བར་ལམ་གསར་གནས་བརྒྱུད་ལམ་ཁག་ཏུ་སླེབས་ཟིན་པ་ལྟར། ཉེ་སྔོན་ཕྱི་ཟླ་ ༤ ཚེས་༢༤ ཉིན་བསང་ཆུ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་རྒྱུ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་ཡང་ཡེ་རྡོར་ཟེར་བ་ཞིག་ནས་༧གོང་ས་མཆོག་ལ་མཚན་སྨད་བྱས་པ་དང་། རྒྱ་ཕྲུག་གིས་བོད་ཕྲུག་མཐོ་སློབ་ཏུ་འགྲོ་མཁན་ཚོའི་ས་མིག་ལེན་གྱི་ཡོད་པ་ལ་བརྟེན་ནས་ཡིན་འདུག དེ་ལ་རྒྱ་གཞུང་གིས་༤།༢༤ དོན་རྐྱེན་ཞེས་དམ་དྲགས་ཤུགས་ཆེ་བྱས་འདུག་ཀྱང་། དེ་ནས་ཉིན་དྲུག་གི་ ཕྱི་ཟླ༤ཚེས་༣༠ཉིན་བསང་ཆུ་རྫོང་སློབ་ཆུང་གི་སློབ་མ་ཚོས་ཀྱང་ཕྱི་ལ་འགྲོ་བསྐྱོད་བྱེད་མ་ཐུབ་ཀྱང་རང་ཚོའི་སློབ་རའི་ནང་གཞུང་ལ་ངོ་རྒོལ་བྱས་འདུག ད་རུང་དེའི་སྔོན་༤།༠༩ ཉིན་གྱི་དོན་རྐྱེན་ཟེར་བ་ཞིག་ཀྱང་བྱུང་འདུག གནས་ཚུལ་འདི་རིགས་ཆེ་ཆུང་ལ་མ་ལྟོས་པར་བོད་ནང་ལ་ཡང་ཡང་འབྱུང་གི་ཡོད་པའི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད་ཅེས་བརྗོད་ཀྱང་མ་ཆོག་པ་མི་འདུག་སྙམ།
ངས་དོ་སྣང་བྱུང་བ་གཙོ་བོ་ནི་ངོ་རྒོལ་གྱི་གནས་ཚུལ་དེ་མིན་པར་དེའི་སྐོར་ལ་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཧྲུའུ་ཅི་ཁྲིན་ཅན་ཧྦས་བཤད་པའི་སྐད་ཆ་འདི་དག་རེད།
བོད་ཡིག་སྦྱོང་ནས་བེད་སྤྱོད་ག་རེ་ཡོད་པ་རེད?
བོད་ཡིག་སྦྱོང་ན་ཐའུ་མིན་འགག་སྒོ་ལས་ཕར་འགྲོ་ཐུབ་གི་རེད་དམ ?(ཨ་མདོ་གཙོས་དང་རྒྱའི་ལིན་ཞ་གཉིས་ཀྱི་ས་མཚམས)
བོད་རིགས་སློབ་གྲྦ་ཆུང་འབྲིང་གིས་སློབ་མ་ཇི་འདྲ་ཞིག་གསོ་སྐྱོང་བྱེད་གི་ཡོད། ?རྗེས་སྐྱོང་བ་གསོ་སྐྱོང་བྱེད་ཀྱི་ཡོད་དམ་ཡང་ན་གྲལ་རིམ་གྱི་དགྲ་བོ་གསོ་སྐྱོང་བྱེད་གི་ཡོད?
འདི་ལས་ང་ཚོས་ཤེས་ཐུབ་པ་ནི་བོད་ཡིག་སྦྱོང་ན་རྒྱ་ནག་གུང་གཞུང་འོག་མདུན་ལམ་མེད་པ་ཆགས་ཡོད་པ་དང་། མདུན་ལམ་མེད་པའི་གནད་འགག་ཐུག་ས་དེའང་ཁྲིན་ཅན་ཧྦ་ལྟ་བུ་བོད་ནང་ལོ་ག་ཚོད་བསྡད་ཀྱང་བོད་མིའི་སྐད་དང་རིག་གཞུང་ལ་མཐོང་ཆུང་གི་འདུ་ཤེས་ལས་མེད་མཁན་གང་མང་མང་ཞིག་གིས་སྔོན་ནས་ད་བར་བོད་ཀྱི་ས་ཕྱོགས་གང་སར་ཁེངས་བསྡད་ཡོད་པས་མ་ཡིན་ནམ། ས་གནས་ཀྱི་འགོ་གཙོར་བོད་ཡིག་ལ་མཐོང་ཆུང་གི་འདུ་ཤེས་མ་གཏོགས་མེད་ཕྱིན་བོད་མི་རྣམས་ལ་བོད་ཡིག་སྦྱོང་སྤྱོད་ཀྱི་གོ་སྐབས་ཡངས་པོ་ཞིག་ཡོད་མི་སྲིད་ལ་དེ་མེད་པ་ཡིན་ན་བོད་ཡིག་གི་མདུན་ལམ་ཟེར་བ་ཞིག་གང་ནས་ཡོང་།
ད་བར་བོད་ནང་བྱུང་དང་འབྱུང་བཞིན་པའི་ལས་འགུལ་ཁག་གི་འབྱུང་རྩ་ཡང་མདོར་དེད་ན་ཀྲུང་དབྱང་ནས་ས་ཁུལ་རིམ་པ་བར་རྒྱ་དཔོན་འདི་འདྲ་བ་རྐྱང་རྐྱང་གིས་ཁེངས་བསྡད་ཡོད་པ་དེ་ལ་ཐུག གལ་སྲིད་ཁ་བྲལ་རིང་ལུགས་པ་ཞིག་ཡོད་པ་ཡིན་ན་མི་འདི་རིགས་ཀྱི་གྲས་ལས་གཞན་ལ་མཛུབ་མོ་འཛུགས་ས་ཞིག་རྙེད་དཀའོ།
རྒྱ་ནག་མི་རིགས་ཕལ་ཆེ་བའི་སྙིང་ཁམས་ཀྱི་ཟབ་སར་ས་འཇགས་རྡོ་འཇགས་སུ་ཆགས་པའི་མི་རིགས་ཆེན་པོའི་རིང་ལུགས་དང་མི་རིགས་གཞན་ལ་མཐོང་ཆུང་གི་འདུ་ཤེས་འཛིན་སྟངས་འདི་རིགས་ལ་འགྱུར་བ་ཞིག་མ་ཕྱིན་པར་བོད་ནང་ངོ་རྒོལ་གྱི་རིགས་མཚམས་ཆད་རྒྱུ་མིན་པ་དང་རྒྱ་བོད་བར་གྱི་དཀའ་ངལ་འདི་རིགས་ཀྱང་མུ་མཐུད་གནས་རྒྱུ་ཡིན་པ་རེད།
བོད་པ།
ང་སྐྱེ་ས་གངས་ཅན་མཐོ་སྒང་ཡིན།།
ངས་བཟའ་རྒྱོ་སྤྲང་དཀར་རྩམ་པ་ཡིན།།
ངས་འཐུང་རྒྱོ་གངས་ཆབ་བསིལ་མ་ཡིན།།
ངས་བཤད་རྒྱོ་བོད་སྐད་གཙང་མ་ཡིན།།
ངས་འབྲི་རྒྱོ་བོད་ཀྱི་ཡི་གེ་ཡིན།།
ངའི་སྐྱབས་མགོན་ཡིད་བཞིན་ནོར་བུ།།
ངའི་ཕ་མ་བོད་མི་བྱམས་ལྡན་ཡིན།།
ངའི་ནང་མི་གངས་ཅན་སྐྱེ་བོ་ཡིན།།
ང་འདུག་ས་ཁ་བའི་ཡུལ་གྲུ་ཡིན།།
ངས་དད་ས་སངས་རྒྱས་ཆོས་ལུགས་ཡིན།།
ངའི་བསམ་རྒྱོ་བོད་ཀྱི་བདེ་སྡུག་ཡིན།།
ངས་ལེན་རྒྱོ་བོད་ཀྱི་དམངས་གླུ་ཡིན།།
ངས་སྲུང་རྒྱོ་ལས་དང་རྒྱུ་འབྲས་ཡིན།།
ངའི་སྲོལ་རྒྱུན་ཁྲེལ་དང་ངོ་ཚ་ཡིན།།
ངའི་ཁ་འདོན་ཡི་གེ་དྲུག་མ་ཡིན།།
ངའི་སྒོ་ཕྱུག་རྟ་ནོར་ལུག་གསུམ་ཡིན།།
ངའི་གཤིས་ཀ་ཆེ་བཀུར་ཆུང་བྱམས་ཡིན།།
ངའི་མིང་ལ་གངས་ཅན་བོད་པ་ཡིན།།
རྩོམ་ཡིག་འདི་དྲ་ཐོག་དུ་འགོད་རོགས་ཞུ།
གུང་ཇག་འདི་ཚང་གིས་བོད་ཡུལ་དེ་རང་སྐྱོང་ཆེ་ཆུང་མང་པོ་ཞིག་ནང་ཆ་བགོས་ཡ་བགོས་ཀྱིས་འབྲོག་པས་ཤ་བགོ་རྒྱག་སྟངས་བྱས་ཏེ་དུམ་བུ་མང་པོར་བཅད་བགོས་བྱས། དེ་ནས་རང་སྐྱོང་གི་ཐོབ་ཐང་འདྲ་ཆགས་པོ་རེ་ཁྲིམས་ཡིག་ནང་བཀོད་ཁུལ་བྱས། དེ་ནས་རང་སྐྱོང་མིང་ཅན་གྱི་ས་ཆ་དེ་ཚོའི་འགོ་ཁྲིད་ལ་རྒྱ་དཔོན་མགོ་རྡོ་ལས་མཁྲེགས་པ་རང་སྐྱོང་ཁྲིམས་ལུགས་ཐེབས་ཆག་དེ་ཚོ་ལག་ལེན་འདེབས་པར་ཐབས་ཤེས་ཅི་ཡོད་ཀྱིས་བཀག་རྒྱ་དང་གཏོར་བཤིག་གཏོང་མཁན་ཞེ་ཅིག་བསྐོ་བཞག་བྱས་བསྡད་ནས་ད་རུང་མི་རིགས་སྲིད་བྱུས་ཡག་པོ་ཡོད་ཟེར་ནས་རང་གཞན་ཚང་མར་མགོ་སྐོར་བཏང་བསྡད་ན་ནམ་རིང་རྟ་ཕོས་མི་ཆོད་པའི་དུས་ཤིག་ངེས་པར་དུ་འཆར་གི་རེད།
རང་སྐྱོང་རིམ་པ་ཁག་གི་ཧྲུའུ་ཅིའི་མིང་ཅན་དེ་ཚོ་ཚང་མ་ཀྲང་ཆི་ལི་དང་ཁྲིན་ཅན་ཧྦ་ལྟ་བུ་རྐྱང་རྐྱང་ཡིན་པ་འདི་ཡ་ཆ། འདི་ཚོ་དངོས་སུ་ན་རང་སྐྱོང་ཁྲིམས་སྲོལ་ཁག་ལག་ལེན་བསྟར་མཁན་ཡིན་དགོས་ཀྱང་དོན་དངོས་སུ་དེ་ལས་ལྡོག་སྟེ་དེ་ལ་རྡོག་རོལ་གཏོང་མཁན་ཞེ་ཅིག་ཡིན་པ་དེ་རྒྱ་ནག་དབུས་གཞུང་གི་འདོད་པ་དང་ཡང་ཡོངས་སུ་འཚམས་ནས་བསྡད་མི་འདུག་གམ། མི་འདི་འདྲའི་རིགས་ཀྱི་གོ་གནས་ཀྱང་ལམ་སང་སྤར་འགྲོ་གི་རེད། ཧུའུ་ཅིན་ཐོའི་ཆེས་མཐོའི་གོ་གནས་དེ་ཡང་གྱ་དགུ་ལོར་ལྷ་སར་དྲག་གནོན་བྱས་མེད་ན་ད་ལྟའི་གོ་ས་དེ་རག་ཡོད་མེད་ཐེ་ཚོམ་སྐྱེ་གཞི་ཞིག་རེད། ཇི་སྲིད་གུང་ཇག་རྩ་མེད་མ་སོང་དེ་སྲིད་དུ། མི་རིགས་ཆུང་ཁག་རྣམས་ཀྱི་བདེ་སྐྱིད་ནི་སྤྲིན་གསེབ་ཉི་ཤར་ཡིན།
བཟའ་གི་བཟའ་གི་རྒྱོ་གི་རྒྱོ་གི་གྱིས།།
འཐུང་གི་འཐུང་གི་རྒྱོ་གི་རྒྱོ་གི་གྱིས།།
བཤད་གི་བཤད་གི་རྒྱོ་གི་རྒྱོ་གི་གྱིས།།
འབྲི་གི་འབྲི་གི་རྒྱོ་གི་རྒྱོ་གི་གྱིས།།
རྒྱོ་གི་རྒྱོ་གི་རྒྱོ་རྩོམ་བྲིས་པ་མཚར།།
འདི་རུ་མི་མཛའ་བུད་མེད་ཚོགས་པར་སྐུར།།
ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཧྲུའུ་ཅི་ཁྲིན་ཅན་ཧྦས་བཤད་པའི་སྐད་ཆ་དེའི་ཁུངས་གང་ན་ཡོད་དམ།
འོས་ཟེར་གྱི་དྲ་རྒྱའི་ནང་འདུག ངས་ཁུངས་གང་ནས་བྱུང་བ་དེ་རྩོམ་ནང་འབྲི་དགོས་བསམས་ཡོད་ཀྱང་མཐར་བརྗེད་པར་གྱུར་བས་དྲ་གྲོགས་ཚང་མར་དགོངས་འགལ་མེད་པ་ཞུ། གནས་ཚུལ་གང་འདྲ་ཞིག་ཡིན་ན་ཡང་ཁོངས་གང་ཡིན་བཀོད་རྒྱུ་དེ་དངོས་གནས་གལ་ཆེན་པོ་རེད།
མགོན་པོ་ཕྱག་གཉིས་པ་ལགས ཁྱེད་ཀྱི་ཕྱག་གཉིས་ཀྱིས་འོག་ནས་ལས་ཀ་བྱེད་སྟེ། ཁྱེད་ཀྱི་སྐྱག་ཁ་དེ་བདག་པོ་བརྒྱབ་ན་ག་འདྲ་འདུག
ལགས་སོ། མགོན་པོ་ཕྱག་གཉིས་པ་ལགས། དེས་ན་དྲ་དཔོན་ལགས། ང་ཡིས་བོད་པ་ཟེར་བས་མཆན་དེ་གསུབ་རོགས་ཞུ། རྒྱོ་ཟེར་བ་དེ་ནི་ཁ་སྐད་ནས་བྲིས་པ་དེར་མི་མང་བོ་ཞིག་གིས་རྒྱོ་ཟེར་བ་ནི་འཁྲིག་སྲེད་ཁོ་ནར་གོ་བ་ལས་གཞན་ལ་གོ་བ་ལེན་སྟངས་མེད་འདོད་ཀྱི་ཡོད་པ་འདྲ། དེས་ན་རྩོམ་ཡིག་དེ་ཉིད་གསུང་རོགས་ཞུ། མགོན་པོ་ཕྱག་གཉིས་པས་རེ་འདོད་ལྟར། དྲ་དཔོན་ལགས་ཀྱིས་གསུབ་ན་འགྲིག་གི་ཡོད།
དེ་ན་རྩོམ་ཡིག་ཆོལ་མེད་དེ་གསུབ་རོགས་ཞུ
ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱི་ཆོ་ཡང་མེད་གོ་རྒྱུ་ཡང་མེད་པའི་འབྲི་རྩོམ་འདི་དག་གིས་དྲ་རྒྱ་ཚང་མ་གཙོག་པ་བཟོ་ཡི་འདུག ཐུགས་རྗེ་གཟིགས། དེ་དག་མཚམས་འཇོག་བྱེད་པའམ་ཉུང་དུ་གཏོང་ན་ག་འདྲ་འདུག དེ་དང་འབྲི་རྩོམ་གཅིག་ག་ས་གང་དུ་བཀོད་དགོས་ཀྱི་ཨེ་ཡོད་ན།
རིག་འཛིན།
ངའི་ཁ་དེ་ཁྱོད་ཀྱིས་བཤད་པ་ལྟར་ ་་སྐྱག་ཁ་་ ཡིན་པར་བརྟེན་སྐྱག་པ་མ་གཏོགས་ཅང་ཡོང་རྒྱུ་ཡོད་མ་རེད། ཁ་སང་དེ་རིང་ལྷག་ཏུ་ང་ལ་བཤལ་ནད་ཅིག་བྱུང་འདུག་པས་བདག་པོ་རྒྱག་སྟངས་ཁྱོན་ནས་ཤེས་ཀྱི་མི་འདུག
དྲ་གྲོགས་རིག་འཛིན་ལགས། ངས་དངོས་ནས་དྲང་གནས་ཀྱི་ཇི་ལྟར་གསུབ་དགོས་པ་ཤེས་ཀྱི་མེད། སྐུ་ཉིད་ལྟ་བུ་དྲ་གྲོགས་གང་མང་ཞིག་ལ་སུན་སྣང་བསྐུར་བཞིན་ཡོད་ན། ད་ནས་བཟུང་དྲ་ཐོག་འདིར་མ་ཡོང་རོགས་ཟེར་ནས་ཁྱེད་དང་གྲོགས་པོ་གསུམ་བཞི་ཞིག་གིས་རེ་བ་བཏོན་པ་ཡིན་ན། ངས་ཉི་མ་སང་ཉིན་ནས་ཁྱེད་ཅག་གི་རེ་འདོད་ལྟར་ང་རང་ཁ་བརྡ་དྲ་ཐོག་དུ་མ་ཞུགས་ན་ཆོག གང་ཡིན་ཟེར་ན། ངས་ངོ་མ་ཁ་བརྡ་ཚང་གི་དྲ་རྒྱ་འདི་བརྫོད་ཀྱི་འདུག་པ་བདེན་པ་ཡིན་ན། ཁྱེད་དང་བཅས་པའི་དྲ་གྲོགས་སྤུན་ཟླ་ཁ་ཤས་ཀྱིས་ང་རང་ལ་ལན་གསལ་བོ་ཞིག་སྤྲད་ཉིན་ནས་ང་རང་འདི་རུ་མ་ཡོང་ན་ཆོག སྐད་ཆ་འདི་དག་ནི་གཏན་ནས་ཀུ་རེ་མིན། ངས་འདི་ནས་བོད་རིགས་སྤུན་ཟླ་དག་ལ་ཀུ་རེ་རྩེད་བཞིན་མེད་པ་ཐུགས་འཇག་འཚལ།