ཧོང་ཀོང་དུ་གནས་སྡོད་རྒྱ་རིགས་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག་བོད་དོན་ཆེད་རྒྱ་ནག་གཞུང་གི་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ ཆུ་འབྲུག་ལོའི་ལོ་གསར་ཚེས་ ༡ ཉིན་ཧོང་ཀོང་གི་རྒྱ་རིགས་ཁག་གཅིག་གིས་མ་སྐུལ་དང་བླངས་ཐོག་རྒྱ་ནག་མཉམ་སྦྲེལ་ལས་ཁུངས་ཞེས་པའི་མདུན་དུ་ལྷན་འཛོམས་གནང་སྟེ་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་མྱ་ངན་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་མཆོད་འབུལ་གནང་བ་མ་ཟད། བོད་ནང་རང་སྲོག་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་འདྲ་པར་ཁག་ལས་ཁུངས་དེའི་མདུན་བཤམ་སྟོན་གནང་སྟེ་རྒྱ་ནག་གཞུང་གི་བོད་མིའི་ཐོག་བཟུང་བའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག
སྐབས་དེར་ཧོང་ཀོང་དྲ་རྒྱའི་བརྙན་འཕྲིན་ཞེས་པའི་འགོ་འཛིན་ཡང་ཁོན་གྱིས་གསུང་དོན། ཕྱི་ལོ་ ༢༠༠༨ ཟླ་ ༣ པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དམག་མི་འབོར་ཆེན་བཏང་སྟེ་བོད་མིར་དྲག་གནོན་བྱས་པ་མ་ཟད། དགེ་འདུན་པ་དང་རྩོམ་པ་པོ་སོགས་གང་ལྟར་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་མང་དག་ཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁྲོད་ནས་ཁག་གཅིག་གར་སོང་ཆ་མེད་གྱུར་ཡོད། དེ་བཞིན་དྲག་གནོན་དང་འཇིགས་སྣང་དེ་ལྟ་བུའི་འོག་བོད་མིར་དགའ་སྐྱིད་ལྡན་པའི་ཐོག་ལོ་གསར་ལ་རོལ་རྒྱུའི་སེམས་ཚོར་ཙམ་ཡང་མེད་པའི་གནས་སུ་གྱུར་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མེ་མདའ་སོགས་བེད་སྤྱོད་བཏང་སྟེ་བོད་མི་རིགས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སམ་ལས་འགུལ་ལག་བསྟར་བྱེད་བཞིན་ཡོད། ཅེས་སོགས་གསུངས་འདུག ཕྱོགས་མཚུངས་ཁོང་རྣམ་པས་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཚན་མོ་ཡང་ལས་ཁུངས་དེའི་མདུན་དུ་བསྡད་འདུག་པ་བཅས། །
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་བ་ལས་བཤུས།་
བདེན་པའི་ཕྱོགས་སུ་ལངས་བ་ལ་ཐུགས་རྗེ་ཆེ།
ཡ་བཀྲ་ཤིས་པའི་བྱ་བ་ཞིག་རེད། གསར་དུ་བཞེད་པའི་མེ་ཏོག་རྐང་གཅིག་རེད། དེ་ལ་གསར་བཞེད་མེ་ཏོག་གི་ལས་འགུལ་ལབ་ཀྱང་མི་འགྲིགས་པ་མི་འདུག
ངོ་མ་མི་རིིགས་གཞན་དང་ལྷག་དོན་རྒྱ་མི་རིགས་ཚོས་ང་ཚོའི་བོད་དོན་ཆེད་གདུང་སེམས་མཉམ་སྐྱེད་བྱས་ཏེ་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བོད་དོན་དེ་བདེན་པའི་འཐབ་རྩོད་གཅིག་ཡིན་པར་བརྟེན་བདེན་པ་ལ་རྒྱབ་སྐྱོར་བྱས་པར་མཚོན་གྱི་ཡོད།
ངོ་མ་མི་རིག་ནང་ཁུལ་གྱི་དབྱེ་འབྱེད་མེད་པར་བདེན་པ་ལ་རྒྱབ་སྐྱོར་གནང་མཁན་ཧོན་ཀོང་གི་རྒྱ་རིག་སྤུན་ཟླ་དེ་་ཚོ་ལ་གཟིགས་དང་། ང་ཚོར་ངོ་གནོང་དགོས་པ་མི་འདུག་གི།
རྒྱ་ནག་གི་སྤྱི་དམངས་སུ་གྱུར་བའི་བོད་མི་ཚོ་ཨ་ཆད་ཨུ་ཐུག་གི་སྐབས་འདིར་བདེན་པའི་རྒྱབ་ལངས་རེ་བྱེད་མཁན་བྱུང་ན་རྗེས་སུ་ཡི་རང་ལོས་བྱེད། ལྷག་པར་དུ་རྒྱ་མི་རིགས་ཁྲོད་ནས་བྱུང་བར་དམིགས་བསལ་དགའ་བོ་བྱུང་། འགྲོ་བ་མི་ཞིག་ཡིན་ཕྱིན་རང་དབང་ཟེར་བ་འདི་སུ་ཡིན་ཡང་འདོད་པ་ཙམ་མ་ཟད་ཐོབ་དགོས་པ་གཅིག་མཚུངས་རེད། བདེན་པ་རྒྱལ་ལོ།