བོད། ལྷ་ཀླུ་གཉན་གསུམ།
ང་ལ་བོད་མི་ས་ཡ་གཅིག་ལྷག་གི་རྣམ་ཤེས་ཀྱིས་དྲན་བསྐུལ་གཏོང་བཞིན་ཡོད་ལ། ཤེས་རབ་དང་སྙིང་རྗེ། གཞན་ཕན་དང་དྲང་བདེན། རང་དབང་གི་མེ་ལྕེ་ཁྲོད་དུ་ལྷབ་ལྷུབ་དུ་འབར་བཞིན་པའི་བོད་མི་རིགས་ཀྱི་དུས་རབས་གསར་བའི་དབའ་རྒོད་དེ་དག་གིས་གཅིག་རྗེས་གཉིས་མཐུད་དུ་ང་རང་ལ་དྲན་སྐུལ་གཏོང་གི་འདུག ཁྱོད་རང་བོད་མི་རེད། བོད་མི་རིགས་ཀྱི་འགན་ཡོད། བོད་མི་རིགས་ཀྱི་འདུ་ཤེས་ཡོད། བོད་མི་རིགས་ཀྱི་སེམས་པ་ཡོད། དེ་དག་ནི་ཁ་ནས་བཤད་དེ་འོང་བ་ཞིག་གཏན་ནས་མིན། ལག་ལེན་དངོས་སུ་ཞུགས་དགོས་པ་རེད། ད་གཟོད་གྲུབ་འབྲས་ཀྱི་ཁ་གྲགས་ངེས་རེད་ཟེར་གྱི་འདུག ངས་ཁོང་ཚོ་ལ་གུས་འདུད་ཞུ་བཞིན། ངས་ཁོང་ཚོས་བློས་གཏོང་བའི་ཚེ་སྲོག་གི་བདེན་པ་དེ་དག་འཁུར་ནས་ལམ་དུ་ཆས་བཞིན་ཡོད།
ང་རང་ལམ་ལ་ཆས་སྟངས་འདིས། ངས་རང་གི་ཤ་ལས་མཆེད་པའི་བུ་དང་བུ་མོ་གཉིས་སྡུག་ལ་སྤྱར་ཡོད། རང་གི་མཛའ་མོ་སེམས་ཁྲལ་གྱི་ནང་དུ་བཞག་ཡོད། སྙིང་གི་གྲོགས་མོ་ཞིག་སེམས་ངལ་ལ་གཏད་ཡོད། འདི་ལྟར་ངས་རང་གི་ཁོར་ཡུག་གྱི་སྙིང་ཉེ་བའི་མི་མང་བོ་ཞིག་སྡུག་ལ་གཏད་ཡོད་ཀྱང་། སྡུག་བསྔལ་དེ་ཡི་ཕར་རྒྱབ་དུ་བདེན་པ་ཞིག་དང་རང་དབང་ཞིག ཞི་བདེ་ཞིག་གི་ཆེད་དུ་ང་རང་ལམ་ལ་ཆས་བཞིན་ཡོད་དུས། ཁོང་ཚོ་སྐྱོ་བ་དེ་ནི་ང་རང་གིས་རྒྱབ་རོགས་ཡིན་ལ། ང་རང་གི་སྤོབས་པར་འགྱུར་དགོས། དེ་མིན་ན་ང་རང་འདི་ལྟར་རིགས་ཀྱི་སྙིང་སྟོབས་དང། རིགས་ཀྱི་ཤི་གསོན་ཆེད་དུ་བླངས་མི་ཐུབ་པ་ཡིན། གང་ལྟར། ངས་བློས་གཏོང་བྱེད་དགོས། ཁྱིམ་དང་མཛའ་བོ། བུ་དང་བུ་མོ་གཉིས། དེ་རིང་ངས་རང་ཉིད་ཆུང་དུས་སུ་འཁྲབ་མྱོང་བའི་རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དེ་དྲན་གྱི་འདུག
ད་དུང་ངས་མང་བོ་མང་བོ་ཞིག་ལ་བསམ་བློ་གཏོང་མྱོང་ཡོད། གཏོང་མྱོང་བ་དང་མྱོང་ཚར་བའི་གཏམ་རྒྱུད་ཆེས་མང་བོ་ཞིག་གི་ཁྲོད་ནས་ང་རང་ཡིན་གཅིག་མིན་གཅིག་ལམ་དུ་ཆས་དགོས་པར་བཤད་ཀྱི་འདུག བཤད་ལ་དགའ་བ་ནས། ཤེས་པར་དགའ་བ་དང་། ཤེས་པར་དགའ་བ་ནས་སྒྲུབ་པར་དགའ་བ། སྒྲུབ་པར་དགའ་བ་ནས་སྤོབས་པ་ཡོད་དགོས། སྤོབས་པ་ཡོད་པ་ནས་བློས་གཏོང་དགོས་པ་སོགས་ཀྱིས་གནས་ལུགས་མཐར་ཐུག་གིས་ང་ལ་སྐུལ་འདེད་བྱེད་ཀྱི་ཡོད། སྐུལ་འདེད་དེ་དག་ནི་ཕྱོགས་རུས་ཤིག་རེད་མི་འདུག་ལ། དེ་ནི་བདེན་པ་ཞིག་རེད། དྲང་བདེན་ཞིག་རེད། རང་དབང་ཞིག་རེད། ཞི་བདེ་ཞིག་རེད། འདི་དག་གི་ཆེད་དུ། ང་ལ་སྣང་འགྱོད་མེད་པའི་བློས་གཏོང་གི་བསམ་བློ་དེ་རྙེད་ཡོད།
བོད། ལྷ་ཀླུ་གཉན་གསུམ་ལགས། སྐུ་ཉིད་ག་བར་ཆས་ཀྱི་ཡོད་ན་ངོས་རང་ལ་ཆ་མ་འཚལ་ཡང་། ཁྱེད་རང་བཟའ་ཚང་གི་བདག་པོ་ཞིག་ཡིན་དུས་བསམ་བློ་ངེས་ཅན་ཞིག་བཏང་ནས་ཕྱག་ལས་གནང་ན་མ་གཏོགས། བུ་ཆུང་དང་བུ་མོ་ཆུང་ཆུང་དེ་གཉིས་ཀྱི་མི་ཚེའི་མདུན་ལམ་བལྟ་མཁན་ཁྱེད་རང་ལས་ལྷག་པ་ཞིག་འཇིགས་རྟེན་འདི་ན་རྙེད་པར་དཀོན། དེ་རྩིས་ཀྱིས་བློས་གཏོང་ཕྱོགས་ལ་དགོངས་པ་བཞེས་རོགས་གནང་། །
བོད། ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ག་བར་ཆས་ཀྱི་ཡོད་མེད་གུས་པས་ཆ་་མརྟོགས་ཀྱང་། ཁྱེད་ལ་དགོང་ཚུལ་འདི་འདྲ་ཞིག་བརྙེད་པ་ནི་བློ་སྟོབས་དང་བོད་ནང་གི་ལྷག་བསམ་གྱི་མེ་ལྕེ་དེཁྱེད་ལ་ཆེབས་པ་ཞིག་རེད་སྙམས།། ཁྱེད་་ཀྱི་རང་ཉིད་ངོ་ཤེས་པའི་རེ་བ་ཡོད།།
འོ་འོ་་་་་འདི་ན་མི་རིགས་ཀྱི་དཔའ་རྒོད་ངོ་མ་ཞིག་ལམ་ལ་ཆས་ཀྱིན་འདུག ལམ་གྲོགས་སུ་སྙིང་ཉེ་བའི་ཕུ་ནུ་མིང་སྲིང་འདས་པོ་ཚོའི་རྣམ་ཤེས་རང་ལས་མེད་ཚོད་འདུག ལག་པ་ནས་འཐེན་ཏེ་མ་འགྲོ་ཟེར་མཁན་བུ་དང་བུ་མོ་གཉིས་རེད་ལ་ཕྱི་འདང་ཡང་ཅུང་རྒྱག་དགོས་པ་ཁོང་གཉིས་ལས་གཞན་ཡོད་ཚོད་མེད་ཀི དཔའ་བོ་ལགས་ཐེངས་ཤིག་ཕྱིར་ལྟོས་གནང་དང་། གཅེས་ཕྲུག་དེ་གཉིས་ཀྱི་མིག་ཟུང་ན་ཁྱེད་ཉིད་ཀྱི་བྱམས་བརྩེ་མཁོ་བའི་བརྡ་དོན་གྱི་མཆིལ་མ་འཐོར་གྱིན་པར་བློས་བཏང་ཐུབ་བམ། བློས་བཏང་ཐུབ་བམ་་་་ཅི་འདྲའི་གླེན་རྟགས་ཚ་བ་ལ་ཨང་། །
བོད་ལྷ་ཀླུ་གཉན་གསུམ་ལགས།
བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་ཚུལ་ལ་བསམ་ན་ཉིན་མོ་ཁྱོལ་ཡང་མཚན་མོ་མི་ཁྱོལ་བའི་གནས་སུ་གྱར་ཡོད། ཡིན་ན་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་ཐོག་སྙིང་སྟོབས་མ་ཞུམ་པར་རང་གི་རིག་གཞུང་གཅེས་འཛིན་གནང་ཐུབ་ན་བདེན་པའི་རྒྱལ་ཁ་ང་ཚོར་ཐོབ་ངེས། བོད་རྒྱལ་ལོ།
བོད་ལྷ་ཀླུ་གཉན་གསུམ་གྱིས་བོད་ནང་གི་དཔའ་པོ་འདས་པོ་ཞིག་གི་ཞལ་ཆེམས་ཕབ་སྒྱུར་གྱིས་འདིར་བཀོད་པར་འདོད།
དེ་མིན་ན་ཁོང་ལམ་ལ་བུད་སོང་བའི་སྐུལ་བ་ཞིག་རེད་འདུག ཁོང་གླེན་པ་མ་རེད་ལ་སྨྱོན་པ་ཡང་མ་རེད། རྒྱལ་གཅེས་ཀྱི་དཔའ་བོ་ངོ་མ་རེད། ཁོང་རྣམ་སྤྱོད་ལྡན་པའི་སྨྱུག་ཐོགས་པ་ཡིན་ཙང། ལམ་ལ་བུད་ནས་སླེབ་ས་ཡང་དོན་ལྡན་ངེས་ཅན་ཞིག་ཡོད་པ་ཐག་ཆོད་རེད། གཏམ་བཟང་ཞིག་ཐོས་རན་ལ་འདུག ཕ་བཟང་གི་བུ་ཡིན་་་་ཁ་རེ། བོད་རྒྱལོ།། བོད་ལྷ་ཀླུ་གཉན་གསུམ་རྒྱལོ།། ཀི་ཧི་ཧི་ཧི་་་་་།
དྲ་གྲོགས་ཚོ། བོད་ལྷ་ཀླུ་གཉན་གསུམ་ཁོང་བཞུགས་ཡུལ་ག་བ་རེད་གཅིག་གསུང་རོགས་གནང་། ཐུགས་ཆེ།
བོད་ལྷ་ཀླུ་གཉན་གསུམ་གྱིས་བོད་ནང་གི་དཔའ་པོ་འདས་པོ་ཞིག་གི་ཞལ་ཆེམས་ཕབ་སྒྱུར་གྱིས་འདིར་བཀོད་པར་འདོད།
དེ་མིན་ན་ཁོང་ལམ་ལ་བུད་སོང་བའི་སྐུལ་བ་ཞིག་རེད་འདུག ཁོང་གླེན་པ་མ་རེད་ལ་སྨྱོན་པ་ཡང་མ་རེད། རྒྱལ་གཅེས་ཀྱི་དཔའ་བོ་ངོ་མ་རེད། ཁོང་རྣམ་སྤྱོད་ལྡན་པའི་སྨྱུག་ཐོགས་པ་ཡིན་ཙང། ལམ་ལ་བུད་ནས་སླེབ་ས་ཡང་དོན་ལྡན་ངེས་ཅན་ཞིག་ཡོད་པ་ཐག་ཆོད་རེད། གཏམ་བཟང་ཞིག་ཐོས་རན་ལ་འདུག ཕ་བཟང་གི་བུ་ཡིན་་་་ཁོ་རེ། བོད་རྒྱལོ།། བོད་ལྷ་ཀླུ་གཉན་གསུམ་རྒྱལོ།། ཀི་ཧི་ཧི་ཧི་་་་་།
ལྷ་ཀླུ་གཉན་གསུམ།
ཁྱོད་ལམ་དུ་ཆས་རྒྱུ་ཞེས་པའི་སྐད་ཆ་འདི་ཧ་ཅང་གི་སྔ་དྲག་པའི་བསམ་ཚུལ་ཞིག་ཡིན་ཐོག་སྔ་འདང་ཕྱི་འདང་ཞིབ་མོ་ཞིག་མ་རྒྱབ་པའི་སྐད་ཆ་རེད། དེ་ཡིན་པ་དེ། གནས་ལུགས་ཤེས་པ་དང་བྱ་བ་སྒྲུབ་པ། ་སྤོབས་པ་དང་བློས་གཏོང་སོགས་ནི་ཡུལ་དུས་སོ་སོར་སྒྲུབ་སྟངས་མ་འདྲ་བ་དང་། གྲུས་འབྲས་མ་འདྲ་བ་རེ་ཡོད་པ་རེད། ས་ཆ་གཅིག་གི་ལས་ཀ་ས་ཆ་གཞན་ལ་ཇི་མ་ཇི་བཞིན་ཡོང་གི་མ་རེད། གྲུབ་འབྲས་དང་ནུས་པ། བསྒྲུབ་སྟངས་སོགས་མ་འདྲ་བ་རེ་ཡོད་པ་རེད།
མ་བཅོས་སླད་མེད་ཀྱི་སེམས་ཞིག་ཡོད་ཕྱིན་འགྲོ་འདུག་སྤྱོད་གསུམ་སྐབས་གང་དུའང་སྤྱི་དོན་ཡལ་བར་འཇོག་མྱོང་མེད་པ་མ་ཟད། ཐ་ན་དེ་འདྲ་བའི་མི་དེ་དགོང་མོ་ཉལ་པའི་དུས་སུའང་སྤྱི་དོན་དུ་ཉལ་གི་ཡོད་ཟེར་ན་འགྲིག དེ་འདྲ་ཡིན་དུས་དེ་ལྟ་བུའི་མི་ནི་རྐང་གཅིག་ཡིན་ན་ཡང་ལམ་དུ་ཆས་ན་ཡིད་ཕང་བའི་གནས་ལགས།
འོན་ཀྱང་།འཇིག་རྟེན་ཐོག་གི་སྩོལ་ག་འདྲ་ཞིག་ཡིན་ན་ཡང་གྲུབ་འབྲས་ལ་བལྟ་རྒྱུ་དེ་གཙོ་བོ་དང་།དེ་ནས་ཚོད་དཔག་གང་འཚམ་མེད་ན་འབྲས་བུ་སྟོང་པ་ཆགས་སྲིད་གི་རེད།
དཔའ་བོ་ལམ་དུ་ཆས་ན་འཇིགས་པ་མེད་ཟེར་བ་ལོས་བདེན། ཡིན་ཡང་། ཁྱེད་ཀྱི་སྙིང་ཉེ་བའི་བཟའ་ཟླ་དང་བུ་དང་བུ་མོ་རྒྱང་རིང་བཞག་ནས་ས་མཐར་སོང་ན་དཔའ་བོ་ཁེར་རྒྱུགས་བྱེད་མི་ཉན། ཕྱི་ལོགས་ཀྱི་བོད་པ་མང་ཆེ་བ་པད་ཤག་ལ་མགོ་འཁོར་ནས་ཧོབ་ཏེ་བལྟས་ན་འདྲ་ཆགས་པོ་ཡོད་མོད་ཕུགས་མི་བརྟན་ཟེར་མཁན་མང་པོ་འདུག །བདེན་མིན་སུས་ཤེས།
ད་རེས་ཁོང་ཆས་ས་དེ་ནོར་མེད་ངེས། ང་ཚོ་གཞོན་རབས་པའི་རྨི་ལམ་དེ་ཁོང་གིས་འགོ་འཛུགས་ཀྱིན་འདུག ཁོང་གིས་ནམ་ཉི་མ་ཞིག་རྒྱ་མའི་གནམ་བདེ་སྒོ་མོའམ། ཁོང་གིས་ཧུ་གཅིན་འཐུང་སོགས་གང་རུང་ཚ་བཀར་ན་བཀར་གྱིས་བོད་རྒྱའི་སྐད་ཆ་ཞིག་ཡོང་ཐབས་ཏན་ཏན་བྱེད་སྲིད། དེ་མིན་ཁོང་གིས་ས་ཁུག་ཅིག་ན་ཁུ་སིམ་མེར་རང་ཤིག་ནི་རྒྱག་མི་སྲིད།
ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱི་ཞུམ་མེད་ཀྱི་སྙིང་སྟོབས་དང་ཟུར་མེད་ཀྱི་ལྷག་བསམ་ལ་ངས་གུས་འདུད་ཡོད།
ཡག་པོ་བྲིས་འདུག རྒྱབ་སྐྱོར་ཡོད།
ངོ་མ་སྐད་ཆ་འདི་གོ་ཙམ་ནས་འཕངས་སེམས་བཟོད་དུ་མི་འདུག ཕལ་ཆེར་དཔའ་ཁེར་རྒྱུགས་བྱ་རྒྱུ་ཟེར་བཞིན་ཡོད་པ་འདྲ། དེའི་ཕྱོགས་སུ་ངེས་པར་དུ་བསམ་གཞིགས་ཟབ་ནན་གནང་དགོས། དཔའ་བོ་གཅིག་རེ་གཅིག་རེ་འདི་ལྟར་བཞུད་སོང་ན། དེའི་གྲུབ་འབྲས་སམ་འཇུག་འབྲས་སུས་ཁེག་ཐག་བྱ་ཐུབ་བམ། རང་སྲོག་བློས་གཏོང་ཕོད་མཁན་ད་དུང་མ་མང་ན་ཉུང་མི་སྲིད། རེད་དེ་ང་ཚོར་གྲ་འགྲིག་ལེགས་པོ་ཞིག་དགོས་པ་རེད། འདི་ལྟར་བྱས་ན། གཅིག་རེ་གཅིག་རེ་ལས་མཉམ་བསྡེབ་བྱས་ན། ས་གནས་གཅིག་ཏུ་མ་ཐུབ་ནའང་དུས་ཚོད་གཅིག་ལ། གནད་འགག་གི་དུས་ཚོད་ཅིག་ལ། ཡང་མིན་ན་ཡུན་ཅན་དང་སྡུག་རིས་ཅན་གྱི་བྱ་འགུལ་ཞིག་སྤེལ་ཕྱོགས་ལ་བསམ་བློ་བཏང་ན། གང་ལྟར་ཀྱང་བློ་དང་འཆར་གཞི་ཡོད་མདོག་བྱ་མཁན་དག་གིས་ད་ནི་བློ་འདོན་རན་དང་བཀོད་པ་འཐེན་རན་རེད། མྱུར་ནས་མྱུར་དུ། ད་དུང་ཁ་རྒྱག་བཤད་པའི་དུས་མ་རེད། ཚེ་སྲོག་ཟེར་བ་འདི་རང་སོ་སོ་ལ་གལ་ཅི་ཙམ་ཆེ་གི་བསམ་གཞིགས་བྱོས། མགོ་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་སོགས་གནད་ཡོད་ཚོས་ཀྱང་དོན་རྐྱེན་མ་བྱུང་སྔོན་ལ་གོ་ཐབས་བྱ་རོགས། དྲ་བའི་རྩོམ་སྒྲིག་པས་ཐབས་ཤིག་གནང་རོགས།
ཉི་མ་འདི་ཚོར་སེམས་པ་འདི་ལྷོད་ལ་འབབས་མི་ཐུབ་གི ནམ་རྒྱུན་སྐྱོ་སྡུག་དང་མིག་ཆུ་ཁོ་ནའི་་་་་་་་་་་་་་་་་་་་་་་་་་་་་་་་་
བོད་ལྷ་ཀླུ་ལགས།
དཔའ་ཁེར་རྒྱུག་ཁྱོན་ནས་མ་བྱེད་རོགས།
རང་ཉིད་ཕྱི་ཡུལ་གྱི་ཉམས་ཞིབ་པ་ཞིག་ཡིན་པའི་ཆ་ནས་རང་རིགས་ཀྱི་རིག་གཞུང་ལ་ཞབས་འདེབས་ཤིག་ཞུ་ཐུབ་ན་བོད་ཀྱི་རྩ་དོན་ལ་ཕན་གྱི་རེད་སྙམ་སྟེ་ཉིན་མཚན་བསྟུད་མར་དང་ནམ་ཞག་རྒྱུན་དུ་སློབ་གཉེར་ལ་འབད་ཀྱིན་ཡོད། ང་ཚོ་ལ་འདི་ལས་གཞན་བྱེད་དགོས་པ་མང་པོ་ཞིག་ཡོད་པ་རེད།
གང་ལྟར་ཁྱོད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད།
ཐུགས་བསམ་བསྐྱར་དུ་བཞེས་རོགས། ་
གྲོགས་པོ་ལགས། སྐབས་རེར་ཕྱིར་ནུབ་གོམ་པ་གཅིག་བྱོས་དང་མདུན་གྱི་ས་རྒྱ་ཆེ་རུ་འགྲོ།
ཡི་རངས་ཡོད།
ལྷ་ཀླུ་གཉན་གསུམ་གྱི་གསུངས་པ་དེ་ལ་རྗེས་སུ་ཡིད་རིང་གྲངས་མེད་ཡོད་་་་་་་་་མུ་མཐུད་བཞིན་དུ་ཡིན་ད་་་་་་
ཧ་ཅང་ཡག་པོ་རེད་ད་་་་་་
རྩོམ་ཡིག་འདི་ཀློག་གིན་ཀློག་གིན་མིག་ནས་མཆིལ་མ་རང་བཞིན་ཐོན་སོང་། རྩོམ་ཡིག་འདིའི་སླད་མེད་ཀྱིས་ཚོར་བ་དངས་མོ་ཞིག་གིས་ང་ལ་སྤྲད་སོང་། འདས་ཟིན་པའི་དཔའ་རྒོད་ཚོ་སེམས་ལ་དམར་ལྷེམ་ལྷེམ་འཁོར་སོང་།
རྩོམ་ཡིག་འདི་ཀློག་གིན་ཀློག་གིན་མིག་ནས་མཆིལ་མ་རང་བཞིན་ཐོན་སོང་། རྩོམ་ཡིག་འདིའི་སླད་མེད་ཀྱིས་ཚོར་བ་དང་མོ་ཞིག་་ང་ལ་སྤྲད་སོང་། འདས་ཟིན་པའི་དཔའ་རྒོད་ཚོ་སེམས་ལ་དམར་ལྷེམ་ལྷེམ་འཁོར་སོང་།
བོད་ལྷ་ཀླུ་གཉན་གསུམ། ཁྱེད་ཀྱི་རྩོམ་ཡིག་ལྟར་དོན་དུ་དེ་ལྟར་གནས་མིན་གང་ལྟར་ཡང་། སྐུ་ཉིད་འཇིག་རྟེན་དུ་བཞུགས་པས་གཟི་བརྗིད་དང་། ཕེབས་པས་རླབས་ཆེ་བ་གང་ཡིན་ནི། ངེས་པར་དུ་བསམ་བློ་གཏང་དགོས་པ་རེད། ངས་ཁྱོད་ཀྱི་སེམས་པ་དམར་པོ་མི་མཐོང་ཡང་། སྐུ་ཉིད་ཀྱི་རྩོམ་ཡིག་ལས་དཔགས་ན། བོད་ལ་དུང་ཞེན་ཅན་ཞིག་ཡིན་པའི་ཚོར་སྣང་བྱུང་། དེས་ན་ངའི་བསམ་ཚུལ་ནི། བོད་ལ་དུང་ཞེན་ཅན་དང་། སྙིང་སྟོབས་ཅན་ཡོད་ཚད་འདི་ལྟར་ཆས་འགྲོ་དགོས་པ་ནི་ངོ་མ་སྐྱོ་བ་ཞིག་རེད་ཨང་སྙམ་གྱི་ཡོད།
ཨ་མའི་བུ་སྙིང་སྟོབས་དང་སྙིང་སྟོབས་མ་འདྲ་དེ་འདྲ་རེད།ལམ་ཆས་གྲབས་ཡོད་པའི་་ཁྱེད་ལ་གུས་འདུད་ཞུ་རྒྱུ་ཡིན་ལ།བུ་རྒོད་པོ་ལམ་ཆས་ཚར་ན།ཕྱིར་ལྟོས་མ་གནང་རོགས་གནང།བོད་རྒྱལ་ལོ།
ཁྱེད་ལམ་དུ་ཆས་ནས་གང་དུ་འགྲོ་བ་དང་གང་དུ་སླེབས་མིན་མ་ཤེས་མོད། ངས་བཤད་འདོད་པ་གཅིག་ནི་རང་གི་ཚེ་སྲོག་ལ་གཅེས་སྤྲས་གནང་རོགས། རང་སྲོག་རང་གིས་གཅོད་པའི་ལམ་ལ་མ་ཞུགས་རོགས། ཁྱེད་ཀྱི་མཛའ་མོ་དང་བྱིས་པའི་ཆེད་དུ། ཁྱེད་ཀྱི་ཉེ་བཞི་རྩ་ལག་དང་བཅས་པའི་ཆེད་དུ། ཁྱེད་ཀྱི་མི་རིགས་འདིའི་ཆེད་དུ། དེ་མིན་པའི་ལས་འགུལ་གང་ཞིག་ཡིན་ཡང་རྒྱབ་སྐྱོར་དང་བསྔགས་བརྗོད་གྲངས་མེད་ཡོད། གདམ་ཀ་མ་ནོར་བ་ཞིག ཕོ་རྒོད་པོ།
ལྷ་ཀླུ་ལགས་རྗེས་སུ་ཡི་རངས་ཡོད། བུ་དང་ཆུང་མ་སྲོག་བཅས་པ་བློས་གཏོང་བ་ནི་བྱང་ཆུབ་སེམས་དཔའ་ཁོ་ནའི་སྤྱོད་ཡུལ་རེད། ཁྱེད་ནི་དེ་ཀུན་བློས་བཏང་ནས་འགྲོ་བ་ནི་ལས་སླ་བོ་ཞིག་གང་ནི་ཡིན། འགྲོ་ནི་འགྲོ་གོ་ཆོད་པ་ཞིག་ཁྱེད་ཡིན། རྒྱ་དམར་དཔོན་པོ་ཞིག་དང་སྐེ་སྦྲེལ་ནས་འགྲོ་འདུག་ཟེར་བ་ཞིག་བསྒུག་ནས་སྡོད་རྒྱུ་ཡིན། །
ཕལ་ཆེ་བའི་རེ་འདུན་བཞིན་ཁྱེད་རང་འདི་ལྟར་ལམ་དུ་ཆས་པ་ལས་བུ་ཕྲུག་གཉིས་ལ་སློབ་སྦྱོང་ཡག་པོ་ཞིག་སྤྡད་དེ་བོད་མི་རིགས་ལ་ཕན་ཐོགས་པ་ཞིག་ཡོང་ཐབས་དང་། དེ་བཞིན་རང་ཉིད་ཀྱིས་ཀྱང་རུས་རྐང་ས་ལ་མ་ཟིན་པར་བོད་པའི་རྩ་དོན་ཐོག་གསོན་གནས་ཀྱི་ནུས་པ་ཞིག་འབུལ་ཐུབ་ན། དེ་ཕན་ཐོགས་ཆེ། ད་དུང་ང་ཚོས་དུས་ཚོད་ལ་སྒུག་དགོས། དེ་འདྲའི་སྐབས་ཤིག་ངེས་མེད་ཤར་ཚེ་ཁྱེད་གཅིག་བུ་ག་ལ་ཡིན། ང་ཚོ་ཚང་མ་མཉམ་དུ་ལམ་ལ་ཆས་ཆོག བུ་རྒོད་པོ་དམངས་ཀྱི་རེ་འདུན་ལ་ཉན་རྒྱུ་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བཞིན་ཡོད།
ལོ་གསུམ་རིང་གི་དྲ་གྲོགས་རྙིང་པ་ཞིག་གི་ཚད་དུ་འཇོག་ན། ད་དུང་ལམ་ལ་ཆས་མ་རན། ད་ལྟའི་དུས་འདིར་ཚེ་སྲོག་གི་དམར་མཆོད་ལ་རིན་ཐང་འཇོག་མཁན་ཞིག་མི་འདུག བྱང་ཆུབ་སེམས་དཔའི་མཛད་པ་སྐྱོང་བའི་སྐབས་སུ་དོན་ཚན་གསུམ་འདི་ངེས་པར་དུ་ཤེས་དགོས།
གཅིག ཡུལ།
གཉིས། དུས།
གསུམ། གནས་སྐབས།
ད་ལྟ་འདི་དོན་ཚན་འདི་གསུམ་གང་གི་ཆ་ནས་ཀྱང་བལྟས་ཀྱང་རང་ལུས་མཆོད་འབུལ་བྱེད་པའི་སྐབས་སུ་བསླེབས་མི་འདུག
དཔའ་རྒོད་ཁྱོད་གཅིག་བུ་འགྲོ་མི་ཉན་ཡ་ད་དུང་བུ་ཆུང་འདབ་ལག་མ་རྒྱས་གོང་འགྲོ་མི་ཉན་ཡ།
ཨ་རོགས་ཨ་རོགས། འདི་དངོས་གནས་ཡིན་ན་ངོ་མ་རླབས་ཆེན་གྱི་བྱ་བ་ཞིག་རེད། གོ་སྐབས་དང་དུས་ཚོད་མ་ནོར་བ་ཞིག་དགོས། ཡིན་ན་ཡང་། ཁྱོད་ལྟ་བུའི་བོད་མི་རིགས་ཞེན་ཅན་ཞིག་འདི་ལྟར་བཞུད་སོང་ན་ག་ལ་འགྲིགས། བུ་རྒོད་པོ་ཅུང་ཙམ་སྒུག་རོགས།
བོད། ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ལམ་ལ་ཆས་ན་གཞན་པ་ཚོས་རང་ཆོས་ཟིན་ཁག་པས། བཞུགས་གཏན་འཇག་རོགས། ཡུན་འཚོ་དང་སྙན་རྩོམ་ཡང་ཡང་གནང་ནས་ཁྱིམ་གཞིས་ཁ་ངོ་ལ་བལྟ་དགོས་པར་སྣང་། གྲོགས་པོ་རང་གཞན་བརླགས་པའི་བྱ་ངན་རིགས་མཚམས་བཞག་ན་བཟང་། གཞན་མ་ཐུབ་པའི་རང་ཚིག་ན་འགྲོ་གཅིག་ལས་མེད་པར་བག་ཡོད་པར་གྱིས།
ད་ལྟའི་དུས་སྐབས་འདིར་རང་ནུས་གང་ཐུབ་ཀྱིས་ཕྲུག་གུ་གཉོར་སྐྱོང་དང་བོད་མི་རིགས་ཀྱི་སྐད་ཡིག་གཙོ་བའི་ཡུལ་སྲོལ་གོམས་གཤིས་དང་བཅས་སོ་སོའི་ཕྲུ་གུར་སློབ་གསོ་དང་འབྲེལ་ནས་འབྱོར་ཅི་ཐུབ་བྱེད་ནའང་བོད་མི་རིགས་ཀྱི་ཚེ་སྲོག་སྐྱོབས་བྱེད་གལ་ཆེན་ཞིག་ཡིན་པ་སྐུ་ཉིད་ཀྱིས་མཁྱེན་ཡོད་ངེས།
ཁ་སྔོན་ཞིག་ནས་ཁྱེད་ཀྱིས་འབོད་ཚིག་སྒྱུར་ཐབས་སོགས་བྱེད་ཀྱིན་པ་ནས་བཟུང་སེམས་པ་བདེ་བོ་ཞིག་ཁྱོན་བྱུང་མ་སོང་། ལོ་ངོ་མང་བོ་ཞིག་གི་རྩོམ་གྲོགས་ཡིན་པའི་ཆ་ནས། ངས་ཁྱེད་ལ་ཞུ་བ་བྱེད་ཀྱིན་ཡོད།
ང་ཚོས་ད་དུང་སྔར་བཞིན་མི་རིགས་འདིའི་ཁ་སྟབས་ཞན་པའི་རིག་གཞུང་། སྐད་ཡིག་དང་རྩོམ་རིག་གི་ཁྱབ་ཁོངས་དང་སྤྱོད་རྒྱ་ཆེ་རུ་གཏོང་དགོས། འདི་ནི་ང་ཚོས་བྱེད་ཐུབ་པ་དང་བྱེད་འོས་པ། བྱེད་དགོས་པ་དེ་ཡིན་ལ། འདི་ལས་གཞན་པའི་བོད་དོན་འཐབ་རྩོད་ཅིག་ད་དུང་འོས་སུ་མི་ཆེ་བས་ཅིས་ཀྱང་དགོངས་བཞེས་གནང་རོགས་ཞེས་ཞུ་བ་ལན་བརྒྱར་འབུལ་གྱིན་ཡོད།
བོད་དོན་འཐབ་རྩོད་དེ་སྐད་ཡིག་དང་རྩོམ་རིག་གཅིག་པུ་འཕེར་བ་ཨེ་ཡིན་ན
རང་གཞན་གྱི་སྲོག་ལ་མི་གནོད་པའི་ལས་འགུལ་ནང་ལ་ད་བཞུགས་རན་འདུག་གོ དྲ་གྲོགས་ཚོ།
བདག་ཅག་སྐྱེས་པ་ནས་བཟུང་འཆི་བདག་དྲུང་དུ་འགྲོ་བ་ཆོས་ཉིད་ཡིན་ཀྱང་། བདག་སོགས་རྟག་འཛིན་ཅན་རྣམས་ཀྱིས་གཏན་དུ་སྡོད་རྩིས་བྱེད། འོན་ཀྱང་བློ་རྣལ་དུ་གནས་ཏེ། སྔོན་དང་ད་ལྟའི་མི་བཟང་པོ་དག་གིས་སྒྲུབ་པ་ལྟར་རང་རེས་ཀྱང་སྒྲུབ་ཐུབ་ན། ཕན་ཐོགས་ཆེ། དེ་མིན་འགྲོ་ནའང་། སྡོད་ནའང་ཁྱད་པར་གང་ཡང་མེད། འགྲོ་ས་ཡང་། བདག་མེད་མ་རྟོགས་ན། ཡར་མཐོ་རིས་དང་། མར་ངན་འགྲོ་གཉིས་ལས་མེད་པར་གསུངས་ཀྱང། གཞན་གྱི་ལུགས་ལ་རྟག་ཏུ་བར་མ་དོར་གནས་པའང་ཡོད་ཅེས་བཤད་དོ།།
ཁྱེད་རང་གནས་གང་ཞིག་ཏུ་འགྲོ་རྩིས་ཡོད་པ་མ་ངེས་ཀྱང་། དྲ་གྲོགས་བརྒྱ་ཆའི་བརྒྱད་ཅུ་ནས་འགྲོ་བ་ལས་བསྡད་ན་དགེ་ཕན་ཆེ་པའི་ཚོད་དཔགས་གནང་ཡོད་པ་གསལ་བོ་རེད། ཁྱེད་རང་མི་རིགས་ཤིག་གི་རྩ་དོན་ཆེད་འགྲོ་ན་རང་དབང་རེད། དྲ་གྲོགས་རྣམ་པའི་བསམ་ཚུལ་ལ་གསན་ན་མང་གཙོ་རེད། བོད་མི་རིགས་ཀྱི་ལ་རྒྱ་ཡོད་པའི་མི་བུ་ཞིག་ཡིན་པ་ཤེས་ཀྱི་ཡོད།
ཨ་རོགས་གྲོགས་པོ་། ངོ་ཤེས་སྙིང་པ་ཞིག་གི་སེམས་གཏམ་སླད་མེད་ཡིན། དེ་འདྲ་ནས་མ་བྱེད་། ཚང་མའི་སེམས་ལ་སྡུག་གཉིས་རྩེག་ཐོག་ལ་གསུམ་རྩེག་མ་འཇོགས་། ང་རང་ཉིད་ལ་མཚོན་ན། ཉིད་ཀྱི་རྩོམས་ཡིག་ཀློག་མཁན་ཞིག་ཡིན་པས་ཆ་ནས་། ཁ་སང་དེ་རིང་གི་བོད་ཁ་བ་ཅན་གྱི་ཤི་སྡུག་ནག་པོའི་དུས་ཚོད་འདིའི་འོག་ཁྱོད་ཀྱི་ཉིན་འགྲོ་ཡང་མཚན་མི་འགྲོ་སར་གནས་ཡོད་པའི་ཚོར་བ་ཚ་བོ་རེ་རེ་ཉིད་ཀྱི་རྩོམ་ཡིག་དག་ལས་གསལ་བོར་ཤེས་ཡོད་། གོང་གི་རྩོམས་ཡིག་དེ་མཐོང་རྗེས་སེམས་ཁམས་སང་སང་འགྱུར་ནས་རེ་བ་འདི་བྲིས་ནི་ཡིན། དེ་མ་བྱེད་ཚང་མར་འདང་ཞིག་རྒྱག་ན། བྱིས་བ་གཉིས་ཡར་མཚར་ཡོད་དུས་ ་་ཨ་པ་་་ ཞེས་འབོད་ས་ཞིག་མེད་པས་སྡུག་དེ་གང་ལ་འཇོག་།
གྲོགས་པོ་ལྷ་ཀླུ་གཉན་གསུམ་ལགས། ཁྱེད་རང་གི་བློ་སྟོབས་དང་ཆོད་སེམས་ལ་ཡི་རང་ཡོད། འོན་ཀྱང་བསམ་བློ་དྲུག་གསུམ་བཅོ་བརྒྱད་གཏོང་བློ་རྩེ་ཉེ་ཤུ་རྩ་ལྔ་བཀོད།
དེ་རིང་ཁྱོད་ཀྱི་སྐད་ཆ་འདི་དག་མཐོང་དུས་ང་དངོས་གནས་སེམས་མ་སྐྱིད་ཐལ།
ཁ་བརྡ་དྲྭ་བར་ལོ་མང་རིང་མིག་ཟུང་གིས་གཅེར་རུང་།
ང་ཡི་སེམས་ལ་ཚབ་ཤར་རྒྱག་ཏུ་འཇུག་པའི་རྩོམ་ཡིག་ནི།
དེ་རིང་གི་ཁྱོད་ཀྱི་སྐད་ཆ་འདི་དག་རེད།
ཁྱོད་འདི་ལྟར་མི་རིགས་དང་རིག་གཞུང་གི་ཆེད་དུ།
ལམ་ལ་འཆས་ཆོག་ལ་ཅི་ཡང་བྱེད་ཆོག
འོན་ཀྱང་འཚོ་བ་གསུམ་པོ་མ་ཟད་ཀྱི་བར་དུ།
འཇིག་རྟེན་གྱི་གྲུ་ཁ་འདི་ནས་གྱེས་ཕྱག་འབུལ་མི་རུང་།
གཏན་ནས་མི་རུང་།
ང་ཡི་རེ་བ་ཡིན།
སྐུ་ཉིད་རང་དབང་དང་ཞི་བདེ་ཡི་ཁྱེད་ལམ་དུ་ཆས་སོང་ང་ཡང་སྐུ་ཉིད་གང་ཆས་སུ་རྗེས་སུ་ཆས་གྲབས་ཡོད
མཆོག་ཏུ་བཀུར་བ་འོས་པའི་བོད་ལྷ་ཀླུ་གཉན་གསུམ་ལགས། ཁྱེད་འདི་ལྟར་ལམ་ལ་མ་ཆས་རོགས། ཆས་ཟིན་པའི་རྒྱལ་གཅེས་པ་དག ཆས་ཤུལ་གྱི་གྲུབ་འབྲས་ལ་གཅིག་གཟིགས་དང་། མི་མང་ན་རོ་མང་བ་ཙམ་ལས་སྒྲུབ་བྱའི་རྩ་དོན་ཐད་ལ་འགྱུར་བ་ཐེབས་ཀྱི་མེད་པ་གསལ་པོར་རེད། འདི་ལྟར་ཆས་པ་ལ་ཕན་ཐོགས་ཡོད་ན་ཕན་ཚོད་ཙམ་ཞིག་ཆས་ཟིན་པ་རེད། ནམ་ཉི་མ་ཞིག་ལ་འདི་ལས་ལམ་ཁ་གཞན་ཞིག་གཏན་ནས་མེད་པའི་དུས་ཤིག་ཤར་ཚེ། ང་ཚོ་ཚང་མ་ལམ་ལ་མཉམ་དུ་ཆས་འགྲོ བློས་གཏོང་ཅི་ཞིག་དགོས་རུང་། མི་སུ་ཞིག་གི་སེམས་ལ་སེམས་ཁྲལ་དང་སྡུག་སྔལ་ཅི་ཞིག་འཇོག་དགོས་རུང་། ཕྱིར་བཤོལ་དང་ཐང་ལྷོད་གཏན་ནས་མེད་པར། དཔའ་མཉམ་སྟག་རོ་གཡག་རོ་དང་། མ་མཉམ་ཁྱི་ཤི་སྤྱང་ལུས་ཀྱི་ལམ་ཁ་འདི་དེད་ནས་ང་ཚོ་ཚང་མ་མཉམ་དུ་ཆས་འགྲོ དེའི་བར་དུ་ངང་སྒུག་གནང་རོགས དཔའ་ཁེར་རྒྱུག་གི་རང་སྲོག་བློས་གཏོང་མ་གནང་རོགས།
ལྷ་ཀླུ་གཉན་གསུམ་ལགས།། ཉིད་ཀྱི་ཁྱེད་ལ་གུས་བཏུད་ཞུ་རྒྱུ་ཡིན། ཐོག་མར་ངས་གོ་དོན་རྟོགས་མ་སོང་ཡང་།་ངས་ཞིབ་པར་ཡང་དུ་གློག་དུས། ཁྱེད་ནས་གསུང་གསལ་་་་་་་་་་་་་་་་་་་་་ངས་ཁོང་ཚོས་བློས་གཏོང་བའི་ཚེ་སྲོག་གི་བདེན་པ་དེ་དག་འཁུར་ནས་ལམ་དུ་ཆས་བཞིན་ཡོད། གསུང་བ་དེས་ཁྱེད་ཀྱང་དེའི་ལམ་དུ་ཆས་ཀྱིན་ཡོད་པ་ཤེས་སོང་། དེ་དག་ནི་ཁྱེད་ཀྱི་བརྗོད་བྱའི་ནང་དོན་ནས་ལྟས་ན་ཁྱེད་ནས་དགོང་པ་ཟབ་མོ་བཞེས་ཟིན་པ་འཚོར་གྱིན་འདུག ཡིན་ནའང་ད་དུང་དགོང་བཞེས་དགོས་པ་ཞིག་ལ། ༧ གོང་ས་མཆོག་གི་བཀའ་སློབ་སྔ་ཕྱིའི་ནང་། རེ་བ་བཟང་ས་ཞིག་ནས་རྒྱོབ། གྲ་སྒྲིགས་སྡུག་ས་ཞིག་ནས་བྱེད་གསུང་བ་བཞིན། རང་ཉིད་ཀྱི་ངོས་ནས་ཞུས་ན། གྲ་སྒྲིགས་སྡུག་ས་ཞིག་ནས་བྱེད་དགོས་པ་ནི། རང་གི་ཆོས་དང་རིག་གཞུང་བོད་མིའི་བླ་སྲོག་སྐད་ཡིག་སྲུང་སྐྱོབས་ཆེད་འབད་དགོས་ལ་ང་ཚོའི་ད་ལྟའི་སྙན་ཕྲང་གི་དུས་ཚོད་འདིར་རྒྱལ་ཁབ་དང་མི་རིག་འདི། འཚོ་གནས་ཐུབ་དགོས་པས་ཁྱེད་ནས་བློད་བཏང་བྱས་པ་བཞིན་དེའི་ཐད་འབད་པ་ཡིན་ན་མི་ཚེ་དོན་དང་ལྡན་པའམ་བོད་མི་རིག་གི་ཆེད་ཁྱེད་ཀྱི་མི་ལུས་རིན་ཆེན་འདི་འཕུལ་པར་ངོས་འཛིན་ཞུ་གི་ཡོད། ད་དུང་ཁྱེད་ནི་ཤེས་ཡོན་ཅན་ཞིག་ཡིན་མ་ཚད་ཁྱེད་ལ་མི་རིག་གི་འདུ་ཤེས་ཟབས་མོ་ཡོད་པའི་ཆ་ནས་ཁྱེད་ཀྱི་ལུས་སྲོག་ཕང་མེད་དུ་ཕྱིན་པ་ཡིན་ན་ང་རང་བློ་ཕམ་ཡོང་ས་རེད། དེ་རྣམས་དངོས་ཡོད་གནས་ཚུལ་ཡིན་ན།་་་་་་་་་་་་་་་་་་་་་་་་་་་་་་་་ ད་དུང་དགོང་པ་བཞེས་རོག་གནང་ཞུ་རྒྱུ་ཡིན། གུས་པ་ཆེན་པོས། ལྷག་བསམ་བཟོད་མེད་ཀྱིས།།
ལགས་རེད། ལགས་རེད། རེ་བ་བཟང་ས་ནས་རྒྱོབས། གྲ་སྒྲིག་སྡུག་ས་ནས་བྱོས། ད་དུང། ད་དུང་། མིག་རྒྱངས་སྲིངས། ཁོག་གསང་ལྷོད་ནས་འཆར་གཞི་གསར་པ་དང་། ལས་འགུལ་སྣེ་མང་ལ་འབད་ན་དོན་ཆེ་ལ། དཀའ་ཚེགས་ཆུང་བར་ཡོང་ངེས་སྙམ་མོ། །
མི་མང་བོས་བསམ་ཚུལ་དྲང་མོ་འཆད་ཀྱིན་འདུག་པས་དེ་་དག་ལ་ངེས་པར་དུ་གསན་གལ་ཆེ། གཞན་འུར་ལ་དགའ་རེ་ཟུང་གིས་སྐད་ཅོར་སྣ་ཚོགས་རྒྱག་བཞིན་པ་དེ་དག་གི་དམིགས་ཡུལ་ཅི་ཡིན་མི་ཤེས། རང་ཉིད་བདེ་ས་སྐྱིད་ས་ནས་བསྡད་དེ་གཞན་ལ་འུར་སློང་བ་ཡག་པོ་མ་རེད།
རག་ཕྱགས་རྡོར་ལགས་ཡང་ཆས་གྲབས་ཡོད་གསུང་འདུག ངོ་མ་ཁྱེད་རྣམས་པས་དེ་འདྲ་མ་གནང། རྩེད་མོ་དང་་ལྟ་ཚོད་ནི་ཡིན་དོག་མེད། དེ་ལས་གཞན་པ་བསམ་ཚུལ་ཡག་ཙམ་དེ་འདྲར་དགོངས་པ་བཞེས་རོགས། ཕ་རོལ་ལ་མ་ཕེབས་ན་དགའ། སེམས་གཏམ་ཡིན་ན་སྙིང་ནས་གུས་འདུད་ཞུ། གནས་ཚུལ་འདི་་་་་་་་་???
ལམ་ལ་ཆས་ཐུབ་མཁན་ཡོད་ན་ནི་ཆས་དགོས་པ་རེད། སྲོག་ལ་སེར་སྣ་བྱེད་མཁན་ཚོ་ནི་མ་ཆས་ན་ཡག་ངེས་རེད།
ཁ་རྒྱག་པ་བཤད་མཁན་དག་ལ་མི་ཉན་རོགས། ཁོང་ཚོའི་དམིགས་ཡུལ་ཅི་ཡིན་དོགས་པ་ཆེ།
མི་སྒེར་གྱི་བདེ་སྡུག་གི་འཇིགས་པ་ལས་སྒྲོལ་ནས་མི་རིགས་ཤིག་གི་བདེ་སྡུག་ཆེད་ལམ་ལ་ཆས་གྲབས་ཡོད་པའི་སེམས་དཔའ་ཆེན་མོ་དེ་ཁྱེད་མིན་ན་སུ་རེད།
གནམ་སྔོན་མོའི་ཁེབ་འོག་ན་རི་དཀར་པོ་ཀྲོང་ངེར་འགྱིངས་པའི་གདོད་དམར་ཚང་གི་ཕ་ཁྱིམ་ནས། ལྟེ་ཁྲག་གངས་སུལ་ན་བསྟབས་པའི་དཔའ་རྒོད་ཚོ་གཅིག་རྗེས་ཉིས་འཐུད་ཀྱི་མེ་དུའི་ཀློང་ན་ཆས་པའི་ཉིན་མོ། སྟེང་ཕྱོགས་ཀྱི་་ལྷ་དང་འོག་ཕྱོགས་ནས་ཀླུ། བར་ནས་གཉན་ཏེ་ལྷ་ཀླུ་གཉན་གསུམ་བྲེལ་ཤ་འཚུབ་ནས་ཆས་པ་ནི་འཕྱི་སྐྱོན་མིན་ན་སྔ་སྐྱོན་མིན་པ་དངོས་འབྲེལ་རེད། ཤུལ་དུ་བཟའ་ཟླ་དང་བུ་ཕྲུག་ཡོད་སྐད་དེ་བདེན་ན་རེ་ཞིག་འཕྱི་འཐེན་བྱས་ཀྱང་ཆོག་གོ།
ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ལ་བློས་གཏོང་གི་བསམ་བློ་འདི་འདྲ་ཞིག་རྙེད་པ་དངོས་གནས་གཟི་བརྗིད་རེད། འོན་ཀྱང་ང་ཚོས་རིགས་འདིའི་ཆེད་དུ་ཡིན་གཅིག་བློས་གཏོང་ཆེན་པོ་དེ་འདྲ་བྱེད་དོན་མེད། ཁྱེད་ཀྱི་བུ་ཕྲུག ཁྱེད་ཀྱི་ཁྱིམ། ཁྱེད་ཀྱི་སྲོག་དེ་རྣམས་ཁྱེད་ལ་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་དུས་དེ་རྣམས་བསྐྱུར་ནས་ཆས་དགོས་པ་དེའང་ཐབས་ཤེས་ལེགས་པ་ཞིག་ཨེ་ཡིན་སྙམ། དེ་ལས་རིགས་དེའི་ཆེད་དུ་སྐད་ཡིག་དང་སྐད། དེ་བཞིན་རིག་གཞུང་སོགས་ལ་རང་ཉིད་ནས་འགོ་བཙུགས་ཏེ་སྦྱོང་དགོས་ལ་མི་ཉམས་གོང་འཕེལ་ཡོང་ཆེད་རང་ཉིད་དང་ནང་མི་དེ་བཞིན་གྲོགས་ཕོ་མོ་ལ་བརྒྱུད་བསྒྲགས་དང་ལག་ལེན་བསྟར་རྒྱུ་དེའང་རང་ཉིད་ཀྱིས་འཇོན་པའི་ལས་འགུལ་ཞིག་རེད་ལ་རིགས་འདི་ལ་ཡང་ཕན་པའི་བྱ་བ་ཞིག་མ་ཡིན་ནམ། དེ་བས་ལྷ་ཀླུ་གཉན་གསུམ་ཁྱེད་ཀྱིས་ཐུགས་བསམ་ཞིག་བཞེས་དགོས་ཚོད།
ལམ་ལ་སུ་ཆས་ཀྱང་ཁྱེད་ཡོད་ནི་མ་རེད། ཡིན་ཡང་ཁྱོད་འདི་ལྟར་ཆས་ན་ཕྲུག་གུ་འདི་གཉིས་ལ་ཨ་ཕ་ཟེར་ནས་འབོད་ས་ཞིག
མི་ཚེ་འདི་ལ་མེད་སོང་ནི་རེད། ངོ་མ་འདི་འདྲ་བྱེད་མི་ཉན་ཡ།
བོད་ལྷ་ཀླུ་࿊གཉན་གསུམ་ལགས། ངོ་མ་ཡིན་ན་ཁྱེད་ཀྱི་བསམ་ཚུལ་ལ་རྗེས་སུ་ཡི་རངས་དང་གུས་འདུད་ཞུ་རྒྱུ་ཡིན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་དང་། ལྷག་པར་ད་བར་བོད་ཕྱི་ནང་གཉིས་ནས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་བྱེད་མཁན་རྣམ་པས་ཀྱང་ཕ་མ་དང་གྲོགས་ཉེ་དུ་ཚང་མ་བཞག་ནས་སོང་བ་ལས་མཉམ་དུ་འགྲོ་ས་དང་འཁྱེར་ས་གཏན་ནས་མེད་པ་མཐོང་ཆོས་མྱོང་འགྱུར་རེད། སྤྱིར་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་བྱེད་པ་ནི་དཔའ་བོ་ཞིག་མིན་ན་གཏན་ནས་མི་ནུས་ཤིང། གལ་སྲིད་རང་སྲོག་གཏོང་མཁན་ཞིག་ཡིན་ཚེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྡུག་ལ་འགན་འཁུར་ཆེན་པོ་ལེན་མཁན་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད། དེ་ལྟ་ན་རང་ཉིད་ཀྱིས་ཀྱང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྒྱུ་གལ་ཆེ། སྤྱིར་རང་སྲོག་བཏང་ན་ཕན་ཐོག་མིན་བཤད་ན་ཕན་ཆེན་པོ་ཐོག་ཡོད་རེད། ད་བར་རྒྱལ་ཁབ་དང་ཚོགས་པ་མང་པོས་བོད་དོན་གླེང་ཤུགས་ཆེ་རུ་འགྲོ་བ་དེ་ཡང་ཁོང་རྣམ་པའི་ལུས་སྲོག་མཆོད་མེར་ཕུལ་བའི་བཀའ་དྲིན་རེད། བཙན་བྱོལ་དུའང་མིག་ནས་མཆི་མ་ཡོང་བཞིན་ལས་འགུལ་སྤེལ་བ་ཡང་དེས་དྲིན་རེད། དེ་མིན་ན་བོད་ཀྱི་འཐབ་རྩོད་དེ་དངུལ་དང་སོ་སོའི་ལྟོ་རྒྱབ་ཀྱི་བར་ན་ཟད་ཀྱིན་པ་ནི་མཐོང་ཆོས་སུ་གྲུབ་ཡོད།
དྲ་གྲོགས་ཚོ་གཟབ་ནན་གྱིས་གསན་ཨཱ། ངའི་གོ་ཐོས་ལ། བོད། ལྷ་ཀླུ་གཉན་གསུམ་ཟེར་བ་འདི། བོད་མི་ཚོས་དག་ཞིང་དུ་སྒོམ་བཞིན་པའི་ནུབ་ཕྱོགས་ཡུལ་གྲུ་ཞིག་ན་འདུག་ཟེར། ས་དེ་ན་ཁོང་ལ་སྙིང་ཉེ་བའི་ཆུང་མ་དང་བུ་བུ་མོ་གཉིས་འདུག་ཟེར། ཁྱིམ་ཚང་གི་ཆ་རྐྱེན་ཡང་ཡག་པོ་འདུག་ཟེར། རྒྱུན་དུ་ཁོང་ནི་གཞན་ཕན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། མི་རིགས་རིག་གཞུང་ལ་དུང་བ་ཟབ་མོ་ཡོད་མཁན་ཞིག་རེད་ཟེར། ན་ནིང་ལོ་ནས་བོད་ནང་དུ་བོད་མི་མང་པོ་ཞིག་བོད་མི་རིགས་ཀྱི་ཆེད། གཅིག་རྗེས་གཉིས་མཐུད་ཀྱིས་འདས་གྲོངས་སུ་ཕྱིན་པ་དེས། ཁོང་ལ་བློ་ཕམ་ཚད་མེད་བྱུང་ཡོད་པ་མ་ཟད། གཞན་ཕན་གྱིས་བསམ་བློ་དེའི་དབང་གིས། རང་གི་རིན་བྲལ་གྱི་ཚེ་སྲོག་མི་རིགས་ལ་འབུལ་འདོད་ཡོད་ཚུལ་གྱི་སྐད་ཆ་གྲོགས་པོ་འགའི་ཁ་ནས་ཐོས་སོང་། གང་ལྟར། ཁ་སང་ངས་གོ་ཐོས་ལ། ལྷ་ཀླུ་གཉན་གསུམ་ཕྱི་རྒྱལ་ན་སེམས་ཐག་བཅད་དེ་ཡོང་གི་འདུག་ཟེར། ཁ་ཆེམས་བཞག་སྟེ་ཡོང་གི་འདུག་ཟེར། ནང་མི་གཡུག་སྟེ་ཡོང་གི་འདུག་ཟེར། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༣ ཉིན་རྒྱ་གར་དུ་འབྱོར་རྒྱུ་རེད་ཟེར། ཤུལ་དུ་ནང་མི་བུ་ཕྲུག་ཚོས་མིག་ཆུ་འདོན་བཞིན་འདུག་ཟེར། དེ་ལས་ཡིད་སྐྱོ་བ་ཞིག་ལ། བོད། ལྷ་ཀླུ་འདིའི་དྲིན་ཆེན་ཕ་མ་གཉིས་ངྷ་ས་ན་སྨྱོ་གྲབས་བྱེད་ཀྱིན་འདུག ཁོང་གི་ཨ་མའི་ཉིན་མཚན་ཀུན་ལ་མིག་ཆུ་འདོན་བཞིན་འདུག་ཟེར། གྲོགས་པོ་ཚོ། ཐབས་ཤེས་ཤིག་ཡོད་ན་ནི། ཁོང་ལ་རོགས་པ་ཤིག་གནང་རོགས། དོན་མེད་དུ་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་གིས་ཚེ་སྲོག་ཤོར་ན། གྱོང་ཆེན་པོ་རག་གི་རེད། འདི་ནི་ངའི་སེམས་གཏམ་ཙམ་ཡིན། ངས་ཀྱང་ཁོང་འདི་ལྟར་བཞུད་པ་མཐོང་སྐབས།་སེམས་ཀྱིས་བཟོད་ཀྱི་མི་འདུག
དངོས་གནས་ཡིན་ན་གང་དྲག ད་དཀོན་མཆོག་མཁྱེན། བདེན་པ་ཉིད་རྒྱལ་གྱུར་ཅིག