ནེའུ་ཡོག་ཏུ་བཀའ་ཁྲིའི་གསུང་བཤད་། Posted on 2012-02-292012-03-03 By ཁ་བརྡ་ 32 Comments on ནེའུ་ཡོག་ཏུ་བཀའ་ཁྲིའི་གསུང་བཤད་། མཁོ་སྤྲོད་གནང་མཁན་པད་རྡོར། གློག་བརྙན་།, གསར་འགྱུར།
དྲི་བ་དྲིས་ལན་དེ་ཡག་པོ་གནང་སོང་། མཐའ་མཇུག་གི་དྲི་བ་དེས་ཞབས་འདྲེན་ཞུས་སོང་ལ། བཀའ་ཁྲི་མཆོག་གི་དགོངས་པ་ཡང་འཚོམ་གི་བཅུག་སོང་། མདོ་སྔགས་ཟེར་བའི་མི་ལྡིང་དེར་སེམས་ཤུགས་ཡོད་མདོག་མདོག་གིས་དྲི་བ་དེ་བཀོད་པ་ཡིན་སྲིད་མོད། གཅིག་ནས་སྐད་ཆ་དེ་རྙིང་པ་ཞིག་ཡིན་པ་དང་། གཉིས་ནས་དགོས་པ་ཆེར་མི་འདུག་མོད། བཀའ་བཀྱོན་གཟེད་དགོས་བྱུང་སོང་ང་། བཀའ་དྲིས་ལན་རྣམ་ཐབས་ཤེས་ཟུང་འབྲེལ་རང་རེད་འདུག ལོ་ལྔ་བོ་དེ་དེ་འདྲའི་ཐོག་ལ་གཏོང་འདོད་མེད་ཅེས་པ་དེ་ངོ་མ་རྣམ་དཔྱོད་ཅན་གྱི་སྐད་ཆ་རེད་ལ། རེ་བ་ཡོད་པའི་སྐད་ཆའང་རེད། བཀའ་དྲིན་ཆེ་ཞུ།
བཀའ་ཁྲིིིའི་ལན་ཡག་པོ་འདུག ཡིན་ནའང་དྲི་བ་ག་རེ་དྲིས་ཀྱང་ཆོག བསམ་བློ་མི་འདྲ་བ་བལྟ་བ་མི་འདྲ་བ་མང་གཙོས་ཁྱད་ཆོས་ཡིན། མདོ་སྔགས་ཁོ་རང་གི་དྲི་བ་དྲིས་པ་ནོར་བ་དེ་ཁོ་རང་གི་ཤེས་ཡོད། ཡིན་ནའང་ང་རང་གི་བསམ་ཚུལ་ནི་བཀའ་ཁྲིས་གསུངས་དོན། ཁོ་རང་བཀའ་ཁྲི་འོས་བསྡུ་ལངས་པའི་སྐབས་སུ་༧རྒྱལ་བ་རིན་པོ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་མི་ལ་རང་དབང་དགོས་ཞེས་ཚིགས་གཉིས་བེད་སྤྱོད་བྱས་པ་ཡིན་གསུངས་སོང་། ད་ཆ་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་མཁན་ཚང་མས་ཁོ་རང་གི་གསུངས་པི་ཚིགས་འདི་གཉིས་རྗེས་བཟློས་བྱེད་ཀྱི་འདུག་ཟེར། ང་རང་བསམ་ཚུལ་ནི་བོད་རང་དབང་ཤོར་བའི་ཉིན་མོ་དེ་ནས་བཟུང་བོད་རིགས་ཚང་མས་སེམས་ནས་བསམ་རྒྱུ་དང་ཁ་ནས་བཤད་རྒྱུ་དེ་ག་རང་རེད་མ་གཏོགས་བཀའ་ཁྲིའི་གསར་གཏོད་བྱས་པ་མ་རེད། མ་གཞི་ནས་ཁོ་རང་གི་མིའི་གཤིས་ཁ་དེ་ཧམ་པ་ཚ་བོ་ཞིག་འདུག
བཀའ་ཁྲི་བློ་སེང་ལ་བློ་ཁོག་མེད་པའི་མདོག་འདི་ནས་བསྟན་སོང་། ཁྱེད་ཀྱིས་ཨ་རིའི་བོད་པ་ར་མ་ལུག་ཁ་ཤས་ཀྱི་མདུན་ནས་མཁས་རྟགས་སྟོན་རྒྱུ་དེ་མ་རེད། ལྷག་པར་ཁྱེད་ལ་རྒྱབ་སྐྱོར་དང་དགའ་མཁན་ཚོས་རི་མགོའི་ཟོག་རྫི་བཞིན་ཀི་འདེབས་ཀྱི་ཁྲོད་ནས་ཁྱེད་རང་བསྐྱལ་ས་ཞིག་ལ་སླེབས་ཡོད།ཡིན་ན་ཡང་བོད་དོན་ལ་ཁྱེད་ཀྱིས་ཅིག་བྱེད་ཀི་རེད་བསམ་པ་ཞིག་མེད་པ་ངས་སྔ་མོ་ནས་རྟོགས་ཡོད། ཁྱེད་རང་ལ་མང་ཚཽགས་ཀྱི་དྲི་བ་ཞིག་ངོས་ལེན་བྱས་ཡ་ཡི་བློ་ཁོག་མེད་པར་ལམ་སེང་དུག་སྤྲུལ་བཞིན་མདོག་ཐོན་པ་དེ་ནས་རང་ལ་ཅི་ཡང་མེད་པ་བསྟན་ཡོད་ལ། བུ་རུས་པ་ཅན་ཚོས་ཁྱེདལ་བརྩི་བའི་བསམ་བློ་དེ་ཡང་རྨང་ནས་ཆད་སོང་། ཏིང་ཞི་ཕེ་རྒྱ་ནག་དབུས་ཆབ་སྲིད་ཅུས་ནས་མར་བསགས་ཏེ་བཙོན་ཁང་དུ་ཐེངས་གསུམ་འཛུལ་དགོས་བྱུང་ཡང་ཆོད་སེམས་དེ་རི་བོ་བཞིན་བརྟན་རྐྱེན་སླར་རྒྱ་ནག་འདི་ལམ་འདི་འདྲ་ཞིག་ལ་སླེབས་ཐུབ་པ་དང་ཁྲིད་ཐུབ་ཡོད། ཁྱེད་ལ་མི་མང་གི་དོགས་སློང་ཞིག་བྱས་པར་མདོག་འགྱུར་སྟངས་ལ་ལྟོས་ནས་ད་ནས་ཁྱེད་ལ་རེ་བ་ཞིག་མེད་པ་ཞོར་ནས་རྟོགས། ལྷག་པར་གཞིས་ལུས་མི་མང་གིད་མེ་སྦར་བའི་ལས་འགུལ་དེར་ཁྱེད་ཀྱིས་མཆོད་འབུལ་སྨོན་ལམ་གྱི་འཐུས་སོང་བའི་ལས་དོན་དེར་ང་ཚོ་སྐྱུགས་ལངས་ནས་བསྡད་ཡོད།
༧ བཀའ་ཁྲི་བློ་བཟང་སེང་གེ་མཆོག་ནེའུ་ཡོག་ཏུ་ཕེབས་པར་དགའ་བསུ་ཞུ་བ་དང་ཆབས་ཅིག་བཀའ་སློབ་གསུང་བཤད་གནང་བ་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་བཀའ་སློབ་གསུང་དོན་གྱི་གཙོ་གནད་ཆེ་ཤོས་དེ་བོད་ནང་དུ་རང་དབང་བསྐྱར་གསོ་བྱེད་ཡག་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཡག་དེ་རེད་འདུག་པས་ང་ཚོ་བོད་མི་ཡོངས་སུ་རྫོགས་པས་དེ་ལ་རྒྱབ་སྐྱོར་གནང་ནས་བཀའ་ཁྲི་མཆོག་ལ་ཁ་ངན་དང་ཚིག་ངན་རྒྱབ་པའི་དོད་པོ་དང་པོར་སོ་སོའི་ཡོན་ཏན་དང་འཇོན་ཐང་ལ་ཕྱི་མིག་ཞིག་བལྟས་ཏེ་བོད་སྤྱི་པའི་ཆེད་དུ་གང་ནུས་སྒྲུབ་དགོས་པ་གལ་ཆེན་པོ་རེད་བསམ་གྱིན་འདུག དེ་མིན་ང་ཚོས་ནེ་པ་ལིའི་འགོ་ཁྲིད་བཀོས་པ་ནང་བཞིན་སོ་སོས་འོས་ཤོག་འཕེན་ནས་དབུ་ཁྲིད་ཞིག་དེ་རིང་་ཡར་བཀོས། བཀོས་ཚར་བའི་ཕྱི་ཉིན་དེ་ནས་དེ་ལ་དགག་པ་རྒྱག་རྒྱུ་མགོ་བཙུགས་བསྡད་ནས་དུས་ནམ་ཡང་ང་ཚོའི་བདེན་མཐའ་སེལ་ཡག་དང་ང་ཚོའི་དབུ་ཁྲིད་ཡང་དག་པ་ཞིག་འབྱོར་ཡག་ནི་ནམ་ལངས་ཀྱི་སྐར་མ་དང་གཅིག་མཚུངས་རེད་སྙམ། ང་ཚོ་བོད་མི་ཡོངས་རྫོགས་ལྡོག་རྩ་གཅིག་ཏུ་སྒྲིལ་ཏེ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ནས་དབུ་མའི་ལམ་ཐོག་ཏུ་བསྐྱོད་ཐུབ་པ་བྱེད་དགོས་པ་ནི་ངའི་བསམ་པར་དུས་སྐབས་འདི་ལ་དེའི་ལྷག་ཅིག་སུས་ཀྱང་ཐུབ་ཡག་ལ་དཀའ་ལས་ཁག་པོ་ཞིག་ཆགས་འདུག་པ་མངོན་རིག་ལག་ཟིན་ཡིན་པ་ཚང་མས་ཤེས་གསལ་རེད། དེར་བརྟེན་ང་ཚོ་ཚང་མས་བོད་མི་མང་གིས་རང་དབང་ཐོག་ནས་བཀོས་པའི་དབུ་ཁྲིད་ཆེན་མོ་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་གུས་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་དགོས་པ་ནི་བོད་ཀྱི་རྩ་དོན་གྱི་འགག་རྩ་ལ་ཐུག་པ་མ་གཏོགས་མི་སྒེར་ཞིག་གི་དོན་དག་རྩ་བ་ནས་མ་རེད། ཐུགས་རྗེ་ཆེ།
གཡང་འཛོམས་ཟེར་བ་འདི། ཤར་ཁུག་རེད། ཁོ་ནི་དྲ་འབུའི་རྒྱལ་བོ་རེད། ཁོས་ཁོ་རང་གི་བྲིས་པ་དག་ལ་རྣམ་པ་ཀུན་ཏུ་རང་བསྟོད་རྒྱག་གི་ཡོད་རེད། མ་ཟད། ཁོ་ལ་ངོ་ཚ་ཡོད་མ་རེད།
དོན་དག་ངོ་མ་དེ་ང་ཚོ་དབུ་མའི་ལམ་དང་ཚེ་བ་མེད་པའི་སྒོ་ནས་ཚེ་བའི་ལས་ལ་ཐབས་རྩོད་རྒྱག་གིན་ཡོད། འདིའི་རྐྱེན་གྱིས་འཛམ་གླིང་རྒྱལ་སྤྱིས་ཀྱང་ང་ཚོར་དོ་སྣང་མ་བྱས་པ་རེད། དེར་བརྟེན་མཐར་ང་ཚོས་རྒྱལ་ཚོགས་ལའང་སྐད་འབོད་རྒྱག་དགོས་བྱུང་བ་རེད། དགེ་འདུན་ཆོས་འཕེལ་གྱིས། བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་ཏུ་ཕྱིན། །ཅེས་ཆོས་ཀྱི་གོ་དོན་ཁ་ཕྱོགས་ནས་བསམ་བློ་གཏོང་ན་གོ་རྒྱུ་ཞིག་ཡོད་ཀྱང་། དོན་དུ་གླིང་ཆེན་འདིད་མིག་མཐོང་ལག་ཟིན་ལ་བལྟས་ན་དབུ་མའི་ལམ་འདིས་ཕན་ཐོགས་རྒྱུར་ཁག་པོ་རེད། བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ནི་དབུ་མའི་ལམ་དང་འགལ་བ་རེད། དབུ་མའི་ལམ་ནི་རང་གཞན་གཉིས་ཕན་གྱི་ཐབས་ལ་བསྟེན་ནས་བོད་ཀྱི་རང་དབང་སྐྱར་གསོའི་ཆེད་དུ་མི་སྲོག་མ་ཤོར་བ་བྱེད་རྒྱུ་དེ་རེད། ངས་དབུ་མའི་ལམ་དང་འགལ་བ་རེད་ཅེས་པ་སྡུག་པོ་རེད་ཅེས་པའི་དོན་མིན། ལས་འགུལ་འདི་ནི་དབུ་མའི་ལམ་ལས་ཀྱང་ནུས་ཤུགས་ཆེ་བ་རེད། དེ་ལྟར་མུ་མཐུད་ནས་བྱས་ན་རྒྱལ་ཚོགས་ཀྱི་ངོས་ཀྱང་དོ་སྣང་ཞིག་སྤྲོད་ངེས་འདྲ་ལ། རྒྱའི་ཆབ་སྲིད་ལའང་འགྱུར་བ་གཏོང་ངེས་འདྲ།
སྤྱིའི་ཆ་ནས་དྲི་བ་དང་དྲིས་ལན་ཡག་པོ་ཙམ་མ་ཟད་དོན་སྙིང་ལྡན་པ་ཁ་ཤེས་གནང་བྱུང། མཐའ་མའི་མདོ་སྔགས་ལ་དྲིས་ལན་གནང་དུས། གདོང་མདོག་འགྱུར་བ་དང་ཁོང་ཁྲོའི་རྣམ་པ་ཕྱིར་མངོན་པ་ནི་མཐོང་མ་བདེ་བ་ཞིག་འདུག། གྲོས་ཚོགས་ར་བ་ནས་དེ་ལྟར་ཡོངས་བ་རྒྱུན་ལྡན་ཡིན་ཡང་མི་དམངས་ཁྲོད་དེ་འདྲ་བྱས་ན་ཁོ་རང་ཙམ་མ་ཟད་སྤྱི་ལ་གནོད་པ་དང་ཞབས་འདྲེན་རེད། ཁྱོད་ཀྱིས་རྣམ་དཔྱོད་དང་སྙིང་སྟོབས་ཀྱི་བོད་སྐྱོབས་མ་ཐུབ་ན་གཞན་རྫིགས་ཉམས་དང་སྐད་ཤུགས་ཀྱི་བོད་སྐྱོབས་ག་ལ་ཐུབ། དེ་མིན་བཀྲ་བྷེ་དང་་ཕུན་ཚོགས་་ཟེར་ནས་་་དཔའ་བོ་ཞེས་ཆེ་སྟོད་ཙམ་ཡང་མ་བྱས་པ་བློ་ཐམ་སྐྱེས་བྱུང། སྐྱོན་བརྗོད་གཅིག་མ་བྱས་ཡ ཆེ་སྟོད་རྐྱང་རྐྱང་བྱས་བསྡད་ན་དགོས་དོན་འགྲུབ་འགྲོ་ན་སྔོན་ཆད་སྡེ་བ་གཞུང་གི་སྐུ་དྲག་ཚོ་ཚད་འདི་ལ་སླེབས་མི་ཡོངས། གཞན་པ་ངས་ཁྱོད་ལ་རེ་བ་གང་ཡང་མེད་བསམ་བློ་ཅུང་ཡངས་པོ་བྱེད་རྒྱུ་རེ་བ་ཡིན།
ནིའུ་ཡོག་ཏུ་བཀའ་བློན་ཁྲི་པས་གསུངས་བཤད་ནི་དོན་ལྡན་མང་ཚོགས་ལམ་ལུགས་ཀྱི་ཉམས་སྲོལ་་ཡིན་པ་ཀུན་གྱིས་ཤེས་གསལ་ཡིན་པ་བརྗོད་མི་དགསོ། ཡིན་ཡང་སྐྱེ་བོ་ཀུན་གྱི་འདོད་དོན་གྲུབ་ཐུབ་པའམ་བསམ་དོན་གྲུབ་ཐུབ་ཟེར་བ་ནི་ཤིན་ཏུ་དཀའ་བ་ཡིན། ད་ལྟའི་ཆར་བོད་མི་རང་ལུས་མཆོད་སྦྱིན་ཕུལ་བ་རྣམས་ཀྱི་རེ་བ་བཀང་ཕྱིར་བོད་མི་ཡོངས་ཀྱི་རྒྱབ་སྐྱོར་དང་འགའ་རེ་ཟས་བཅད་ངོ་རྒོལ་དང་ལ་ལས་སྐད་འབོད་རྒྱོབ་པ་ནི་བསྟོད་བསྔགས་ཀྱི་གནས་སུ་འགྱུར། བཀའ་བློན་ཁྲི་པས་གཏམ་བཤད་ནང་ད་ལྟ་ལས་དོན་སྤེལ་བའི་དུས་ཡིན་ལ་ཕན་ཚུན་དབར་སྐྱོན་བརྗོད་བྱེད་པའི་དུས་ག་ལ་ཡིན་ཟེར་བ་དེ་དངོས་ཡོད་ཀྱི་གནས་ཚུལ་ཡིན་པ་ནི་དོན་མི་ཟ། ཡིན་ཡང་རང་རེ་སྐྱེ་བོ་ཐ་མལ་པ་ཡིན་ཕྱིན་སྐབས་འགར་བསམ་ཚུལ་མི་མཐུན་པ་ཡོང་བ་ནི་འཇིག་རྟེན་པའི་ཆོས་ཉིད་ཡིན། ད་ལྟ་བོད་ནང་དཔའ་བོ་དཔའ་མོ་རྣམས་ཀྱི་རང་ལུས་མཆོད་སྦྱིན་ཕུལ་བའི་བསམ་བཟང་སྙིང་སྟོབས་ལ་གུས་འདུས་ཞུ། སྐབས་རེ་ལག་ལེན་འདི་ཇི་འདྲ་ཡིན་ནམ་སྙམ་པའི་དོགས་འདྲི་ཡིད་ནང་ཡང་ཡང་འཁོར་བཞིན་འདུག ། རྒྱ་ཆེ་ཀློག་པ་པོ་རྣམས་ལ་ཞུ་གསོལ་དུ་གང་ལྟར་བོད་མི་རིགས་ཀྱི་ཁྲི་འཛིན་པ་སུ་ཡིན་རུང་དེ་རྣམས་ལ་གུས་འདུད་ཡིན་ལུགས་ཚུལ་ལྡན་ཀྱི་ཚིག་དངགས་འབྲི་རོགས་ཞེས་རེ་སྐུལ་དུ། །
བཀའ་ཁྲིའི་དྲི་བ་མཐའ་མའི་ལེན་དེ་དགོངས་པ་ཚོམས་པའི་རྣམ་པ་ཤུགས་ཆེ་ཙམ་གནང་སོང་། གུས་རང་ཚོགས་ཁང་ནང་དུ་ཡོད། ངའི་བསམ་པར་མི་དམངས་ཀྱི་འགོ་འཁྲིད་ཡིན་ཙང་རྣ་མཆོག་འཐུག་ཙམ་བྱེད་ན་ཡག་པོ་མིན་འགྲོ། ཟམ་གདོང་རིན་པོ་ཆེན་པོ་ལྟར་ཐུགས་སྒམ་པོ་གནང་དགོས། དེ་མིན་ཆུང་ཙག་རིགས་ལ་ངར་ལངས་མཆོག་མཆོག་བྱེད་ན་འགོ་འཁྲིད་ཡིན་ན་ཡག་པོ་ཁྱོན་ནས་ཡོད་མ་རེད་བསམ་གྱི་འདུག རྒྱལ་ཁབ་གཞན་གྱི་དཔོན་རིགས་དང་ལྷག་པར་རྒྱ་གར་གྱི་དཔོན་རིགས་ཚོའི་གནང་སྟངས་ལ་གཟིགས་དང་། མ་གཞི་ཁོ་རང་བཀའ་ཁྲི་བྱེད་ཡ་ལོ་ཆུང་དྲགས་རེད། དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་བྷཇ་པ་ཡེའི་མཆོག་གི་ར་འཇིབ་གྷནྡིར་ཕྲུ་གུ་རེད་གསུངས་པ་ཞིག་དྲན་གྱི་འདུག ་སྐབས་དེ་དུས་ར་འཇིབ་གྷནྡི་དགུང་ལོ་བཞི་བཅུ་ལྷགས་རེད་ཡིན་ནའང་ཆབ་སྲིད་ཀྱི་འགོ་འཕྲིད་དབང་དུ་བྱས་ན་ཕྲུ་གུ་ཡིན་པ་རེད། གང་ལྟར་ཉམས་མྱོང་མེད་པའི་རྟགས་རེད།
བཀའ་ཁྲིའི་དྲི་བ་མཐའ་མའི་ལེན་དེ་དགོངས་པ་ཚོམས་པའི་རྣམ་པ་ཤུགས་ཆེ་ཙམ་གནང་སོང་། གུས་རང་ཚོགས་ཁང་ནང་དུ་ཡོད། ངའི་བསམ་པར་མི་དམངས་ཀྱི་འགོ་འཁྲིད་ཡིན་ཙང་རྣ་མཆོག་འཐུག་ཙམ་བྱེད་ན་ཡག་པོ་མིན་འགྲོ། ཟམ་གདོང་རིན་པོ་ཆེན་པོ་ལྟར་ཐུགས་སྒམ་པོ་གནང་དགོས། དེ་མིན་ཆུང་ཙག་རིགས་ལ་ངར་ལངས་མཆོག་མཆོག་བྱེད་ན་འགོ་འཁྲིད་ཡིན་ན་ཡག་པོ་ཁྱོན་ནས་ཡོད་མ་རེད་བསམ་གྱི་འདུག རྒྱལ་ཁབ་གཞན་གྱི་དཔོན་རིགས་དང་ལྷག་པར་རྒྱ་གར་གྱི་དཔོན་རིགས་ཚོའི་གནང་སྟངས་ལ་གཟིགས་དང་། མ་གཞི་ཁོ་རང་བཀའ་ཁྲི་བྱེད་ཡ་ལོ་ཆུང་དྲགས་རེད། དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་བྷཇ་པ་ཡེའི་མཆོག་གི་ར་འཇིབ་གྷནྡིར་ཕྲུ་གུ་རེད་གསུངས་པ་ཞིག་དྲན་གྱི་འདུག ་སྐབས་དེ་དུས་ར་འཇིབ་གྷནྡི་དགུང་ལོ་བཞི་བཅུ་ལྷགས་རེད་ཡིན་ནའང་ཆབ་སྲིད་ཀྱི་འགོ་འཕྲིད་དབང་དུ་བྱས་ན་ཕྲུ་གུ་ཡིན་པ་རེད། གང་ལྟར་ཉམས་མྱོང་མེད་པའི་རྟགས་རེད། ལན ཡག་ཤོས་ནི་དེ་འདྲའི་གང་ལ་ལོ་ལྔ་བཏང་རྩིས་མེད་གསུངས་པ་དེར་དགའ་བསུ་ཡོད།
༧ གོང་གི་མཆན་ “༨༽ དབང་འདུས་ནས།” “བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ནི་དབུ་མའི་ལམ་དང་འགལ་བ་རེད། དབུ་མའི་ལམ་ནི་རང་གཞན་གཉིས་ཕན་གྱི་ཐབས་ལ་བསྟེན་ནས་བོད་ཀྱི་རང་དབང་སྐྱར་གསོའི་ཆེད་དུ་མི་སྲོག་མ་ཤོར་བ་བྱེད་རྒྱུ་དེ་རེད།” ཟེར། སྐད་ཆ་དེའི་ཤུགས་ལས་ཁོ་རང་གི་འདོད་པ་དེ་རང་གཞན་གཉིས་ཕནམེད་པ་དང་། རང་དབང་བསྐྱར་གསོ་མི་དགོས་པ། ་མི་སྲོག་མང་དུ་ཤོར་ན་ཡག་ཏུ་ཡོང་བ་ལྟ་བུ་གོ་རྒྱུ་འདུག་པས་ཚང་མས་དབང་འདུས་ཟེར་བའི་མི་འདི་ལ་དོ་སྣང་གནང་དགོས་པ་འདུག
དང་པོ། ནུབ་ཕྱོགས་གངས་ཕྲུག་གིས་བཤད་པ་བདེན་པ་ཡིན། ངས་བོད་ནང་གི་དྲི་བ་འདི་བཀའ་ཁྲི་མཆོག་ལ་དྲིས་པ་ནོར་འདུག ལྷག་བསམ་རྣམ་དག་གིས་བརྒྱན་པའི་བོད་ནང་གི་དྲི་བ་ལ་ཁྲོ་ཞིང་གཏུམ་པའི་ཉམས་ཀྱིས་མ་ཉེས་ཁ་གཡོག་གི་བཀའ་ལན་གནང་བ་འདི་བསམ་ཡུལ་ལས་འདས་སོང་། གཉིས་པ། ཕྱི་ལོ་༢༠༡༢ཟླ་༡ཚེས་༤ཉིན་རང་གཞུང་ཆོས་རིག་ལས་ཁུངས་དང་དུས་དབང་གོ་སྒྲིག་ཚོགས་ཆུང་ཐུང་མོང་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་བཀའ་ཁྲི་མཆོག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་བོད་ནང་དུ་རང་ལུས་མེ་མཆོད་འབུལ་མཁན་དཔའ་བོ་ཕོ་མོ་རྣམས་ཀྱི་མཚན་ཐོ་སེར་སྐྱ་བཙུན་མ་གང་ཡིན་ལོ་དང་བཅས་པ་རེ་རེ་བཞིན་སྙན་སེང་ཞུས་སྐབས། བོད་ནང་དུ་རང་ལུས་མེ་མཆོད་དང་པོ་འབུལ་མཁན་དཔའ་པོ་དགེ་འདུན་པ་བཀྲ་བྷེ་ལགས་ཀྱི་མཚན་ཕར་ཞོག་མཐའ་ན་གྲངས་ཀའི་ནང་དུའང་མེད་པ་དངོས་བདེན་ཡིན་པས་ཚོགས་བཞུགས་པ་མང་པོས་གཅིག་གིས་གཅིག་ལ་དོགས་འདྲི་བྱ་དགོས་པ་ཆགས་ཡོད། དྲང་བདེན་མ་བྱུང་བའི་གནས་ཚུལ་འདིས་བཙན་བྱོལ་ཁྲོད་ཀྱི་བོད་བསྟན་སྲིད་ལ་དོན་སྣང་དང་གཞིས་ལུས་མི་མང་ལ་ཤ་ཚ་ཡོད་མཁན་ཚོའི་སེམས་ནང་དུ་ཅུང་མ་བདེ་བ་བྱུང་ཡོད་ལ་དེ་དོན་མ་འགྲིག་པའི་སྐད་ཆ་ཞིག་ཀྱང་ལྷགས་པ་རེད། རིམ་བཞིན་བོད་ནང་དུ་ཁྱབ་སྟེ་འབྲེལ་ཡོད་ཁ་ཤས་ཀྱིས་མཐའ་ན་ང་ལ་ཡང་ཁ་པར་བརྒྱུད་སྐད་ཆ་དྲིས་སོང་ལ་ཁོང་ཚོ་ཚང་མ་ཐུང་མོང་གི་བསམ་ཚུལ་གཅིག་ཡོད་པ་ནི། བོད་ནང་དུ་རང་ལུས་མེ་མཆོད་འབུལ་མཁན་དཔའ་བོ་ཕོ་མོ་ཚོའི་མཚན་ཐོའི་ནང་ལ་རང་ལུས་མེ་མཆོད་འབུལ་མཁན་དང་པོའི་མཚན་མེད་པ་དེ་ཕངས་སེམས་དང་མ་འགྲིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག་ལ་རྒྱུ་མཚན་ཡང་ཤེས་འདོད་འདུག། ཡང་གཅིག་གིས་ཁྱེད་ཚོས་ཤེས་ཀྱི་མ་རེད་ང་ཚོ་རང་ཡུལ་ལ་ཡོད་ཀྱང་རང་དབང་སྤུ་ཙམ་མེད་པ་མ་ཟད་བོད་བསྟན་སྲིད་ལ་ཞབས་ཕྱི་ཞུས་ན་རང་སྲོག་གིས་ལག་ལྕིབས་བྱེད་དགོས་ཀི མཐའ་ན་བོད་དོན་ཞིག་བཤད་པ་ཙམ་ཡང་ཧ་གོ་སོང་ན་བཙོན་ཁང་མ་གཏོགས་འགྲོ་ལམ་མེད་པ་རེད། ང་ཚོ་འཇིགས་སྐྲག་འདིའི་འོག་ནས་ཉིན་སོང་ན་མཚན་མི་འཁྱོལ་གི། ཁྱེད་ཚོ་རང་དབང་ལུང་བ་ན་ཡོད་རེད། གང་ཐུབ་ཅི་ཐུབ་གནང་གི་འདུག་བཀའ་དྲིན་ཆེ། གཙོ་བོ་ང་ཚོ་བོད་ཡུལ་ན་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་སྙིང་སྟོབས་དང་ལྷག་བསམ་སྐྱེད་སྲིང་གནང་མ་ཐུབ་ན་ཡང་ཉམས་དམས་སུ་གཏོང་མི་ཉན། གཟབ་གཟབ་བྱ་དགོས། བོད་ནང་གི་བོད་མི་ལས་ལྷག་པའི་བོད་དོན་ལ་གནད་འགག་ཅིག་ཡོད་པ་མ་རེད་གསུངས་སོང་། ང་ལ་མཚོན་ན་དཔའ་བོ་ཁོང་གི་མཚན་དངོས་སུ་མེད་པ་དེ་འདྲའི་གྱོང་གུད་ཆེན་པོ་ཞིག་ལ་ངོས་འཛིན་མེད། འོན་ཀྱང་ཟླ་༢ཚེས་༡༣ཉིན་དཔའ་བོ་ཁོང་གི་གཉེན་ཉེ་ཞིག་གིས་ང་ལ་ཁ་པར་བརྒྱུད་སྐད་ཆ་དེ་དྲིས་བྱུང་། མཚན་དངོས་སུ་མེད་པ་ཁོང་གཅིག་པུ་མ་རེད་དཔའ་བོ་ཐུབ་བསྟན་དངོས་གྲུབ་སོགས་ཀྱི་མཚན་མེད་སྐོར་ཞུས་པ་ཡིན། ངུ་སྐད་དང་བཅས་དེ་ཨ་ཧ་བོ་ཞི་ལུ་(བུ)འདི་སྙིང་རྗེ་ཅི་འདྲའི་ལས་ངན་ཞིག དེ་དུས་ཤི་ཤི་མ་ཐུབ། ད་རེས་རྡོ་རྗེ་གདན་ལ་བསམ་གྱིིས་མི་ཁྱབ་པའི་སྐྱེས་ཆེན་དམ་པ་མང་པོས་དབུས་དགེ་འདུན་པ་ཁྲི་ཕྲག་གིས་མཆོད་འབུལ་གནང་སར་ང་ཚོའི་མགོ་རྒན་(ང་ཚོའི་དཔོན་པོ་)ཚང་གིས་ཞི་ལུའི་(བུའི )མིང་ཙམ་ཡང་གསུང་རྒྱུའི་ལས་ངེད་ཚང་ལ་མ་ཡོད་ནི་རེད། མཆོད་འབུལ་སྨོན་ལམ་གནང་བ་ཕྱི་ཉིན་ནས་ང་ཚོས་གོ་ཐལ། སེམས་དགའ་ནས་བསྡད་པ་ཡིན། ཉེ་ཆར་གྲོགས་པོ་ཞིག་བརྒྱུད་བཀྲ་བྷེ་གཅིག་པུའི་མིང་མེད་པའི་གནས་ཚུལ་གོ་ནས་སེམས་སྡུག་གིས་གང་ནས་ངུས་པ་ཡིན། ད་ལམ་ལས་དོན་ཆུང་ཚེགས་ཤིག་གི་ཞོར་ལ་གཙོ་བོ་སྐད་ཆ་འདི་འདྲི་རྒྱུའི་ཆེད་འདི་གར་ཡོང་བ་ཡིན་ཟེར། ཁོང་གིས་དཔའ་བོ་བཀྲ་བྷེ་ལགས་ཀྱི་མཚན་མེད་པ་ཁོང་ཚང་གི་ལས་དབང་ལ་ལས་འདེད་བྱེད་པ་ལས་བཀའ་ཁྲི་མཆོག་མ་དྲང་མ་འགྲིག་མདོག་མདོག་གི་སྐོར་ཚིག་ཟུར་ཙམ་དཀོན་མཆོག་དཔང་བཙུགས་བཤད་མ་སོང་། ད་རུང་ང་ཚོའི་མགོ་རྒན་(དཔོན་པོ)ཚང་ཟེར་ནས་གུས་ཞབས་གདེང་འཇོག་ཧ་ལས་པ་རེད། ཉེ་ཆར་ཧོང་ཀོང་ནས་བོད་མི་རིགས་ལ་སྙིང་ནས་ཤ་ཚ་ཅན་གྱི་ཁམས་པའི་ཚོང་པ་ཞིག་གིས་སེམས་ཁྲལ་ཆེན་པོས་དཔའ་བོ་བཀྲ་བྷེའི་མཚན་བརྗེད་སོང་བ་དེ་འགྲིགས་མ་སོང་། དཔའ་བོ་བཀྲ་བྷེ་ཁོ་ཚོས་སྡུག་པོ་མྱོང་གི་འདུག ཇོ་བོ་རིན་པོ། དེ་ལས་ཤི་སོང་ན་དགའ་ས་རེད་ཟེར་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་སྡུག་བསྔལ་བརྗོད་ནས་ང་ཚོ་གསུམ་ག་མིག་ཆུ་འཐོར་སོང་། ཁོང་གིས་མཚན་བརྗེད་པ་ཡིན་ཤག་ལ་ངོས་འཛིན་ཞུ་བ་ལས་གཞན་པའི་དོགས་པ་སྤུ་ཙམ་ཡང་མི་འདུག སྐད་ཆ་དེ་ཚོས་གཞིས་ལུས་མི་མང་གིས་རང་གཞུང་དང་གཞུང་འཛིན་མི་སྣ་ལ་བཅངས་པའི་ལྷད་མེད་ཀྱི་ཡིད་ཆེས་མཚོན་པ་རེད། བོད་ནང་གི་རང་ལུས་མེ་མཆོད་འབུལ་མཁན་དཔའ་བོ་རྣམ་པའི་མཚན་ཐོ་གྲངས་དང་བཅས་པ་དྲང་བདེན་མ་བྱུང་བ་དེ་བཀའ་ཁྲི་མཆོག་གིས་བསམ་བཞིན་དུ་གནང་བ་ཞིག་ཡིན་པའི་དོགས་པ་སུ་ལ་ཡང་སྤུ་རྩེ་ཙམ་ཡོད་པ་མ་རེད། གསུམ་པ། ད་ལམ་བཀའ་ཁྲི་མཆོག་ལ་དྲི་བ་འདི་འབུལ་རྒྱུ་ཡང་ང་ཚོ་ཚོགས་ཞུགས་པ་ཁ་ཤས་ཀྱིས་གྲོས་མོལ་བྱས་མཐར་ཁོང་ཚོས་ང་ལ་དྲི་བ་འདོན་རོགས་གསུངས་སོང་། དྲི་བ་འདི་བོད་ནང་གི་དྲི་བ་ཞིག་ཡིན་དུས་གལ་ཆེན་དོན་ཆེན་ལ་བརྩིས་ནས་བཀའ་ཁྲི་མཆོག་ལ་བཀའ་འདྲི་ཞུ་རྒྱུ་སེམས་ཐག་བཅད་པ་ཡིན། བཀའ་ཁྲི་མཆོག་གི་བཀའ་ལན་གྱིས་གནད་དོན་འདི་མཇུག་བསྡུ་ཐུབ་པ་མ་ཟད་གཞིས་ལུས་མི་མང་དང་ཁྱད་པར་དཔའ་བོ་བཀྲ་བྷེ་ལགས་ཀྱི་འབྲེལ་ཡོད་ཚོ་སེམས་པ་དགའ་ཚོར་གྱིས་གང་ཐུབ་པ་ཞིག་གནང་རྒྱུའི་ཡིད་ཆེས་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ། སེམས་གཏིང་ནས་གུས་ཞབས་དང་ཡིད་ཆེས་ཞུ་སའི་མི་རྗེ་སྐུ་ངོ་བཀའ་ཁྲི་མཆོག་གིས། ཁོང་ཁྲོས་རྫིག་ཉམས་ཆེན་པོས་དྲི་བ་འདོན་མཁན་ཚོ་ལ་འབྲེལ་མེད་སྙོན་འཛུགས་དང་མ་ཉེས་ཁ་གཡོག་གིས་བཀའ་བཀྱོན་གནང་སོང་། ཁོང་ཁྲོ་དང་རྫིག་ཉམས་གནང་མིན་ཁོང་གི་རང་དབང་ཡིན་ན་ཡང་། དྲང་མོ་བཤད་ན་བོད་ནང་གི་དྲི་བ་འདི་སྐུ་ངོ་མཆོག་ཁོང་ཁྲོ་སློང་བའི་དྲི་བ་ཞིག་གཏན་ནས་མ་རེད། བསམ་བློ་ཞིབ་ཏུ་བཏང་ན་དཔའ་བོ་བཀྲ་བྷེ་ནང་མི་ཉེ་འབྲེལ་སོགས་ལ་སྙིང་རྗེ་དང་བཅས་ལྷག་བསམ་རྣམ་དག་གིས་སེམས་གསོ་ཞིག་གནང་རྒྱུ་བཀའ་ཁྲི་མཆོག་གི་ཟློག་ཏུ་མེད་པའི་ལས་འགན་ཞིག་རེད། ད་ལམ་བོད་ནང་གི་དྲི་བ་ཡིན་དུས་དེ་ལུགས་ཀྱིས་རྣམ་དཔྱོད་ལྡན་པའི་བཀའ་ལན་གནང་ནས་མཐའ་ན་བཀའ་ཁྲི་མཆོག་གཞིས་བཞུགས་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ལ་བརྩེ་སེམས་ཡོད་པ་ཙམ་ཞིག་མཚོན་ཐུབ་པ་གནང་ཡོད་ནའང་དགའ་བ་ལ། སེམས་ཕམ་པ་ཞིག་ལ་དེ་ལྟར་ཕར་ཞོག་མཐའ་ན་བོད་བསྟན་སྲིད་མི་རིགས་དང་བཅས་པ་འཇིག་པའི་གཡང་ནས་སྐྱོབ་ཆེད་གཅེས་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་ཕོ་མོ་ཚོའི་གྲངས་ཀ་ཙམ་ཡང་བཀའ་ཁྲི་མཆོག་གི་ཤེས་མི་འདུག
མང་གཙོའི་སྤྱི་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡིན་ན་བཤད་ཆོག དཔེར་ན་ཨ་རི་སྲིད་འཛིན་ལ་མི་མང་ནས་སྐྱོན་བརྗོད་འདྲ་མིན་གནང་བ་ཀུན་གྱི་མཐོང་གསལ་ཡིན། ལྟ་བ་གཅིག་བསམ་ཚུལ་གཅིག་དཔོན་པོ་གཅིག་ཡིན་ན་བྱང་ཀོ་རི་ཡ་དང་ཁྱད་མེད། མདོ་སྔགས་ལགས་ནས་བསལ་བཤད་གནང་བ་དེ་བདེན་པ་ཡིན་གྱི་རེད། ཁོ་རང་གི་ཕ་ཡུལ་ནས་དཔའ་བོ་བཀྲ་བྷེ་ནང་མི་གཉེན་ཉེ་རྣམས་དང་འབྲེལ་བ་ཡོད་སྲིད། གང་ལྟར་དཔའ་བོ་དཔའ་མོ་འདས་པོ་རྣམས་རང་གི་རྒྱལ་ཁབ་དང་མི་རིགས་གི་ཆེད་དུ་ལུས་སྲོག་ཕུལ་བ་དེར་འཕགས་མཆོག་ཕྱག་པདྨོའི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་ལམ་གནང་རོགས། བསྐྱར་དུ་ཞུ་རྒྱུ། སང་ཉིན་རེས་གཟའ་སྤེན་པ་ཕྱི་ཟླ་༣ ཚེས་༣ ཞོགས་པ་ཆུ་ཚོད་༡༠ ནས་༣ བར་ནིའུ་ཡོག་queens place ཚོགས་ཁང་དུ་སྤོག་ར་ཚོགས་པ་ནས་མཆོད་འབུལ་ཞིག་གོ་སྒྲིག་ཞུས་འདུག ང་ཚོ་འདིར་བཞུགས་གང་མང་ཕེབས་ཐུབ་ན་ལེགས།
མདོ་སྔགས་ལགས་ཀྱིས་བོད་ནང་གི་དྲི་བ་དེ་ལ་བློ་སེང་གིས་ཁོང་ཁྲོ་ཆེན་པོས་དྲང་བདེན་མེད་པའི་ལན་འདེབས་ངོ་ཚ་བ་ཞིག་བྱས་སོང་། དོན་གནད་འདི་ལ་བོད་ནང་དུ་བསམ་ཚུལ་མ་བདེ་བ་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་དང་ཁོ་རང་གིས་ཤེས་བཞིན་རེད། བོད་ནང་གི་རང་ལུས་མེད་མཆོད་འབུལ་མཁན་རྒྱལ་གཅེས་པ་ཚོའི་མཚན་ཐོའི་ནང་ལ་དཔའ་རྒོད་དང་པོའི་མཚན་མེད་པ་དེ་བློ་སེང་ཁོ་རང་ལ་མ་བདེ་བ་ཞིག་ཡོད་པ་རེད། ད་ལམ་ལན་འདེབས་དྲང་མོ་ཞིག་བྱས་ནས་དོགས་པ་དེ་མེད་པ་བཟོ་རྒྱུའི་ཚབ་ལ་བསམ་བཞིན་དུ་སྙོག་དྲ་བཟོས་སོང་། ད་རུང་འདི་འདྲའི་རིགས་ལ་དུས་ཚོད་མེད་གསུངས་སོང་། དེ་ན་གཞུང་འབྲེལ་ཕྱོགས་སྐྱོད་ནང་ཉིན་གསུམ་ལ་སྒེར་དགུང་ཞུས་ནས་དོན་ངོ་མ་ད་ལམ་ཉིན་བདུན་ལ་སྐྱིད་པོ་བཏང་ཡིན་པ། བོད་གཞིས་བྱེས་གཉིས་ཀྱིས་ལོ་གསར་གནང་གི་མེད་ན་ཡང་བློ་སེང་གི་ད་ལམ ད་རུང་ནང་ལ་ལོ་གསར་བཏང་སོང་ཡོད་ད། ཚང་མ་ཧ་གི་ཡོད། བློ་སེང་རང་གིས་བོད་ནང་གི་གནས་ཚུལ་ལེན་མ་ཐུབ་ན་ཡང་གཞན་པའི་བླང་པ་དེ་ཚོ་འཕྲོ་རླག་མ་གཏོང་རོགས།
བློ་སེང་དཔའ་པོ་ཡིན་ན་དཔའ་ངོམ་བྱེད་ས་ནོར་བ་རེད། གཞིས་ལུང་མི་མང་ང་ཚོའི་སྙིང་ནོར་ཡིན། དེ་ལ་བཀའ་བཀྱོན་ཞིག བོད་ནང་གི་གནས་ཚུལ་མང་ཤོས་མདོ་སྔགས་ཁོང་ཚོས་དྲིན་གྱི་ཡར་བླང་བ་རེད། རྔ་བ་ཀིརྟི་ཚང་གི་གཞིས་བྱེས་གཉིས་ཀ་དྲིན་ཅན་ཡིན། དཔའ་ངོམ་བྱེད་ས་ནོར་སོང་།
བཀའ་ཁྲི་མཆོག་གིས་ལོ་བཅུའི་ནང་ཆེད་ལས་པ་ཁྲི་གཅིག་ཐོན་ཐུབ་ཟེར། དེ་ནི་གལ་ཏེ་ཕྱི་རྒྱལ་ནས་ཕྲུ་གུ་རེར་ཆེད་ལས་པ་མ་ཐོན་བར་སློབ་ཡོན་སྦྱིན་བདག་བྱེད་མཁན་ཐོབ་ན། ཕ་མ་སྤུན་མཆེད་ཚོས་ལག་དངུལ་མང་པོ་མ་སྤྲད་ན། ཕྲུ་གུ་ཚོས་འཛིན་གྲྭར་ཉིན་ལྟར་ཕྱིན་ན། ཤེས་ཡོན་བཟང་པོ་ཡོད་པའི་གྲོགས་པོ་ཡག་པོ་དང་འགྲིམས་ན། ཤ་ཞེན་ཆེ་བའི་ཕ་མ་སྤུན་མཆེད་དང་དགེ་རྒན་གྱི་ཞལ་ལ་ཡག་པོ་ཉན་ན། མཚན་ཚོགས་ལ་མ་ཕྱིན་ན། ཤེས་ཡོན་གལ་ཆེན་པོ་ཡིན་པའི་བསལ་བློ་སྐྱེ་ན། ལྷ་ས་ནས་རྒྱ་གར་ལ་ལོ་ལྟར་སློབ་སྦྱོང་བྱེད་དུ་ཡོང་མཁན་བུ་མོ་དེ་ལྟ་བུའི་བསམ་བློ་ཡོད་ན། འཛམ་བུ་གླིང་ནང་བར་ཆད་མ་བྱུང་ན། ཕྲུ་གུ་ཚོའི་རང་གི་འདོད་པ་ལྟར་དུ་ཆེད་ལས་ཀྱི་ལམ་འདམས་ཤེས་ན། བཀའ་ཁྲིའི་ཆེད་ལས་ཁྲི་གཅིག་ཐོན་རྒྱུ་ངེས་པ་མ་ཟད། དུས་རབས་གསར་པའི་བོད་ཕྲུག་ཚང་མ་སངས་རྒྱས་རྒྱུ་ཡིན་པ་ཡང་ཐག་ཆོད་པ་ཞིག་རེད། ཧ་ཧ་ཧ་ཧ། ནིའུ་ཡོརཀ་ཀྱི་བོད་མི་ཚོར་ལན་ཚ་པོ་གསུངས་འདུག ཕྱག་ཡག་པོ་བརྡབ་ཀྱི་འདུག་ལ། བརྡབ་རིན་ཆོག་པ་འདུག བཀྲིས་བདེ་ལེགས་ཡོད།
གསུང་བཤད་དང་དྲི་བ་དྲིས་ལན་ལ་ཅིག་བལྟས་པ་ཡིན་་་་་་གསུང་བཤད་ཚང་མ་སྔོན་གྱི་སྐད་ཆ་རྙིང་བ་རྐྱང་རེད་འདུག དྲི་བ་འགའ་རེ་ཡག་པོ་འདུག་ལ་ལན་ཡང་འོ་ཙམ་གནང་སོང་། གད་མོ་ཤོད་བ་ཞིག་ལ་་་སྐུ་ཞབས་མདོ་སྔགས་ལགས་ནས་དྲིས་པར་ལན་དེ་དེ་ཙམ་བྱུང་མ་སོང་། ཁ་གཡོལ་ཐབས་ཁོ་ནས་རྫིག་འདོག་གི་གཏམ་ཞིག་གསུང་བྱུང་། ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་་་་དྲི་བ་དེས་བློ་སེང་གི་གདོང་མདོག་འགྱུར་བ་ཐེབས་བཅུགས་སོང་ག་རེ་ཡིན་ནམ། མ་གཞི་དྲི་བ་དེ་འདྲི་མི་འོས་པ་ཤིག་རེད་དམ། ཡང་ན་དྲི་བ་དེ་དྲི་མཁན་ཁོང་ལ་གོ་ཐོས་ཁུངས་ལྡན་མེད་པས་རེད། ངས་འདི་ན་ཤོད་འདོད་པའི་སྐད་ཆ་རྡོག་རྡོག་ཅིག་རང་ཡོད། དེ་ནི་་་་དྲི་བ་འདོན་མཁན་ཚོས་གནས་ཚུལ་དངོས་ཡིན་མིན་ལ་ཡག་པོར་ལྟོས་ནས་དྲི་བ་གནང་རྒྱུ་གལ་ཆེན་རེད་་་་དེ་མིན་ངོ་ཚ་ཉོ་གི་རེད་ད། དྲིས་ལན་གནང་མཁན་སུ་ཡིན་ཡང་ཁོག་རྒྱ་ཆེན་པོའི་ཐོག་ནས་ལན་གནང་དགོས་རྒྱུ་ལས་ལམ་སང་ཁོང་ཁྲོ་ལངས་མི་ཉན། འོ་རེད་་་ངའི་དྲན་པ་འདི་ད་་་་མཆོད་འབུལ་རྒྱ་ཆེན་པོར་གནང་བ་དེས་མིའི་ཚེ་སྲོག་གི་རིན་ཐང་མཇལ་ཐུབ་བམ་་་་་བཀའ་ཁྲི་ལགས།
མདོར་ན་གནས་ཆུང་་གི་གསུངས་པ་བཞིན་། ལྷ་གསར་པ་དང་མི་གསར་པ་ལ་དགའ་བོ་མ་བྱེད། ད་ལྟ་བཀའ་ཁྲིའི་བོད་གཞུང་དམངས་ཀྱི་ཞབས་ཕྱི་ཞུས་ནས་ལོ་ཕྱེད་མ་གཏོགས་འགྲོ་མེད། ད་ལྟ་ནས་ཁོང་རང་དཀའ་ལས་ཁག་པའི་རྣམ་འགྱུར་་བསྟན་སོང་། ན་ནིང་འོས་བསྡུ་ལངས་པའི་སྐབས་སུ། སྐད་ཆ་འཛིགས་པོ་དང་སྙན་པོ་མང་་པོ་བཤད་སོང་། ལས་སླ་མདོག་ཞེ་བོ་གཅིག་བྱས་སོང་། མི་མང་དཀྱུས་མ་མཚོ་མགོ་བོ་རྨོངས་སུ་བཅུག་ཡོད། སྤྱི་ར་ནས་ང་ཚོའི་སྤྱི་ཚོགས་མི་འི་ལུང་པ་ནང་ཡོད། གཉིས་ནས་༧ སྤྱི་ནོར་གོང་ས་མཆོག་ནས་མི་ལོ་ལྔ་བཅུའི་སྐུ་ངལ་ཚད་ལས་འདས་པ་ཞིག་སྐྱོན་ནས་ད་དུང་ང་ཚོའི་ནུས་པ་དེ་ཙམ་ཞིག་ཐོན་མེད། བཀའ་ཁྲིའི་ང་ཚོ་རྡ་རམ་ས་ལ་ལོ་ལྔ་བཅུ་མ་ཚད་ལོ་ལྔ་བརྒྱ་བསྡད་དགོས་ཐུག་ཡོང་། ཞེས་འུར་སྒྲོགས་ཆེན་པོ་གནང་སོང་། མི་མང་ཚོ་ཡང་ཨ་གསར་གྱི་ཐལ་མོ་ཤུགས་ཆེན་པོ་བརྡབ། བསམ་ཤེས་ཡོད་མཁན་ཚོ་དགད་མོ་ཤོར་བ་བཟོས་ཡོད། ད་ཆ་བསམ་བློ་ཞིབ་ཏུ་བཏང་ན་ ༥༩ ནས་བཟུང་བོད་མི་དཀའ་ངལ་ཉག་ཁྲའི་སྐབས་ཀྱི་ལས་བྱེད་འདས་གསོན་ཡོངས་ཀྱི་བཀའ་དྲིན་ངེས་པར་དུ་དྲན་དགོས། གང་ལྟར་བོད་ཀྱི་གཏམ་དཔེར། ཁ་བདེ་བོ་མི་ཡི་དཔོན་པོ་ཡིན། ལག་བདེ་བོ་མི་ཡི་གཡོག་པོ་ཡིན། ཞེས་པ་དེ་ཆགས་སོང་། ཡིན་ནའང་ལོ་ལྔའི་ནང་དཀའ་ལས་མ་ཁག་རོགས་གནང་ཞུ་རྒྱུ་ལས་མེད།
རྒན་མདོ་སྔགས་ལགས་ཁྱེད་གི་འདི་འདྲ་གསུང་འདུག་། ད་ལམ་ལས་དོན་ཆུང་ཚེགས་ཞིག་གི་ཞོར་ལ་གཙོ་བོ་སྐད་ཆ་འདི་འདྲི་རྒྱུའི་ཆེད་དུ་འདིར་གར་ཡོང་བ་ཡིན་ཟེར།འདིར་ལ་ཡོང་བ་ཡིན་ཟེར་ན་ཧོང་ཀོང་ལ་ཟེར་གི་ཡོད་རེད་པས་ཡང་ན་བོད་ལ་རེད་་།།
མདོ་སྔགས་ལགས་ཀྱིས་དྲི་བ་དེ་དྲིས་བ་ངོ་མས་ཐུགས་རྗེ། སྤྱིར་བཏང་གིས་མི་མང་པོ་ཞིག་གིས་དཔའ་པོ་བཀྲ་བྷེ་གི་མཚན་རྡོར་གདན་མ་བོས་དེ་ཤེས་འདོད་ཆེན་པོ་བྱུང་ཡོད་། མཚན་མ་བོས་བ་དེ་དངོས་རེད། ཡིན་ནའང་ད་ཐེངས་བཀའ་ཁྲི་མཆོག་རང་གཟུགས་ཕྱི་ལ་མངོན་སོང། རྗེས་ཕྱོགས་ནས་བཀའ་ཁྲི་མཆོག་རང་སྐྱོན་ཐལ་འདོན་བྱེད་མི་ཉན་པ་ཤེས་སོང་། དཔེར་ན་མདོ་སྔགས་ཁྱེད་ཡང་གཞུང་ཞབས་ཅིག་ཡིན་ན་ཤར་ཕྱོགས་ཁུག་རྟ་ནང་བཞིན་ལས་གནས་ནས་གཡུགས་ཚར་སོང།
རྔ་བ་ཀི་ཏི་དགོན་པའི་ཕྱག་མཛོད་ཡིན་ཟེར་མཁན་མདོ་སྔགས་མགོ་རིལ་ཁོས་དྲིས་ཚིག་ཟུར་ལ་འདི་འདྲ་ཞིག་ཐོན་སོང་། ་བོད་ནང་གི་དངོས་ཡོད་གནས་ཚུལ་ཅི་ཡིན་ཤེས་གཏོགས་བྱེད་རྒྱུ་གལ་ཆེན་རེད་གཞུང་གི་ངོས་ནས་དེ་འདྲ་གནང་རོགས་མ་གཏོགས་ཚོགས་པ་དང་དགོན་སྡེ་སྒེར་པ་ཞིག་གི་ངོས་ནས་ཤུགས་ཕོགས་ཐུབ་ཀྱི་མི་འདུག། ཅེས་བཤད་སོང་། ཞིབ་ཏུ་གསན་སྐད་ཆ་འདི་དངོས་གནས་མ་འོས་མ་མཚམས་པའི་སྐད་ཆ་ཞིག་མ་རེད་གམ། ད་བར་རྔ་བའི་གནས་སྟངས་དེར་བོད་གཞུང་གི་ནུས་ཤུགས་ཚོད་གཏོན་པ་མ་ཚད་རྔ་བའི་དགོན་བདག་རིན་པོ་ཆེ་ཨ་རེའི་གྲོས་ཚོགས་ནང་དེའི་ཆེད་དུ་གདན་དྲང་པ་རེད་། དྲང་པོ་བཤད་ན་རྡ་སའི་ཀི་ཏི་དགོན་པས་བྱེད་པ་ལས་ལྷག་བྱེད་མ་ཐུབ་ནའང་འདྲ་གཉམ་ཞིག་བོད་གཞུང་དང་བཙན་བྱོལ་བ་མང་ཆེ་བས་གནང་ཡོད་། གལ་སྲིད་ཁྱེད་རང་གི་སྐད་ཆ་འདི་དགོན་པའི་ཚབ་བྱེད་ནས་བཤད་ཀྱི་ཡོད་ན་ཞབས་འདྲེན་རེད་། སྒེར་ངོས་ནས་བཤད་ཀྱི་ཡོད་ན་ཕྱོགས་རིས་སྐད་ཆ་རེད་། དབྱིན་དཀྲུགས་རང་རེད་། ་་་་་་་་་་་་་་་་་་་་་་་་་་ཁོ་རང་གི་གོ་ཡོད་ན་བཀའ་ཁྲིའི་ང་ལོ་ལྔ་དེ་འདྲའི་སྒང་ལ་བསྐྱལ་འདོད་མེད་།་་་་་་་་་་་དོན་ངོ་མ་ཁོང་ལ་དགོས་པའི་ལེན་འདི་རང་རེད་་་་་་་་་་་
སྐུ་ཞབས་བྱ་སྤུ་ལགས། ཁྱེད་ཀྱིས་དོ་སྣང་ཡག་པོ་གནང་སོང་སྟེ་དོན་དངོས་མཁྱེན་མི་འདུག ངོ་མ་མཁྱེན་འདོད་ཡོད་ན་ཞུ་ཆོག དྲི་བ་འདོན་མཁན་ང་ཡིན་ཡང་། དྲི་བ་དེ་བོད་ནང་གི་དྲི་བ་རེད། དྲི་བ་དེ་འདྲི་དགོས་པའི་རྒྱུ་མཚན་དཔའ་བོ་བཀྲ་བྷེའི་འབྲེལ་ཡོད་ཚོ་བཀའ་ཁྲི་མཆོག་ལ་དགའ་མིན་དང་། ངས་དཔའ་བོ་བཀྲ་བྷེའི་མཚན་ཐོ་མེད་པ་དེ་གྱོང་གུད་ལ་རྩི་མིན་གྱི་གནད་དོན་ཞིག་མ་རེད། བཀའ་ཁྲི་མཆོག་གིས་ཐབས་མཁས་རྣམ་དཔྱོད་ལྡན་པའི་བཀའ་ལན་ཞིག་གིས་གནས་ཚུལ་འདི་གཙང་སེལ་གནང་ནས་དཔའ་བོ་བཀྲ་བྷེའི་འབྲེལ་ཡོད་ཚོ་སེམས་སྡུག་ལས་ཐར་བ་ཞིག་གནང་ཆེད་ཡིན་ལ། དེ་ལྟར་བཀའ་ལན་གནང་བའི་ཡིད་ཆེས་ཀྱང་བྱས་པ་ཡིན། ཕྱི་ལོ་༡༩༥༩ནས་ད་བར་རྒྱལ་གཅེས་པ་བཀའ་དྲིན་ཅན་ཚང་མའི་མཚན་ཐོ་ཀློག་ཐུབ་མཁན་ཞིག་བཀའ་ཁྲི་ཕར་ཞོག་གནམ་འོག་འདི་ན་མེད་པ་ཀུན་གྱིས་ཤེས་གསལ་ཡིན་བཞིན་ད་དུང་མཚན་ཐོ་ཀློག་མ་སོང་ཞུས་ན་བསམ་བཞིན་རྙོག་དྲ་བཟོས་པ་མ་རེད་དམ། བོད་རྒྱལ་ཁབ་ཆེན་པོའི་བདེ་སྡུག་གི་ཆེད་དུ་གཅེས་སྲོག་བཏང་བ་ཡོངས་རྫོགས་རྒྱལ་གཅེས་བཀའ་དྲིན་ཅན་ཡིན་མིན་གྱི་དོགས་པ་སུ་ལ་ཡང་ཡོད་པ་མ་རེད། གཙོ་བོའི་ནང་གི་གཙོ་བོ་མ་འགྲིགས་ས་དུས་བཅད་བྱས་པ་དེ་རེད། ཕྱི་ལོ་༡༩༥༩ནས་ད་བར་ཟེར་བ་དེ་ཡང་ཉེས་པ་ཆེན་པོ་རེད། དེ་གཅིག་རེད ཁམས་པའི་ཚོང་པ་ཞིག་དང་ང་ཚོ་གསུམ་མིག་ཆུ་འཐོར་སོང།།ཧཧཧཧཧཧ་་། ང་ལ་ཁྱེད་ཀྱིས་ཧཧཧཧསྟོང་ཕྲག་མང་པོ་གསུང་ན་ཁྱད་པར་མེད། ངའི་རོགས་པ་གཉིས་ལ་མཐོང་ཆུང་དང་འཕྱ་སྨོད་བྱེད་མི་རུང་། རྒྱུ་མཚན་ནི་ཁོང་ཚོའི་བོད་དོན་སེམས་ཤུགས་དང་ཕྱག་ལས་ལ་ང་ཚོས་དོ་ཟླ་མི་ཡོང་། ཧོང་ཀོང་ད་ཆ་རྒྱ་མིའི་འོག་ལ་ཡོད་རེད་རང་ཕར་འགྲོ་ཆོག་ཆོག་དང་ཚུར་ཡོང་ཆོག་ཆོག་།།།།།།ཁྱེད་ཀྱིས་ང་ལ་བཀའ་བཀྱོན་ཟོལ་གྱིས་དོགས་པ་གནང་བ་ལྷག་བསམ་རྣམ་དག་ཡིན་ན། ཐུགས་སེམས་ལྷོད་ལྷོད་གནང་རོགས། བླ་རྒན་ངས་མགོ་བོས་དུང་སྐོ་དགོས་ན་ལག་དམར་རྒྱ་ནག་སྲིད་གཞུང་ལ་ཁ་གཏད་གཅོག་ཐག་ཆོད་ཡིན། གཙོ་བོ་རྒྱ་ནག་སྲིད་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་གཉིས་ཀྱི་གནས་སྟངས་མཁྱེན་མི་འདུག སྐུ་ཞབས་བྱ་ལགས། ངས་ཧོང་ཀོང་ལ་ཚོང་བྱེད་ཀྱི་ཡོད། རྒན་པོ་དེས་ང་འདིར་ཡོང་བ་ཡིན་ཟེར་ས་རྒྱ་ནག་ཁྲི་འདུས་རེད། སྐད་ཆ་དེ་ཚོ་ཁ་པར་བརྒྱུད་བྱུང་བ་རེད།
བཀའ་ཁྲི་ལ་བདེན་པ་འདུག མདོ་སྔགས་ལ་ཡང་བདེན། ནོར་བ་དེ་ནི་བོད་ནང་གི་རང་ལུས་མེ་ལ་བསྲེགས་ནས་བོད་ཁ་བ་ཅན་གྱི་བསྟན་པ་སླར་གསོའི་རེད་འབོད་བྱེད་མཁན་གྱི་དཔའ་བོ་ཚོ་ཨེ་རེད། སྐྱབས་སུ་བཅོལ་བའི་བོད་པ་ཞབས་འདྲེན་ཚོ།
བོད་ལྗོངས་རྒྱལ་གཅེས་དཔལ་བོ་དང་དཔལ་མོ་དག་གི་ཆེད་དུ་རྡོ་གདན་དུ་གོང་ས་མཆོག་དབུས་བཞུགས་ཐོག་ནས་བླ་སྤྲུལ་དགེ་བཤེས་དང་འདུས་མང་རྒྱ་མཚོའི་དབུས་པའི་བསྔོ་སྨོན་མཆོད་འབུལ་བའི་སྐབས་སུ། སྐུ་གཤེགས་དཔལ་བོ་བཀྲ་བྷེ་ལགས་ཀྱི་མཚན་ཐོར་འཁོད་མེད་སྐོར་གྱིས་གླེང་སྙོགས་འདིར་དོན་དངོས་ཐོག་ནས་ཞུ་ན་དེར་སྙིང་པོ་མེད། བརྗོད་གཞི་དགེ་སྒྲུབས་དང་དགེ་བསྔོ་ཡིན་པ་ལས་གླེང་གཞི་དགའ་མིན་ཆགས་སྡང་གིས་སྡིག་ལས་སུ་སོང་བ་རེད། དུས་ཡུན་ཐུང་ས་ནས་བཤད་ན། ༢༠༠༨་ལོ་ནས་ད་ལྟའི་བར་དུ་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་འབུལ་བ་དང་ཤོར་བ་སོགས་བོད་མིའི་དཔལ་བོ་དཔལ་མོ་བརྒྱ་ཁྲག་ལས་བརྒལ་ཡོད་ཀྱང་སྐབས་དེར་ཉེ་ཆར་སྐུ་སྲོག་འབུལ་མཁན་གྱི་མཚན་ཐོ་ལས་གསལ་བསྒྲགས་བྱས་མེད། དེ་དག་ཐམས་ཅད་ཀྱི་ཚེ་སྲོག་ལ་རིང་ཐུང་དང་སྦོམ་ཕྲ་ཡི་ཁྱད་པར་གཏི་འབྲུ་ཙམ་མེད་པས་བོད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་འབུལ་བས་རིན་ཐང་འདྲ་མཉམ་ཡིན་པ་ལས་སྐུ་ཞབས་བཀྲ་བྷེ་ལགས་ཀྱི་མཚན་ཐོ་སྐབས་དེར་དངོས་སུ་མ་བརྗོད་པའི་ཟུར་བཏོན་གྱིས་གླེང་ཕྱོགས་བཟོ་དགོས་དོན་མེད། ལར་ནི་དྲི་བ་འདི་ཚོའི་རིགས་ནི་ཐོས་བསམ་མེད་པའི་ནང་ཆོས་ཁ་གཡང་བརྗོད་པའི་སྐྱེ་བོ་དག་ལས། མདོ་སྔགས་ཀྱི་གཞུང་ལུགས་ལ་མཁྱེན་རྒྱ་ཡོད་མཁན་ཞིག་དང་། ནང་ཆོས་ཀྱི་གནད་ལུགས་རྟོགས་མཁན་ཞིག་གིས་དྲི་བ་འདིའི་རིགས་ཡོང་མི་སྲིད། རྒྱུ་མཚན་སྟབས་བདེའི་ཐོག་ནས་ཞུ་ན། དེ་ནི་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་གླེང་གཞི་ཞིག་ཡིན་པས་རེད། གལ་སྲིད་ཁྱེད་ཀྱིས་སྐུ་ཞབས་བཀྲ་བྷེ་ལགས་ཀྱི་མཛད་རྗེས་དང་འདས་པོ་རྗེས་ཀྱི་དགེ་བསྔོ་བཅས་ལ་ཐུགས་བསམ་བཞེས་མཁན་ཞིག་ཡིན་ན། འདས་པོ་ཁོང་གི་ཆེད་དུ་ཆགས་སྡང་གིས་སྡིག་ལས་སུ་སྒྱུར་མི་ཉེས་ལ། དཔལ་བོ་ཁོང་གིས་བོད་མི་རིགས་ལ་བསྐྱངས་པའི་མཛད་རྗེས་དེ་རྗེས་འཇུག་པ་དག་གིས་ཆགས་སྡང་གིས་རླུང་ལ་བསྐུལ་མི་ཉེས།
http://www.youtube.com/watch?v=Vf1gN8sLpU0&feature=relmfu
དྲི་བ་དྲིས་ལན་དེ་ཡག་པོ་གནང་སོང་། མཐའ་མཇུག་གི་དྲི་བ་དེས་ཞབས་འདྲེན་ཞུས་སོང་ལ། བཀའ་ཁྲི་མཆོག་གི་དགོངས་པ་ཡང་འཚོམ་གི་བཅུག་སོང་། མདོ་སྔགས་ཟེར་བའི་མི་ལྡིང་དེར་སེམས་ཤུགས་ཡོད་མདོག་མདོག་གིས་དྲི་བ་དེ་བཀོད་པ་ཡིན་སྲིད་མོད། གཅིག་ནས་སྐད་ཆ་དེ་རྙིང་པ་ཞིག་ཡིན་པ་དང་། གཉིས་ནས་དགོས་པ་ཆེར་མི་འདུག་མོད། བཀའ་བཀྱོན་གཟེད་དགོས་བྱུང་སོང་ང་། བཀའ་དྲིས་ལན་རྣམ་ཐབས་ཤེས་ཟུང་འབྲེལ་རང་རེད་འདུག ལོ་ལྔ་བོ་དེ་དེ་འདྲའི་ཐོག་ལ་གཏོང་འདོད་མེད་ཅེས་པ་དེ་ངོ་མ་རྣམ་དཔྱོད་ཅན་གྱི་སྐད་ཆ་རེད་ལ། རེ་བ་ཡོད་པའི་སྐད་ཆའང་རེད། བཀའ་དྲིན་ཆེ་ཞུ།
བཀའ་ཁྲིིིའི་ལན་ཡག་པོ་འདུག ཡིན་ནའང་དྲི་བ་ག་རེ་དྲིས་ཀྱང་ཆོག བསམ་བློ་མི་འདྲ་བ་བལྟ་བ་མི་འདྲ་བ་མང་གཙོས་ཁྱད་ཆོས་ཡིན། མདོ་སྔགས་ཁོ་རང་གི་དྲི་བ་དྲིས་པ་ནོར་བ་དེ་ཁོ་རང་གི་ཤེས་ཡོད། ཡིན་ནའང་ང་རང་གི་བསམ་ཚུལ་ནི་བཀའ་ཁྲིས་གསུངས་དོན། ཁོ་རང་བཀའ་ཁྲི་འོས་བསྡུ་ལངས་པའི་སྐབས་སུ་༧རྒྱལ་བ་རིན་པོ་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་མི་ལ་རང་དབང་དགོས་ཞེས་ཚིགས་གཉིས་བེད་སྤྱོད་བྱས་པ་ཡིན་གསུངས་སོང་། ད་ཆ་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་མཁན་ཚང་མས་ཁོ་རང་གི་གསུངས་པི་ཚིགས་འདི་གཉིས་རྗེས་བཟློས་བྱེད་ཀྱི་འདུག་ཟེར། ང་རང་བསམ་ཚུལ་ནི་བོད་རང་དབང་ཤོར་བའི་ཉིན་མོ་དེ་ནས་བཟུང་བོད་རིགས་ཚང་མས་སེམས་ནས་བསམ་རྒྱུ་དང་ཁ་ནས་བཤད་རྒྱུ་དེ་ག་རང་རེད་མ་གཏོགས་བཀའ་ཁྲིའི་གསར་གཏོད་བྱས་པ་མ་རེད། མ་གཞི་ནས་ཁོ་རང་གི་མིའི་གཤིས་ཁ་དེ་ཧམ་པ་ཚ་བོ་ཞིག་འདུག
བཀའ་ཁྲི་བློ་སེང་ལ་བློ་ཁོག་མེད་པའི་མདོག་འདི་ནས་བསྟན་སོང་། ཁྱེད་ཀྱིས་ཨ་རིའི་བོད་པ་ར་མ་ལུག་ཁ་ཤས་ཀྱི་མདུན་ནས་མཁས་རྟགས་སྟོན་རྒྱུ་དེ་མ་རེད། ལྷག་པར་ཁྱེད་ལ་རྒྱབ་སྐྱོར་དང་དགའ་མཁན་ཚོས་རི་མགོའི་ཟོག་རྫི་བཞིན་ཀི་འདེབས་ཀྱི་ཁྲོད་ནས་ཁྱེད་རང་བསྐྱལ་ས་ཞིག་ལ་སླེབས་ཡོད།ཡིན་ན་ཡང་བོད་དོན་ལ་ཁྱེད་ཀྱིས་ཅིག་བྱེད་ཀི་རེད་བསམ་པ་ཞིག་མེད་པ་ངས་སྔ་མོ་ནས་རྟོགས་ཡོད། ཁྱེད་རང་ལ་མང་ཚཽགས་ཀྱི་དྲི་བ་ཞིག་ངོས་ལེན་བྱས་ཡ་ཡི་བློ་ཁོག་མེད་པར་ལམ་སེང་དུག་སྤྲུལ་བཞིན་མདོག་ཐོན་པ་དེ་ནས་རང་ལ་ཅི་ཡང་མེད་པ་བསྟན་ཡོད་ལ། བུ་རུས་པ་ཅན་ཚོས་ཁྱེདལ་བརྩི་བའི་བསམ་བློ་དེ་ཡང་རྨང་ནས་ཆད་སོང་། ཏིང་ཞི་ཕེ་རྒྱ་ནག་དབུས་ཆབ་སྲིད་ཅུས་ནས་མར་བསགས་ཏེ་བཙོན་ཁང་དུ་ཐེངས་གསུམ་འཛུལ་དགོས་བྱུང་ཡང་ཆོད་སེམས་དེ་རི་བོ་བཞིན་བརྟན་རྐྱེན་སླར་རྒྱ་ནག་འདི་ལམ་འདི་འདྲ་ཞིག་ལ་སླེབས་ཐུབ་པ་དང་ཁྲིད་ཐུབ་ཡོད།
ཁྱེད་ལ་མི་མང་གི་དོགས་སློང་ཞིག་བྱས་པར་མདོག་འགྱུར་སྟངས་ལ་ལྟོས་ནས་ད་ནས་ཁྱེད་ལ་རེ་བ་ཞིག་མེད་པ་ཞོར་ནས་རྟོགས། ལྷག་པར་གཞིས་ལུས་མི་མང་གིད་མེ་སྦར་བའི་ལས་འགུལ་དེར་ཁྱེད་ཀྱིས་མཆོད་འབུལ་སྨོན་ལམ་གྱི་འཐུས་སོང་བའི་ལས་དོན་དེར་ང་ཚོ་སྐྱུགས་ལངས་ནས་བསྡད་ཡོད།
༧ བཀའ་ཁྲི་བློ་བཟང་སེང་གེ་མཆོག་ནེའུ་ཡོག་ཏུ་ཕེབས་པར་དགའ་བསུ་ཞུ་བ་དང་ཆབས་ཅིག་བཀའ་སློབ་གསུང་བཤད་གནང་བ་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་བཀའ་སློབ་གསུང་དོན་གྱི་གཙོ་གནད་ཆེ་ཤོས་དེ་བོད་ནང་དུ་རང་དབང་བསྐྱར་གསོ་བྱེད་ཡག་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཡག་དེ་རེད་འདུག་པས་ང་ཚོ་བོད་མི་ཡོངས་སུ་རྫོགས་པས་དེ་ལ་རྒྱབ་སྐྱོར་གནང་ནས་བཀའ་ཁྲི་མཆོག་ལ་ཁ་ངན་དང་ཚིག་ངན་རྒྱབ་པའི་དོད་པོ་དང་པོར་སོ་སོའི་ཡོན་ཏན་དང་འཇོན་ཐང་ལ་ཕྱི་མིག་ཞིག་བལྟས་ཏེ་བོད་སྤྱི་པའི་ཆེད་དུ་གང་ནུས་སྒྲུབ་དགོས་པ་གལ་ཆེན་པོ་རེད་བསམ་གྱིན་འདུག དེ་མིན་ང་ཚོས་ནེ་པ་ལིའི་འགོ་ཁྲིད་བཀོས་པ་ནང་བཞིན་སོ་སོས་འོས་ཤོག་འཕེན་ནས་དབུ་ཁྲིད་ཞིག་དེ་རིང་་ཡར་བཀོས། བཀོས་ཚར་བའི་ཕྱི་ཉིན་དེ་ནས་དེ་ལ་དགག་པ་རྒྱག་རྒྱུ་མགོ་བཙུགས་བསྡད་ནས་དུས་ནམ་ཡང་ང་ཚོའི་བདེན་མཐའ་སེལ་ཡག་དང་ང་ཚོའི་དབུ་ཁྲིད་ཡང་དག་པ་ཞིག་འབྱོར་ཡག་ནི་ནམ་ལངས་ཀྱི་སྐར་མ་དང་གཅིག་མཚུངས་རེད་སྙམ། ང་ཚོ་བོད་མི་ཡོངས་རྫོགས་ལྡོག་རྩ་གཅིག་ཏུ་སྒྲིལ་ཏེ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ནས་དབུ་མའི་ལམ་ཐོག་ཏུ་བསྐྱོད་ཐུབ་པ་བྱེད་དགོས་པ་ནི་ངའི་བསམ་པར་དུས་སྐབས་འདི་ལ་དེའི་ལྷག་ཅིག་སུས་ཀྱང་ཐུབ་ཡག་ལ་དཀའ་ལས་ཁག་པོ་ཞིག་ཆགས་འདུག་པ་མངོན་རིག་ལག་ཟིན་ཡིན་པ་ཚང་མས་ཤེས་གསལ་རེད། དེར་བརྟེན་ང་ཚོ་ཚང་མས་བོད་མི་མང་གིས་རང་དབང་ཐོག་ནས་བཀོས་པའི་དབུ་ཁྲིད་ཆེན་མོ་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་གུས་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་དགོས་པ་ནི་བོད་ཀྱི་རྩ་དོན་གྱི་འགག་རྩ་ལ་ཐུག་པ་མ་གཏོགས་མི་སྒེར་ཞིག་གི་དོན་དག་རྩ་བ་ནས་མ་རེད། ཐུགས་རྗེ་ཆེ།
གཡང་འཛོམས་ཟེར་བ་འདི། ཤར་ཁུག་རེད། ཁོ་ནི་དྲ་འབུའི་རྒྱལ་བོ་རེད། ཁོས་ཁོ་རང་གི་བྲིས་པ་དག་ལ་རྣམ་པ་ཀུན་ཏུ་རང་བསྟོད་རྒྱག་གི་ཡོད་རེད། མ་ཟད། ཁོ་ལ་ངོ་ཚ་ཡོད་མ་རེད།
༄། མདོ་ངག་གི་ལན་ལ་བློ་སེངས་ནས་ལན་ཡག་པོ་ཞིག་བྱས་སོང་།
དོན་དག་ངོ་མ་དེ་ང་ཚོ་དབུ་མའི་ལམ་དང་ཚེ་བ་མེད་པའི་སྒོ་ནས་ཚེ་བའི་ལས་ལ་ཐབས་རྩོད་རྒྱག་གིན་ཡོད། འདིའི་རྐྱེན་གྱིས་འཛམ་གླིང་རྒྱལ་སྤྱིས་ཀྱང་ང་ཚོར་དོ་སྣང་མ་བྱས་པ་རེད། དེར་བརྟེན་མཐར་ང་ཚོས་རྒྱལ་ཚོགས་ལའང་སྐད་འབོད་རྒྱག་དགོས་བྱུང་བ་རེད། དགེ་འདུན་ཆོས་འཕེལ་གྱིས། བདུད་ཀྱི་མཚོན་ཆ་རྩུབ་མོ་དག་ལ་འཇམ་མཉེན་མེ་ཏོག་ལན་ཏུ་ཕྱིན། །ཅེས་ཆོས་ཀྱི་གོ་དོན་ཁ་ཕྱོགས་ནས་བསམ་བློ་གཏོང་ན་གོ་རྒྱུ་ཞིག་ཡོད་ཀྱང་། དོན་དུ་གླིང་ཆེན་འདིད་མིག་མཐོང་ལག་ཟིན་ལ་བལྟས་ན་དབུ་མའི་ལམ་འདིས་ཕན་ཐོགས་རྒྱུར་ཁག་པོ་རེད།
བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ནི་དབུ་མའི་ལམ་དང་འགལ་བ་རེད། དབུ་མའི་ལམ་ནི་རང་གཞན་གཉིས་ཕན་གྱི་ཐབས་ལ་བསྟེན་ནས་བོད་ཀྱི་རང་དབང་སྐྱར་གསོའི་ཆེད་དུ་མི་སྲོག་མ་ཤོར་བ་བྱེད་རྒྱུ་དེ་རེད། ངས་དབུ་མའི་ལམ་དང་འགལ་བ་རེད་ཅེས་པ་སྡུག་པོ་རེད་ཅེས་པའི་དོན་མིན། ལས་འགུལ་འདི་ནི་དབུ་མའི་ལམ་ལས་ཀྱང་ནུས་ཤུགས་ཆེ་བ་རེད། དེ་ལྟར་མུ་མཐུད་ནས་བྱས་ན་རྒྱལ་ཚོགས་ཀྱི་ངོས་ཀྱང་དོ་སྣང་ཞིག་སྤྲོད་ངེས་འདྲ་ལ། རྒྱའི་ཆབ་སྲིད་ལའང་འགྱུར་བ་གཏོང་ངེས་འདྲ།
སྤྱིའི་ཆ་ནས་དྲི་བ་དང་དྲིས་ལན་ཡག་པོ་ཙམ་མ་ཟད་དོན་སྙིང་ལྡན་པ་ཁ་ཤེས་གནང་བྱུང། མཐའ་མའི་མདོ་སྔགས་ལ་དྲིས་ལན་གནང་དུས། གདོང་མདོག་འགྱུར་བ་དང་ཁོང་ཁྲོའི་རྣམ་པ་ཕྱིར་མངོན་པ་ནི་མཐོང་མ་བདེ་བ་ཞིག་འདུག། གྲོས་ཚོགས་ར་བ་ནས་དེ་ལྟར་ཡོངས་བ་རྒྱུན་ལྡན་ཡིན་ཡང་མི་དམངས་ཁྲོད་དེ་འདྲ་བྱས་ན་ཁོ་རང་ཙམ་མ་ཟད་སྤྱི་ལ་གནོད་པ་དང་ཞབས་འདྲེན་རེད། ཁྱོད་ཀྱིས་རྣམ་དཔྱོད་དང་སྙིང་སྟོབས་ཀྱི་བོད་སྐྱོབས་མ་ཐུབ་ན་གཞན་རྫིགས་ཉམས་དང་སྐད་ཤུགས་ཀྱི་བོད་སྐྱོབས་ག་ལ་ཐུབ། དེ་མིན་བཀྲ་བྷེ་དང་་ཕུན་ཚོགས་་ཟེར་ནས་་་དཔའ་བོ་ཞེས་ཆེ་སྟོད་ཙམ་ཡང་མ་བྱས་པ་བློ་ཐམ་སྐྱེས་བྱུང། སྐྱོན་བརྗོད་གཅིག་མ་བྱས་ཡ ཆེ་སྟོད་རྐྱང་རྐྱང་བྱས་བསྡད་ན་དགོས་དོན་འགྲུབ་འགྲོ་ན་སྔོན་ཆད་སྡེ་བ་གཞུང་གི་སྐུ་དྲག་ཚོ་ཚད་འདི་ལ་སླེབས་མི་ཡོངས། གཞན་པ་ངས་ཁྱོད་ལ་རེ་བ་གང་ཡང་མེད་བསམ་བློ་ཅུང་ཡངས་པོ་བྱེད་རྒྱུ་རེ་བ་ཡིན།
ནིའུ་ཡོག་ཏུ་བཀའ་བློན་ཁྲི་པས་གསུངས་བཤད་ནི་དོན་ལྡན་མང་ཚོགས་ལམ་ལུགས་ཀྱི་ཉམས་སྲོལ་་ཡིན་པ་ཀུན་གྱིས་ཤེས་གསལ་ཡིན་པ་བརྗོད་མི་དགསོ། ཡིན་ཡང་སྐྱེ་བོ་ཀུན་གྱི་འདོད་དོན་གྲུབ་ཐུབ་པའམ་བསམ་དོན་གྲུབ་ཐུབ་ཟེར་བ་ནི་ཤིན་ཏུ་དཀའ་བ་ཡིན། ད་ལྟའི་ཆར་བོད་མི་རང་ལུས་མཆོད་སྦྱིན་ཕུལ་བ་རྣམས་ཀྱི་རེ་བ་བཀང་ཕྱིར་བོད་མི་ཡོངས་ཀྱི་རྒྱབ་སྐྱོར་དང་འགའ་རེ་ཟས་བཅད་ངོ་རྒོལ་དང་ལ་ལས་སྐད་འབོད་རྒྱོབ་པ་ནི་བསྟོད་བསྔགས་ཀྱི་གནས་སུ་འགྱུར། བཀའ་བློན་ཁྲི་པས་གཏམ་བཤད་ནང་ད་ལྟ་ལས་དོན་སྤེལ་བའི་དུས་ཡིན་ལ་ཕན་ཚུན་དབར་སྐྱོན་བརྗོད་བྱེད་པའི་དུས་ག་ལ་ཡིན་ཟེར་བ་དེ་དངོས་ཡོད་ཀྱི་གནས་ཚུལ་ཡིན་པ་ནི་དོན་མི་ཟ། ཡིན་ཡང་རང་རེ་སྐྱེ་བོ་ཐ་མལ་པ་ཡིན་ཕྱིན་སྐབས་འགར་བསམ་ཚུལ་མི་མཐུན་པ་ཡོང་བ་ནི་འཇིག་རྟེན་པའི་ཆོས་ཉིད་ཡིན། ད་ལྟ་བོད་ནང་དཔའ་བོ་དཔའ་མོ་རྣམས་ཀྱི་རང་ལུས་མཆོད་སྦྱིན་ཕུལ་བའི་བསམ་བཟང་སྙིང་སྟོབས་ལ་གུས་འདུས་ཞུ། སྐབས་རེ་ལག་ལེན་འདི་ཇི་འདྲ་ཡིན་ནམ་སྙམ་པའི་དོགས་འདྲི་ཡིད་ནང་ཡང་ཡང་འཁོར་བཞིན་འདུག ། རྒྱ་ཆེ་ཀློག་པ་པོ་རྣམས་ལ་ཞུ་གསོལ་དུ་གང་ལྟར་བོད་མི་རིགས་ཀྱི་ཁྲི་འཛིན་པ་སུ་ཡིན་རུང་དེ་རྣམས་ལ་གུས་འདུད་ཡིན་ལུགས་ཚུལ་ལྡན་ཀྱི་ཚིག་དངགས་འབྲི་རོགས་ཞེས་རེ་སྐུལ་དུ། །
བཀའ་ཁྲིའི་དྲི་བ་མཐའ་མའི་ལེན་དེ་དགོངས་པ་ཚོམས་པའི་རྣམ་པ་ཤུགས་ཆེ་ཙམ་གནང་སོང་། གུས་རང་ཚོགས་ཁང་ནང་དུ་ཡོད། ངའི་བསམ་པར་མི་དམངས་ཀྱི་འགོ་འཁྲིད་ཡིན་ཙང་རྣ་མཆོག་འཐུག་ཙམ་བྱེད་ན་ཡག་པོ་མིན་འགྲོ། ཟམ་གདོང་རིན་པོ་ཆེན་པོ་ལྟར་ཐུགས་སྒམ་པོ་གནང་དགོས། དེ་མིན་ཆུང་ཙག་རིགས་ལ་ངར་ལངས་མཆོག་མཆོག་བྱེད་ན་འགོ་འཁྲིད་ཡིན་ན་ཡག་པོ་ཁྱོན་ནས་ཡོད་མ་རེད་བསམ་གྱི་འདུག རྒྱལ་ཁབ་གཞན་གྱི་དཔོན་རིགས་དང་ལྷག་པར་རྒྱ་གར་གྱི་དཔོན་རིགས་ཚོའི་གནང་སྟངས་ལ་གཟིགས་དང་། མ་གཞི་ཁོ་རང་བཀའ་ཁྲི་བྱེད་ཡ་ལོ་ཆུང་དྲགས་རེད། དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་བྷཇ་པ་ཡེའི་མཆོག་གི་ར་འཇིབ་གྷནྡིར་ཕྲུ་གུ་རེད་གསུངས་པ་ཞིག་དྲན་གྱི་འདུག ་སྐབས་དེ་དུས་ར་འཇིབ་གྷནྡི་དགུང་ལོ་བཞི་བཅུ་ལྷགས་རེད་ཡིན་ནའང་ཆབ་སྲིད་ཀྱི་འགོ་འཕྲིད་དབང་དུ་བྱས་ན་ཕྲུ་གུ་ཡིན་པ་རེད། གང་ལྟར་ཉམས་མྱོང་མེད་པའི་རྟགས་རེད།
བཀའ་ཁྲིའི་དྲི་བ་མཐའ་མའི་ལེན་དེ་དགོངས་པ་ཚོམས་པའི་རྣམ་པ་ཤུགས་ཆེ་ཙམ་གནང་སོང་། གུས་རང་ཚོགས་ཁང་ནང་དུ་ཡོད། ངའི་བསམ་པར་མི་དམངས་ཀྱི་འགོ་འཁྲིད་ཡིན་ཙང་རྣ་མཆོག་འཐུག་ཙམ་བྱེད་ན་ཡག་པོ་མིན་འགྲོ། ཟམ་གདོང་རིན་པོ་ཆེན་པོ་ལྟར་ཐུགས་སྒམ་པོ་གནང་དགོས། དེ་མིན་ཆུང་ཙག་རིགས་ལ་ངར་ལངས་མཆོག་མཆོག་བྱེད་ན་འགོ་འཁྲིད་ཡིན་ན་ཡག་པོ་ཁྱོན་ནས་ཡོད་མ་རེད་བསམ་གྱི་འདུག རྒྱལ་ཁབ་གཞན་གྱི་དཔོན་རིགས་དང་ལྷག་པར་རྒྱ་གར་གྱི་དཔོན་རིགས་ཚོའི་གནང་སྟངས་ལ་གཟིགས་དང་། མ་གཞི་ཁོ་རང་བཀའ་ཁྲི་བྱེད་ཡ་ལོ་ཆུང་དྲགས་རེད། དེ་སྔ་རྒྱ་གར་གྱི་སྲིད་བློན་ཟུར་པ་བྷཇ་པ་ཡེའི་མཆོག་གི་ར་འཇིབ་གྷནྡིར་ཕྲུ་གུ་རེད་གསུངས་པ་ཞིག་དྲན་གྱི་འདུག ་སྐབས་དེ་དུས་ར་འཇིབ་གྷནྡི་དགུང་ལོ་བཞི་བཅུ་ལྷགས་རེད་ཡིན་ནའང་ཆབ་སྲིད་ཀྱི་འགོ་འཕྲིད་དབང་དུ་བྱས་ན་ཕྲུ་གུ་ཡིན་པ་རེད། གང་ལྟར་ཉམས་མྱོང་མེད་པའི་རྟགས་རེད། ལན ཡག་ཤོས་ནི་དེ་འདྲའི་གང་ལ་ལོ་ལྔ་བཏང་རྩིས་མེད་གསུངས་པ་དེར་དགའ་བསུ་ཡོད།
༧ གོང་གི་མཆན་ “༨༽ དབང་འདུས་ནས།” “བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ནི་དབུ་མའི་ལམ་དང་འགལ་བ་རེད། དབུ་མའི་ལམ་ནི་རང་གཞན་གཉིས་ཕན་གྱི་ཐབས་ལ་བསྟེན་ནས་བོད་ཀྱི་རང་དབང་སྐྱར་གསོའི་ཆེད་དུ་མི་སྲོག་མ་ཤོར་བ་བྱེད་རྒྱུ་དེ་རེད།” ཟེར། སྐད་ཆ་དེའི་ཤུགས་ལས་ཁོ་རང་གི་འདོད་པ་དེ་རང་གཞན་གཉིས་ཕནམེད་པ་དང་། རང་དབང་བསྐྱར་གསོ་མི་དགོས་པ། ་མི་སྲོག་མང་དུ་ཤོར་ན་ཡག་ཏུ་ཡོང་བ་ལྟ་བུ་གོ་རྒྱུ་འདུག་པས་ཚང་མས་དབང་འདུས་ཟེར་བའི་མི་འདི་ལ་དོ་སྣང་གནང་དགོས་པ་འདུག
དང་པོ།
ནུབ་ཕྱོགས་གངས་ཕྲུག་གིས་བཤད་པ་བདེན་པ་ཡིན། ངས་བོད་ནང་གི་དྲི་བ་འདི་བཀའ་ཁྲི་མཆོག་ལ་དྲིས་པ་ནོར་འདུག ལྷག་བསམ་རྣམ་དག་གིས་བརྒྱན་པའི་བོད་ནང་གི་དྲི་བ་ལ་ཁྲོ་ཞིང་གཏུམ་པའི་ཉམས་ཀྱིས་མ་ཉེས་ཁ་གཡོག་གི་བཀའ་ལན་གནང་བ་འདི་བསམ་ཡུལ་ལས་འདས་སོང་།
གཉིས་པ།
ཕྱི་ལོ་༢༠༡༢ཟླ་༡ཚེས་༤ཉིན་རང་གཞུང་ཆོས་རིག་ལས་ཁུངས་དང་དུས་དབང་གོ་སྒྲིག་ཚོགས་ཆུང་ཐུང་མོང་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་སྐབས་བཀའ་ཁྲི་མཆོག་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་བོད་ནང་དུ་རང་ལུས་མེ་མཆོད་འབུལ་མཁན་དཔའ་བོ་ཕོ་མོ་རྣམས་ཀྱི་མཚན་ཐོ་སེར་སྐྱ་བཙུན་མ་གང་ཡིན་ལོ་དང་བཅས་པ་རེ་རེ་བཞིན་སྙན་སེང་ཞུས་སྐབས། བོད་ནང་དུ་རང་ལུས་མེ་མཆོད་དང་པོ་འབུལ་མཁན་དཔའ་པོ་དགེ་འདུན་པ་བཀྲ་བྷེ་ལགས་ཀྱི་མཚན་ཕར་ཞོག་མཐའ་ན་གྲངས་ཀའི་ནང་དུའང་མེད་པ་དངོས་བདེན་ཡིན་པས་ཚོགས་བཞུགས་པ་མང་པོས་གཅིག་གིས་གཅིག་ལ་དོགས་འདྲི་བྱ་དགོས་པ་ཆགས་ཡོད། དྲང་བདེན་མ་བྱུང་བའི་གནས་ཚུལ་འདིས་བཙན་བྱོལ་ཁྲོད་ཀྱི་བོད་བསྟན་སྲིད་ལ་དོན་སྣང་དང་གཞིས་ལུས་མི་མང་ལ་ཤ་ཚ་ཡོད་མཁན་ཚོའི་སེམས་ནང་དུ་ཅུང་མ་བདེ་བ་བྱུང་ཡོད་ལ་དེ་དོན་མ་འགྲིག་པའི་སྐད་ཆ་ཞིག་ཀྱང་ལྷགས་པ་རེད། རིམ་བཞིན་བོད་ནང་དུ་ཁྱབ་སྟེ་འབྲེལ་ཡོད་ཁ་ཤས་ཀྱིས་མཐའ་ན་ང་ལ་ཡང་ཁ་པར་བརྒྱུད་སྐད་ཆ་དྲིས་སོང་ལ་ཁོང་ཚོ་ཚང་མ་ཐུང་མོང་གི་བསམ་ཚུལ་གཅིག་ཡོད་པ་ནི། བོད་ནང་དུ་རང་ལུས་མེ་མཆོད་འབུལ་མཁན་དཔའ་བོ་ཕོ་མོ་ཚོའི་མཚན་ཐོའི་ནང་ལ་རང་ལུས་མེ་མཆོད་འབུལ་མཁན་དང་པོའི་མཚན་མེད་པ་དེ་ཕངས་སེམས་དང་མ་འགྲིག་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག་ལ་རྒྱུ་མཚན་ཡང་ཤེས་འདོད་འདུག།
ཡང་གཅིག་གིས་ཁྱེད་ཚོས་ཤེས་ཀྱི་མ་རེད་ང་ཚོ་རང་ཡུལ་ལ་ཡོད་ཀྱང་རང་དབང་སྤུ་ཙམ་མེད་པ་མ་ཟད་བོད་བསྟན་སྲིད་ལ་ཞབས་ཕྱི་ཞུས་ན་རང་སྲོག་གིས་ལག་ལྕིབས་བྱེད་དགོས་ཀི མཐའ་ན་བོད་དོན་ཞིག་བཤད་པ་ཙམ་ཡང་ཧ་གོ་སོང་ན་བཙོན་ཁང་མ་གཏོགས་འགྲོ་ལམ་མེད་པ་རེད། ང་ཚོ་འཇིགས་སྐྲག་འདིའི་འོག་ནས་ཉིན་སོང་ན་མཚན་མི་འཁྱོལ་གི། ཁྱེད་ཚོ་རང་དབང་ལུང་བ་ན་ཡོད་རེད། གང་ཐུབ་ཅི་ཐུབ་གནང་གི་འདུག་བཀའ་དྲིན་ཆེ། གཙོ་བོ་ང་ཚོ་བོད་ཡུལ་ན་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་སྙིང་སྟོབས་དང་ལྷག་བསམ་སྐྱེད་སྲིང་གནང་མ་ཐུབ་ན་ཡང་ཉམས་དམས་སུ་གཏོང་མི་ཉན། གཟབ་གཟབ་བྱ་དགོས། བོད་ནང་གི་བོད་མི་ལས་ལྷག་པའི་བོད་དོན་ལ་གནད་འགག་ཅིག་ཡོད་པ་མ་རེད་གསུངས་སོང་། ང་ལ་མཚོན་ན་དཔའ་བོ་ཁོང་གི་མཚན་དངོས་སུ་མེད་པ་དེ་འདྲའི་གྱོང་གུད་ཆེན་པོ་ཞིག་ལ་ངོས་འཛིན་མེད། འོན་ཀྱང་ཟླ་༢ཚེས་༡༣ཉིན་དཔའ་བོ་ཁོང་གི་གཉེན་ཉེ་ཞིག་གིས་ང་ལ་ཁ་པར་བརྒྱུད་སྐད་ཆ་དེ་དྲིས་བྱུང་། མཚན་དངོས་སུ་མེད་པ་ཁོང་གཅིག་པུ་མ་རེད་དཔའ་བོ་ཐུབ་བསྟན་དངོས་གྲུབ་སོགས་ཀྱི་མཚན་མེད་སྐོར་ཞུས་པ་ཡིན། ངུ་སྐད་དང་བཅས་དེ་ཨ་ཧ་བོ་ཞི་ལུ་(བུ)འདི་སྙིང་རྗེ་ཅི་འདྲའི་ལས་ངན་ཞིག དེ་དུས་ཤི་ཤི་མ་ཐུབ། ད་རེས་རྡོ་རྗེ་གདན་ལ་བསམ་གྱིིས་མི་ཁྱབ་པའི་སྐྱེས་ཆེན་དམ་པ་མང་པོས་དབུས་དགེ་འདུན་པ་ཁྲི་ཕྲག་གིས་མཆོད་འབུལ་གནང་སར་ང་ཚོའི་མགོ་རྒན་(ང་ཚོའི་དཔོན་པོ་)ཚང་གིས་ཞི་ལུའི་(བུའི )མིང་ཙམ་ཡང་གསུང་རྒྱུའི་ལས་ངེད་ཚང་ལ་མ་ཡོད་ནི་རེད། མཆོད་འབུལ་སྨོན་ལམ་གནང་བ་ཕྱི་ཉིན་ནས་ང་ཚོས་གོ་ཐལ། སེམས་དགའ་ནས་བསྡད་པ་ཡིན། ཉེ་ཆར་གྲོགས་པོ་ཞིག་བརྒྱུད་བཀྲ་བྷེ་གཅིག་པུའི་མིང་མེད་པའི་གནས་ཚུལ་གོ་ནས་སེམས་སྡུག་གིས་གང་ནས་ངུས་པ་ཡིན། ད་ལམ་ལས་དོན་ཆུང་ཚེགས་ཤིག་གི་ཞོར་ལ་གཙོ་བོ་སྐད་ཆ་འདི་འདྲི་རྒྱུའི་ཆེད་འདི་གར་ཡོང་བ་ཡིན་ཟེར། ཁོང་གིས་དཔའ་བོ་བཀྲ་བྷེ་ལགས་ཀྱི་མཚན་མེད་པ་ཁོང་ཚང་གི་ལས་དབང་ལ་ལས་འདེད་བྱེད་པ་ལས་བཀའ་ཁྲི་མཆོག་མ་དྲང་མ་འགྲིག་མདོག་མདོག་གི་སྐོར་ཚིག་ཟུར་ཙམ་དཀོན་མཆོག་དཔང་བཙུགས་བཤད་མ་སོང་། ད་རུང་ང་ཚོའི་མགོ་རྒན་(དཔོན་པོ)ཚང་ཟེར་ནས་གུས་ཞབས་གདེང་འཇོག་ཧ་ལས་པ་རེད། ཉེ་ཆར་ཧོང་ཀོང་ནས་བོད་མི་རིགས་ལ་སྙིང་ནས་ཤ་ཚ་ཅན་གྱི་ཁམས་པའི་ཚོང་པ་ཞིག་གིས་སེམས་ཁྲལ་ཆེན་པོས་དཔའ་བོ་བཀྲ་བྷེའི་མཚན་བརྗེད་སོང་བ་དེ་འགྲིགས་མ་སོང་། དཔའ་བོ་བཀྲ་བྷེ་ཁོ་ཚོས་སྡུག་པོ་མྱོང་གི་འདུག ཇོ་བོ་རིན་པོ། དེ་ལས་ཤི་སོང་ན་དགའ་ས་རེད་ཟེར་ནས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་སྡུག་བསྔལ་བརྗོད་ནས་ང་ཚོ་གསུམ་ག་མིག་ཆུ་འཐོར་སོང་། ཁོང་གིས་མཚན་བརྗེད་པ་ཡིན་ཤག་ལ་ངོས་འཛིན་ཞུ་བ་ལས་གཞན་པའི་དོགས་པ་སྤུ་ཙམ་ཡང་མི་འདུག
སྐད་ཆ་དེ་ཚོས་གཞིས་ལུས་མི་མང་གིས་རང་གཞུང་དང་གཞུང་འཛིན་མི་སྣ་ལ་བཅངས་པའི་ལྷད་མེད་ཀྱི་ཡིད་ཆེས་མཚོན་པ་རེད། བོད་ནང་གི་རང་ལུས་མེ་མཆོད་འབུལ་མཁན་དཔའ་བོ་རྣམ་པའི་མཚན་ཐོ་གྲངས་དང་བཅས་པ་དྲང་བདེན་མ་བྱུང་བ་དེ་བཀའ་ཁྲི་མཆོག་གིས་བསམ་བཞིན་དུ་གནང་བ་ཞིག་ཡིན་པའི་དོགས་པ་སུ་ལ་ཡང་སྤུ་རྩེ་ཙམ་ཡོད་པ་མ་རེད།
གསུམ་པ།
ད་ལམ་བཀའ་ཁྲི་མཆོག་ལ་དྲི་བ་འདི་འབུལ་རྒྱུ་ཡང་ང་ཚོ་ཚོགས་ཞུགས་པ་ཁ་ཤས་ཀྱིས་གྲོས་མོལ་བྱས་མཐར་ཁོང་ཚོས་ང་ལ་དྲི་བ་འདོན་རོགས་གསུངས་སོང་། དྲི་བ་འདི་བོད་ནང་གི་དྲི་བ་ཞིག་ཡིན་དུས་གལ་ཆེན་དོན་ཆེན་ལ་བརྩིས་ནས་བཀའ་ཁྲི་མཆོག་ལ་བཀའ་འདྲི་ཞུ་རྒྱུ་སེམས་ཐག་བཅད་པ་ཡིན། བཀའ་ཁྲི་མཆོག་གི་བཀའ་ལན་གྱིས་གནད་དོན་འདི་མཇུག་བསྡུ་ཐུབ་པ་མ་ཟད་གཞིས་ལུས་མི་མང་དང་ཁྱད་པར་དཔའ་བོ་བཀྲ་བྷེ་ལགས་ཀྱི་འབྲེལ་ཡོད་ཚོ་སེམས་པ་དགའ་ཚོར་གྱིས་གང་ཐུབ་པ་ཞིག་གནང་རྒྱུའི་ཡིད་ཆེས་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ། སེམས་གཏིང་ནས་གུས་ཞབས་དང་ཡིད་ཆེས་ཞུ་སའི་མི་རྗེ་སྐུ་ངོ་བཀའ་ཁྲི་མཆོག་གིས། ཁོང་ཁྲོས་རྫིག་ཉམས་ཆེན་པོས་དྲི་བ་འདོན་མཁན་ཚོ་ལ་འབྲེལ་མེད་སྙོན་འཛུགས་དང་མ་ཉེས་ཁ་གཡོག་གིས་བཀའ་བཀྱོན་གནང་སོང་། ཁོང་ཁྲོ་དང་རྫིག་ཉམས་གནང་མིན་ཁོང་གི་རང་དབང་ཡིན་ན་ཡང་། དྲང་མོ་བཤད་ན་བོད་ནང་གི་དྲི་བ་འདི་སྐུ་ངོ་མཆོག་ཁོང་ཁྲོ་སློང་བའི་དྲི་བ་ཞིག་གཏན་ནས་མ་རེད། བསམ་བློ་ཞིབ་ཏུ་བཏང་ན་དཔའ་བོ་བཀྲ་བྷེ་ནང་མི་ཉེ་འབྲེལ་སོགས་ལ་སྙིང་རྗེ་དང་བཅས་ལྷག་བསམ་རྣམ་དག་གིས་སེམས་གསོ་ཞིག་གནང་རྒྱུ་བཀའ་ཁྲི་མཆོག་གི་ཟློག་ཏུ་མེད་པའི་ལས་འགན་ཞིག་རེད། ད་ལམ་བོད་ནང་གི་དྲི་བ་ཡིན་དུས་དེ་ལུགས་ཀྱིས་རྣམ་དཔྱོད་ལྡན་པའི་བཀའ་ལན་གནང་ནས་མཐའ་ན་བཀའ་ཁྲི་མཆོག་གཞིས་བཞུགས་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ལ་བརྩེ་སེམས་ཡོད་པ་ཙམ་ཞིག་མཚོན་ཐུབ་པ་གནང་ཡོད་ནའང་དགའ་བ་ལ། སེམས་ཕམ་པ་ཞིག་ལ་དེ་ལྟར་ཕར་ཞོག་མཐའ་ན་བོད་བསྟན་སྲིད་མི་རིགས་དང་བཅས་པ་འཇིག་པའི་གཡང་ནས་སྐྱོབ་ཆེད་གཅེས་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་ཕོ་མོ་ཚོའི་གྲངས་ཀ་ཙམ་ཡང་བཀའ་ཁྲི་མཆོག་གི་ཤེས་མི་འདུག
ཧཧཧ།།།
xxxxxxxxxxxxxxxxxx
མང་གཙོའི་སྤྱི་ཚོགས་ནང་ལ་བསམ་ཚུལ་ག་རེ་ཡིན་ན་བཤད་ཆོག དཔེར་ན་ཨ་རི་སྲིད་འཛིན་ལ་མི་མང་ནས་སྐྱོན་བརྗོད་འདྲ་མིན་གནང་བ་ཀུན་གྱི་མཐོང་གསལ་ཡིན། ལྟ་བ་གཅིག་བསམ་ཚུལ་གཅིག་དཔོན་པོ་གཅིག་ཡིན་ན་བྱང་ཀོ་རི་ཡ་དང་ཁྱད་མེད། མདོ་སྔགས་ལགས་ནས་བསལ་བཤད་གནང་བ་དེ་བདེན་པ་ཡིན་གྱི་རེད། ཁོ་རང་གི་ཕ་ཡུལ་ནས་དཔའ་བོ་བཀྲ་བྷེ་ནང་མི་གཉེན་ཉེ་རྣམས་དང་འབྲེལ་བ་ཡོད་སྲིད། གང་ལྟར་དཔའ་བོ་དཔའ་མོ་འདས་པོ་རྣམས་རང་གི་རྒྱལ་ཁབ་དང་མི་རིགས་གི་ཆེད་དུ་ལུས་སྲོག་ཕུལ་བ་དེར་འཕགས་མཆོག་ཕྱག་པདྨོའི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་ལམ་གནང་རོགས། བསྐྱར་དུ་ཞུ་རྒྱུ། སང་ཉིན་རེས་གཟའ་སྤེན་པ་ཕྱི་ཟླ་༣ ཚེས་༣ ཞོགས་པ་ཆུ་ཚོད་༡༠ ནས་༣ བར་ནིའུ་ཡོག་queens place ཚོགས་ཁང་དུ་སྤོག་ར་ཚོགས་པ་ནས་མཆོད་འབུལ་ཞིག་གོ་སྒྲིག་ཞུས་འདུག ང་ཚོ་འདིར་བཞུགས་གང་མང་ཕེབས་ཐུབ་ན་ལེགས།
མདོ་སྔགས་ལགས་ཀྱིས་བོད་ནང་གི་དྲི་བ་དེ་ལ་བློ་སེང་གིས་ཁོང་ཁྲོ་ཆེན་པོས་དྲང་བདེན་མེད་པའི་ལན་འདེབས་ངོ་ཚ་བ་ཞིག་བྱས་སོང་། དོན་གནད་འདི་ལ་བོད་ནང་དུ་བསམ་ཚུལ་མ་བདེ་བ་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་དང་ཁོ་རང་གིས་ཤེས་བཞིན་རེད། བོད་ནང་གི་རང་ལུས་མེད་མཆོད་འབུལ་མཁན་རྒྱལ་གཅེས་པ་ཚོའི་མཚན་ཐོའི་ནང་ལ་དཔའ་རྒོད་དང་པོའི་མཚན་མེད་པ་དེ་བློ་སེང་ཁོ་རང་ལ་མ་བདེ་བ་ཞིག་ཡོད་པ་རེད། ད་ལམ་ལན་འདེབས་དྲང་མོ་ཞིག་བྱས་ནས་དོགས་པ་དེ་མེད་པ་བཟོ་རྒྱུའི་ཚབ་ལ་བསམ་བཞིན་དུ་སྙོག་དྲ་བཟོས་སོང་། ད་རུང་འདི་འདྲའི་རིགས་ལ་དུས་ཚོད་མེད་གསུངས་སོང་། དེ་ན་གཞུང་འབྲེལ་ཕྱོགས་སྐྱོད་ནང་ཉིན་གསུམ་ལ་སྒེར་དགུང་ཞུས་ནས་དོན་ངོ་མ་ད་ལམ་ཉིན་བདུན་ལ་སྐྱིད་པོ་བཏང་ཡིན་པ། བོད་གཞིས་བྱེས་གཉིས་ཀྱིས་ལོ་གསར་གནང་གི་མེད་ན་ཡང་བློ་སེང་གི་ད་ལམ ད་རུང་ནང་ལ་ལོ་གསར་བཏང་སོང་ཡོད་ད། ཚང་མ་ཧ་གི་ཡོད། བློ་སེང་རང་གིས་བོད་ནང་གི་གནས་ཚུལ་ལེན་མ་ཐུབ་ན་ཡང་གཞན་པའི་བླང་པ་དེ་ཚོ་འཕྲོ་རླག་མ་གཏོང་རོགས།
བློ་སེང་དཔའ་པོ་ཡིན་ན་དཔའ་ངོམ་བྱེད་ས་ནོར་བ་རེད། གཞིས་ལུང་མི་མང་ང་ཚོའི་སྙིང་ནོར་ཡིན། དེ་ལ་བཀའ་བཀྱོན་ཞིག བོད་ནང་གི་གནས་ཚུལ་མང་ཤོས་མདོ་སྔགས་ཁོང་ཚོས་དྲིན་གྱི་ཡར་བླང་བ་རེད། རྔ་བ་ཀིརྟི་ཚང་གི་གཞིས་བྱེས་གཉིས་ཀ་དྲིན་ཅན་ཡིན། དཔའ་ངོམ་བྱེད་ས་ནོར་སོང་།
xxxxxxxxxxxxxxx
བཀའ་ཁྲི་མཆོག་གིས་ལོ་བཅུའི་ནང་ཆེད་ལས་པ་ཁྲི་གཅིག་ཐོན་ཐུབ་ཟེར། དེ་ནི་གལ་ཏེ་ཕྱི་རྒྱལ་ནས་ཕྲུ་གུ་རེར་ཆེད་ལས་པ་མ་ཐོན་བར་སློབ་ཡོན་སྦྱིན་བདག་བྱེད་མཁན་ཐོབ་ན། ཕ་མ་སྤུན་མཆེད་ཚོས་ལག་དངུལ་མང་པོ་མ་སྤྲད་ན། ཕྲུ་གུ་ཚོས་འཛིན་གྲྭར་ཉིན་ལྟར་ཕྱིན་ན། ཤེས་ཡོན་བཟང་པོ་ཡོད་པའི་གྲོགས་པོ་ཡག་པོ་དང་འགྲིམས་ན། ཤ་ཞེན་ཆེ་བའི་ཕ་མ་སྤུན་མཆེད་དང་དགེ་རྒན་གྱི་ཞལ་ལ་ཡག་པོ་ཉན་ན། མཚན་ཚོགས་ལ་མ་ཕྱིན་ན། ཤེས་ཡོན་གལ་ཆེན་པོ་ཡིན་པའི་བསལ་བློ་སྐྱེ་ན། ལྷ་ས་ནས་རྒྱ་གར་ལ་ལོ་ལྟར་སློབ་སྦྱོང་བྱེད་དུ་ཡོང་མཁན་བུ་མོ་དེ་ལྟ་བུའི་བསམ་བློ་ཡོད་ན། འཛམ་བུ་གླིང་ནང་བར་ཆད་མ་བྱུང་ན། ཕྲུ་གུ་ཚོའི་རང་གི་འདོད་པ་ལྟར་དུ་ཆེད་ལས་ཀྱི་ལམ་འདམས་ཤེས་ན། བཀའ་ཁྲིའི་ཆེད་ལས་ཁྲི་གཅིག་ཐོན་རྒྱུ་ངེས་པ་མ་ཟད། དུས་རབས་གསར་པའི་བོད་ཕྲུག་ཚང་མ་སངས་རྒྱས་རྒྱུ་ཡིན་པ་ཡང་ཐག་ཆོད་པ་ཞིག་རེད། ཧ་ཧ་ཧ་ཧ། ནིའུ་ཡོརཀ་ཀྱི་བོད་མི་ཚོར་ལན་ཚ་པོ་གསུངས་འདུག ཕྱག་ཡག་པོ་བརྡབ་ཀྱི་འདུག་ལ། བརྡབ་རིན་ཆོག་པ་འདུག བཀྲིས་བདེ་ལེགས་ཡོད།
གསུང་བཤད་དང་དྲི་བ་དྲིས་ལན་ལ་ཅིག་བལྟས་པ་ཡིན་་་་་་གསུང་བཤད་ཚང་མ་སྔོན་གྱི་སྐད་ཆ་རྙིང་བ་རྐྱང་རེད་འདུག དྲི་བ་འགའ་རེ་ཡག་པོ་འདུག་ལ་ལན་ཡང་འོ་ཙམ་གནང་སོང་། གད་མོ་ཤོད་བ་ཞིག་ལ་་་སྐུ་ཞབས་མདོ་སྔགས་ལགས་ནས་དྲིས་པར་ལན་དེ་དེ་ཙམ་བྱུང་མ་སོང་། ཁ་གཡོལ་ཐབས་ཁོ་ནས་རྫིག་འདོག་གི་གཏམ་ཞིག་གསུང་བྱུང་། ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་་་་དྲི་བ་དེས་བློ་སེང་གི་གདོང་མདོག་འགྱུར་བ་ཐེབས་བཅུགས་སོང་ག་རེ་ཡིན་ནམ། མ་གཞི་དྲི་བ་དེ་འདྲི་མི་འོས་པ་ཤིག་རེད་དམ། ཡང་ན་དྲི་བ་དེ་དྲི་མཁན་ཁོང་ལ་གོ་ཐོས་ཁུངས་ལྡན་མེད་པས་རེད། ངས་འདི་ན་ཤོད་འདོད་པའི་སྐད་ཆ་རྡོག་རྡོག་ཅིག་རང་ཡོད། དེ་ནི་་་་དྲི་བ་འདོན་མཁན་ཚོས་གནས་ཚུལ་དངོས་ཡིན་མིན་ལ་ཡག་པོར་ལྟོས་ནས་དྲི་བ་གནང་རྒྱུ་གལ་ཆེན་རེད་་་་དེ་མིན་ངོ་ཚ་ཉོ་གི་རེད་ད། དྲིས་ལན་གནང་མཁན་སུ་ཡིན་ཡང་ཁོག་རྒྱ་ཆེན་པོའི་ཐོག་ནས་ལན་གནང་དགོས་རྒྱུ་ལས་ལམ་སང་ཁོང་ཁྲོ་ལངས་མི་ཉན། འོ་རེད་་་ངའི་དྲན་པ་འདི་ད་་་་མཆོད་འབུལ་རྒྱ་ཆེན་པོར་གནང་བ་དེས་མིའི་ཚེ་སྲོག་གི་རིན་ཐང་མཇལ་ཐུབ་བམ་་་་་བཀའ་ཁྲི་ལགས།
མདོར་ན་གནས་ཆུང་་གི་གསུངས་པ་བཞིན་། ལྷ་གསར་པ་དང་མི་གསར་པ་ལ་དགའ་བོ་མ་བྱེད། ད་ལྟ་བཀའ་ཁྲིའི་བོད་གཞུང་དམངས་ཀྱི་ཞབས་ཕྱི་ཞུས་ནས་ལོ་ཕྱེད་མ་གཏོགས་འགྲོ་མེད། ད་ལྟ་ནས་ཁོང་རང་དཀའ་ལས་ཁག་པའི་རྣམ་འགྱུར་་བསྟན་སོང་། ན་ནིང་འོས་བསྡུ་ལངས་པའི་སྐབས་སུ། སྐད་ཆ་འཛིགས་པོ་དང་སྙན་པོ་མང་་པོ་བཤད་སོང་། ལས་སླ་མདོག་ཞེ་བོ་གཅིག་བྱས་སོང་། མི་མང་དཀྱུས་མ་མཚོ་མགོ་བོ་རྨོངས་སུ་བཅུག་ཡོད། སྤྱི་ར་ནས་ང་ཚོའི་སྤྱི་ཚོགས་མི་འི་ལུང་པ་ནང་ཡོད། གཉིས་ནས་༧ སྤྱི་ནོར་གོང་ས་མཆོག་ནས་མི་ལོ་ལྔ་བཅུའི་སྐུ་ངལ་ཚད་ལས་འདས་པ་ཞིག་སྐྱོན་ནས་ད་དུང་ང་ཚོའི་ནུས་པ་དེ་ཙམ་ཞིག་ཐོན་མེད། བཀའ་ཁྲིའི་ང་ཚོ་རྡ་རམ་ས་ལ་ལོ་ལྔ་བཅུ་མ་ཚད་ལོ་ལྔ་བརྒྱ་བསྡད་དགོས་ཐུག་ཡོང་། ཞེས་འུར་སྒྲོགས་ཆེན་པོ་གནང་སོང་། མི་མང་ཚོ་ཡང་ཨ་གསར་གྱི་ཐལ་མོ་ཤུགས་ཆེན་པོ་བརྡབ། བསམ་ཤེས་ཡོད་མཁན་ཚོ་དགད་མོ་ཤོར་བ་བཟོས་ཡོད། ད་ཆ་བསམ་བློ་ཞིབ་ཏུ་བཏང་ན་ ༥༩ ནས་བཟུང་བོད་མི་དཀའ་ངལ་ཉག་ཁྲའི་སྐབས་ཀྱི་ལས་བྱེད་འདས་གསོན་ཡོངས་ཀྱི་བཀའ་དྲིན་ངེས་པར་དུ་དྲན་དགོས། གང་ལྟར་བོད་ཀྱི་གཏམ་དཔེར། ཁ་བདེ་བོ་མི་ཡི་དཔོན་པོ་ཡིན། ལག་བདེ་བོ་མི་ཡི་གཡོག་པོ་ཡིན། ཞེས་པ་དེ་ཆགས་སོང་། ཡིན་ནའང་ལོ་ལྔའི་ནང་དཀའ་ལས་མ་ཁག་རོགས་གནང་ཞུ་རྒྱུ་ལས་མེད།
xxxxxxxxxxxxxxx
རྒན་མདོ་སྔགས་ལགས་ཁྱེད་གི་འདི་འདྲ་གསུང་འདུག་། ད་ལམ་ལས་དོན་ཆུང་ཚེགས་ཞིག་གི་ཞོར་ལ་གཙོ་བོ་སྐད་ཆ་འདི་འདྲི་རྒྱུའི་ཆེད་དུ་འདིར་གར་ཡོང་བ་ཡིན་ཟེར།འདིར་ལ་ཡོང་བ་ཡིན་ཟེར་ན་ཧོང་ཀོང་ལ་ཟེར་གི་ཡོད་རེད་པས་ཡང་ན་བོད་ལ་རེད་་།།
མདོ་སྔགས་ལགས་ཀྱིས་དྲི་བ་དེ་དྲིས་བ་ངོ་མས་ཐུགས་རྗེ། སྤྱིར་བཏང་གིས་མི་མང་པོ་ཞིག་གིས་དཔའ་པོ་བཀྲ་བྷེ་གི་མཚན་རྡོར་གདན་མ་བོས་དེ་ཤེས་འདོད་ཆེན་པོ་བྱུང་ཡོད་། མཚན་མ་བོས་བ་དེ་དངོས་རེད། ཡིན་ནའང་ད་ཐེངས་བཀའ་ཁྲི་མཆོག་རང་གཟུགས་ཕྱི་ལ་མངོན་སོང།
རྗེས་ཕྱོགས་ནས་བཀའ་ཁྲི་མཆོག་རང་སྐྱོན་ཐལ་འདོན་བྱེད་མི་ཉན་པ་ཤེས་སོང་།
དཔེར་ན་མདོ་སྔགས་ཁྱེད་ཡང་གཞུང་ཞབས་ཅིག་ཡིན་ན་ཤར་ཕྱོགས་ཁུག་རྟ་ནང་བཞིན་ལས་གནས་ནས་གཡུགས་ཚར་སོང།
རྔ་བ་ཀི་ཏི་དགོན་པའི་ཕྱག་མཛོད་ཡིན་ཟེར་མཁན་མདོ་སྔགས་མགོ་རིལ་ཁོས་དྲིས་ཚིག་ཟུར་ལ་འདི་འདྲ་ཞིག་ཐོན་སོང་། ་བོད་ནང་གི་དངོས་ཡོད་གནས་ཚུལ་ཅི་ཡིན་ཤེས་གཏོགས་བྱེད་རྒྱུ་གལ་ཆེན་རེད་གཞུང་གི་ངོས་ནས་དེ་འདྲ་གནང་རོགས་མ་གཏོགས་ཚོགས་པ་དང་དགོན་སྡེ་སྒེར་པ་ཞིག་གི་ངོས་ནས་ཤུགས་ཕོགས་ཐུབ་ཀྱི་མི་འདུག། ཅེས་བཤད་སོང་། ཞིབ་ཏུ་གསན་སྐད་ཆ་འདི་དངོས་གནས་མ་འོས་མ་མཚམས་པའི་སྐད་ཆ་ཞིག་མ་རེད་གམ། ད་བར་རྔ་བའི་གནས་སྟངས་དེར་བོད་གཞུང་གི་ནུས་ཤུགས་ཚོད་གཏོན་པ་མ་ཚད་རྔ་བའི་དགོན་བདག་རིན་པོ་ཆེ་ཨ་རེའི་གྲོས་ཚོགས་ནང་དེའི་ཆེད་དུ་གདན་དྲང་པ་རེད་། དྲང་པོ་བཤད་ན་རྡ་སའི་ཀི་ཏི་དགོན་པས་བྱེད་པ་ལས་ལྷག་བྱེད་མ་ཐུབ་ནའང་འདྲ་གཉམ་ཞིག་བོད་གཞུང་དང་བཙན་བྱོལ་བ་མང་ཆེ་བས་གནང་ཡོད་། གལ་སྲིད་ཁྱེད་རང་གི་སྐད་ཆ་འདི་དགོན་པའི་ཚབ་བྱེད་ནས་བཤད་ཀྱི་ཡོད་ན་ཞབས་འདྲེན་རེད་། སྒེར་ངོས་ནས་བཤད་ཀྱི་ཡོད་ན་ཕྱོགས་རིས་སྐད་ཆ་རེད་། དབྱིན་དཀྲུགས་རང་རེད་། ་་་་་་་་་་་་་་་་་་་་་་་་་་ཁོ་རང་གི་གོ་ཡོད་ན་བཀའ་ཁྲིའི་ང་ལོ་ལྔ་དེ་འདྲའི་སྒང་ལ་བསྐྱལ་འདོད་མེད་།་་་་་་་་་་་དོན་ངོ་མ་ཁོང་ལ་དགོས་པའི་ལེན་འདི་རང་རེད་་་་་་་་་་་
སྐུ་ཞབས་བྱ་སྤུ་ལགས། ཁྱེད་ཀྱིས་དོ་སྣང་ཡག་པོ་གནང་སོང་སྟེ་དོན་དངོས་མཁྱེན་མི་འདུག ངོ་མ་མཁྱེན་འདོད་ཡོད་ན་ཞུ་ཆོག དྲི་བ་འདོན་མཁན་ང་ཡིན་ཡང་། དྲི་བ་དེ་བོད་ནང་གི་དྲི་བ་རེད། དྲི་བ་དེ་འདྲི་དགོས་པའི་རྒྱུ་མཚན་དཔའ་བོ་བཀྲ་བྷེའི་འབྲེལ་ཡོད་ཚོ་བཀའ་ཁྲི་མཆོག་ལ་དགའ་མིན་དང་། ངས་དཔའ་བོ་བཀྲ་བྷེའི་མཚན་ཐོ་མེད་པ་དེ་གྱོང་གུད་ལ་རྩི་མིན་གྱི་གནད་དོན་ཞིག་མ་རེད། བཀའ་ཁྲི་མཆོག་གིས་ཐབས་མཁས་རྣམ་དཔྱོད་ལྡན་པའི་བཀའ་ལན་ཞིག་གིས་གནས་ཚུལ་འདི་གཙང་སེལ་གནང་ནས་དཔའ་བོ་བཀྲ་བྷེའི་འབྲེལ་ཡོད་ཚོ་སེམས་སྡུག་ལས་ཐར་བ་ཞིག་གནང་ཆེད་ཡིན་ལ། དེ་ལྟར་བཀའ་ལན་གནང་བའི་ཡིད་ཆེས་ཀྱང་བྱས་པ་ཡིན། ཕྱི་ལོ་༡༩༥༩ནས་ད་བར་རྒྱལ་གཅེས་པ་བཀའ་དྲིན་ཅན་ཚང་མའི་མཚན་ཐོ་ཀློག་ཐུབ་མཁན་ཞིག་བཀའ་ཁྲི་ཕར་ཞོག་གནམ་འོག་འདི་ན་མེད་པ་ཀུན་གྱིས་ཤེས་གསལ་ཡིན་བཞིན་ད་དུང་མཚན་ཐོ་ཀློག་མ་སོང་ཞུས་ན་བསམ་བཞིན་རྙོག་དྲ་བཟོས་པ་མ་རེད་དམ། བོད་རྒྱལ་ཁབ་ཆེན་པོའི་བདེ་སྡུག་གི་ཆེད་དུ་གཅེས་སྲོག་བཏང་བ་ཡོངས་རྫོགས་རྒྱལ་གཅེས་བཀའ་དྲིན་ཅན་ཡིན་མིན་གྱི་དོགས་པ་སུ་ལ་ཡང་ཡོད་པ་མ་རེད། གཙོ་བོའི་ནང་གི་གཙོ་བོ་མ་འགྲིགས་ས་དུས་བཅད་བྱས་པ་དེ་རེད། ཕྱི་ལོ་༡༩༥༩ནས་ད་བར་ཟེར་བ་དེ་ཡང་ཉེས་པ་ཆེན་པོ་རེད། དེ་གཅིག་རེད ཁམས་པའི་ཚོང་པ་ཞིག་དང་ང་ཚོ་གསུམ་མིག་ཆུ་འཐོར་སོང།།ཧཧཧཧཧཧ་་།
ང་ལ་ཁྱེད་ཀྱིས་ཧཧཧཧསྟོང་ཕྲག་མང་པོ་གསུང་ན་ཁྱད་པར་མེད། ངའི་རོགས་པ་གཉིས་ལ་མཐོང་ཆུང་དང་འཕྱ་སྨོད་བྱེད་མི་རུང་། རྒྱུ་མཚན་ནི་ཁོང་ཚོའི་བོད་དོན་སེམས་ཤུགས་དང་ཕྱག་ལས་ལ་ང་ཚོས་དོ་ཟླ་མི་ཡོང་།
ཧོང་ཀོང་ད་ཆ་རྒྱ་མིའི་འོག་ལ་ཡོད་རེད་རང་ཕར་འགྲོ་ཆོག་ཆོག་དང་ཚུར་ཡོང་ཆོག་ཆོག་།།།།།།ཁྱེད་ཀྱིས་ང་ལ་བཀའ་བཀྱོན་ཟོལ་གྱིས་དོགས་པ་གནང་བ་ལྷག་བསམ་རྣམ་དག་ཡིན་ན། ཐུགས་སེམས་ལྷོད་ལྷོད་གནང་རོགས། བླ་རྒན་ངས་མགོ་བོས་དུང་སྐོ་དགོས་ན་ལག་དམར་རྒྱ་ནག་སྲིད་གཞུང་ལ་ཁ་གཏད་གཅོག་ཐག་ཆོད་ཡིན། གཙོ་བོ་རྒྱ་ནག་སྲིད་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་གཉིས་ཀྱི་གནས་སྟངས་མཁྱེན་མི་འདུག
སྐུ་ཞབས་བྱ་ལགས། ངས་ཧོང་ཀོང་ལ་ཚོང་བྱེད་ཀྱི་ཡོད།
རྒན་པོ་དེས་ང་འདིར་ཡོང་བ་ཡིན་ཟེར་ས་རྒྱ་ནག་ཁྲི་འདུས་རེད། སྐད་ཆ་དེ་ཚོ་ཁ་པར་བརྒྱུད་བྱུང་བ་རེད།
བཀའ་ཁྲི་ལ་བདེན་པ་འདུག མདོ་སྔགས་ལ་ཡང་བདེན། ནོར་བ་དེ་ནི་བོད་ནང་གི་རང་ལུས་མེ་ལ་བསྲེགས་ནས་བོད་ཁ་བ་ཅན་གྱི་བསྟན་པ་སླར་གསོའི་རེད་འབོད་བྱེད་མཁན་གྱི་དཔའ་བོ་ཚོ་ཨེ་རེད། སྐྱབས་སུ་བཅོལ་བའི་བོད་པ་ཞབས་འདྲེན་ཚོ།
བོད་ལྗོངས་རྒྱལ་གཅེས་དཔལ་བོ་དང་དཔལ་མོ་དག་གི་ཆེད་དུ་རྡོ་གདན་དུ་གོང་ས་མཆོག་དབུས་བཞུགས་ཐོག་ནས་བླ་སྤྲུལ་དགེ་བཤེས་དང་འདུས་མང་རྒྱ་མཚོའི་དབུས་པའི་བསྔོ་སྨོན་མཆོད་འབུལ་བའི་སྐབས་སུ། སྐུ་གཤེགས་དཔལ་བོ་བཀྲ་བྷེ་ལགས་ཀྱི་མཚན་ཐོར་འཁོད་མེད་སྐོར་གྱིས་གླེང་སྙོགས་འདིར་དོན་དངོས་ཐོག་ནས་ཞུ་ན་དེར་སྙིང་པོ་མེད། བརྗོད་གཞི་དགེ་སྒྲུབས་དང་དགེ་བསྔོ་ཡིན་པ་ལས་གླེང་གཞི་དགའ་མིན་ཆགས་སྡང་གིས་སྡིག་ལས་སུ་སོང་བ་རེད། དུས་ཡུན་ཐུང་ས་ནས་བཤད་ན། ༢༠༠༨་ལོ་ནས་ད་ལྟའི་བར་དུ་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་འབུལ་བ་དང་ཤོར་བ་སོགས་བོད་མིའི་དཔལ་བོ་དཔལ་མོ་བརྒྱ་ཁྲག་ལས་བརྒལ་ཡོད་ཀྱང་སྐབས་དེར་ཉེ་ཆར་སྐུ་སྲོག་འབུལ་མཁན་གྱི་མཚན་ཐོ་ལས་གསལ་བསྒྲགས་བྱས་མེད། དེ་དག་ཐམས་ཅད་ཀྱི་ཚེ་སྲོག་ལ་རིང་ཐུང་དང་སྦོམ་ཕྲ་ཡི་ཁྱད་པར་གཏི་འབྲུ་ཙམ་མེད་པས་བོད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་འབུལ་བས་རིན་ཐང་འདྲ་མཉམ་ཡིན་པ་ལས་སྐུ་ཞབས་བཀྲ་བྷེ་ལགས་ཀྱི་མཚན་ཐོ་སྐབས་དེར་དངོས་སུ་མ་བརྗོད་པའི་ཟུར་བཏོན་གྱིས་གླེང་ཕྱོགས་བཟོ་དགོས་དོན་མེད། ལར་ནི་དྲི་བ་འདི་ཚོའི་རིགས་ནི་ཐོས་བསམ་མེད་པའི་ནང་ཆོས་ཁ་གཡང་བརྗོད་པའི་སྐྱེ་བོ་དག་ལས། མདོ་སྔགས་ཀྱི་གཞུང་ལུགས་ལ་མཁྱེན་རྒྱ་ཡོད་མཁན་ཞིག་དང་། ནང་ཆོས་ཀྱི་གནད་ལུགས་རྟོགས་མཁན་ཞིག་གིས་དྲི་བ་འདིའི་རིགས་ཡོང་མི་སྲིད། རྒྱུ་མཚན་སྟབས་བདེའི་ཐོག་ནས་ཞུ་ན། དེ་ནི་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་གླེང་གཞི་ཞིག་ཡིན་པས་རེད། གལ་སྲིད་ཁྱེད་ཀྱིས་སྐུ་ཞབས་བཀྲ་བྷེ་ལགས་ཀྱི་མཛད་རྗེས་དང་འདས་པོ་རྗེས་ཀྱི་དགེ་བསྔོ་བཅས་ལ་ཐུགས་བསམ་བཞེས་མཁན་ཞིག་ཡིན་ན། འདས་པོ་ཁོང་གི་ཆེད་དུ་ཆགས་སྡང་གིས་སྡིག་ལས་སུ་སྒྱུར་མི་ཉེས་ལ། དཔལ་བོ་ཁོང་གིས་བོད་མི་རིགས་ལ་བསྐྱངས་པའི་མཛད་རྗེས་དེ་རྗེས་འཇུག་པ་དག་གིས་ཆགས་སྡང་གིས་རླུང་ལ་བསྐུལ་མི་ཉེས།
xxxxxxxxxxxxxxxx
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com