བཙན་བྱོལ་གྱི་ཤེས་ཡོན་སྐོར་ལ། གཞོན་སྐྱེས་ཚོའི་བགྲོ་གླེང་གལ་ཆེན་ཞིག Posted on 2012-02-212012-02-22 By ཁ་བརྡ་ 20 Comments on བཙན་བྱོལ་གྱི་ཤེས་ཡོན་སྐོར་ལ། གཞོན་སྐྱེས་ཚོའི་བགྲོ་གླེང་གལ་ཆེན་ཞིག གསར་འགྱུར།
ཐུགས་རྗེ་ཆེ།་བསམ་ཚུལ་ཧ་ལས་པའི་ཡག་པོ་ཁ་ཐུག་ཅིག་གསུང་གི་འདུག་་ང་ཚོ་ལ་དགེ་རྒན་གྱི་གནས་ཚད་ལེགས་པོ་དགོས་པ་དང།་སློབ་མར་རང་འགུལ་གྱི་སྦྱང་བརྩོན་བྱེད་ཐུབ་པའི་སེམས་ཁམས་གྲུབ་དགོས་པ་དངོས་གནས་རེད།་དེ་བཞིན་དགེ་རྒན་དང་ཕ་མ།འཛིན་སྐྱོང་སོགས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ནས་ཤུགས་རྒྱག་དགོས་པ་ཡང་བདེན་པ་རང་རེད། བཙན་བྱོལ་སྤྱི་ཚོགས་ལ་བལྟས་ཡོང་ན་སྐད་ཡིག་སྣང་མང་སྦྱང་མཁན་འདྲ་བོ་ཞིག་ལས་ངོ་མའི་ཤེས་ཡོན་སྣ་གཅིག་ལ་ཆེད་ལས་འབུར་དུ་ཐོན་པ་དེ་འདྲ་ཉུང་ཉུང་རེད།་འདི་ལ་ཕྱིའི་ཤུགས་རྐྱེན་དང་ནང་གི་ཤུགས་རྐྱེན་གཉིས་ཀ་འདུག་སྙམ།
ཁོར་ཡུག་དང་འགལ་རྐྱེན་སྣ་ཚོགས་པའི་དབང་གིས་རང་གིས་བོད་སྐད་བཤད་མི་ཐུབ་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་ལ་ཤ་ཞེན་ཡོད་པ་ཡག་པོ་རེད།
ཡག་པོ་རེད ཕྲུ་གུ་ཚོའི་བོད་སྐད་ཡིག་ལ་དགའ་ཞེན་ཆགས་མིན་དང་ཡག་པོ་ཞིག་ཤེས་མིན་ཕ་མ་དང་དགེ་རྒན་ཚོར་འགན་ལོས་ཡོད། འགན་ཧ་ཅང་ཆེན་པོ་འདུག
རྒྱབ་ལོག་གི་དེབ་ཚང་མ་དབྱིན་ཡིག་གི་དེབ་རེད་འདུག བོད་ཡིག་གི་དེབ་གཅིག་ཧ་ལམ་མཐོང་རྒྱུ་མི་འདུག དེས་ན་ནམ་རྒྱུན་བོད་ཡིག་ག་ཚད་ཀློག་བཞིན་ཡོད་པ་ཕལ་ཆེར་ཤེས་གི་འདུག
རྣམ་པ་ཚོས་བཀའ་བཀྱོན་མེད་པ་མཁྱེན། ཁོང་རྣམས་པས་བོད་སྐད་མ་ཤེས་ཀྱང་བོད་དོན་ལ་སེམས་ཁུར་བྱེད་པ་དང་། བོད་ཡིག་མ་ཤེས་ཀྱང་རིགས་བཞུངས་ལ་བསམ་བློ་འཁོར་བ་འདི་དགའ་ འོས་པ་ཞིག་དང་གུས་པ་བྱེད་འོས་པ་ཞིག་ཏུ་མཐོང་། ཁོང་རྣམ་པའི་སྐད་དང་ཡི་གེ་དག་ནི་ཁོང་ཚོ་ཚར་ལོང་བྱེད་སའི་འཁོར་ཡུག་དང་། རྒྱུན་དུ་འགྲོག་འབྲེལ་བྱེད་སའི་སྤྱི་ཚོགས་དེའི་དབང་གིས་ཡིན་ཀྱང་། ཁོང་ཚོའི་ཕ་མེས་ཡང་མེས་ནས་བྱུང་བའི་ཟུང་ཁྲག་གི་བརྒྱུ་བ་དེ་མ་ཉམས་པ་མ་ཚད་ད་དུང་སྔ་མོའི་སྤྱི་ཚོགས་དང་འདས་པའི་ལོ་ཟླ་ཡོད་ཚད་ལ་ཞིབ་འཇུག་དང་། མ་འོངས་པའི་ལོ་ཟླའི་ནང་ཇི་ལྟར་ཡོང་མིན་སོགས་ལ་དཔྱོད་ཤེས་ཀྱི་བསམ་བློ་ཞིག་ཀྱང་ཡོད་ཚོད་འདུག་པས་ཤིན་ཏུ་དགའ་འོས།
རྣམ་པ་ཚོས་བགྲོ་གླེང་གནང་བ་དག་གལ་ཆེན་རང་བཞིན་རྐྱང་རྐྱང་གླེང་སོང་པས་འབྱུང་འགྱུར་བོད་མི་རིགས་ཀྱི་ཤེས་ཡོན་རྨང་གཞིའི་རྩ་བར་ཕན་ངེས་རེད། མུ་མཐུད་དུ་ཤུགས་སྐྱོན་ནས་ཕེབས་ཤོག་དང་བོད་མི་རིགས་འགྱེལ་ས་ནས་་ལངས་ཐབས་དེ་ལྟར་བྱ་དགོས་ངེས་རེད་བསམ་བཞིན་ཡོད། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། ལས་བྲེལ་དབང་གིས་འགྲོ་དགོས་བྱུང་པས་རྗེས་སུ་ལྷོད་མཇལ་བྱ་ཆོག་པ་བྱོས། བཀྲ་ཤིས་བདེ་ལེགས།
དངོས་གནས་ཡག་པོ་འདུག་བཀྲ་ཤིས་བདེ་ལེགས་དང་རྒྱབ་སྐྱོར་ཡོད། རྩ་བའི་ལང་ཕྱོགས་མ་ནོར་བ་རེད་དགོངས་པ་བཞེས་སྟངས་དེ་འདྲ་ཡོད་ན་བོད་པ་ལ་རེ་བ་འདུག
དེ་འདྲའི་ཡག་པོ་གསུང་གི་འདུག མ་འོངས་ན་གཞོན་ཚོས་མིག་དཔེར་ལྟ་འོས་པ་འདུག བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་དུ་སློབ་སྦྱོང་དང་དམིགས་ཡུལ་ཡོད་མཁན། ལྷག་བསམ་དང་ཕུགས་འདུན་ཡོད་མཁན། ཉམས་མྱོང་དང་སྙིང་སྟོབས་ཡོད་མཁན་ཁྱེད་ཚོ་ནང་བཞིན་མང་རུ་བྱུང་བ་ཡིན་ན། ངེད་བོད་པ་ཚང་གཞན་འོག་ཏུ་མགོ་སྒུར་མི་དགོས་པ་ཆགས་ངེས། མཐིལ་ཕྱིན་པའི་ཉམས་ཞིབ་དང་། གནད་ལ་འཕིགས་པའི་དགོངས་འཆར་ལྷུག་པོར་གནང་བར་སྙིང་ནས་དགའ་བསུ་དང་བསྔགས་བརྗོད་ཡོད།
བསྟན་རྡོར་དང་བསྟན་བདེ་གཉིས་ནས་མདོ་འཛིན་པའི་དྲི་བའི་ལན་ལ་ཡོལ་གཟུར་མེད་པར་དྲི་ལན་ཏག་ཏག་ ཏག་ཏག་བཏབ་སོང་། གནད་ལ་ཁེལ་བ་རང་རེད། ཧྲ་གི
བསྟན་རྡོར་ལགས་ཀྱིས་སྐད་གཅིག་གི་ཐོག་ནས་སློབ་སྦྱོང་བྱེད་དགོས་བའི་སྐོར་ཡག་པོ་གསུངས་པ་མ་ཟད་གནད་འགག་ཡང་འདུག སྐད་ཆ་ཡང་དྲང་མོ་རེད། བོད་ཡིག་ཐོག་ནས་སློབ་སྦྱོང་བྱེད་དགོས་སྐོར་ལ་གལ་ཆེན་རེད། ལོ་ལྔ་བཅུའི་རིང་ལ་བཙན་བྱོལ་གཞུང་ལ་ཚན་རིག་ལག་ཤེས་ཅན་གྲངས་ཀ་ངོས་འཛིན་འགའ་ཡོད་མེད་ཐེ་ཚོམ་རེད།
བཙན་བྱོལ་ནང་ཤེས་ཡོན་རྨང་གཞི་ཡར་རྒྱས་གཏོང་ཐབས་ཐད་མི་རབས་གསར་པ་ཚོས་གྲོ་གླེང་ཡག་པོ་གནང་འདུག། རྗེས་སུ་ཡིད་རངས་ཡོད། ནམ་རྒྱུན་མི་རབས་རྒན་པ་ཚོས་ངག་རྒྱུན་དུ། ཇ་དང་དགེ་རྒན་ཚ་ན་དགའ། ཡོན་ཏན་དབྱུག་པའི་འོག་ལ་ཡོད། ཞེས་པའི་ངག་རྒྱུན་དེ་ལས་ལྡོག་ཕྱོགས་ཀྱི་དངོས་ཐོག་བདེན་འཚོལ་གྱིས་བྱིས་པའི་སེམས་ཁམས་དངོས་དང་འབྲེལ་ནས་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་དགེ་རྒན་དང་ཕ་མ་འཛིན་སྐྱོང་བཅས་ཀྱིས་ངེས་པར་དུ་དང་ལེན་གནང་རྒྱུ་གལ་ཆེའི་ནང་གི་དོན་ཆེན་རེད། དེའི་ཐད་ནུབ་ཕྱོགས་ཀྱི་ཤེས་ཡོན་སློབ་གསོ་དང་ལྷག་པར་དུ་བྱིས་པའི་སློབ་གསོ་སྤྲོད་སྟངས་ལ་སློབ་སྦྱོང་ངེས་པར་དུ་གནང་དགོས་པར་འདོད།
བཙན་བྱོལ་དུ་་སྐྱེས་ཤིང་ཁོར་ཡུག་གི་དབང་གིས་བོད་ཡིག་ཐོག་ལ་རང་སྐྱ་འཕེར་བ་ཡོད་མེད་ཇི་ལྟར་ཡང་ཕ་མེས་ཀྱི་ལ་རྒྱ་སེམས་ཁོངས་སུ་བཅངས་ནས་བོད་སྐད་གཙང་མའི་ཐོག་ནས་བགྲོ་གླེང་དེ་ལྟར་གནང་བ་ཡག་པོ་རེད་ལ་གཞོན་སྐྱེས་མང་པོ་ཞིག་ལ་ཤུགས་རྐྱེན་ཡང་ཐེབས་ངེས་རེད། སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་བར་རྨངས་གཞི་ཞིག་དགོས་ལ་དེ་ཡང་རང་མི་རིགས་ཀྱི་སྐད་ཡིག་ནས་འགོ་འཛུགས་དགོས་དང་པོར་བོད་ཡིག་ཐོག་ལ་བྱང་ཆུབ་པ་ཞིག་བྱུང་ན་དེའི་ཐེམ་སྐས་ལ་བརྟེན་ནས་སྐད་ཡིག་གཞན་པ་དང་དེང་རབས་ཀྱི་ཤེས་བྱ་རྣམས་སྦྱོང་རྒྱུར་གཏིང་ཟབ་པོའི་ཕན་ཐོགས་ཡོང་ངེས་རེད། དེ་ལྟར་ཡོང་བར་ད་ཡོད་ཀྱི་སློབ་དེབ་དེ་རྣམས་སློབ་མའི་སེམས་ཁམས་དང་མཐུན་པའི་གྲ་རྒྱས་སུ་གཏོང་དགོས་པ་དང་། དགེ་རྒན་རྣམས་ཀྱང་ཚད་མཐོ་བོ་དགོས་པ་ཡིན།
འདི་ངོ་མས་ཡག་པོ་འདུག ཁ་ཚ་དགོས་གཏུགས་རེད། མུ་མཐུད་ནས་འདི་ལྟ་བུའི་བགྲོ་གླེང་ལྷུག་པོ་རེ་ཡོང་བའི་རེ་བ་ཡོད།
སྔགས་འོས་པའི་ཡག་པོ་འདུག་ ལྷག་པར་དུ་ཁོང་རྣམས་པའི་བོད་སྐད་གཙང་ཞིང་ སྙན་ལ་ བརྗོད་བྱ་དོན་དང་ལྡན་པ་སོགས་མིག་དཔེ་བཟང་པོ་ཞིག་བཏོན་གནང་བར་ཐུགས་རྗེ་ཆེ་ བསྟན་རྡོར་གྱིས་གསུངས་པ་ངོ་མ་རང་རེད་འདུག་ དེང་སང་བཙན་བྱོལ་ནང་གི་རྒན་གཞོན་ཕོ་མོ་མང་ཆེ་བས་བོད་སྐད་དང་དབྱིན་སྐད་ཧིན་དྷི་སྐད་གསུམ་སྲེས་ནས་སྐད་གོ་བརྡ་སྤྲོད་ཐུབ་པ་བྱེད་པ་ལས་ སྐད་ཡིག་གཅིག་རང་གཙང་མ་བེད་སྤྱོད་གཏོང་ཐུབ་ཁན་ཧ་ཅང་དཀོན་པོ་འདུག་།
དེ་རིང་ཕྱི་དྲོ་ཆེད་དུ་གུང་གསེང་བཏང་སྟེ་དྲ་ལམ་ཡག་ས་ཞིག་ནས་གཞོན་སྐྱེས་ཚོས་བགྲོ་གླེང་འདི་ལ་ཞིབ་ཚགས་བལྟས་པ་ཡིན། ངོ་མ་སློབ་སྦྱོང་གི་འབྲས་གསལ་ནས་ཡོང་གི་འདུག་སྙམ། ང་ཚོ་ལ་དེང་རབས་གཞོན་སྐྱེས་ཁོང་ཚོ་འདྲ་བ་ཁྲི་འབུམ་དགོས་ཀྱི་འདུག
བགྲོ་གླེང་འདི་དང་དེ་འདྲ་བ་མང་ཙམ་དགོས་ཀྱི་འདུག དེ་ཡང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་རིགས་རྒན་གཞོན་ཕོ་མོ་ཚང་མས་མཉམ་བཞུགས་བྱས་ན་ཧ་ལས་པའི་འགུལ་བསྐྱོད་ཅིག་མི་ཡོང་ངམ་སྙམ་གྱིས། དེར་བརྟེན་དེ་འདྲ་བ་མང་ཙམ་དགོས་ཀྱི་འདུག
ཕྲུ་གུ་བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཆགས་མིན་དེ་ཕ་མ་གཉིས་ལ་འགན་གཙོ་བོ་ཡོད་པ་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་རེད། དེར་བརྟེན་ཕ་མ་རྣམས་ཀྱིས་སློབ་གསོ་མི་ནོར་བ་ཞིག་རྒྱག་རོགས།
བསྟན་རྡོར་ལགས་ཀྱིས། ང་ཚོ་བོད་པར་བོད་སྐད་གཅིག་དང་། བོད་ཡིག་གཅིགདང་། འབྲི་སྟངས་གཅིག་མི་འདུག ཟེ་བ་འདི་ཤིནད་ཏུ་ནས་བདེན་པ་རེད་དོ། བོད་མིས་རངགི་འཚང་རང་གིས་ཤེས་པ་མཁན་ཡོད་པ་དང་། དེའི་སྐོར་ཤོད་ཕོད་པ་དང་། དེ་ལ་འགྱུར་བ་་གཏོང་འདོད་པ་ནི། རླབས་ཆེན་རེད་དོ།
ཐུགས་རྗེ་ཆེ།་བསམ་ཚུལ་ཧ་ལས་པའི་ཡག་པོ་ཁ་ཐུག་ཅིག་གསུང་གི་འདུག་་ང་ཚོ་ལ་དགེ་རྒན་གྱི་གནས་ཚད་ལེགས་པོ་དགོས་པ་དང།་སློབ་མར་རང་འགུལ་གྱི་སྦྱང་བརྩོན་བྱེད་ཐུབ་པའི་སེམས་ཁམས་གྲུབ་དགོས་པ་དངོས་གནས་རེད།་དེ་བཞིན་དགེ་རྒན་དང་ཕ་མ།འཛིན་སྐྱོང་སོགས་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ནས་ཤུགས་རྒྱག་དགོས་པ་ཡང་བདེན་པ་རང་རེད།
བཙན་བྱོལ་སྤྱི་ཚོགས་ལ་བལྟས་ཡོང་ན་སྐད་ཡིག་སྣང་མང་སྦྱང་མཁན་འདྲ་བོ་ཞིག་ལས་ངོ་མའི་ཤེས་ཡོན་སྣ་གཅིག་ལ་ཆེད་ལས་འབུར་དུ་ཐོན་པ་དེ་འདྲ་ཉུང་ཉུང་རེད།་འདི་ལ་ཕྱིའི་ཤུགས་རྐྱེན་དང་ནང་གི་ཤུགས་རྐྱེན་གཉིས་ཀ་འདུག་སྙམ།
ཁོར་ཡུག་དང་འགལ་རྐྱེན་སྣ་ཚོགས་པའི་དབང་གིས་རང་གིས་བོད་སྐད་བཤད་མི་ཐུབ་ཀྱང་བོད་མི་རིགས་ཀྱི་སྐད་ཡིག་ལ་ཤ་ཞེན་ཡོད་པ་ཡག་པོ་རེད།
ཡག་པོ་རེད ཕྲུ་གུ་ཚོའི་བོད་སྐད་ཡིག་ལ་དགའ་ཞེན་ཆགས་མིན་དང་ཡག་པོ་ཞིག་ཤེས་མིན་ཕ་མ་དང་དགེ་རྒན་ཚོར་འགན་ལོས་ཡོད། འགན་ཧ་ཅང་ཆེན་པོ་འདུག
རྒྱབ་ལོག་གི་དེབ་ཚང་མ་དབྱིན་ཡིག་གི་དེབ་རེད་འདུག བོད་ཡིག་གི་དེབ་གཅིག་ཧ་ལམ་མཐོང་རྒྱུ་མི་འདུག དེས་ན་ནམ་རྒྱུན་བོད་ཡིག་ག་ཚད་ཀློག་བཞིན་ཡོད་པ་ཕལ་ཆེར་ཤེས་གི་འདུག
རྣམ་པ་ཚོས་བཀའ་བཀྱོན་མེད་པ་མཁྱེན། ཁོང་རྣམས་པས་བོད་སྐད་མ་ཤེས་ཀྱང་བོད་དོན་ལ་སེམས་ཁུར་བྱེད་པ་དང་། བོད་ཡིག་མ་ཤེས་ཀྱང་རིགས་བཞུངས་ལ་བསམ་བློ་འཁོར་བ་འདི་དགའ་
འོས་པ་ཞིག་དང་གུས་པ་བྱེད་འོས་པ་ཞིག་ཏུ་མཐོང་། ཁོང་རྣམ་པའི་སྐད་དང་ཡི་གེ་དག་ནི་ཁོང་ཚོ་ཚར་ལོང་བྱེད་སའི་འཁོར་ཡུག་དང་། རྒྱུན་དུ་འགྲོག་འབྲེལ་བྱེད་སའི་སྤྱི་ཚོགས་དེའི་དབང་གིས་ཡིན་ཀྱང་། ཁོང་ཚོའི་ཕ་མེས་ཡང་མེས་ནས་བྱུང་བའི་ཟུང་ཁྲག་གི་བརྒྱུ་བ་དེ་མ་ཉམས་པ་མ་ཚད་ད་དུང་སྔ་མོའི་སྤྱི་ཚོགས་དང་འདས་པའི་ལོ་ཟླ་ཡོད་ཚད་ལ་ཞིབ་འཇུག་དང་། མ་འོངས་པའི་ལོ་ཟླའི་ནང་ཇི་ལྟར་ཡོང་མིན་སོགས་ལ་དཔྱོད་ཤེས་ཀྱི་བསམ་བློ་ཞིག་ཀྱང་ཡོད་ཚོད་འདུག་པས་ཤིན་ཏུ་དགའ་འོས།
རྣམ་པ་ཚོས་བགྲོ་གླེང་གནང་བ་དག་གལ་ཆེན་རང་བཞིན་རྐྱང་རྐྱང་གླེང་སོང་པས་འབྱུང་འགྱུར་བོད་མི་རིགས་ཀྱི་ཤེས་ཡོན་རྨང་གཞིའི་རྩ་བར་ཕན་ངེས་རེད། མུ་མཐུད་དུ་ཤུགས་སྐྱོན་ནས་ཕེབས་ཤོག་དང་བོད་མི་རིགས་འགྱེལ་ས་ནས་་ལངས་ཐབས་དེ་ལྟར་བྱ་དགོས་ངེས་རེད་བསམ་བཞིན་ཡོད། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། ལས་བྲེལ་དབང་གིས་འགྲོ་དགོས་བྱུང་པས་རྗེས་སུ་ལྷོད་མཇལ་བྱ་ཆོག་པ་བྱོས། བཀྲ་ཤིས་བདེ་ལེགས།
དངོས་གནས་ཡག་པོ་འདུག་བཀྲ་ཤིས་བདེ་ལེགས་དང་རྒྱབ་སྐྱོར་ཡོད།
རྩ་བའི་ལང་ཕྱོགས་མ་ནོར་བ་རེད་དགོངས་པ་བཞེས་སྟངས་དེ་འདྲ་ཡོད་ན་བོད་པ་ལ་རེ་བ་འདུག
དེ་འདྲའི་ཡག་པོ་གསུང་གི་འདུག མ་འོངས་ན་གཞོན་ཚོས་མིག་དཔེར་ལྟ་འོས་པ་འདུག བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་དུ་སློབ་སྦྱོང་དང་དམིགས་ཡུལ་ཡོད་མཁན། ལྷག་བསམ་དང་ཕུགས་འདུན་ཡོད་མཁན། ཉམས་མྱོང་དང་སྙིང་སྟོབས་ཡོད་མཁན་ཁྱེད་ཚོ་ནང་བཞིན་མང་རུ་བྱུང་བ་ཡིན་ན། ངེད་བོད་པ་ཚང་གཞན་འོག་ཏུ་མགོ་སྒུར་མི་དགོས་པ་ཆགས་ངེས།
མཐིལ་ཕྱིན་པའི་ཉམས་ཞིབ་དང་། གནད་ལ་འཕིགས་པའི་དགོངས་འཆར་ལྷུག་པོར་གནང་བར་སྙིང་ནས་དགའ་བསུ་དང་བསྔགས་བརྗོད་ཡོད།
བསྟན་རྡོར་དང་བསྟན་བདེ་གཉིས་ནས་མདོ་འཛིན་པའི་དྲི་བའི་ལན་ལ་ཡོལ་གཟུར་མེད་པར་དྲི་ལན་ཏག་ཏག་ ཏག་ཏག་བཏབ་སོང་། གནད་ལ་ཁེལ་བ་རང་རེད། ཧྲ་གི
བསྟན་རྡོར་ལགས་ཀྱིས་སྐད་གཅིག་གི་ཐོག་ནས་སློབ་སྦྱོང་བྱེད་དགོས་བའི་སྐོར་ཡག་པོ་གསུངས་པ་མ་ཟད་གནད་འགག་ཡང་འདུག སྐད་ཆ་ཡང་དྲང་མོ་རེད། བོད་ཡིག་ཐོག་ནས་སློབ་སྦྱོང་བྱེད་དགོས་སྐོར་ལ་གལ་ཆེན་རེད། ལོ་ལྔ་བཅུའི་རིང་ལ་བཙན་བྱོལ་གཞུང་ལ་ཚན་རིག་ལག་ཤེས་ཅན་གྲངས་ཀ་ངོས་འཛིན་འགའ་ཡོད་མེད་ཐེ་ཚོམ་རེད།
དྲ་གྲོགས་ཚོ། སྤྱི་སྤྱོད་དྲ་རྒྱའི་ནང་ཡིག་ནོར་མ་སྤུང་རོགས།
བཙན་བྱོལ་ནང་ཤེས་ཡོན་རྨང་གཞི་ཡར་རྒྱས་གཏོང་ཐབས་ཐད་མི་རབས་གསར་པ་ཚོས་གྲོ་གླེང་ཡག་པོ་གནང་འདུག། རྗེས་སུ་ཡིད་རངས་ཡོད། ནམ་རྒྱུན་མི་རབས་རྒན་པ་ཚོས་ངག་རྒྱུན་དུ། ཇ་དང་དགེ་རྒན་ཚ་ན་དགའ། ཡོན་ཏན་དབྱུག་པའི་འོག་ལ་ཡོད། ཞེས་པའི་ངག་རྒྱུན་དེ་ལས་ལྡོག་ཕྱོགས་ཀྱི་དངོས་ཐོག་བདེན་འཚོལ་གྱིས་བྱིས་པའི་སེམས་ཁམས་དངོས་དང་འབྲེལ་ནས་ཤེས་ཡོན་སློབ་གསོ་སྤྲོད་རྒྱུ་དེ་དགེ་རྒན་དང་ཕ་མ་འཛིན་སྐྱོང་བཅས་ཀྱིས་ངེས་པར་དུ་དང་ལེན་གནང་རྒྱུ་གལ་ཆེའི་ནང་གི་དོན་ཆེན་རེད། དེའི་ཐད་ནུབ་ཕྱོགས་ཀྱི་ཤེས་ཡོན་སློབ་གསོ་དང་ལྷག་པར་དུ་བྱིས་པའི་སློབ་གསོ་སྤྲོད་སྟངས་ལ་སློབ་སྦྱོང་ངེས་པར་དུ་གནང་དགོས་པར་འདོད།
བཙན་བྱོལ་དུ་་སྐྱེས་ཤིང་ཁོར་ཡུག་གི་དབང་གིས་བོད་ཡིག་ཐོག་ལ་རང་སྐྱ་འཕེར་བ་ཡོད་མེད་ཇི་ལྟར་ཡང་ཕ་མེས་ཀྱི་ལ་རྒྱ་སེམས་ཁོངས་སུ་བཅངས་ནས་བོད་སྐད་གཙང་མའི་ཐོག་ནས་བགྲོ་གླེང་དེ་ལྟར་གནང་བ་ཡག་པོ་རེད་ལ་གཞོན་སྐྱེས་མང་པོ་ཞིག་ལ་ཤུགས་རྐྱེན་ཡང་ཐེབས་ངེས་རེད། སློབ་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་བར་རྨངས་གཞི་ཞིག་དགོས་ལ་དེ་ཡང་རང་མི་རིགས་ཀྱི་སྐད་ཡིག་ནས་འགོ་འཛུགས་དགོས་དང་པོར་བོད་ཡིག་ཐོག་ལ་བྱང་ཆུབ་པ་ཞིག་བྱུང་ན་དེའི་ཐེམ་སྐས་ལ་བརྟེན་ནས་སྐད་ཡིག་གཞན་པ་དང་དེང་རབས་ཀྱི་ཤེས་བྱ་རྣམས་སྦྱོང་རྒྱུར་གཏིང་ཟབ་པོའི་ཕན་ཐོགས་ཡོང་ངེས་རེད། དེ་ལྟར་ཡོང་བར་ད་ཡོད་ཀྱི་སློབ་དེབ་དེ་རྣམས་སློབ་མའི་སེམས་ཁམས་དང་མཐུན་པའི་གྲ་རྒྱས་སུ་གཏོང་དགོས་པ་དང་། དགེ་རྒན་རྣམས་ཀྱང་ཚད་མཐོ་བོ་དགོས་པ་ཡིན།
བསམ་ཚུལ་ཡག་པོ་གནང་འདུག
འདི་ངོ་མས་ཡག་པོ་འདུག ཁ་ཚ་དགོས་གཏུགས་རེད། མུ་མཐུད་ནས་འདི་ལྟ་བུའི་བགྲོ་གླེང་ལྷུག་པོ་རེ་ཡོང་བའི་རེ་བ་ཡོད།
སྔགས་འོས་པའི་ཡག་པོ་འདུག་ ལྷག་པར་དུ་ཁོང་རྣམས་པའི་བོད་སྐད་གཙང་ཞིང་ སྙན་ལ་ བརྗོད་བྱ་དོན་དང་ལྡན་པ་སོགས་མིག་དཔེ་བཟང་པོ་ཞིག་བཏོན་གནང་བར་ཐུགས་རྗེ་ཆེ་ བསྟན་རྡོར་གྱིས་གསུངས་པ་ངོ་མ་རང་རེད་འདུག་ དེང་སང་བཙན་བྱོལ་ནང་གི་རྒན་གཞོན་ཕོ་མོ་མང་ཆེ་བས་བོད་སྐད་དང་དབྱིན་སྐད་ཧིན་དྷི་སྐད་གསུམ་སྲེས་ནས་སྐད་གོ་བརྡ་སྤྲོད་ཐུབ་པ་བྱེད་པ་ལས་ སྐད་ཡིག་གཅིག་རང་གཙང་མ་བེད་སྤྱོད་གཏོང་ཐུབ་ཁན་ཧ་ཅང་དཀོན་པོ་འདུག་།
དེ་རིང་ཕྱི་དྲོ་ཆེད་དུ་གུང་གསེང་བཏང་སྟེ་དྲ་ལམ་ཡག་ས་ཞིག་ནས་གཞོན་སྐྱེས་ཚོས་བགྲོ་གླེང་འདི་ལ་ཞིབ་ཚགས་བལྟས་པ་ཡིན། ངོ་མ་སློབ་སྦྱོང་གི་འབྲས་གསལ་ནས་ཡོང་གི་འདུག་སྙམ། ང་ཚོ་ལ་དེང་རབས་གཞོན་སྐྱེས་ཁོང་ཚོ་འདྲ་བ་ཁྲི་འབུམ་དགོས་ཀྱི་འདུག
བགྲོ་གླེང་འདི་དང་དེ་འདྲ་བ་མང་ཙམ་དགོས་ཀྱི་འདུག དེ་ཡང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་རིགས་རྒན་གཞོན་ཕོ་མོ་ཚང་མས་མཉམ་བཞུགས་བྱས་ན་ཧ་ལས་པའི་འགུལ་བསྐྱོད་ཅིག་མི་ཡོང་ངམ་སྙམ་གྱིས། དེར་བརྟེན་དེ་འདྲ་བ་མང་ཙམ་དགོས་ཀྱི་འདུག
ཕྲུ་གུ་བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཆགས་མིན་དེ་ཕ་མ་གཉིས་ལ་འགན་གཙོ་བོ་ཡོད་པ་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་རེད། དེར་བརྟེན་ཕ་མ་རྣམས་ཀྱིས་སློབ་གསོ་མི་ནོར་བ་ཞིག་རྒྱག་རོགས།
བསྟན་རྡོར་ལགས་ཀྱིས།
ང་ཚོ་བོད་པར་བོད་སྐད་གཅིག་དང་། བོད་ཡིག་གཅིགདང་། འབྲི་སྟངས་གཅིག་མི་འདུག ཟེ་བ་འདི་ཤིནད་ཏུ་ནས་བདེན་པ་རེད་དོ། བོད་མིས་རངགི་འཚང་རང་གིས་ཤེས་པ་མཁན་ཡོད་པ་དང་། དེའི་སྐོར་ཤོད་ཕོད་པ་དང་། དེ་ལ་འགྱུར་བ་་གཏོང་འདོད་པ་ནི། རླབས་ཆེན་རེད་དོ།