གནས་ཚུལ་བསྡུ་རུབ་པ་ཚངས་དབྱངས་རྒྱ་མཚོ།
ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༡༩ ཉིན་མདོ་སྨད་འཛམ་ཐང་ནས་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྐབས་ཁོང་གིས་ “བོད་ཆོལ་ཁ་གསུམ་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ངེས་པར་དུ་གཅིག་སྒྲིལ་བྱེད་རོགས། གལ་སྲིད་བོད་སྤྱི་བའི་དོན་དག་ཞིག་སྒྲུབ་མ་ཐུབ་རུང་། བོད་ལ་གནོད་པའི་ལས་དོན་མ་སྤེལ་རོགས། ནང་རྐུན་དང་། ནང་འཛིང་མ་བྱེད་རོགས། བོད་ཀྱི་སྐད་ཡིག་དང་། བོད་ཆས་སོགས་བོད་ཀྱི་རིགས་གཞུང་ལ་ངེས་པར་དུ་བདག་པོ་གནང་རོགས།”(ཞལ་ཆེམས་འདི་ཁོང་གི་ཚིག་འགྲོས་ནང་བཞིན་མིན་ཀྱང་དོན་དག་དེ་འདྲ་རེད་ཞེས་བོད་ནས་མཁོ་སྤྲོད་པས་གསུང་བ་གཞིར་བཞག་ནས་བྲིས།) ཞེས་སོགས་ཀྱི་ཞལ་ཆེན་ཞིག་བཞག་ཡོད་པ་དེ་དེང་སྐབས་ས་གནས་མང་ཚོགས་ཀྱིས་ལག་ལེན་བསྟར་རྒྱུའི་དམ་བཅའ་བཞག་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན་ཉེ་ཆར་འཛམ་ཐང་བར་མ་ཡུལ་ཚོ་ཆོས་རྗེ་ཚོ་བའི་སྡེ་མི་སྣང་གྲོལ་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་རྗེས་ཁོང་གི་ཁ་ཆེམ “བོད་ཆོལ་ཁ་གསུམ་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ངེས་པར་དུ་གཅིག་སྒྲིལ་བྱེད་རོགས། གལ་སྲིད་བོད་སྤྱི་བའི་དོན་དག་ཞིག་སྒྲུབ་མ་ཐུབ་རུང་། བོད་ལ་གནོད་པའི་ལས་དོན་མ་སྤེལ་རོགས། ནང་རྐུན་དང་། ནང་འཛིང་མ་བྱེད་རོགས། བོད་ཀྱི་སྐད་ཡིག་དང་། བོད་ཆས་སོགས་བོད་ཀྱི་རིགས་གཞུང་ལ་ངེས་པར་དུ་བདག་པོ་གནང་རོགས།” ཞེས་པ་འཛམ་ཐང་རྫོང་ཁུངས་ཡོང་ལ་ཁྱབ་པར་བརྟེན། ས་གནས་མང་ཚོགས་རྣམས་སེམས་འགུལ་ཆེན་པོ་ཐེབས་ཏེ། ཕྱི་ཚེས་ ༡༩ ནས་བཟུང་ད་བར་དུ་ཆད་མེད་ཉིན་རེར་མི་ཅིག་སྟོང་ནས་ཉིས་སྟོང་ལྷག་མ་བསྐུལ་དང་ལེན་ངང་འདས་པོ་སྣང་གྲོལ་ལགས་ཀྱི་ནང་དུ་ཕེབས་ནས་༸གོང་ས་མཆོག་གི་སྐུ་པར་དང་། འདས་པོ་སྣང་གྲོལ་ལགས་ཀྱི་སྐུ་པར་མདུན་ནས་ཉིན་དེ་ནས་བཟུང་ནང་སྐུན་དང་། ནང་འཛིང་། ནང་རུལ་སོགས་མི་བྱེད་རྒྱུའི་དམ་བཅའ་ཕུལ་བཞིན་ཡོད་འདུག་ལ།
ད་བར་དུ་དམ་བཅའ་ཕུལ་བར་ཕེབས་མཁན་ཀྱི་དགོན་སྡེ་དང་ཚོ་བའི་མིང་གཤམ་གསལ།
དགོན་སྡེ་ཁག འཛམ་ཐང་གཙང་བ་གྲྭ་ཚང་། འཛམ་ཐང་ཆོས་རྗེ་གྲྭ་ཚང་། འཛམ་ཐང་ཚེས་བཅུ་གྲྭ་ཚང་། ཆོས་སྒར་གོང་མ་དགོན། ཤུ་ནང་དགོན་པ། ཆོས་ཐང་དགོན་པ།(དགོན་སྡེ་འདི་དག་གི་ཆོས་ལུགས་ཇོ་ནང་ཡིན།) གསང་ལུང་དགོན། ཁང་ཤོག་དགོན། ཁང་དམར་དགོན་(དགོན་སྡེ་འདི་དག་གི་ཆོས་ལུགས་རྙིང་མ་ཡིན།) སོགས་དང་།
སྟོད་མ་ཡུལ་ཚོ་ནས་། ཕུར་རྩ་ཚོ་བ། རིན་ཕུང་ཚོ་བ། ཤུ་མདའ་ཚོ་བ། ཚ་ཀ་ཚོ་བ།
བར་མ་ཡུལ་ཚོ་1ནས། གཙང་སྡེ་ཚོ་བ། ཆོས་རྗེ་ཚོ་བ། ཡུལ་བ་ཚོ་བ། གཙང་འགབ་མ་ཚོ་བ། མཛོ་གི་ཚོ་བ།
ཀ་ཏོག་ཡུལ་ཚོ་ནས། ཀ་ཏོག་ཚོ་བ། འཛི་སྲིབ་ཚོ་བ། ར་ཝོབ་ཚོ་བ། བསེ་སྐོར་ཉིན་མ་ཚོ་བ། བསེ་སྐོར་སྲིབ་མ་ཚོ་བ། ཤུག་ནང་ཚོ་བ། ཤུག་མདའ་ཚོ་བ།
ན་མདའ་ཆུས་ནས། ན་མདའ་གྲོང་བ། དགོན་པ་ཚོ་བ། རྩི་མདའ་ཚོ་བ། ཁང་ཤོག་ཚོ་བ། ཁང་དམར་ཚོ་བ། བྱ་ཡུལ་ཚོ་བ། མདུན་གསུམ་ཚོ་བ། བསུ་མདའ་ཚོ་བ། གདོང་ལེ་ཚོ་བ། འུག་ཆུང་ཚོ་བ། བདེ་ལུང་ཚོ་བ། ཨ་མཁར་ཚོ་བ། གེ་ཕན་ཨ་སིག་ཚོ་བ།
རྫོང་མདའ་ཡུལ་ཚོ་ནས། བཀྲ་སྐོར་ཚོ་བ། ཀྱ་ལ་ཚོ་བ། སྤང་ཐོག་ཚོ་བ། ཨ་སྨིན་ཚོ་བ། སྒེ་ཁང་མདོ་ཚོ་བ།
རྡོ་ཁོག་ཆུས་ནས། མེ་མདའ་ཚོ་བ། གསེར་མཁར་ཚོ་བ། དགྲ་བླ་ཚོ་བ། དཀའ་མདའ་ཚོ་བ།
དཀའ་མདའ་ཡུལ་ཚོ་ནས། དབུ་ལ་ཚོ་བ། ར་བུ་ཚོ་བ། ར་གྲི་ཚོ་བ། ཀུལ་མི་ཚོ་བ། དགོན་པ་ཚོ་བ།
དབུས་མདའ་ཡུལ་ཚོ་དང་ལྷ་སྐོར་ཡུལ་ཚོ་སོགས་ཡིན་ལ། གོང་འཁོད་དག་ལས་ད་བར་དུ་མི་ཁྲི་ཕྲག་ཁ་ཤས་ཤིག་གིས་དམ་བཅའ་ཕུལ་ཟིན་ཡོད་འདུག
ད་སྐབས་ས་གནས་སུ་མི་མང་པོས་ཁོང་ནི་བྱང་ཆུབ་སེམས་དཔའ་རང་རེད། ད་བར་དུ་འཛམ་ཐང་ལ་བླ་མ་སྐྱེས་ཆེན་དམ་པ་འདི་འདྲ་མང་པོ་ཞིག་ཕེབས་ཀྱང་། འདི་ལྟ་བུའི་མིའི་སེམས་ཁམས་བསྒྱུར་ཐུབ་མཁན་ཞིག་བྱུང་མ་མྱོང་ཞེས་སོགས་ཟེར་བཞིན་ཡོད་འདུག
(གོང་འཁོད་ཚོ་བ་རྣམས་ཀྱི་་མིང་གི་དག་ཆ་ཏག་ཏག་འགྲིག་མིན་གསལ་བོ་ཞིག་ཤེས་མ་སོང་། ནོར་ཡོད་ན་ལམ་སྟོན་གནང་རོགས། མཆན།)
གནས་ཚུལ་བསྡུ་རུབ་པ་ཚངས་དབྱངས་རྒྱ་མཚོ་ཡིན།
དོགས་གནས་ཡོད་ན་གཤམ་གསལ་ཁ་པར་ཨང་གྲངས་ལ་འབྲེལ་བ་བྱེད་རོགས། 9882603991 / 8679044405
འདི་དག་ཐམ་བཅད་བོད་མིའི་ལ་རྒྱ་དང་སྙིང་སྟོབས་རེད། སྤུན་ཟླ་འདས་གསོན་ཚང་མ་ངོས་ནས་ཡིད་རང་གུས་འདུད་ཞུ། ངས་ཀྱང་རྒྱང་རིང་ས་མཐའ་ནས་ལྷན་དམ་བཅའ་འབུལ་བཞིན་ཡོད། གཅིག་སེམས་གཅིག་ལ་འདྲེས་ཡོད། བོད་རྒྱལ་ལོ།
མི་སེམས་འགུལ་བའི་ཞལ་ཆེམས་དང་ལས་དོན་རླབས་ཆེན་པོ་ཞིག་རེད། རྗེས་སུ་ཡི་རང་ཡོད། བོད་ཕྱི་ནང་གི་བོད་མི་ཡོངས་ཀྱིས་འདི་འདྲའི་ཁས་ལེན་དམ་བཅའ་རེ་འཇོག་ཐུབ་ན་ཅི་འདྲའི་དགའ་བ་ལའང་།
བོད་རྒྱལ་ལོ། གཅེན་པོ་ལགས། སྣང་གྲོལ། ཁྱེད་ཉིད་ང་ཚོས་མིག་ཆུའི་སྐྱེལ་མ་དང་བཅས། གཅེན་པོ་ཁྱེད་ཀྱི་ཞལ་རས་ང་ཚོས་འཇིག་རྟེན་འདི་ནས་གཏན་དུ་སྣང་མི་ཐུབ་ཀྱང་། གཅེན་པོ་ཁྱེད་ཀྱི་ཞལ་ཆེམས་དང་། ལྟ་གྲུབ་ནི་ང་ཚོའི་སར་ནམ་ཡང་འོད་ལམ་ལམ་དུ་ལྷག་འདུག་པ་འདི་རེད། ད་ནས་བཟུང་ང་ཚོས་ཁྱེད་ཀྱི་ལྟ་བ་དང་ཞལ་ཆེམས་རྣམས་མཐོང་ཟིན་ལ། ངེས་ཟིན་པས་གཏན་དུ་བདག་པོ་དང་ལག་ལེན་གང་ཐུབ་བྱ་ངེས། གཅེན་པོ་ལགས། སྐུ་ཉིད། ཐུགས་བདེ་མོའི་ངང་ནས་ཕེབས་དང་། ང་ཚོས་དྲང་བདེན་མེད་པའི་འཇིག་རྟེན་འདི་ནས་དྲང་བདེན་གྱི་ལས་ཀ་ལས་ཞབས་འདྲེན་ནམ་ཡང་མི་ཞུ་བའི་དམ་བཅའ་བྱ་ཆོག
བོད་མི་རིགས་ཞེས་པ་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཡིན་པར་ངེས། བཀྲིན་རྗེས་སུ་དྲན་པ་ནི་ཆོས་དང་འཇིག་རྟེན་གཉིས་ཀ་ནས་མཐུན། མེར་བསྲེགས་པའི་དཔའ་བོ་དཔས་མོ་དག་གི་བསམ་དོན་རླབས་ཆེན་ཞིག་ཀྱང་གྲུབ། ད་རིང་པོར་མི་ཐོགས་པ་མངོན་འདོད་ཀྱི་ཁ་པྱོགས་ཀྱང་ཉེ། བོད་རྒྱལ་ལོ།།
གཅེན་པོ་ལགས། སྣང་གྲོལ། ལ་རྒྱའི་སྙིང་སྟོབས་ཅན་གྱི་གཅེན་པོ་ཁྱེད་ཀྱིས་བོད་མི་རིགས་ལ་ཕྱོགས་པའི་བརྩེ་བའི་ཞལ་རས་དེ། ང་ཚོར་གཏན་དུ་མཇལ་བའི་གོ་སྐབས་མ་བྱུང་བར་ཡིད་ཕམ་སྐྱོ་གདུང་ངང་། གཅེན་པོ་ཁྱེད་ལ་མིག་ཆུའི་སྐྱེལ་མ་དང་བཅས། སྐུ་ཉིད་འཇིག་རྟེན་འདི་ནས་ཐུགས་སེམས་བདེ་མོའི་ངང་ཕེབས་དང་། ད་ནས་བཟུང་ང་ཚོས་ཁྱེད་ཀྱི་རྩ་སྦུགས་ན་འཁྱིལ་བའི་ལྟ་བ་ཟབ་མོ་དེ་དང་། ཟུངས་ཁྲག་གི་བྲིས་པའི་ཞལ་ཆེམས་གསོན་པོ་དེ་གཉིས་མཐོང་ཟིན་ལ། ནམ་ཡང་ཡལ་དུ་མེད་པ་སེམས་ལ་ངེས་ཀྱང་ཟིན་པས་ང་ཚོ་ཁ་ཆར་ཐོག་རྒོད་ཅི་ལ་ཐུག་ཀྱང་ཕྱི་ནུར་མེད་པར། གཅེན་པོ་ཁྱེད་ཀྱི་ཐུགས་དགོངས་བཞིན་དྲང་བདེན་མེད་པའི་འཇིག་རྟེན་འདི་ནས། དྲང་བདེན་གྱི་ལས་ཀ་གང་ཐུབ་ལས་ཞབས་འདྲེན་མི་ཞུ་བའི་དམ་བཅའ་བཅས། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོོོ།།
སྔོན་གཤེགས་དཔའ་བོ་སྣང་གྲོལ་ལགས་ལ་རྗེས་སུ་ཡི་རང་དང་། འཛམ་ཐང་བོད་མི་ཚོས་ཆིག་སྒྲིལ་དམ་བཅའ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུའོ།།
ཇི་འདྲའི་མཚར་སྡུག་གི་གཞི་དགོན་ཞིག ཇི་འདྲའི་དང་གཙང་གི་ཁོར་ཡུག་ཅིག འདི་དག་ཐམས་ཅད་བཞག་སྟེ་ཆང་མ་མི་རིགས་ཤིག་གི་དོན་དུ་བློས་བཏང་ནས་ཕེབས་པར་སྐུ་དྲིན་ཆེ་ཞུ།
སྒྲ་འཁོར་ངོ་མ་དེ་དྲ་ཐོག་ཏུ་གཞག་ཐུབ་ན་ཇི་འདྲིའི་ཚོར་ཤུགས་ཀྱི་ལམ་སྟོན་རྒྱུད་སློང་ཞིག ང་ཚོ་གཅིག་ཏུ་བསྒྲིལད་ཏོ།།
ང་རང་བོད་ལ་ཡིད་ཆེས་རྨ་མེད་པ་ཞིག་ཡོད།
ང་ཚོས་འདི་ལྟར་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ་རང་རིགས་ཡར་རྒྱས་ཀྱི་ལམ་ཁར་འདེད་དགོས།
ཁོང་དངོས་གནས་རླབས་ཆེན་རེད།
ndfeueirj fg rfjrrjtkfjjf jtiujiwkehfhjhcceiy biruiijru rff feh euhje udhqjdhgjfnhoeou eirji krfueijeue fheifjeujef jyaihue