་ནག་ཕལ་པ་ལས་མཐུ་བའི་ལས་མང་པོ་ཞིག་བྱེད་བཞིན་འདུག་པས།
ངས་དེ་དག་སྨྲས་པ་ཡིན། དེ་རིགས་མང་ན་ཡག་པོ་གཏན་ནས་མི་འདུག
ཡོད་ཚད་དེ་ལྟར་མིན་པའི་ངེས་པའང་སེམས་ན་གསལ་ལེར་ཡོད་ལགས།
དོལ་སྨྱོན་ཀྱིས་བྲིས་པ་དེ་དངོས་གནས་ལེགས་པོ་འདུག དེང་སང་འདི་འདྲའི་རིགས་ཧ་ཅང་མང་པ་དང། ད་དུང་ཡང་མང་པ་ནས་མང་བར་འགྲོ་བའི་ཚོད་དུ་སྣང་། དེའི་ཕྱིར། སྤྱི་ཚོགས་ཀྱིས་ཁོ་ཚོར་གནོན་ཤུགས་ཤུགས་ཆེན་སྤྲོད་དགོས་པ་སྤྱི་ཚོགས་ཀྱི་འགན་འཁྲི་དང་། མི་སྒར་གྱིས་དོ་སྣང་དགོས་པ་དེ་ང་ཚོའི་འོས་འགན་ཡིན། ཡིན་ན་ཡང་། ཁྱོད་ཀྱིས་མཛེས་པོ་མ་མཐོང་བ་ཚང་མ་མི་མཛེས་པ་དང་། ཁྱོད་ཀྱིས་དེ་ལས་ལྡོག་སྟེ་མཐོང་བ་ཐམས་ཅད་དེ་བཞིན་ཡིན་པའི་ངེས་པའང་མེད། དེ་བས་ལེགས་ཉེས་འབྱེད་པའི་བློ་གྲོས་བེད་སྤྱད་དེ་རང་ཉིད་ཀྱིས་གསལ་བོ་ངེས་སུ་བཅུག་སྟེ། དེ་ནས་གཞན་ལ་སྟོན་པ་དེ་བློ་གྲོས་དང་ལྡན་པའི་མི་བུ་ཞིག་གི་འགྲོ་སྟངས་དང་པོར་འཁུམས། དེ་ནི་དྲ་ཐོག་ཏུ་རྩོམ་ཡིག་འགོད་མཁན་ཚང་མ་ལ་ཐུན་མོང་དུ་ཞུ་བའི་རེ་བའང་ཡིན།
ད་དུང་ཡང་དོལ་སྨྱོན་གྱིས་འདི་འདྲ་ཞིག་གསུངས་འདུག༼ ང་་་་་་ཚོར་ཞིག་གིས་དྲུད་ནས་བློ་བུར་ཏུ་བྲིས་པ་ཞིག་ཡིན།དེ་ཙམ་དོ་སྣང་ཆེན་པོ་བྱེད་ལོང་མ་བྱུང་ལགས།༽འདི་ནི་རང་གིས་བྲིས་པའི་རྩོམ་ཡིག་ལ་རང་ཉིད་ཀྱི་འགན་མ་འཁུར་པའི་མཚོན་བྱེད་ཡིན། ཁྱོད་ཀྱི་ཚོར་བ་ལ་ཁྱོད་ཀྱིས་བདག་པོ་རྒྱག་དགོས་པ་བཞིན་དུ་དེའི་རྗེས་སུ་ཞུགས་པའི་རྩོམ་ཡིག་ལའང་ཁྱོད་ཀྱིས་དོ་སྣང་བྱ་དགོས། གལ་ཏེ་ཁྱོད་ལ་དོ་སྣང་དེ་ཙམ་བྱ་ལོང་མེད་ན་སྐྱེན་པོར་དྲ་ཐོག་ཏུ་འགོད་དགོས་དོན་མི་འདུག རྗེས་སུ་བཀོད་ཅིང་འཕྱིས་མི་འདུག ངའི་རེ་བ་ལ་རྗེས་ཕྱོགས་ཁྱོད་ཀྱིས་འདི་འདྲའི་ཕྱོགས་ལ་གང་གཟབ་བྱ་དགོས་སྙམ་མོ།། སྤྱིར་ང་རང་ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་ལ་ཧ་ཅང་དགའ།
རྩོམ་དང་མཆན་བུ་ཚང་མ་ཡག་པོ་འདུག ཐུགས་རྗེ་ཆེ།
མེ་ཏོག་མཚོས་དག་པ་རབ་འབྱམས་རྟོགས་མིན་འགྲོ།
ཆབ་སྐྱེས་བཙན་བུར་ཕེབས་བསུ་ཞུ།
ད་དུང་རྒྱབ་སྐྱོར་གནང་བ་དང་བསམ་ཚུལ་བཏོན་པ་ལ་ཡི་རངས་ཡོད།
ད་དུང་མེ་ཏོག་གི་ཟེའུ་འབྲུ་ལ། ཤར་ཕྱོགས་ཀྱི་འོད་ཟེར་ཀྱང་ཏོག་ཙམ་འཕྲོས་འདུག་ག་ཧཧཧ
དོལ་རྒྱལ་ཚོགས་པས་ཕུང་གསུམ་དག་ལ་སྡིགས་འདུག ཡིན་ན་ཡང་ཁྱོད་ཚོ་ཕུང་གསུམ་ཡིན་པ་ངེས་པར་ཤེས་དགོས། ནང་པ་མ་ཡིན་དམ་ཉམས་ལ་སྐྱབས་སུ་བསྟེན། ཕྱི་རོལ་བ་མ་ཡིན་ནང་པའི་ཆོས་གོས་གྱོན། ཕུང་གསུམ་དགེ་བཤེས་ཟེར་བ་ངོ་ཚ་མེད། །
ཁྱོད་ཀྱིས་ཅི་ཞིག་ཟེར་གྱིན་ཡོད། སུ་ཞིག་ལ།
ཡུལ་ཕ་མའི་ཡན་ན་དྲིན་ཆེན་མེད།
ཡུལ་མ་ལོའི་བྲང་གི་ནུ་མས་གསོས།
ཡུལ་ཕ་ལོ་སེམས་ཀྱི་གཅེས་ཕྲུག་བྱོས།
བུ་་ང་འདྲ་གཉོམལག་རྒྱས་དུས་ན།
ཡུལ་ཕ་མ་དྲིན་ལན་མ་ཞོག་ཐལ།