འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ ༢༠༡༢ཟླ་༣ཚེས་༡ཉིན།
ཇོ་ནང་བསྟན་པའི་མངའ་བདག་༸སྐྱབས་མགོན་༸ཁལ་ཁ་རྗེ་བཙུན་དམ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥།༥༨ ཐོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། ཁོང་ནི་ཕྱི་ལོ་༡༩༣༢ ལོར་སྐུ་འཁྲུངས་ཤིང་། ད་ལོར་དགུང་ལོ་ ༨༡ ལ་ཕེབས་ཡོད། ཁོང་སྐུ་གཤེགས་ཡུལ་ནི་སོག་པོའི་རྒྱལ་ས་ཨུ་ལམ་པ་དྷིར་དུ་ཡོད་པའི་དགའ་ལྡན་དགོན་པའི་ནང་གི་ཁོང་གི་བླ་བྲང་དུ་ཡིན་འདུག
ཇོ་ནང་བསྟན་པའི་མངའ་བདག་༸ཁལ་ཁ་རྗེ་བཙུན་དམ་པའི་མཛད་རྣམ་མདོར་བསྡུས།
༄༅།། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་ཕྲེང་བཅུ་གཅིག་པ་༧སྐྱབས་མགོན་༧ཁལ་ཁ་རིན་པོ་ཆེ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་ཕྱི་ལོ་༡༩༣༢ལོར་བོད་དབུས་རྭ་ལོའི་གདུང་རྒྱུད་ཡབ་བློ་བཟང་འཇམ་དཔལ་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྗེ་ཏཱ་ར་ནཱ་ཐ་དང་གདུང་རྒྱུད་ཡང་གཅིག་པར་སྙམ། དགའ་ལྡན་ཁྲི་ཐོག་དགུ་བཅུ་བ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོ་སོགས་ཀྱིས་སྐྱེས་ཆེན་དམ་པ་ཞིག་ཡིན་པར་ལུང་བསྟན་གནང་། དགུང་གྲངས་བཞིའི་ཐོག་༧རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ལྷ་བླའི་བཀའ་ལུང་རྩེ་མཐུན་ལྟར། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་བའི་ཡང་སྤྲུལ་དུ་ངོས་འཛིན་མཛད། འབྲས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས་རྭ་སྒྲེང་རིན་པོ་ཆེ་སོགས་རྩ་བའི་ཡོངས་འཛིན་དུ་བསྟེན་ཏེ་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་ཕུལ་ཕྱིན་མཛད། དགུང་གྲངས་ཉེར་གཅིག་ཐོག་རང་ཉིད་ཀྱི་གདན་ས་རྟག་བརྟན་ཆོས་སྡེར་ཞབས་སོར་འཁོད་ཅིང་། འདིའི་དུས་སུ་ཇོ་ནང་བའི་རྣལ་འབྱོར་བ་ཞིག་དང་མཉམ་དུ་ཇོ་ལུགས་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་མི་མངོན་པའི་ཚུལ་དུ་ཉམས་བཞེས་མཛད། ཕྱིས་སུ་དུས་འགྱུར་གྱི་དབང་གིས་འཕགས་ཡུལ་དུ་ཕེབས་ཏེ་གནས་ངེས་མེད་དུ་བཞུགས། ཁྱད་པར་བླ་མ་ཀ་ལུ་རིན་པོ་ཆེའི་མདུན་ནས་ཇོ་ནང་དང་ཤངས་པའི་ཆོས་སྐོར་མཐོང་བ་དོན་བརྒྱུད་ཀྱི་ཉམས་ལེན་བདག་གིར་བཞེས། ༧གོང་ས་ཐམས་ཅད་མཁྱེན་པ་མཆོག་གིས་གཞུང་འབྲེལ་ཁྲི་སྟོན་མཛད་སྒོ་བྱེད་དགོས་ཞེས་བཀའ་བསྩལ་པ་དང་། སོག་པོའི་སྲིད་འཛིན་སོགས་ཆེས་མཐོའི་དཔོན་རིགས་ཁག་སེར་སྐྱ་མི་མང་གི་རེ་འདུན་ལྟར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ། ཕྱི་ལོ་ ༡༩༩༧ ལོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པའི་བདག་པོར་མངའ་གསོལ་མཛད་ཏེ་གཞུང་འབྲེལ་མཛད་སྒོ་བསྡུས། དེ་དང་ཆབས་ཅིག་ལོ་དེར་ ༸གོང་ས་མཆོག་གིས་དཔལ་ཇོ་ནང་བའི་ངེས་དོན་གྱི་བསྟན་པ་སླར་གསོའི་ཆེད་སིམ་ལ་སངས་རྒྱས་ཆོས་གླིང་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཞེས་པར་མཚན་གསོལ་ཏེ། དགོན་གནས་རྟེན་དང་བརྟེན་པ་བཅས་གནང་། བྱེས་འབྱོར་ཇོ་ནང་བའི་དགེ་འདུན་པ་བཞི་བཅུ་ལྷག་བཀའ་འགུགས་ཀྱིས་སྒྲིག་ཁུངས་སུ་བཅུག དེ་ནས་སོག་ཡུལ་དུ་ཕེབས་ནས་གསེར་ཁྲིར་མངའ་གསོལ་མཛད་དེ་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཕྱི་ལོ་ ༢༠༠༢ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཇོ་ནང་མ་དགོན་དུ་གདན་འདྲེན་ཞུས་ཏེ་ངེས་དོན་གྱི་ཆོས་འཁོར་རྒྱ་ཆེར་བསྐོར། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡༡ ཉིན་ཇོ་ནང་མ་དགོན་དུ་རྟག་བརྟན་བླ་བྲང་ལེགས་འགྲུབ་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཕྱི་ལོ་ ༢༠༡༡ ལོར་སོག་པོར་ཕེབས། སོག་པོའི་གཞུང་ངོིས་ནས་སོག་རྒྱལ་ཁབ་ཀྱི་ཆོས་ཀྱི་དབུ་འཛིན་དུ་མངའ་གསོལ་མཛད་པ་བཞིན་བདག་གིར་བཞེས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་གྱི་ཞོགས་པ་རྒྱ་གར་དུས་ཚོད་ ༥:༥༨ སྟེང་དགོངས་པ་གཞན་དོན་དུ་གཤེགས་པའོ།།
སྤྲུལ་བའི་སྐུ་རིན་པོ་ཆེ་མྱུར་བྱོན་ཤོག།
སྤྱིར་སྐྱེས་བུ་དམ་པ་རེ་རེ་གཤེགས་སྐབས་བོད་མི་རིགས་ཀྱི་རིག་གཞུང་དར་སྤེལ་གྱི་ནུས་པའི་མ་ལག་རེ་རེ་བཞིན་ཉམས་གུད་འགྲོ་བའི་སྣང་བ་བཅོས་མིན་ཞིག་སྐྱེ་མོད། འོན་ཀྱང་སྤྲུལ་སྐུའི་ལམ་ལུགས་འདི་མེད་པར་གྱུར་ནས། བོད་མི་ཡོངས་རྫོགས་ཤེས་ཡོན་པ་དང་ཤེས་ཡོན་ལ་མཐོང་ཆེན་བྱེད་པའི་ལམ་ཆེན་དེར་ཞུགས་ན་ཅི་མ་རུང་། སྤྱི་སྐྱེ་བ་སྔ་ཕྱི་འདི་མངོན་ལྐོག་གང་གིས་ཀྱང་འགྲུབ་དཀའ་ཞིང་། གལ་སྲིད་ཡུན་རིང་ཡོད་པར་གོམས་པ་ལས་སྐྱེ་བ་སྔ་ཕྱི་ཡོད་པར་འཛིན་པའི་བློ་བཅོས་མིན་ཞིག་སྐྱེ་སྲིད་ཀྱང་། སྐྱེ་བ་སྔ་ཕྱི་དངོས་འཛིན་རྒྱུ་དེ་ནི་དེ་ལས་ཀྱང་ལྐོག་གྱུར་ཅིག་རེད། ང་ཚོས་སང་ཕན་ཆོད་རྒྱ་བོད་གནས་ཚུལ་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་བའང་མི་ཤེས་ན་སྐྱེ་བ་སྔ་མ་ནོར་བ་ངོས་འཛིན་ཟེར་བ་དེ་གང་ནས་ཡོང་།
སྤྱིར་སྐྱེས་བུ་དམ་པ་རེ་རེ་གཤེགས་སྐབས་བོད་མི་རིགས་ཀྱི་རིག་གཞུང་དར་སྤེལ་གྱི་ནུས་པའི་མ་ལག་རེ་རེ་བཞིན་ཉམས་གུད་དུ་འགྲོ་བའི་སྣང་བ་བཅོས་མིན་ཞིག་སྐྱེ་མོད། འོན་ཀྱང་སྤྲུལ་སྐུའི་ལམ་ལུགས་འདི་མེད་པར་གྱུར་ནས། བོད་མི་ཡོངས་རྫོགས་ཤེས་ཡོན་པ་དང་ཤེས་ཡོན་ལ་མཐོང་ཆེན་བྱེད་པའི་ལམ་ཆེན་དེར་ཞུགས་པ་བྱུང་ན་ཨེ་མ་ཧོ། སྤྱིར་སྐྱེ་བ་སྔ་ཕྱི་འདི་མངོན་ལྐོག་གང་གིས་ཀྱང་འགྲུབ་དཀའ་ཞིང་། གལ་སྲིད་ཡུན་རིང་ཡོད་པར་གོམས་པ་ལས་སྐྱེ་བ་སྔ་ཕྱི་ཡོད་པར་འཛིན་པའི་བློ་བཅོས་མིན་ཞིག་སྐྱེ་སྲིད་ཀྱང་། སྐྱེ་བ་སྔ་ཕྱི་དངོས་འཛིན་གནང་རྒྱུ་དེ་ནི་དེ་ལས་ཀྱང་ལྐོག་གྱུར་ཅིག་རེད། ང་ཚོས་སང་ཕན་ཆོད་རྒྱ་བོད་ཀྱི་གནས་ཚུལ་ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་བའང་མི་ཤེས་ན་སྐྱེ་བ་སྔ་ཕྱི་མ་ནོར་བར་ངོས་འཛིན་ཟེར་བ་དེ་གང་ནས་ཡོང་།
ཡང་སྲིད་ཉི་གཞོན་མྱུར་བྱོན་ཤོག །
དུས་གསུམ་བསགས་པའི་དགེ་ཚོགས་ཆུ་བོའི་རྒྱུན། །གང་གི་ཐུགས་བསྐྱེད་རྒྱ་མཚོར་རོ་གཅིག་འདྲེས། །བསྟན་དང་འགྲོ་བའི་སྲོག་གི་ཉེར་འཚོའི་རྐྱེན། །དམ་ཆོས་རླབས་ཕྲེང་གཡོ་བ་མེད་གྱུར་ཅིག །ཕྲིན་ལས་སྣང་བའི་འོད་སྟོང་རྟག་ཕྲོ་བའི། །ཡང་སྤྲུལ་རྟ་བདུན་གསར་བའི་མཛེས་ཞལ་ངོམ། །རྒྱལ་བསྟན་སྤྱི་དང་ངེས་དོན་སྙིང་པོའི་སྲོལ། །བོད་སོགས་འགྲོ་ཀུན་ཁམས་ལ་ཁྱབ་གྱུར་ཅིག །
ཐུགས་གསོས་མཚམས་འདྲི་ཞུ་རྒྱུ་དང་། དམ་ཁོང་གི་སློབ་མ་ཚོའི་བསྟན་པའི་འགན་ཁུར་གནང་དགོས་རེད། སྔ་དང་མ་འདྲ་བར་དགོན་པ་གྲྭ་ཚང་ཆ་ཚང་། ཤེས་ཡོན་གྱི་སྡེ་ཚན་གྱིས་ཟིན་ཐུབ་པའི་རེ་བ་ཡོད།
སྤྲུལ་སྐུ་ཡིན་ན་ཡང་ཤེས་ཡོན་ཡོད་མཁན་རེ་ཕེབས་ཡོང་ན་དགའ་བསུ་རྒྱ་ཆེ་ཡོད།
ཤེས་ཡོན་སློབ་སྦྱངས་་བྱས་ཡོད་པའི་མཁན་པོ་དང་དགེ་རྒན་སོགས་ཀྱིས་དགོན་ཟིན་ཐུབ་པ་ཞིག་བྱུང་ན།
ནམ་རྒྱུན་གི་བསམ་ཚུལ་ཡིན།
སྐྱབས་སུ་འཆི་་་་་དམ་པ་ཁོང་གི་ཡང་སྤྲུལ་ཡག་པོ་ཞིག་ཡོང་བའི་སྨོན་འདུན་དང་ཞུ།
སེམས་གཏིང་ནས་བློ་ཕམ་ངང་། དམ་པ་ཁོང་གི་དགེ་བའི་སྨོན་ལམ་བདེ་བླག་ངང་གྲུབ་པའི་སྨོན་འདུན་དང་། ཁོང་གི་སློབ་མ་རྣམས་ནས་དམ་ཚིགས་གཅིག་མཐུན། སྤྱི་ཕན་གཙོ་ཆེ། དེ་བཞིན་དམ་པ་ཁོང་གི་བཞེད་དོན་རྣམས་ལག་ལེན་ཡོང་བར་འབད་རྩོན་གནོངས་རོགས་ཅེས་ཞུ་འབུལ་བྱེད་དོ། ང་རང་ཇོ་ནང་གི་སྐོར་ལ་ཅི་ཡང་མི་ཤེས་ཀྱང་། དམ་པ་ཁོང་རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་བཀའ་འོག་ལ་དམ་ཚིགས་གཙང་མས་འགྲོ་མཁན་ཞིག་ལ་སོང་། ཁོང་ལ་དགའ་སྣང་ཆེན་པོ་ཡོད་དོ།
བསྟན་པའི་ཉི་མ་ནུར་རིར་བྱོན་གྱུར་བས།
འགྲོ་བའི་ས་གཞིར་མུན་པ་སྨག་འགྱུར་ཀྱང་།
སྔོན་གྱི་ལས་སྨོན་བཟང་པོའི་མཐུ་སྟོབས་ཀྱིས།
ཡང་སྲིད་ཉི་གཞོན་མགྱོགས་ནས་འཆར་བར་ཤོག
འཕགས་ཡུལ་གྲུབ་དབང་གངས་ཅན་དཔལ་དུ་སྤྲུལ། །ངེས་དོན་བསྟན་པའི་ཟླ་བ་སྒྲོལ་བའི་མགོན། །ཧོར་ཡུལ་ཆོས་ཀྱི་ཉི་མ་རྗེ་བཙུན་པ། །རྫོགས་ལྡན་བསྟན་པའི་གསོས་སུ་ཞབས་བརྟན་ཤོག
ཞེས་པའི་ཚིགས་བཅད་འདི་ཁོང་གི་སྐུ་དཔར་ཆེན་པོའི་འོག་ཏུ་བཀོད་དེ་གཞིས་བཞུགས་བོད་ཀྱི་ཇོ་ནང་བའི་མི་མང་སྟོང་ཕྲག་ཡན་ལ་དད་རྟེན་དུ་༢༠༠༦ ལོར་ཕུལ་བ་ཡིན།
དེ་རིང་ངས་འདིར་སླར་ཡང་།
འཕགས་ཡུལ་གྲུབ་དབང་གངས་ཅན་དཔལ་དུ་སྤྲུལ། །ངེས་དོན་བསྟན་པའི་ཟླ་བ་སྒྲོལ་བའི་མགོན། །ཧོར་ཡུལ་ཆོས་ཀྱི་ཉི་མ་རྗེ་བཙུན་པ། །རེ་ཞིག་ནུབ་རིར་ཡིབས་པས་གདུང་བ་ལྕི། །
སྐལ་དམན་གདུལ་བྱའི་བསོད་ནམས་རྫོགས་ན་ཡང། །འགྱུར་མེད་སེམས་དཔའི་དམ་བཅའ་མ་འདོར་ཀྱེ། །རྫོགས་ལྡན་བསྟན་པ་རྒྱས་ལ་རང་ཅག་བརྩོན། །ཡང་སྤྲུལ་གཞོན་ནུའི་སྒྱུ་འཕྲུལ་མྱུར་དུ་ཕེབས། །
སྙིགས་འགྲོའི་རྒུད་པ་ད་དུང་སེལ་མེད་ཅིང་། །ཁྱད་པར་གངས་ལྗོངས་འགྲོ་བའི་སྡུག་བསྔལ་དཔུང་། །ཆུ་འཛིན་ནག་པོའི་ཕུང་བོ་ཆེས་འཐུག་པས། །ཡང་སྤྲུལ་དྲི་གཞོན་རླུང་གི་དཔུང་ཆེན་ཕེབས། །
མི་ནུབ་ཤར་རིའི་འོད་དཀར་ལྷམ་ལྷམ་ཅན།།
ཡུལ་འདིར་འགྲོ་བའི་དཔལ་དུ་མྱུར་བྱོན་ཤོག །
སྐུའི་ཡང་སྲིད་མྱུར་ཏུ་བྱོན་པའི་སྨོན་འདུན་ཞུ། སྐྱེས་ཆེན་དམ་པའི་རྟགས་རང་ཆས་སུ་ཡོད་པ་ཞིག་ལོས་ཡིན། གཤེགས་རན་ཁ་རང་གི་གདན་སར་ཕྱིར་ཕེབས་པ་དེ་ཡང་ངོ་མཚར་བའི་མཛད་པ་ཞིག་རེད།
ཇོ་ནང་ཆོས་འབྱུང་ཟླ་སྒྲོན་ལས།
རྒྱལ་བའི་ལུང་བསྟན་ཇོ་ནང་ཀུན་མཁྱེན་དོལ་པོ་རྗེ་༡། །
ཆོས་གྲགས་༢བློ་དཔལ་༣ས་བཟང་༤མ་ཎི༥ཞིང་སྟོན༥དང་། །
ཐང་ཆེན་༧སྨན་ཆུ་༨རིན་ཚུལ་༩གྷ་རུང་༡༠ཕུན་ཚོགས་དཔལ་༡༡། །
ཐང་ཆུང་༡༢ཕྱོགས་རྒྱལ་༡༣ཉ་དབོན༡༤མཚན་མིན་༡༥བཅོ་ལྔ་འོ། །
ཞེས་གསུངས་པ་ལྟར་ཇོ་ནང་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །
སྤྲུལ་སྐུ་མྱུར་དུ་ཕེབས་པར་ཤོག