དངོས་མིང་། གླིང་ཚ་ཚེ་བརྟན་རྡོ་རྗེ། ཚུལ་ཁྲིམས་རྒྱ་མཚོ། སྨྱུག་མིང་། བོད། ཤ་ཁྲག་རུས་གསུམ། བོད། ལྷ་ཀླུ་གཉན་གསུམ། མི་འགྱུར་གངས་ཕྲུག བཅས་ཡིན།
ད་ལྟའི་འཆར་བོད་མི་ཞིག་གི་ངོས་ནས་སེམས་ལ་གཏན་པོར་ངེས་དགོས་པ་དེ་ནི་སྐད་ཆ་སྤོམ་པོ་བཤད་དེ་བསྡོད་པའི་དུས་མ་ཡིན་པར། གཞིས་ལུས་བོད་མི་དག་གི་མངོན་འདོད་འགྲུབ་པར་ལག་ལེན་ངེས་ལ་ཞུགས་པའི་དུས་ཆགས་ཡོད། དེ་ཡི་སྟབས་ཀྱིས་རང་ཉིད་ནི་བྱིས་པ་གཉིས་ཀྱི་ཕ་རྒན་ཆགས་ཡོད་ཀྱང་། བོད་མི་རིགས་ཀྱི་འཆི་གསོན་འདི་ལས་བོད་མི་མང་རྣམས་གཉིད་ལས་སློང་བའི་ཅོང་སྒྲ་ཆུང་ཆུང་ཞིག་ཀྱང་ཉན་ན་བསམ་ནས་རང་གི་བུ་དང་བུ་མོ་གཉིས། མཛའ་མོ་བཅས་བཞག་ནས་ཕྱིར་རྒྱ་གར་དུ་ཡོང་བ་ཡིན། རྒྱ་གར་དུ་དྲིན་ཆེན་ཕ་མ་གཉིས་ཡོད། ཁོང་གཉིས་ཀྱི་བདག་གི་ག་རེ་བྱེད་མིན་ད་ལྟ་ཤེས་ཀྱི་མེད། ཤེས་པའི་སྐབས་སུ་ང་ལ་ཏན་ཏན་བཀོག་འགོག་བྱེད་སྲིད་ན་ཐང་། འོན་ཀྱང་། ངས་རང་ཉིད་བོད་མི་ཞིག་གི་ངོས་ནས་བོད་ལ་འགན་འཁུར་བའི་དུས་ཚོད་ཏན་ཏན་སླེབས་པའི་སྐོར་འབྲེལ་བཤད་རྒྱབ་ན་ཁོ་གཉིས་ཀྱིས་ཉན་སྲིད་པ་རེད་ལ། ཁོ་གཉིས་ཀྱིས་ཏན་ཏན་ང་ལ་རྒྱབ་སྐྱོར་བྱེད་པར་ཡིད་ཆེས་བྱས་ནས་འགྲོ་བཞིན་ཡོད། དེ་རིང་ནས་རང་ཉིད་ནི་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཆེད་དུ་གསོན་པའི་མི་ཞིག་ལས། སྒེར་དོན་འགོ་འཁོར་ནས་སྤྱི་དོན་ལ་སེམས་འཁུར་དང་དང་ལེན་བྱེད་མི་ཐུབ་པའི་མི་ཞིག་གཏན་ནས་མིན་པ་དེ་ཡིན།
ངས་འདིར་http://www.tibettimes.net/blogs.php?id=55&post_id=19149ཞི་བའི་འབོད་ཚིག་ལྔ་ཞིག་བྲིས་ཡོད། འདི་འཁུར་ནས་སུམ་བཅུ་དུས་དྲན་ཉིན། ཞོགས་པའི་ཆུ་ཚོད་བཅུ་བའི་སྟེང་དུ་གཙུག་ལག་ཁང་གི་མདུན་ནས་ཞི་བའི་གོམ་བགྲོད་ལ་ལམ་དུ་ཆས་རྒྱུ་ཡིན། ངའི་དམ་བཅའ་ནི་བྱེས་ཀྱི་བོད་མི་ཚང་མ་མཉམ་བླངས་མ་བྱས་པར་དང་རྒྱ་ནག་སྲིད་གཞུང་གིས་ཞི་བའི་འབོད་ཚིག་ལྔ་ལ་ཁས་ལེན་མ་བྱས་པར་དུ་གོམ་བགྲོད་མཚམས་འཇོག་མི་བྱེད་རྒྱུ་དེ་ཡིན། འདི་ལ་སྤྱི་སྒེར་གང་གིས་ད་ལྟའི་བར་དུ་མངགས་བཀོད་དང་ཐེ་ཇུས་གང་ཡང་མེད། ཞི་བའི་འཐབ་རྩོད་འདི་ལ་མཉམ་ཞུགས་བྱེད་འདོད་ཡོད་མཁན་གྱི་བོད་རིགས་སྤུན་ཟླ་སུ་ཞིག་ཡོད་ན། སྤྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་ཞོགས་པ་གཙུག་ལག་ཁང་གི་མདུན་དུ་ཕེབས་ནས་མཉམ་ཞུགས་བྱེད་རོགས། ཞི་འབོད་ལ་སྤྱི་སྒེར་གང་རུང་ནས་རྒྱབ་སྐྱོར་གནང་མཁན་ཡོད་ན་བདག་ལ་འབྲེལ་བ་བྱེད་རོགས། བདག་གི་གློག་འཕྲིན་གྱི་ཁ་བྱང་གཤམ་དུ་ཡོད། souloflove538@gmail.com འགོ་འཛུགས་དུས་སུ་འགྲོ་སོང་རང་རང་ནས་གཏོང་གི་ཡོད། རྗེས་སུ་མཉམ་ཞུགས་བྱེད་མ་ཐུབ་པར་ཞལ་འདེབས་ཕུལ་འདོད་ཡོད་མཁན་ཚོར་དུས་དང་སྐབས་ལ་གང་དུ་བྱེད་དགོས་མིན་གསལ་ཁ་བྱེད་ཆོག ཡིན་ཡང་། ཞལ་འདེབས་སྤྲོད་རོགས་ཟེར་ནས་འབོད་སྐུལ་གཏན་ནས་ཞུ་ཡི་མེད། ངས་འདི་ནས་རང་ཉིད་བོད་མི་ཞིག་ཡིན་པའི་འགན་ཞིག་འཁུར་ནས་ལམ་དུ་འབུད་ཡོད་པ་སྤུན་ཟླ་དག་གི་སེམས་ལ་ངེས་པར་མཛོད།
ཞི་བའི་འཐབ་རྩོད་འདི་བྱེད་དགོས་དོན་གྱི་སེམས་འཚབ་གཙོ་བོ་ནི། གཞིས་ལུས་མི་མང་ཆེས་མི་ཉུང་བ་ཞིག་ད་ལྟ་མེ་རུ་སྒྲོན་ཟིན་པ་དང་མུ་མཐུད་དུ་སྒྲོན་སྲིད་པ་དང་། རེ་རེ་བཞིན་སྒྲོན་ནས་འོང་ན། ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ། ད་དུང་སྙིང་རྗེ་ཡི་མ་ལྕེ་འདི་དག་ཞེ་སྡང་གི་མེ་ལྕེ་རུ་མི་འགྱུར་བའི་ངེས་པ་གཏན་ནས་མེད་པ་ཡིན། དེ་དུས་བོད་དང་རྒྱ་རིགས་མི་མང་ཉེས་མེད་ཆེས་མང་བོ་ཞིག་ལ་གནོད་འཚེ་ཐེབས་རྒྱུ་ཡིན་པ་ལས། རྒྱ་ནག་སྲིད་གཞུང་གི་དཔོན་ངན་དེ་དག་ལ་གྱོང་རྒུད་དང་འགྱོད་སེམས་རེ་སྐྱེ་སྲིད་ཀྱང་། དེ་དུས་བོད་རྒྱ་མི་མང་དཀྱིས་མ་དག་གི་ཚེ་སྲོག་གི་འགྲོ་གྲོན་གྱིས་མི་རིགས་གཉིས་ཀྱི་བར་དུ་འགལ་ཟླ་ཤུགས་ཆེར་སླེབས་ནས། ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་བོད་མི་དག་གི་ལག་དུ་མེ་མདའ་ཐོག་མི་སྲིད་པ་མིན། རྒྱུ་མཚན་ནི་བོད་མི་ཚང་མ་བྱང་ཆུབ་སེམས་དཔའ་མིན་ལ། སངས་རྒྱས་ཀྱང་དེ་བས་ཆགས་མེད། བོད་མི་རྣམས་འགྲོ་བ་མི་དཀྱིས་མ་ཤ་སྟག་ཡིན། ཁོང་ཚོ་ལ་བཟོད་སྒོམ་བྱེད་པའི་གོམ་གཤིས་ཤིག་ད་ལྟ་ཡོད་པ་འདི་ནི་འཚེ་མེད་ཞི་བའི་སྟོན་པ་༧རྒྱལ་བ་རིན་པོ་ཆེ་ཚང་ཞལ་གཞུགས་པ་དང་། ཁོང་གིས་དུས་རྒྱུན་དུ་རང་རེའི་འཐབ་རྩོད་ནི་བདེན་པ་དང་འཚེ་མེད་ཞི་བ་ཡིན་ཟེར་ནས་གསུང་བའི་བཀའ་དྲིན་ཉེག་གཅིག་དང་། མེས་པོ་དག་གི་སྐུ་རིང་ནས་བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པས་རེད། འོན་ཀྱང་། ཆོས་ལྡན་རྒྱལ་ཁབ་ཀྱི་མི་རིགས་འདི་ལའང་སྐྱེ་བོ་གཞན་དག་དང་འདྲ་བར་བདེ་སྡུག་གི་ཚོར་བ་གཅིག་མཚུངས་ཡོད་དུས། ཞི་བདེ་དང་རང་དབང་མེད་པར་གསོན་ཐབས་མེད་པ་ཤེས་དགོས་ཀྱི་ཡོད། དེ་ཡི་ཆེད་དུ་འཐབ་རྩོད་བྱེད་དགོས་པ་དང་བྱེད་འོས་པ་ཡིན་དུས་ང་རང་ལམ་དུ་ཆས་པ་ཡིན་ལ། ངས་རང་རིགས་སྤུན་ཟླ་བྱེས་ཀྱི་བོད་པ་ཡོངས་ལ་གཞིས་ལུས་སྤུན་ཟླའི་རྒྱབ་དུ་བླངས་དེ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་དུས་ཡིན་ཞེས་བསྒྲགས་ན་འདོད།
མི་རིགས་ཤིག་གི་འཐབ་རྩོད་བྱེད་པ་ལ། ཐོག་མར་མི་རིགས་དེ་ཉིད་ཀྱིས་རང་ཉིད་མི་རིགས་དེ་ཉིད་ཡིན་པ་ངོ་ཤེས་དགོས་པར་ངས་རྟག་པར་འདོད་ཀྱི་ཡོད། དེ་ཡིན་དུས་བོད་མི་རིགས་ཀྱི་འཐབ་རྩོད་འདི་ནི་བདེན་པའི་འཐབ་རྩོད་ཅིག་གི་འདོད་ཀྱི་ཡོད་པ་དང་གླེང་གི་ཡོད་ན། ཐོག་མར་བོད་མི་རིགས་རང་ཉིད་གཉིད་ལས་སད་དགོས་ཀྱི་ཡོད། མི་རིགས་ཤིག་གི་འཐབ་རྩོད་བྱེད་པའི་ཆེད་དུ་གཉིད་ལས་སད་དགོས་ཀྱི་ཡོད། ད་ལྟ་ནི་བོད་མི་རིགས་ཟེར་ན་རེད། དམིགས་སུ་བཀར་ནས་བྱེས་སུ་འཚོ་བའི་བོད་མི་ཚོ་གཉིད་ལ་ཤོར་ཡོད། གཉིད་ལ་ཤོར་སྟངས་དེ་ནི་ཡིད་སྐྱོ་བའི་ངང་ཚུལ་ཞིག་ཆགས་ནས་ཡོད། ཁེ་བཟང་ཟེར་བའི་མིང་ཚིག་ཞིག་གི་ཁྱབ་ཁོངས་ནས། རང་དོན་ཟེར་བའི་མིང་འོག་ནས། དཔལ་འབྱོར་གྱི་བྲན་གཡོག་དང་དེ་ཡི་འགྲན་རྩོད་དུ་ཞུགས་པའི་ལམ་དུ་ཆས་ཡོད་པ་ལས། ང་ནི་བོད་མི་ཞིག་ཡིན། བོད་གཞིས་ལུས་མི་མང་གིས་ཚེ་སྲོག་གིས་བློས་གཏོང་ནས་བོད་མི་རིགས་ཀྱི་འཆི་གསོན་གྱི་འཐབ་རྩོད་བྱེད་ཀྱི་འདུག ང་ལ་ཡང་བོད་མི་རིགས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་འགན་ཡོད་བསམ་ཐུབ་ཀྱི་མེད་པ་དེ་ཡིན། དེ་ནི་གཉིད་ལ་ཤོར་སྟངས་ཡིན་ལ། མི་རིགས་ཤིག་གི་འཐབ་རྩོད་ལ་ཞུགས་མ་ཐུབ་པའི་གོད་ཆག་དང་རང་རང་སོ་སོ་མི་རིགས་གང་གི་ཁུངས་དུ་སྐྱེ་བ་དེ་དྲན་མ་ཐུབ་པ། དྲན་ཐུབ་ཀྱང་འགན་དུ་མ་བླངས་པ་དེ་ཡིན། དེ་ཡི་རྒྱུ་མཚན་གྱིས་ངས་དེ་རིང་འདི་ནས་མི་རིགས་ཤིག་གི་བདེན་པའི་འཐབ་རྩོད་དང་ཞི་བདེ། རང་དབང་བཅས་ལ་རྩོད་ལེན་བྱེད་དགོས་ཀྱི་ཡོད་ན། ཐོག་མར་མི་རིགས་དེ་ཡིས་འགན་ལེན་དགོས་ཀྱི་ཡོད་ཅེས་བསྒྲགས་འདོད་བྱུང་།
ལྷག་པར་དུ། མེ་ལྕེ་རེ་རེ་བཞིན། ཞི་བདེ་ཡི་མེ་ལྕེ། སྙིང་རྗེ་ཡི་མེ་ལྕེ། གཞན་དོན་གྱི་མེ་ལྕེ། ཤེས་རབ་ཀྱི་མེ་ལྕེ། གང་ལྟར། ཇི་ལྟར་འབར་ནའང་། འབར་ཡུལ་ནི་ཤ་ཁྲག་གི་ཕུང་བོ་ཞིག་ཡིན་དུས། དེ་ལ་ཚོར་བ་ཡོད་ལ། ན་ཟུག་ཡོད། དེ་ཡིན་དུས་ངས་ཉིན་རེའི་འཚོ་བའི་ནང་གི་མི་ཞིག་གི་ཚ་གཟེར་གྱི་སྐོར་ནས་བསམ་བློ་བཏང་། རང་གི་ལུས་ཐོག་ལ་སྣུམ་ཚ་བོ་ཐིགས་པ་གཅིག་སླེབས་དུས་ཀྱི་ཚ་གཟེར་ལ་དེ་འདྲའི་ལས་སླ་བོ་གཟོད་དུ་དཀའ་བ་ཞིག་ཆགས་ནས་ཡོད་དུས། མི་ཞིག་གི་ལུས་སུ་མེ་སྒྲོན་ནས་འོང་དུས་ཀྱི་ན་ཟུག་དང་སྡུག་བསྔལ་དེ་ནི་ཧ་ལས་པའི་ཚོད་དཔག་མི་ཐུབ་པའི་སྡུག་བསྔལ་ཞིག་ཡོད་པ་ནི་བཤད་ག་ལ་དགོས། ངས་དེ་དག་བཟོད་ཀྱི་མི་འདུག ད་དུང་། མི་རིགས་ཤིག་གི་འཐབ་རྩོད་ནི་མི་རིགས་དེ་ཉིད་ཀྱི་ཆོས་གོས་རིག་གཞུང་གོམ་གཤིས་ལ་རང་དབང་དང་ཞི་བདེ་ཡོང་ཆེད་དུ་ཡིན་དུས། མི་རིགས་དེ་ཉིད་ཅིས་ཀྱང་གསོན་ནས་འཐབ་རྩོད་བྱེད་དགོས་པ་ལས། ཤི་བ་དང་ཚེ་སྲོག་གི་ལེགས་སྐྱེས་འབུལ་ནས་བཞུད་པ་ཡིན་ན། མི་རིགས་ཀྱི་གསོན་ནས་དེ་ཙམ་གྱི་ནུས་པ་མ་ཐོན་པ་ཡིན་དུས་གསོན་ནས་འཐབ་རྩོད་བྱེད་དགོས། དེ་ཡང་ཞི་བདེའི་མགོན་པོ་ཉིད་ནས་གསུང་བ་བཞིན། ང་ཚོས་འཐབ་རྩོད་ནི་བདེན་པ་ཡིན་དུས། འཚེ་བ་མེད་པའི་སྒོ་ནས་འཐབ་རྩོད་བྱེད་དགོས་པ་རེད་ཅེས་ཡང་དང་བསྐྱར་དུ་གསུང་བ་ལྟར། ང་ཚོ་ཡང་ཁོང་གི་བཀའ་བཞིན་ཞི་བ་དང་བདེན་པ་ལ་ཁུངས་གཏུགས་ནས་མདུན་བསྐྱོད་བྱེད་དགོས་པ་དང་འཐབ་རྩོད་བྱེད་དགོས་པ་ཡིན། གལ་སྲིད། ཕར་ཕྱོགས་ནས་ཚུར་འགྲོ་བ་གཞན་དག་གི་མིག་མདུན་ནས་མེ་མདའ་བརྒྱབས་པ་དང་གསོད་བརྡུང་འཕྲོག་གསུམ་གང་བྱས་དེ་མེད་པར་བཏང་བ་ཡིན་ན། དེ་ནི་འགྲོ་བ་གཞན་དག་ལའང་འགྲོ་བ་གཞན་དག་གི་བདེ་སྐྱིད་དང་རང་དབང་ལ་འགན་འཁུར་བའི་འོས་འགན་ཡོད་པ་དེ་ཕྲག་དུ་མ་བླངས་པར་བཞུགས་ཐུབ་མེད་པ་ཡིན་དུས། དེ་དག་གིས་ཀྱང་ཏན་ཏན་མི་རིགས་འདི་ལ་དངོས་ནས་ཁག་མི་འདུག་སྙམ་ནས་མདུན་དུ་སླེབས་ངེས་ཡིན། ད་ལྟ་ནི་ང་ཚོས་འཛམ་གླིང་གི་སྐྱེ་བོ་དག་གཉིད་ལས་སློང་རྒྱུ་ཕར་ཞོག ད་ལྟ་ང་ཚོ་རང་ཉིད་གཉིད་ལས་སད་མེད། ང་ཚོ་རང་ཉིད་གཉིད་ལས་སད་པ་ཡིན་ན། གཞི་ནས་འཛམ་གླིང་གི་སྐྱེ་འགྲོ་གཞན་དག་གཉིད་ལས་སློང་བའི་ནུས་པ་ཡོད་པ་ཡིན།
ང་ལ་འདི་ལྟར་སེམས་འཚབ་དང་ཆེས་ཉེས་མེད་ཀྱི་སྐྱེ་འགྲོ་མང་བོ་ཞིག་གི་ཁྲག་གི་དོན་རྐྱེན་ཁྲོད་དུ་འདས་དགོས་པའི་ཉི་མ་ཞིག་བྱུང་བར་མཐོང་འདོད་གཏན་ནས་མེད་པ་བཞིན། འཛམ་གླིང་གི་ཤེས་ལྡན་མི་སྣ་དང་སྐྱེ་བོ་ཞི་བདེ་ལ་དགའ་བ་སུས་ཀྱང་། འགྲོ་བ་མི་རྣམས་ལ་གནོད་འཚེ་ཞིག་བྱུང་ན་གཏན་ནས་འདོད་ཀྱི་མེད་པ་ནི་སྨྲོས་མེད་ཡིན། རྒྱུ་མཚན་འདི་དག་གི་ཕྱིར་དུ། བོད་སྙིང་ཡོད་མཁན་དག་བདག་གི་རྒྱབ་དུ་བླངས་རྒྱུར་ཡིད་ཆེས་ཡོད་ལ། ཞི་བདེ་ལ་དགའ་བའི་འགྲོ་བ་མི་རྣམས་ཀྱིས་བདག་གི་ཞི་བའི་འབོད་ཚིག་ལྔ་ལ་དངོས་ཤུགས་གང་རུང་གིས་རྒྱབ་སྐྱོར་བླ་མེད་བྱེད་རྒྱུར་ཡིད་ཆེས་དང་བཅས་མདུན་དུ་ཐོན་པ་ཡིན།
ཞི་བའི་གོམ་བགྲོད་ཀྱི་ཁ་ཕྱོགས་ས་ནི་བོད་ཡིན་ལ། རྡ་ས་གཙུག་ལག་ཁང་གི་མདུན་ཐང་ནས་འགོ་འཛུགས་རྒྱུ་ཡིན། རྒྱ་གར་དང་བལ་ཡུལ་ས་མཚམས་སོགས་ནས་ཐེངས་ཅི་ཙམ་ལ་བཀག་པ་དང་བཟུང་བཙོན་སོགས་བྱས་ཀྱང་། མཐར་འཛམ་གླིང་འདིར་བདེན་པ་ཟེར་བ་ཞིག་གསོན་ནས་ཡོད་ན། བོད་མི་རིགས་ཀྱི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་དུས། འཐབ་རྩོད་འདི་ཉིད་རྒྱལ་བར་ཡིད་ཆེས་བྱེད་རྒྱུ་ཡིན་ལ། བྱེས་ཀྱི་བོད་རིགས་སྤུན་ཟླ་སྟོང་ཕྲག་མང་བོ་ཞིག་ང་དང་མཉམ་དུ་བོད་ལ་ཕྱོགས་ནས་ཞི་བའི་གོམ་བགྲོད་མཉམ་གཅིག་དུ་བྱེད་ཐུབ་པར་ཡིད་ཆེས་བྱེད་རྒྱུ་ཡིན་ལ། འབོད་སྐུལ་ཡང་བྱེད་ཀྱི་ཡོད། ཞི་བའི་འབོད་ཚིག་ལྔ་ལ་ཁས་ལེན་མ་བྱས་པར་ནམ་ཡང་ཕྱི་ནུར་མི་བྱེད། ངས་འདི་ནས་ཡིད་ཆེས་བྱེད་ཀྱི་ཡོད། བོད་པ་ཚོར་དབའ་སྤོབས་ཀྱི་བློ་སྟོབས་དང་། ཆིག་སྒྲིལ་གྱི་ནུས་པ། ༧རྒྱལ་བ་ཡིད་བཞིན་ནོར་བུའི་གདམས་པའི་ཞི་བདེ་ཡི་ལམ་ཕྲན་སྟེང་ནས་ཁ་ཞེ་གཉིས་མེད་ཀྱིས་དུས་གཅིག་དུ་ཡར་བླངས་དེ། ཁོང་ཉིད་ད་ལྟ་བར་དུ་ཁེར་རྐྱང་དུ་བཞག་པ་དེར། ལན་ཡག་པོ་ཞིག་སྤྲོད་ཐུབ་རྒྱུ་སོགས་ལ་ངས་སེམས་ཁོང་རུས་པའི་གཏིང་ནས་ཡིད་ཆེས་བྱེད་ཀྱི་ཡོད། ངས་རང་གི་མི་རིགས་འདི་ནི་བློ་གྲོས་ལྡན་པ་དང་། བདེན་པ་དང་ཞི་བདེའི་དོན་དུ། སྟག་མོ་ནགས་ནས་མཆོང་བ་བཞིན་མཆོང་ཐུབ་པ་དང་། སྔོན་བྱོན་དམ་པ་དག་གི་ཤུལ་རྗེས་སུ་ལྡོག་པའི་གནོན་ཐུབ་པར་ཡིད་ཆེས་དང་བཅས། ང་རང་ཞི་བདེ་དང་རང་དབང་མ་ཐོབ་པར་དུ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་མ་ཕེབས་བར་དུ། ཞི་བའི་གོམ་བགྲོད་འདི་གཏན་ནས་ཕྱི་ནུར་མེད་པའི་དམ་བཅག་བཞག་ཡོད། དམ་བཅའ་འདི་ལ་དཀར་ཕྱོགས་སྐྱོ་བའི་ལྷ་ཀླུ་གཉན་གསུམ་དང་། དྲང་བདེན་གྱི་མིག་དང་། འགྲོ་བ་མིའི་སེམས་ཁམས་ཡོད་མཁན་གྱི་སྐྱེ་བོ་དག་གིས་རྒྱབ་སྐྱོར་བྱེད་པར་ཡིད་ཆེས་བྱེད་ཀྱི་ཡོད། འདི་ལྟར་ང་རང་འཇིགས་སྣང་མེད་པར་འགྲོ་བཞིན་ཡོད།
སྙིང་ཐག་པ་ནས་དགའ་བསུ་ཡོད། བྱེས་ཀྱི་བོད་མི་ཚོས་ཚེ་ཐོག་ལུས་ཐོག་འདི་ལ་སེམས་ཤུགས་འདི་འཁུར་ནས་བོད་ལ་ལོག་དགོས། ངེས་པར་ལོག་དགོས། མྱུར་བར་ལོག་དགོས།
ངོ་མ་བཀྲིན་ཆེ།
མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དེ་འགུལ་འདི་ལྟ་བུ་དངོས་གནས་རྒྱུན་དུ་ཁ་རྒྱགས་པ་བཤད་མཁན་དེ་ཚོ་མཉམ་ཞུགས་བྱེད་དགོས་འདུག
བོད་རིག་པ་ཟེར་བའི་མིང་ཚིག་འདིའི་གཡོ་དང་སྒྱུ་ཡིས་འཚོ་བའི་འཇམ་དབྱངས་ནོར་བུ། དུས་རྒྱུན་རང་ཉིད་ལ་སེམས་ཤུགས་ཡོད་མདོག་སྟོན་པའི་བསྟན་འཛིན་བརྩོན་འགྲུས། དུས་རྒྱུན་ཚོར་ཤུགས་དྲག་པོས་བོད་ཀྱི་རྩ་དོན་འདྲ་བཤད་ཁུལ་བྱེད་པའི་ལྷ་བཟང་ཚེ་རིང་། ཚོགས་ཐོག་ཏུ་མིག་ཆུ་འདྲ་གཏོང་ནས་འདུག་པའི་རྒྱ་རི་སྒྲོལ་མ། གཏམ་བཤད་གཅིག་པུ་ངར་ངར་གྱིས་བཤད་པའི་དོན་གྲུབ་ལྷ་དར། ད་དུང་མི་གཞན་མདུང་མགོར་འདེད་ཀྱིན་རང་ཉིད་ལྷོད་ལྷོད་སྡོད་པའི་ཚེ་དབང་རིག་འཛིན་སོགས་ངེས་པར་ལས་འགུལ་འདི་ལ་ཞུགས་དགོས། གལ་ཏེ་ལས་འགུལ་འདི་ལ་མ་ཞུགས་པ་ཡིན་ན། ཁོང་ཚོས་དུས་རྒྱུན་མང་ཚོགས་དཀྱིལ་མར་བོད་དང་བོད་ཟེར་བ་དེ་རྫུན་མ་འབའ་ཞིག་དང་ཚུལ་ཆོས་ཉག་གཅིག་ཡིན་པ་བདེན་དཔང་བྱས་པར་ངོས་འཛིན་ཞུ་རྒྱུ་ཡིན།
བོད་ཤ་ཁྲག་རུས་གསུམ་ལགས། ཁམས་བཟང༌། ཁྱེད་རང་དངོས་མཇལ་མེད་ཀྱང་དུས་ནས་དུས་སུ་དྲ་ལམ་ནས་མཇལ་མྱོང་ཡོད། སྐུ་ཉིད་ཀྱི་དྭངས་གཙང་ལྷད་མེད་ཀྱི་སེམས་ཤུགས་ལ་དུས་ནམ་ཡང་གུས་བཀུར་ཡི་རང་ཡོད། བྱ་བ་ལམ་ལྷོང་དང་བཀྲིས་དོན་བཟང་ཡོང་བར་སྨོན།
ང་ནི་སེམས་ཁྲལ་གྱིས་ཤི་ཐལ། ད་ཟེར་དུས་ཚེ་བརྟན་རྡོ་རྗེ་ལགས་ཁྱོད་ཀྱིས་ལྡོག་ལྡོག་བཤད་ན་གོམས་པ་རྒྱབ་ནས་བོད་ལ་འགྲོ་བ་དེ་རེད་བཞག དེ་འདྲ་ད་སྔོན་བོད་མི་མང་པོ་སོང་ནས་ཕྱིར་ལོག་ཐལ་མོ། དེ་ལབ་རྒྱབ་དང་། རྐང་པ་ན་བསྐྱེད་རེད། དོན་དག་ཆེ་ཟིག་ཅི་མེད་ཁུ། ད་སྔོན་མང་པོ་ཞིག་རྒྱ་གར་ལ་ཡོང་ནི་རེད། ད་བོད་དུ་ལོག་ན་བོད་ཆོས་ལ་ཕན་བསྐྱེད་ཅི་ཡོད་དམ། དུས་ཐོག་གཙུག་ལམ་ཁང་ནས་ཐུག་ཆོག དེ་དུས་སྐད་ཆ་ཡོད་་་་་་་་་་་་
སེམས་དཔའ་ཆེན་པོ ༧གླིང་ཚ་རྡོ་རྗེ་ཚེ་བརྟན་མཆོག་ལ་ཚིག་ཙམ་མིན་པར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ་བ་ཡིན། དངོས་ཤུགས་རྒྱུད་གསུམ་ནས་ཁྱེད་ཀྱི་རྒྱབ་དཔུང་ལ་ཐ་གཅིག་ཏུ་ལངས་ངེས་ཡིན། ཐུགས་རྗེ་ཆེ།
ལྷག་བསམ་བཟང་པོ་ལ
འབྲས་བུ་བཟང་བོ་སྨིན་པར་ཤོག
འདིར་སྡོད་བོད་མི་ཡོང་གི་ཚབ་བྱས་ནས
བཀའ་དྲིན་ཆེ་ཞུ། །།
འཆར་གཞི་དང་གྲ་འགྲིག་ཅི་ཡོད། རང་འདོད་ཀྱིས་འགྲོ་ཆོག་དང་སྡོད་ཆོག་གི་གནས་བབས་ཤིག་མེད་པ་ཤེས་གསལ་རེད། འཕྲལ་ཕུགས་གཉིས་ཀྱི་འཆར་འགོད་ཡག་པོ་དགོསཔ་རེད། སྡུག་ས་དང་དཀའ་ངལ་ཆེ་སའི་ཕྱོགས་སུ་སྔ་ས་ནས་གདོང་ལེན་ཐུབ་པའི་ཐབས་དང་། ཚོད་དཔག་ཐུབ་དགོས་པ་རེད། ལྷག་པར་དུ་མི་མང་མཉམ་ཞུགས་བྱས་ན་སྣེ་ཁྲིད་མཁན་ལ་འགན་དང་འཆར་གཞི་དགོས་པ་རེད། དེ་མིན་སྔོན་མ་ཡང་ཨ་ལགས་ཤིང་བཟའ་དང་བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་ཚོད་ལྟ་བྱས་པ་རེད། འོན་ཀྱང་གྲུབ་འབྲས་ལྡན་པ་དང་། ཁུངས་འཁྱོལ་བ་ཞིག་ཡོང་ཡོད་མ་ རེད།
དེ་འདྲ་མགོ་བརྩམ་པ་སྔོན་དུས་སུ་ལན་མང་བྱུང་ཡང་མཐར་ཁྱོལ་བ་གཅིག་ཀྱང་མ་བྱུང་། དེ་ནི་རང་ཉིད་ལ་བརྩོན་པ་མེད་པས་མ་རེད། ལས་དོན་དེ་འགྲུབ་རྒྱུར་འགོག་རྐྱེན་གཞན་ལས་མང་བས་རེད། འོན་ཀྱང་འཆར་གཞི་དང་ལྡན་པའི་ལས་དོན་འདི་འདྲ་ཞིག་ལ་ཕྱོགས་པ་ཙམ་ལའང་མངོན་པར་བསྟོད་དོ། བསམ་དོན་ཡིད་བཞིན་དུ་འགྲུབ་པ་ན་ལེགས།
བོད་ཀྱི་ལྷ་དང་སྲུང་མ་ཞེས་མེས་པོ་གོང་མ་རྣམས་ནས་བཟུང་ད་ལྟའི་བར་དུ་གསོལ་གསོལ་མཆོད་མཆོད་བྱེད་ཡུལ་དེ་ཚོ་གང་དུ་ར་བཟི་ནས་ཡོད་དམ། མ་འོང་ལུང་བསྟན་གནང་མཁན་དང་། ཐམས་ཅད་མཁྱེན་པ་དང་ཀུན་མཁྱེན་སོགས་ཕལ་བའི་སྤྱོད་ཡུལ་འདས་པའི་མཚན་ཁུར་ནས་ཡིན་ཁུལ་བྱེད་མཁན་ཚོས་མ་འོངས་པའི་གནས་ཚུལ་ཚོད་དཔག་ཙམ་མིན་པར་གསལ་པོར་གསུངས་ན་ཅི་མ་རུང་། སྦྱིན་བདག་ཚོའི་མཆོད་ཁང་དུ་སོད་སོད་ཆོད་ཆོད་ཀྱི་སྒྲ་བསྒྲགས་ནས་མཐུ་ནུས་ལ་ཐོགས་པ་མེད་པར་ཡིན་རློམས་ཚོས་མཐུ་དང་རྫུ་འཕྲུལ་སྟོན་པའི་དུས་ལ་བབ་འདུག
ཤ་ཁྲག་རུས་གསུམ་ལྷག་བསམ་ལྷད་མེད་རེད།
ཐུབ་པ་དྲ་འབུ་རྒྱ་མི་རྒྱུག་ཁྱུ་རེད།
ཐུབ་པས་འཆན་བུ་ནང་ཁུལ་གཏོར་ཤུག་རེད།
ཐུབ་པས་བོད་པ་ནམ་ཡང་དགྲ་རུ་འཛིན།
རྟེན་འབྲེལ་ཞུ། སྐུ་ཉིད་ཀྱི་ཆོད་སེམས་དང་བྱེད་སྟངས་དེ་ནི་ང་ཚོ་བོད་མི་ཡོད་དོ་ཅོག་གིས་བྱེད་འོས་པའི་གནད་དོན་ཞིག་རེད། ལས་འགུལ་རང་སྟེང་ནས་འགོ་འཛུག་པ་ནི་ཧ་ཅང་བསྔགས་འོས་པ་ཞིག་རེད། ད་ནས་བཟུང་ང་རང་ངོས་ནས་ཡིན་ནའང་འཇོན་ཚོད་ནུས་ཚོད་ཀྱི་ལས་འགུལ་རེ་སྤེལ་ངེས་ཅན་ཡིན།
མི་རེ་རེའི་སྟོབས་ཤུགས་ལ་རྒྱལ་ཁམས་ཁ་ལོ་བརྒྱུར་བའི་ནུས་པ་ཡོད་པ་རེད། བོད་མི་ཚང་མའི་ནུས་པས་ལས་དོན་གཅིག་གི་ཐོག་ལ་ཤུགས་བརྒྱབ་ན་གོང་ས་མཆོག་བོད་ལ་གདན་འདྲེན་ཐུབ་པའི་ཡིད་ཆེས་ཡོད།
སྐུ་ཉིད་ལ་དམིགས་བསམ་དྲ་ཚིགས་འདྲ་ཡོད་དམ། དབྱིན་ཡིག་ཐོག་ཏུ་ཁྱབ་བསྒྲགས་བྱེད་ཐུབ་ན་བཟང་བར་འདོད
ཁྱེད་ཀྱི་ལྷག་བསམ་དང་སེམས་ཤུགས་ལ་རྗེས་སུ་ཡི་རང་ཡོད་དང་ཡོད། བསམ་དོན་འགྲུབ་པར་སྨོན།
ཁྱེད་ལྟ་བུའི་མི་བུ་རེ་ཡོད་ན་དངོས་གནས་ཕན་ཐོག་ས་རེད། བྱ་བ་ལམ་འགྲོ་ཡོང་བར་སྨོན།
གསུམ་བཅུའི་དུས་དྲིན་ཉིན་ཕྲན་ངྷ་སར་འབྱོར་ཡོད་པས་དྲི་མའི་མ་གོས་པའི་ཁ་དར་གཙང་མ་ཞིག་སྐེ་ལ་བསྒྲོན་ངེས་ཡིན།
ཁྱེད་རང་གི་ལུས་ངག་ཡིད་གསུམ་རང་དབང་གི་ཆེད་དུ་ཕུལ་རྒྱུ་ཡིན་པར་ཐག་བཅད་པ་འདིས། བདག་གིས་ཁྱེད་རང་བླ་ན་མེད་པ་དང་། བཀུར་འོས་པའི་མི་རིགས་ཀྱི་དཔའ་བོར་ཁས་བླངས་པ་ཡིན།
ཨ་རིག་གླེན་པའི་ཁ་བཏགས་ཡ་མཚན་ཅི་ཡང་ཡིན་ནི་མ་རེད། མདོར་ན་ཕྱི་སྣུར་བྱེད་མི་ཉན། ཞབས་འདྲེན་ཡིན།
ད་ལྟའི་གཉན་འཕྲང་གི་དུས་འདིར་སེམས་ཤུགས་དེ་འདྲ་ཞིག་སྐྱེད། འགྱུར་མེད་ལས་འགུལ་དེ་འདྲ་ཞིག་སྤེལ་བར་མངོན་དུ་ཕྱོགས་པ། རང་གི་རིགས་ལ་ཞེན་པ་དཀར་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་མཆོག་ལ་སྒོ་གསུམ་གུས་པའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དཔའ་བོ་ཤ་ཁྲག་རུས་གསུམ་ལགས་ཀྱི་འཆར་གཞི་གཏིང་ཟབ་པའི་ལས་འགུལ་ལ་ཡི་རངས་དང་བསྔགས་བརྗོད་སེམས་ཁུང་ནས་ཡོད། ལས་འགུལ་གྱི་ནུས་པས་བྱ་བ་ལམ་དུ་ལྷོངས་ཤིང་འབྲས་བུ་སྨིན་ཐུབ་པའི་སྨོན་ལམ་ཞུ་རྒྱུ་དང་མཉམ་དུ་རྒྱབ་སྐྱོར་ཡང་དག་ཡོད།
ཁ་སྔོན་ནས་ལྷ་ཀླུ་གཉན་གསུམ་གྱིས་གོ་བརྡ་འཕྲོད་ལ་མ་འཕྲོད་ལའི་སྐྱར་བཤད་དེར་ཐག་རིང་ཞིག་ཏུ་འགྲོ་རྒྱུ་ཡིན་སྐད་ཟེར། ད་དུང་ཤུལ་དུ་བཟའ་མི་བུ་ཕྲུག་ཡོད་རབས་ཐོས་དུས། ངའི་སེམས་ནང་ན་སུམ་བཅུ་དུས་དྲན་དང་བསྟུན་ནས་སྐུ་ལ་མེ་ལ་ཕུལ་རྒྱུ་ཡིན་ངེས་རེད་བསམ་ནས། དྲྭ་ཐོག་ནས་ངས་བཤོལ་མ་ཡང་ཡང་བཏབས་པ་ཡིན། དངོས་འབྲེལ་ཡིན། མི་བདེན་བསམ་ན་སྔོན་གྱི་རྩོམ་ཡིག་ལ་ལྟོས། ད་ཡིན་ན་བོད་ལ་ལོག་རྒྱུ་ཡིན་པ་འདྲ། སྤྱིར་བོད་ལ་ལོག་རྒྱུ་དེའང་བོད་དོན་གྱི་ཆེད་དུ་ཡིན་པའི་དམིགས་ཚད་བཟུང་ནས་གཏམ་བཤད་དང་སྦྲག
ཕྱིན་པ་ཡིན་ན་གཟི་བརྗིད་དགའ་རབས་ཤིག་ཡོད་པ་ལོས་ཡིན། འོན་ཀྱང་ཁྱོད་ཀྱི་སྔོན་རྩོམ་ཁ་ཕོ་ཆེ་དེས་ན་མགོ་བོ་རྦད་དེ་བཟི་སོང་། ད་དུང་ཁྱོད་ཀྱི་གཙོ་བོའི་ཉིང་དགོས་གང་ལ་རེ་བ་ཡིན་མི་ཤེས་སོ།
བོད་ཤ་ཁྲག་རུས་གསུམ་གྱི་ཤ་ཁྲག་དེ་གངས་ཅན་པའི་དོན་དུ་མཆོད་པ་འབུལ་ཐུབ་པའི་ཡིད་ཆེས་ཡོད།
གདོང་དམར་དཔའ་བོའི་རིགས་རྒྱུད་ལ་ཡོད་ད་ཡོད། དངོས་གནས་འདུག གཅིག་གཉིས་མ་རེད། ད་ཡིན་ད་བང་བསྒྲིགས་ནས་ས་ཡ་དྲུག་ནས་ས་ཡ་གཉིས་ཚར་ཐུབ་ན་བཞི་ལ་རང་དབང་རག་གི་རེད། ཕྱི་ནུར་མ་བྱེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ཁོང་དང་ཁོང་འདྲ་བའི་ལ་ཞེན་ཅན་གྱི་དཔའ་རྒོད་ཚོ་དང་། སེམས་ཤུགས་ཀྱི་མེ་ལྕེ་དྲག་ཏུ་འཕྱོ་གྱིན་པའི་བོད་མི་རིགས་ཀྱི་རྣམ་ཤེས་འཚོལ་མཁན། དྲང་བདེན་དང་རང་དབང་གི་སླད་དུ་ཅི་མི་སྙམ་པའི་རྟོགས་སད་ཀྱི་གཉིད་ལས་དཀྲོགས་མཁན། མདོར་དྲིལ་ན་མི་རིགས་ཤིག་གི་སླད་དུ་འདི་ལྟར་བསམ་ཕོད་པ་དང་བཤད་ཕོད་པ། སྒྲུབ་ཕོད་པ་བཅས་ཕོད་པ་ཟུར་གསུམ་གྱི་རལ་གྲི་མཁའ་ལ་འཕྱ་མཁན་ཚོར་ལག་ཟུང་ཐལ་མོ་སྙིང་ཁར་དྲག་ཏུ་སྦྱར་ཏེ་བསམ་དོན་ལྷུན་འགྲུབ་ཡོང་བར་སྨོན།
གླིང་ཚ་ཚེ་རྡོར་གྱིས་རང་གི་ལུས་ངག་ཡིད་གསུམ་བོད་བསྟན་སྲིད་ཆེད་འབུལ་རྒྱུའི་དམ་བཅས་པ་མ་གཏོགས་རང་ལུས་མེ་ལ་བསྒྲོན་རྒྱུ་ཡིན་ཞེས་བཤད་པ་ཞིག་མཐོང་མ་སོང་མོད་འགའ་རེས་རེ་བ་དེ་འདྲ་ཞིག་བཟུང་ཡོད་སྲིད། ངོ་མ་བཤད་ན་རྒྱ་གར་ནས་རང་ལུས་མེར་བསྲེགས་པ་ལས་འབྲས་བུ་ཐོན་མིན་ལ་མ་ལྟོས་པར་ཕྱི་བཤོལ་མེད་པའི་ལས་འགུལ་འདི་འདྲ་ཞིག་སྤེལ་ན་དོན་སྙིང་མི་ཆེ་འམ། ངས་གླིང་ཚ་ཚེ་བརྟན་རྡོར་རྗེའམ་བོད་ཤ་ཁྲག་རུས་གསུམ་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ལས་འགུལ་ཐེངས་གཅིག་ཁྲོད་ཤི་བ་ལས་གསོན་བཞིན་ཐེངས་བརྒྱ་སྤེལ་བ་ལེགས་ངེས།
བོད་ཤ་ཁྲག་རུས་གསུམ་གྱིས་ལས་འགུལ་དེ་འདྲ་ཞིག་གི་དབུ་ཁྲིད་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ། ཁྱོད་དང་ཁྱོད་ཀྱི་རྒྱབ་དཔུང་དུ་བོད་མི་སྟོང་ཕྲག་ལངས་ནས་ཁྱོད་ཚོའི་དགེ་འདུན་ལྔ་བོ་བདེ་ལེགས་ངང་འགྲུབ་པའི་རེ་སྨོན་བྱེད།
ངོ་མ་དེ་ལྟ་བུའི་ལས་འགུལ་ཞིག་སྤེལ་ནར་དམངས་ཚོགས་ཀྱིས་རྒྱབ་སྐྱོར་དགོས་པ་ཅི་ནས་གལ་ཆེན་ཡིན་པས་བྱེས་སྡོད་མི་གང་མང་མང་ལས་འགུལ་འདིར་མཉམ་ཞུགས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱེད་པའི་རེ་བ་སྙིང་ནས་ཞུ།
བསམ་ཚུལ་ལག་ལེན་དུ་བསྟར་བ་བསྔགས་བརྗོད་ཡོད། གོམ་པ་བརྒྱབ་ནས་བོད་ནང་དུ་ལོག་རྒྱུའི་ཆོད་སེམས་ཡོད་ཀྱང་ལམ་ཁ་མེད་པའང་གསལ་བོ་རེད། ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ་རྒྱ་གར་ས་མཚམས་ལས་བརྒལ་མི་ཐུབ་པའང་སྔོན་མའི་ལས་འགུལ་ཁག་ལས་གསལ་བོ་ཤེས་ཀི གང་ལྟར་ཀྱང་རང་དབང་ལུང་པ་ནས་ཁ་བཤད་མིན་པར་དོན་ངོས་ཀྱི་འཕག་འཚགས་ལྷུང་བར་གུས་བརྩི་ཡོད། རྒྱབ་སྐྱོར་ཡོད། ཡིན་ཡང་། གཙོ་ཆེ་ཤོས་དངོས་དོན་གྱིས་བོད་ལ་རང་དབང་ཅིག་དགོས་ཀྱི་ཡོད་ན་མདོ་དབུས་ཁམས་གསུམ་སྡེབས་ལངས་བྱ་ཐུབ་མིན་ལ་ཐུག་ཡོད། སྐབས་འགར་སྙིང་སྟོབས་ཀྱི་དཔའ་བདོག་པའི་མི་བུ་གྲངས་ཉི་ཞུ་བརྒལ་བའི་རང་ལུས་མེ་རུ་བསྲེགས་ནས་མི་དམངས་ཀྱི་རེ་འདོད་སྒྲོག་གི་ཡོད་ནའང་། ནུས་པ་དེ་ཙམ་འདོན་མ་ཐུབ་པའང་ལས་འགུས་ཀྱི་བོངས་ཚད་ཉུང་དྲགས་པས་རེད།
བོད་ཤ་ཁྲག་རུས་གསུམ་གྱི་སྟོང་སྟོབས་དང་ཆོད་སེམས་ལ་སྙིང་ཐག་པ་ནས་ཡི་རངས་ཞུ།
བོད་ཤ་ཁྲག་རུས་གསུམ་གྱི་སྙིང་སྟོབས་དང་ཆོད་སེམས་ལ་སྙིང་ཐག་པ་ནས་ཡི་རངས་ཞུ།
ཁས་བླངས་དང་དམ་བཅའ་མཐའ་འཁྱོལ་བར་སྨོན།
རྒྱབ་སྐྱོར་ཡོད
གླགས་རྒོད་ལགས ཁྱོད་ཀྱིས་བྲིས་པ་དེ་རྒྱུ་མཚན་ཅི་ཡིན་ནམ?
བོད་ལ་མ་སླེབས་སྔོན་དུ་འུར་རྒྱག་དོན་གང་ཡིན་ཀུན་གྱིས་ལོས་ཤེས། རྒྱ་གར་གྱི་ཉེན་རྟོག་པར་ལམ་ཁ་འགོག་པའི་སྔོན་བརྡ་རྒྱག་པ་མིན་ན་ཅི།
༢༠༠༨ལོ་ནས་བཟུང་། གཞིས་བཞུགས་བོད་མི་ཚོས་བཙན་བྱོལ་བའི་གོམ་བགྲོད་ཟེར་བ་རྩེད་མོ་ཡིན་པ་ཤེས་ཟིན་འདུག ཁ་ཡོད་ལག་ཡོད་ཀྱི་གོམ་བགྲོད་བྱ་འདོད་ན་གསང་བའི་སྒོ་ནས་སོང་། གསང་བའི་ངང་ནས་བོད་ཀྱི་ས་ཐོག་ཏུ་སོང་སྟེ་སྐད་འབོད་དང་ངོ་རྒོལ་བྱས་ན། རྒྱ་ནག་གཞུང་འདར་ཡེར་རེ་དང་། རྒྱལ་སྤྱི་མི་མང་སེམས་འགུལ་ཤིག་གེ བོད་གཞིས་བྱེས་གཉིས་ནས་གདེང་འཇོག་འུར་རེ་འབྱུང་བ་གདོན་མི་ཟ། དེ་མིན་བྱིས་པའི་རྩེད་མོ་ལྟ་བུ་མ་འཁྲབ་ན་ལེགས།
ཉི་མ་ལགས གང་ནུས་ཅི་ལྕོག་གིས་ལས་འགུལ་ཅིག་སྤེལ་ཐུབ་ན་འགྲོག དེ་ནཁྱེད་ཀྱིས་ཅི་ཞིག་བྱེད་རྒྱུ་གྲ་སྒྲོག་ཡོད
ལྷ་རིག་ལགས།
འཆར་གཞི་གང་ཡིན་དྲ་ཐོག་ནས་དྲིལ་བསྒྲགས་ན་ལས་འགུལ་ལམ་ལྷོང་གང་ནས་འོང་། ང་ལ་འཆར་གཞི་ཡོད། གསང་བའི་ལས་འགུལ་ཡིན། ཁྱེད་ཀྱིས་ཁ་པར་ཨང་གྲངས་དྲ་ཐོག་ཏུ་ཞོགས་དང་། ངས་ཁྱེད་ལ་འབྲེལ་བ་བྱས་ཆོག
ལས་འགུལ་སྤེལ་དགོས་པ་མ་ཟད་ཁྱབ་བསྒྲགས་ཀྱང་བྱེད་ཐུབ་དགོས། གསང་བའི་ངང་བོད་ནང་ཕྱིན་ནས་ལས་འགུལ་ཞིག་སྤེལ་དཀའ་ཚོད་རེད་ལ་སྤེལ་ཀྱང་གཞན་གྱིས་མཐོང་ཐོས་ཐུབ་པ་ཞིག་དཀའ་ཚོད་རེད། དེང་སང་བརྒྱུད་ལམ་ཚང་མ་དམ་དྲག་གང་འདྲ་ཡོད་མེད་ལོས་ཤེས། གླིང་ཚ་ཚེ་རྡོར་ཨི་ཛི་རལ་ནས་ལས་འགུལ་སྤེལ་བར་རྒྱ་གར་དུ་སླེབས་པའི་བློས་གཏོང་དང་ཆོད་སེམས་འདྲ་ཞིག་ཡོད་མཁན་སུ་འདུག་གམ། འདི་འདྲའི་སེམས་ཤུགས་ཅན་དང་བློས་གཏོང་མཁན་རེ་བྱུང་བར་རྒྱབ་སྐྱོར་དང་བསྔགས་བརྗོད་མེད་པར་ད་དུང་ཁ་གཏོང་མཁན་དག་གིས་ཅེས་ཀྱང་རང་ཉིད་ལ་མཛུབ་མོ་བཙུག་ཏེ་མནོ་བསམ་ཞིག་གཏོང་རོགས།
དཔའ་བོ་ཁྱེད་རྣམས་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང ། རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་ཐུགས་རྗེ་ཆེ།
མིང་དོན་མཚུངས་པའི་མི་འགྱུར་གངས་ཕྲུག་ལགས། མི་རིགས་དང་རྒྱལ་ཞེན་གྱི་ལ་རྒྱ་དང་སྙིང་སྟོབས། ལྷག་བསམ་སོགས་ལ་གུས་བཀུར་དང་ཡི་རངས་ཞུ། འོན་ཀྱང་ཁྱོད་རང་ཉིད་ཀྱི་ཕྲུ་གུ་དེ་གཉིས་ཀྱང་གངས་ཕྲུག་གཉིས་ཡིན་པས། དེ་གཉི་ཀའི་མི་ཚེར་ཡང་མནོ་བསམ་རེ་གཏོང་དགོས། འདི་སེམས་གཏམ་ཡིན། ཇ་རྡུང་ཚང་གི་སྐུ།
འོ་ཡ་་་་་ད་རྗེས་ནས་བཤད།
ཁྱེད་རང་རང་གི་སེམས་ཤུགས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད། གོང་ན་མི་ཐ་ཤལ་ཁ་ཤས་ཀྱི་ཁྱོད་ལ་བསུན་བཙུར་དང་མུ་རུང་བའི་ཚིག་ངན་གྱིས་གཙེས་ཡང་། རང་ཉིད་ཀྱི་འདམས་པའི་ལམ་ཁར་ཤར་བསྐྱོད་ཐུབ་རྒྱུ་ཡིད་ཆེས་དང་ཁྱེད་ཀྱི་བྱ་བ་ལམ་ལྷུང་ཡོང་མིན་གང་ལྟར། མི་རེ་རེའི་འདི་འདྲའི་རླབས་ཆེ་བའི་བྱ་འགོ་འཛུགས་དང་གྲ་སྒྲིག་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། གཞུང་འབྲེལ་མིན་པའི་ཚོགས་པ་དང་རང་རིགས་ལ་དུང་ཞེན་ཆེ་བའི་སྐྱིེད་སྡུག་དང་དཔལ་འབྱོར་ཡོད་མཁན་རྣམས་ཀྱིས་ཁོང་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་གནང་རྒྱུ་རེ་སྐུལ་ཞུ།དཔའ་རྒོད་ཁོ་རང་ལ་མཚོན་ན་ཕ་མ་དང་སྲིང་མོ་བྱིས་པ་སོགས་ཚང་མ་ཡོད་པ་རེད། དྲ་གྲོགས་ཚོར་ཁོང་རམ་འདེགས་ཀྱི་རོགས་རམ་དང་སྐུལ་མ་གནང་མུ་ཐུབ་རུང་ཁོང་གནོད་པའི་ཕོག་ཐུག་ནམ་ཡང་མ་གཏོང་རོགས་ཞེས་འབོད་སྐུལ་ཞུ་བ་ཡིན།
ཨ་ར་དཀར་པོ་ལགས།
བོད་ནང་དུ་གསང་ཐབས་ཀྱིས་འཛུལ་ནས་གོམ་བགྲོད་ལས་འགུལ་སྤེལ་བའི་རྣམ་པ་དེ་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་ན། ད་གཟོད་དོན་སྙིང་ཆེ་ལ་གཟི་བརྗིད་ལྡན་པ་ཡིན། རྒྱ་གར་ནས་འུར་ལང་ལོང་བྱས་ན་གསར་བཏོད་མ་རེད། འཆར་ཅན་གྱི་ལས་འགུལ་ཙམ་རེད།
བོད་མི་རེའི་ངོ་ནས་རྣམ་པ་མི་འདྲ་བའི་ལས་འགུལ་ཆེ་ཆུང་སྣ་ཚོགས་རེ་སྤེལ་བ་ཡག་བྱུང་། བོད་ཤ་ཁྲག་རུས་གསུམ་གྱིས་སྔར་བྲིས་པ་དག་ལ་བསྐྱར་ཞིབ་ཞིག་བྱས་པས། ལས་འགུལ་དེའི་མ་ཚད་པ་ཞིག་ཡོད་ངེས་སྙམ། ཁོང་གིས་བུ་ཕྲུག་དང་མཛའ་མོ་ལ་ཞལ་ཆེམས་བཞག་ཚར་འདུག་བ། ཡིན་ན་བོད་ལ་མ་སླེབས་བར་དུ་གོམ་བགྲོད་བྱེད་རྒྱུ་ཡིན་ཟེར་བ་དེ་ནི་འབྲས་བུ་མེད་པའི་ལས་འགུལ་ཞིག་རེད་སྙམ། སྔར་ཁོང་ཚོ་ཁག་ཅིག་གིས་ལས་འགུལ་དེ་སྤེལ་ཚར་བ་རེད་ལ། གདེང་ཚོད་ཀྱང་རག་ཚར་བའི་ལས་འགུལ་ཞིག་རེད། མདོར་ན་ངས་ཁྱེད་ཀྱི་སྐུ་སྲོག་དོར་དགོས་རེད་ཟེར་གྱི་མེད་དེ། ལས་འགུལ་སྙིང་པོ་ཡོད་པ་ཞིག་སྤེལ་བའི་ཡིད་ཆེས་དང་རེ་བ་ཡོད།
ལྗང་སྨྱུག་ཁྱེད་ཚོས་ལས་འགན། འབྲི་གུང་ཀརྨ་རིན་ཆེན་གྱིས་སྐྱོན་བྱས་པ་ཚང་མ་དགྱེས་རྡོར་མགོར་བཞག་ནས་ཁ་བརྡ་དྲ་བ་ལས་ཡུལ་ཕུད་བཏང་བ་དག་དྲན་ཚེ་རང་དབང་མེད་པར་བགད་ཤོར་སོང་། །
ཉི་མལགས། རིན་ཆེན་བཀྲ་ཤིས་ནས་བཤད་པ་དེ་ལ་ངོ་ནས་རྒྱབ་སྐྱོར་ཡོད་ལ། ཁྱེད་ཀྱིས་གསང་བའི་ལས་འགུལ་ནི་ཕལ་ཆར་མིའི་ཤེས་མི་རུང་བའི་ལསའགུལ་ཞིག་མིན་ནམ
ད་ཡིན་ན་ང་ཁྱོད་དང་མཉམ་དུ་འགྲོ་རྒྱུ་ཡིན། ཤི་གསོན་མཉམ་དུ་འེ་ཡོང་ལྟ་རྒྱུ་ཡིན། ཁྱོད་ཀྱིས་ཆུང་མ་གཡུག་ཀྱང་སྐྱོན་མེད་ལ་བྱིས་པ་བཞག་ཀྱང་སྐྱོན་མེད། གལ་སྲིད་ཁྱོད་ལ་ཆུང་མ་དགོས་ན་ང་ཁྱོད་ཀྱི་ཆུང་མ་བྱེད་ཆོག་ལ་བྱིས་པ་དགོས་ན་བོད་རིགས་ཁ་གཙང་གི་བུ་ཕྲུག་མེ་ཏོག་འདྲ་བ་གཉིས་ཡོང་ཐབས་བྱེད་ཆོག
ད་དུང་ངས་ཁྱོད་ལ་ཡོད་ཚད་སྦྱིན་ཆོག ཁྱོད་སེམས་ཤུགས་མ་ཆག ཡོད་ཚོད་ཁྱོད་དང་ལྷན་དུ་འཐབ་འཛིངས་ལ་སྦྱིན་འདོད་པའི་བློ་དམན་པས།
ཚེ་བརྟན་རྡོ་རྗེ་ལགས་ནས་བོད་ནང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འཆར་དང་ཁོང་གི་ཆོད་སེམས་ལ་རྒྱབ་སྐྱོར་གཙང་མ་གཙང་རྐྱང་ཡོད།དེ་སྔའི་ལས་འགུལ་དེ་ཚོ་དང་བསྡུར་ཐབས་མེད་པ་རེད།དེ་སྔ་ཚོགས་པ་མང་པོས་མི་སྟོབས་དང་རྒྱུ་ཤུགས་གཉིས་ཀ་བཏང་སྟེ་ཚོགས་མི་འགའ་ཁྲལ་ཙམ་སྒྲུབ་བཟོས་གདན་སའི་དགེ་སར་བསྐོར་ཅིག་ལ་མགོ་བསྐོར་བཏང་ནས་ཁྲིད་པ་རེད།སོ་སོས་ཀྱང་དང་པོ་བདེན་པ་རེད་སྙམ་ནས་དེའི་ནང་འགྲོ་མྱོང་ཡོད་མོད།རྗེས་སུ་སྙན་གྲགས་ཆེད་དང་ཁྱབ་བསྒྲགས་ཁོ་ནའི་དམིགས་ཡུལ་ཙམ་ལས་བོད་ནང་བསྐྱོད་རྒྱུ་རྫུན་མ་ཡིན་པ་དང་དེ་འདྲའི་བློ་སྟོབས་ཤིག་གཏན་ནས་མེད་པ་བྱུང་བ་སྣ་ཚོགས་ཀྱིས་ར་སྤྲོད་བྱས་སོང་།
འོན་ཀྱང་།ད་རེས་ཚེ་རྡོར་ལགས་ནས་ས་ཐག་རིང་དེ་ཙམ་ཁ་ཆེམས་བཞག་སྟེ་ཡོང་དུས་རབ་ཡིན་ན་རྒྱབ་སྐྱོར་ཡོད་པ་ཙམ་མིན་པར།བཙན་བྱོལ་བོད་མི་ཚང་མ་ཁོང་གི་རྗེས་སུ་བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་བྱེད་དུ་འགྲོ་དགོས་རེད།
དེ་མ་གཏོགས་དེང་བཙན་བྱོལ་བོད་མི་ཚོས་ཁ་ཕོ་སྒྲོག་རྒྱུ་དང་བོད་ནང་བཀོད་ཇུས་གཏོང་རྒྱུ་མང་དྲག་པ་དང་།གནད་ལ་ཐུག་དུས་སོ་སོ་ཕྱིར་བསྣུར་བྱེད་རྒྱུ་མང་དྲག་རྐྱེན་བོད་ནང་གི་མི་ཚོས་མི་དགའ་བ་ཆེན་པོ་བྱེད་ཀི་འདུག་ད།གསར་ལམ་ཁག་ཏུ་དྲ་ལམ་ཁག་ནང་བོད་ནང་གི་བོད་མི་མང་པོ་ཅིག་ནས་སྲོག་ལ་མ་འཛེམ་པར་བཙན་བྱོལ་བོད་ཚོས་ལས་འགུལ་ནུས་ལྡན་སྤེལ་མ་ཐུབ་པ་དང་།གནད་འགག་གི་སྐབས་སུ་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་མི་ཐུབ་པར་ཁ་རྡུང་དྲག་པོ་གཏོང་གི་འདུག་ད།
དེ་བས་བཙན་བྱོལ་བོད་མི་བརྒྱ་བསྐོར་རེ་བྱས་ཏེ་བོད་ནང་ཤི་གསོན་མཉམ་གནས་ཆེད་བསྐྱོད་པ་ཡིན་ན་མི་མང་པོའི་སྲོག་ཤོར་སྲིད་པ་རེད་མོད།འཚེ་བ་མེད་པ་ཡིན་དུས་ནུས་པའང་ཆེན་པོ་ཅིག་ཏན་ཏན་འཐོན་ངེས་པ་རེད།
བསྟན་དབང་མོས་རྫུན་མ་དང་རྩེད་མོ་ཡིན་དོག་མེད། དངོས་ཡིན་ན་དཔེ་པོ་རེད། མཁྱད་མཚར་་་་་་་།
རང་ཉིད་ཀྱིས་བོད་དོན་ཆེད་ལས་འགུལ་ཕྲན་བུ་ཙམ་ཡང་སྤེལ་བའི་ནུས་པ་མེད་ན། ཁོང་གི་དམིགས་ཡུལ་དང་འཆར་གཞི་ལྡན་པའི་བོད་དོན་ལས་འགུལ་འདི་ལ་ཕན་མི་ཐོག་ཀྱང་གནོད་པ་མ་བྱེད་རོགས་ཞུ་རྒྱུ་ཡིན། མི་བུ་སྒེར་གྱི་ན་ཚ་ཕྲན་བུ་ཞིག་སེམས་ལ་བརྣག་ནས་བོད་དོན་གྱི་ལས་འདུལ་དང་ཆིག་སྒྲིལ་ལ་གཏོར་བརླག་མ་བྱས་ན་མི་བཟང་ངམ། ཚང་མས་མཁྱེན་གསལ་ལྟར། དྲ་གྲོགས་ཚོའི་ནང་དུའང་རྒྱ་དམར་གྱི་རྒྱུག་ཁྱི་མེད་མི་སྲིད་པ་ག་ལ་ཡིན།
ཉི་མ་ཟེར་བའི་དྲ་འབུ་འདི་བོད་མིའི་སྲོག་ལ་རྔམ་པའི་རྒྱུ་མཚན་ཅི། གསང་སྟབས་ཀྱ་གོམ་བསྒྲོད་ཨིག་གང་ན་ཡོད་རེད། གལ་སྲིད་ཡོད་ནའང་དེས་འཛམ་གླིང་མི་མང་ལ་ཁྱབ་བསྒྲགས་ཇི་ལྟར་བྱེད་དགོས་རེད། དྲ་འབུ་རང་གསང་སྟབས་ཀྱིས་སོང་དང་མི་མང་གིས་བལྟ་ཆོག མིན་ན་ཁྱི་ཁ་ཚིམས་ཤིག ཚེ་རྡོར་ལགས། མི་མཐུད་དུ་ཁྱབ་བསྒྲགས་བྱོས། ང་ཚོས་བོད་ནང་གི་དཀའ་ངལ་འཛམ་གླིང་མི་མང་གིས་་ཤེས་རྟོགས་ཡོང་ཐབས་ལ་འབད་དགོས་པས་ཁྱབ་བསྒྲགས་ཆེས་གལ་ཆེ་ཤོས་རེད།
ཨོ་་་་དྲ་འབུ་ཉི་མའི་བསམ་འདུན་ནི་བོད་མི་འཐབ་རྩོད་པ་ཚོ་རེ་རེ་བཞིན་རྒྱ་དམར་ལག་ལ་འཇོག་རྒྱུ་དེ་ཡིན་པ་ཚང་མས་ཤེས་དགོས། དེ་མིན་ན་བོད་མི་སྐྱབས་བཅོལ་བ་ཞིག་གསང་སྟབས་ཀྱིས་བོད་ལ་སོང་ནས་བོད་དོན་དུ་སྐད་འབོད་བྱས་ན་ཕྱིར་ཡོང་ཡོད་སྲིད་དམ། འདི་དྲ་འབུ་ཉི་མ་ལས་གཞན་སུས་རྒྱ་གུང་ཁྲན་ལ་ཡིད་ཆེས།
ལྗང་སྨྱུག་ཟེར་བ་འདི། རྒད་པོ་ལག་མེད་ཁ་ཡོད་ཅིག་ཡིན་ཡ།
འདི་ན་རང་ཉིད་་་་་ཉིན་གཅིག་སྐད་འབོད་ཙམ་ལ་འགྲོ་མི་ཐུབ་པའི་ཅོལ་ཆུང་ཁག་ཅིག་གིས། དཔའ་རྒོད་ཁོང་གི་ལས་འགུལ་ལ་ཡིད་རིང་བྱེད་རྒྱུ་ཕར་ཞོག་ཁ་རྒྱག་པའི་སྐད་ཆ་ཤོད་ཀྱིན་འདུག་པར་གད་མོའི་གནས་རང་ལས་ཅང་མ་མཐོང་། ཁོང་གི་ལས་འགུལ་སྤེལ་སྟངས་དེ་ངོ་མས་ཐབས་ལ་མཁས་པའི་ཚུལ་ལས་དོན་མེད་འབྲས་མེད་ཀྱི་ལས་འགུལ་ཞིག་མ་རེད་འདོད། བོད་རང་དབང་མ་ཐོབ་པར་དུ་ལས་འགུལ་སྤེལ་རྒྱུར་ཐག་བཅད་འདུག་མཁན་འདི་འདྲ་དེ་སྔར་བཙན་བྱོལ་ནང་ན་དཀོན་པོ་རེད། ཁོང་ལ་རྒྱབ་སྐྱོར་ལོས་བྱེད་་་་་་བོད་རྒྱལ་ལོ།
ཨ་རོགས་ཁམས་པ་ཟེར་བའི་མཆན་པ་ལགས།
ལས་འགུལ་བ་ཞིག་ཡིན་ན་པར་རྒྱག་མི་དང་གསར་འགྱུར་འགོད་མི་འཁྲིད་དགོས་པ་ལོས་ཤེས། འདི་ལས་འགུལ་བའི་གོ་སྒྲིག་འཇོན་མི་འཇོན་ལ་རག་ལས། གོམ་བགྲོད་པ་བོད་ཀྱི་རྒྱལ་སར་སླེབས་རྒྱུ་དེ་ལས་སླ་བ་མིན་ཡང་། བལ་བོད་དང་འཕགས་བོད་ཀྱི་ས་མཚམས་གང་རུང་ནས་བོད་ཀྱི་ས་ཐོག་ཏུ་ཀེ་ལོ་མེ་ཏྲི་གཅིག་བརྒལ་ཡང་ཆོག དེ་ཡང་མི་ནུས་ན་བོད་ཀྱི་ས་ཐོག་ཏུ་གོམ་པ་བརྒྱ་ཙམ་གྱི་གོམ་བགྲོད་བྱ་ནུས་ན་ཆོག དེ་དག་ཚང་མ་པར་རྒྱག་མིས་པར་བརྒྱབ། གསར་འགྱུར་འབྲི་མིས་གསར་འགྱུར་བྲིས་ནས་རྒྱལ་སྤྱིའི་སྟེང་བསྒྲགས་དགོས། རྒྱ་དམག་གིས་བཟུང་རྒྱུ་ཡིན་པ་ཨ་ཅང་ཅང་། དེ་ལ་ཐོག་མ་ཉིད་ནས་བསམ་བློ་བཏང་མེད་ན། ལས་འགུལ་དེ་འགྲིག་མེད་པ་ཡིན། རྩེད་མོ་ཙམ་དུ་འགྲོ་རྒྱུ་ལས་ཅང་འོང་རྒྱུ་མེད།
བོད་ཀྱི་ས་ཐོག་ཏུ་མ་སླེབས་སྔོན་ལ་འུར་ལང་ལོང་མ་བྱས་ན་ལེགས་ཟེར་གྱིས་ཡོད་པ་ལས། བོད་ཀྱི་ས་ཐོག་ཏུ་སླེབས་ནས་ལས་འགུལ་སྤེལ་བ་དེ་ཁྱབ་བསྒྲག་མ་བྱེད་ཟེར་བ་གང་ན་ཡིན།
ཨ་ཤུ་རེ་ཁོ། ཨ་རོགས་ཁམས་པ་ཟེར་བའི་མཆན་པ་ཁྱོད་ལ་འགྲེལ་བཤད་བརྒྱབ་མ་བརྒྱབ་ཨེ་ཡོད་བསམ་བྱུང་།
རྒྱ་གར་ནས་སྐད་འབོད་རྒྱག་གི་རྒྱག་གི་བོད་ནང་གོམ་བགྲོད་ལ་སོང་ན། རྒྱ་གར་ཕོ་ལི་སི་ཚང་མ་གད་མོ་ཤོར་གི་རེད། སྔོན་མ་ཧ་གོ་ཡོག་རེད།
སྔོན་མ་དེ་ཚོས། ང་ཚོ་སླེབས་གྲབས་སླེབས་ཡོད་དུས། རྒྱ་གར་ཕོ་ལི་སིས་འཇུས་སོང་ལབ་ནས་ལོག་པ་རེད་པ།
འོ་འདི་འདྲ་ཡིན་ན་མི་སྐྱོན་ཀི འ་རོགས་ཁྱོད་ཀྱི་བུ་མ་སྐྱེས་བའི་སྔོན་ལ་ཁྱོད་ཀྱི་ཉིན་ཐོ་ཞིག་བྲེས་ཡོད་པ་ངས་དྲེན་སོང་།
དེ་ནི་ཁྱོད་ཀྱི་བུ་ཡི་ཕོ་མཚན་རྩེ་གཏུབ་མི་གཏུབ་སྐོར་ལ་ཁྱོད་གཉིས་ཁ་རྩོད་ཤོར་བ་དང་། དེ་དུས་ཁྱོད་ཁོ་ཚོ་དང་ཁ་ཁ་བྱེད་ཀྱི་ཡིན་བྲེས་བ་ཞིག་དེ་རིང་དྲན་སོང་། ད་ཐེངས་ཀོ་སྐབས་འདྲ་རེག་པ་ཡིན་ས་རེད་ཀོ ལས་ངན་པོ་ཁྱོད་ལ་དྲེན་རྒྱུ་མང་ས་རེད་ཀོ
ང་ད་ལྟ་རྒྱ་གར་རྡ་ས་གཙུག་ལག་ཁང་གི་འགྲམ་དུ་ཡོད་ལ། འཚིག་ཇ་ཁང་ཞིག་ནས་རོགས་པ་ཞིག་གི་གློག་ཀླད་གཡར་ནས་ཡི་གེ་འདི་འབྲི་བཞིན་ཡོད། གལ་སྲིད། འཐབ་རྩོད་འདིའི་འགོ་སྔ་ལ་སེམས་ཤུགས་དང་ལྷག་བསམ་སྙིང་སྟོབས་ཡོད་པའི་བོད་མི་སུ་ཞིག་ནས་ཤེས་འདོད་དང་འབྲེལ་བ་བྱེད་འདོད། ནང་དུ་ཞུགས་བློ་ཡོད་མཁན་དག་གིས་དེ་རིང་རྒྱ་གར་གྱི་ཆུ་ཚོད་བཞིའི་རྗེས་སུ། ཁ་པར་ཨང་གྲངས་འདིའི་སྟེང་དུ་འབྲེལ་བ་བྱེད་ན་འགྲིག་གི་ཡོད། འོན་ཀྱང་། ལན་དུས་ཚོད་དང་འཚམ་པ་དག་ལ་འདེབས་རྒྱུ་ལས། དུས་ཚོད་དང་མ་རན་པ་དག་ལ་ལན་འདེབས་བྱེད་མ་ཐུབ་པ་བྱུང་བའི་རིགས་ལ་ད་ལྟ་ནས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ༠༨༦༧༩༥༥༥༣༣༢