རྫ་ཚེ་རིང་བཀྲ་ཤིས།
དེ་རིང་ངས་དྲ་གྲོགས་ཚོར་དགོད་གཏམ་ལྟ་བུའི་དོན་དངོས་ཀྱི་གཏམ་རྒྱུད་ཅིག་བཤད། ཁར་རྩང་ངས་བོད་ནང་ལ་གླེང་མོལ་བྱེད་སྐབས་ཤིག་ལ་གྲོགས་པོས་ང་ལ་གསུམ་བཅུའི་དུས་དྲན་གྱི་མིང་གི་ཐོགས་སྟངས་ལས་འཕྲོས་པའི་དྲི་བ་སྐོར་ཞིག་དྲིས་སོང་། སྐབས་དེར་གྲོགས་པོ་གཉིས་པས་ཁོ་ལ། ཁྱེད་རང་གིས་གསུམ་བཅུའི་དུས་དྲན་སྐོར་དྲིས་ནས་ཡར་ལངས་བྱེད་རྩིས་མེད་པཱ། ཞེས་ཁ་མཚར་རྩེས་བྱུང་། མཚམས་དེར་ངས་ཀྱང་ཁ་སྣོན་གྱི་ཚུར་དུ། འགྲིག་གི་རེད། ཁྱེད་རང་ཉིན་དེར་ཁང་པའི་ནང་དུ་ཡར་འཛུལ་ནས་སྒོ་བརྟན་པོ་ཞིག་བརྒྱབ་རྗེས་ཁ་སྦུགས་ལ་འཁོར་ནས་བོད་རང་བཙན་ཞེས་སྐད་ཅིག་བརྒྱབ་ན་སྐབས་འབོད་མ་བྱས་ཟེར་ཡ་མེད་པ་ཞིག་ཆགས་ཀྱི་རེད་པཱ། ཞེས་ལབ་པ་ཡིན། སྐབས་དེར་ཁོང་གིས་གཤམ་གྱི་ཁ་བརྡ་འདི་བཤད་བྱུང་།
དེ་ཡང་ཉེ་སྔོན་ཞིག་ལ་མགོ་ལོག་གི་རྫོང་ཐོག་ཅིག་ཏུ་མི་ཞིག་གསང་སྤྱོད་དུ་ཆབ་ཆེན་འདོར་སར་སོང་། ཁོ་འགྲོ་སའི་ཆབ་ཁང་དེ་རྫོང་མི་དམངས་ཁྲིམས་ཁང་གི་ཁང་པའི་རྒྱབ་ལོགས་ཤིག་ཏུ་ཡོད་འདུག ཏག་ཏག་ཁོ་གསང་སྤྱོད་དུ་སྡོད་བཞིན་པའི་སྐབས་དེར་གྲོགས་པོ་ཞིག་གིས་ཁ་པར་བསླེབས།
ཁོས། ཨ་རོ་ཁྱོས་ཅི་བྱེད་གི་ཡོད། ཅེས་དྲིས། ལན་དུ། ངས་ད་ལྟ་རྫོང་མི་དམངས་ཁྲིམས་ཁང་གི་རྒྱབ་ལོགས་ན་འབར་རྫས་འཇོག་གིན་ཡོད། ཅེས་ལབ། ཅང་མ་མགོར་བར་ཁོས་གཙོག་པ་དོར་ཚར་ཏེ་དོར་ཁ་ནས་འཐེན་བཞིན་ཡར་ལངས་པའི་སྐབས་དེར། ཁོའི་གཡས་གཡོན་ཚང་མ་མེ་མདའ་ཐོགས་པའི་དམག་མི་རྐྱང་རྐྱང་གིས་ཨ་ལོང་བཞིན་སྐོར་ཚར་འདུག་ཟེར། རྒྱུ་མཚན་ནི་ཁ་པར་གྱི་སྐད་ཆ་ལྐོག་ཉན་བྱེད་མཁན་གྱི་གསང་བའི་ཉེན་རྟོག་པས་དངོས་གནས་ཁོས་འབར་རྫས་འཇོག་གིན་ཡོད་ས་རེད་སྙམ་པ་རེད། འདི་དངོས་ཡོད་ཀྱི་བྱུང་བ་ཞིག་རེད་ཟེར། ཁར་རྩང་ང་ལ་བོད་ནང་གི་གྲོགས་པོ་ཞིག་གིས་བཤད་པ་རེད། གྲོགས་པོ་རྣམ་པས་འདིའི་རྒྱབ་ལོགས་ནས་ཅི་ཞིག་ཚོར་ཐུབ་ཀྱིན་འདུག ???
༼འབར་རྫས་འཇོག་ཟེར་བ་ནི་སྐྱག་པ་གཏོང་གིན་ཡོད་ཟེར་བའི་ཁ་མཚར་ལྟ་བུའི་ལབ་སྟངས་ཤིག་རེད༽
ཅི་ཞིག་ཚོར་རྒྱ་རོ་ཚོས་ངན་ཁེག་འགེལ་ས་ཞིག་མ་རེག་པ་ཙམ་ལས་གཞན་མེད་པ་བསྟན་ནས་འདུག ཨ་རོ་འདི་མངོན་གསལ་གྱིས་ཁྱབ་སྤེལ་བྱས་ན་འབར་རྫས་འཇོག་མཁན་དེ་ལ་ཅི་བྱས་ཡོང། ?
འབར་རྫས་བེད་སྤྱོད་མ་བྱེད་རོགས ཀླད་པ་བེད་སྤྱོད་བྱེད་རོགས
ཨ་རོ་་་ཀླད་པ་བེད་སྤྱོད་བྱས་ནས་འབར་རྩས་འཇོག་གི་ཡོད་མ་རེད་པེ་་་་་ཏག་ཏག་རེད་འབད་རྩས་འཇོག་ཐུབ་ན་ངར་པ་ལ་་་དགའ་བསུ་ཞུ་་་་
ད་ལྟ་བར་དུ་རྒྱ་དམར་ཇག་པ་དམར་པོའི་གཞུང་དེས། ང་ཚོ་བོད་མིའི་སྟེང་ལ་མ་ཉེས་ཁག་གཡོག་གིས་དྲག་གཅོད་པ་དང་། ཁ་བྲལ་རིང་ལུགས་པ་སོགས་ཀྱི་ཉེས་མིང་སྣ་ཚོགས་ཤིག་བཏགས་དང་། འདོགས་བཞིན་ཡང་འཚེ་བྲལ་ཞི་བའི་ལས་ལ་རྟག་ཏུ་གཞོལ་བའི་བོད་མི་རིགས་ལ་མཚོན་ན་འཚེ་མེད་ཞི་བ་ནི་ང་ཚོའི་སྙིང་ནོར་ངོ་མ་དེ་ཡིན་པ་ཤེས་ཡོད།
དྲང་པོར་བཤད་ན། ཡང་སྙིང་ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་རྒྱབ་ཏུ་བཙན་བྱོལ་སྒྲིགས་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པའམ་སྒེར་སོགས་ཀྱིས་བསྐུལ་མ་བྱེད་ཀྱི་ཡོད་རེད་དམ་མ་རེད། ང་ཚོས་ད་ལྟའི་བྱེད་སྟངས་འདིས་སྐུལ་མ་བྱེད་ཀྱི་འདུག་གམ་མི་འདུག་བསམ་མནོ་གཏོང་དགོས། མཚམས་རེས། རྩོམ་བྲིས་པ་དང་ཆབ་སྲིད་པ། དེ་བཞིན་སྒེར་རམ་ཚོགས་ཁ་ཤས་ཤིག་གིས་ཁ་པར་རྒྱུད་ལམ་བེད་སྤྱད་ནས་གནས་ཚུལ་འདྲ་མིན་སྤེལ་བ་ལ་བརྟེན་ནས་བསྐུལ་མ་ཐེབས་ཀྱི་ཡོད་པའི་བཟོ་ཞིག་མཐོང་གིན་འདུག །
ཏག་ཏག་རེད་་་་་་་་་་་་རྒྱ་འདྲའི་སྤྱང་མདོག་ཁག་པོ་བྱེད་ཀྱི་ཡོད་ན། བོད་ནང་བོད་མི་ཡོད་ཚད་ཀྱིས་དེ་འདྲ་བ། ཆབ་ཆེན་ལ་འབར་རྫས་ལབ་པ་ནང་བཞིན། གཅིན་པ་བཏང་དུས་ཡང་ས་སྣུལ་ཤུག་གི་ཡོད་ལབ་དགོས་རེད། ཁ་ལག་བཟས་དུས་འབར་རྫས་བཟོ་གི་ཡོད། དགོང་མོ་མར་དུས་ངས་གསང་བའི་ལས་ཀ་་བྱེད་ཀྱི་ཡོད་སོགས་ལབ་དགོས་འདུག དེ་དུས་ཁོང་ཚོའི་དམག་མི་ཕོང་ཆེན་གིས་བོད་ཡོངས་རྫོགས་སྙོབ་གི་མ་རེད་ལ། གལ་ཏེ་སྙོབ་ཀྱང་ཁོ་རང་ཚོ་ངོ་ཚ་པོ་གྱུར་རྒྱུ་གོར་མ་ཆགས། རང་བཞིན་མེད་པ ཁོང་ཚོར་དཔལ་འབྱོར་གཙོས་པའི་དོན་མེད་་ཕམ་ཉེས་ཞིག་སྟེར་ཐུབ། དེ་བཞིན་དྲག་དམག་ལ་རྒོལ་ལན་གྱི་ལས་འགུལ་འདི་རྒྱལ་སྤྱའི་ཐོག་ཁྱབ་སྒྲག་ཆེན་པོ་ཡོང་ཐུབ་ངེས། གང་ཚམ་ཞིག་ནས་བོད་ནས་གི་དྲག་དམག་ཚོ་ཐང་ཆད་འུ་ཐུག་ཐབས་བཟད་བཟོ་ཐུབ་ཀྱི་རེད་། རྣམ་པ་ཚོས་བལྟས་ན་ག་འདྲ་འདུག་་་་་་་་ལགས།
ཁྭ་ཏ་བ་ནས་བསམ་ཚུལ་དེ་ལས་འགུལ་སྤེལ་སྟངས་ཤིག་རེད།
དེ་ནས་བཙན་བྱོལ་ནས་བརྒྱུད་སྐུལ་བྱས་ན་ཐབས་སྐྱོ་པོ་ཡིན་མདོག་བྱེད་ཀྱི་འདུག དེ་ཐབས་སྐྱོ་མ་རེད། ཡིན་ཡང་ང་ཚོས་བརྒྱུད་སྐུལ་མ་པ་ལ་རྒྱ་ནག་དྲག་གཞུང་གིས་བརྒྱུད་སྐུལ་བྱས་སོང་ཟེར། ང་ཚོས་ལན་བརྒྱབ་པ་རེད། དེ་མིན་བརྒྱུད་སྐུལ་བྱས་མ་ཆོག་པ་དང་། བྱས་ན་སྡུག་ཆགས་མ་རེད། བོད་ཕྱི་ནང་གཉིས་མཉམ་འབྲེལ་གྱིས་འཐབ་རྩོད་དགོས་པ་གལ་ཆེན་པོ་རེད། ད་དུང་འཚེ་མེད་ཞི་བ་ཡིན་མདོག་དང་། བྱམས་སེམས་ཆེ་མདོག་གིས་བོད་མིསལག་པ་བཀྱག་ཙམ་བྱས་ན། བཙན་བྱོལ་ནང་ནས་ཀྱང་འཇིགས་སྐུལ་བ་རེད་ཅེས་ངན་ཁག་གཡོག་ཐབས་འདི་གཟབ་དགོས་ས་རེད།
ཐིག་ཕྲེང་བཞི་པ་དེ་ནོར་བཅོས། ང་ཚོས་བརྒྱུད་སྐུལ་མ་བྱས་པ་བརྒྱུད་སྐུལ་བྱས་སོང་རྒྱ་ནག་གཞུང་གིས་ཟེར་དུས། ང་ཚོས་བྱས་མེད་མེད་ལན་བརྒྱབ་པ་རེད།
རྒྱའི་འདྲེ་དམག་དེ་ཚོ་མགྱོགས་པ་ལ། ཧཧཧཧ
འབར་རྫས་ཀྱི་ཚབ་ཏུ། ཞི་བའི་ལས་འགུལ་བཞག་ན། མི་བཟང་ངམ།
ཆོས་ཁྱབ་ཀྱི་སློབ་མ་མི་ཚེ་ལ་སྙིང་དོན་འཚོལ་རོགས བླ་མ་ནི་ཀུན་སྤངས་རེད ཡིན་ན་ཡང་ཁོང་གི་སློབ་མ་ཁ་ཤས་ཤི་ཀུན་ལ་དགའ་བོ་བྱེད་ཀྱིན་འདུག ཁོང་ཁྲོ་མ་ཟ་རོགས གྲྭ་བཀྲ་ཤིས་ཚེ་རིང
ཤི་ཀུན་ཟེར་ན་ཅི་ཡིན་ན་་་་་་་་་་་་་་
བསོད་ཕུན་ལ་བཀྲ་ཤིས་བདེ་ལེགས་ཞུ།
བསོད་ཕུན་གྱིས་ངའི་མིང་བརྗེད་ཚར་བ་འདྲ། ད་ལྟ་དགོན་པར་ཡོད་པས། དེ་མིན་ཅང་མེད།
ཁྺ་ཏ་ཁ་ཏ་ལགས་དང་དགོངས་ཚུལ་མཐུན་པ་ཚོ། ཁྱེད་ཚོས་གསུངས་པ་བདེན་ཆ་ཡོད་མདོག་མཆི་ཡང་། དོན་དངོས་ཐོག་ད་ཆ་ནི་བོད་དོན་ཁྱབ་བསྒྲགས་ཀྱི་དུས་ཚོད་མ་ཡིན་ཏེ་བོད་ནང་དཀའ་
ངལ་གང་གང་ཡོད་མིན་ལོ་ཤས་སྔོན་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་གསལ་པོ་ཤེས་ཀྱི་ཡོད་པ་མ་
ཟད་རྒྱ་གཞུང་གིས་ཁྱོག་བཤད་བྱེད་ཀྱི་ཡོད་པ་དང་གནད་དོན་ཐག་གཅོད་བྱ་འདོད་མེད་པ་གསལ་པོ་ཆགས་ཟིན་པ་རེད། ཡིན་ན་ཡང་ཚོགས་པ་དེ་ཚོར་དོན་ཕན་ལྡན་པའི་
ནུས་པ་མེད་པ་ཁོང་ཚོས་ཧ་གོ་གི་ཡོད་ཙང་གནོན་ཤུགས་གང་ཡང་སྤྲོད་ཐུབ་ཀྱི་མེད་པ་རེད། བྱས་ཙང་ང་ཚོས་གྲུབ་འབྲས་ལ་བལྟས་ཏེ་ལས་འགུལ་སྤེལ་དགོས་པ་ལས། མིའི་ཚེ་སྲོག་གིས་གྲུབ་འབྲས་ལ་ཚོད་ལྟ་བྱེད་མི་རུང་། གང་ཡིན་ཞེ་ན་དུས་བབ་རན་པོ་མ་བྱུང་ན་། བོད་ཡུལ་ན་དགུན་གྱི་འབྲུག་སྒྲ་དང་གཅིག་མཚུངས་རེད། བཟང་ཕྱོགས་ཀྱི་ཆར་ཆུའི་རེ་བ་གང་ཡང་མེད་པ་ལྟར་རེད་།
ཁྭ་ཏ་ཁ་ཏ་བའི་ལས་མགུལ་གི་བསམ་ཚུལ་དེ་། ཐ་གཅིག་དུ་འཚེ་བ་མེད་པའི་ཞེ་བའི་ལས་མགུལ་ཡིན་པ་དང། བོད་ས་ཡོང་ལ་དེ་འདྲ་ཞིག་དར་ན། རྒྱ་འདྲེ་ལག་དམར་ཚོ་ཅི་བྱ་གཏོལ་མེད་དུ་གྱུ་རྒྱུ་ཐེ་འཚོམ་མེད། དེ་འདྲ་དྲག་པོའི་རྒོལ་ལེན་གྱི་ཞི་བའི་ལས་མགུལ་གསར་གཏོད་སོང། རྒྱ་སྤྱིའི་གསར་འགོད་པས་ངང་གིས་དོ་སྣང་སྟེར་ངེས་རེད། འདིའི་ནང་མིའི་ཚེ་སྲོག་གི་ཚོད་ལྟ་བྱེད་པའི་གཏམ་གང་ཡང་མིན་འདུག བོད་དོན་ཁྱབ་བསྒྲགས་ཀྱི་དུས་ཚོད་རྫོགས་མཚམས་ཡོད་པ་དེ་རིང་ཐོག་མ་གོ་སོང། བསམ་ཚུལ་འདི་ཁ བ་ས
ཕེལ་ཐུབ་ན་ཡག་པོ་འདུག རྒྱུ་མཚན་ནི་་་་་་མི་དམངས་འཁྲིམས་ཁང་རྒྱབ་ཀྱི་འབར་རྫས་ཞེས་པའི་བདེན་ལས་གསལ།
ད་རེས་ཀྱི་གནས་ཚུལ་དེས་བོད་མི་ཡོང་ལ་བརྡ་ཞིག་སྤྲད་ཡོད་ཚོད་འདུག་པས་ཤིན་ཏུ་ལེགས། འོན་ཀྱང་དོན་རྐྱེན་དེའི་འབྱུང་ས་ངོ་མ་ཁོང་ག་རེ་བྱས་ཡོད་ན་ཕར་ཆེ་མ་ཉེས་ཁ་གཡོག་ཞིག་བྱས་ཡོད་པ་ཐག་ཆོད། ང་དེ་ལ་བློ་ཚབ་ཆེན་པོ་འདུག།
བསམ་ཚུལ་འདི་ཁྱབ་སྤེལ་གང་ཐུབ་བྱེད་ན། ་ད་སྐབས་བོད་ནང་དྲག་གནོན་ལ་ངོ་ལོག་རྒྱག་ཐབས་ཀྱི་ལམ་ཞིག་འདུག
ངོ་མ་དྲ་གྲོགས་ཚོས་བསམ་བློ་ནན་གཏན་གཏན་ནས་གཏོང་གིན་མི་འདུག དོན་རྐྱེན་འདིས་དོ་བདག་ལ་དཀའ་ངལ་འཕྲད་ཡོད་འདོག་ཁ་པོ་མ་རེད་ལ། དཀའ་ངལ་འཕྲད་གཞི་ཡང་མ་རེད། འོན་ཀྱང་གནད་དོན་འདིས་ཟུར་ཟའི་རི་མོ་ལྟ་བུའི་འཕྱ་སྨོད་རང་བཞིན་གྱི་རྣམ་པའི་ཁྲོད་ནས་ད་ལྟའི་བོད་དག་གི་རང་དབང་དང་བྲལ་བའི་ཛ་དྲག་གི་གནས་བབ་དང་། ཉིན་རིའི་འཚོ་བའི་ཁྲོད་དུ་གསང་ཉུལ་གྱི་ལྟ་རྟོག་དང་། དམག་མིའི་བསུན་གཙེར་སོགས་བྱེའུ་གཟེབ་ཏུ་བཅུག་པ་ལྟ་བུའི་ངང་ཚུལ་གསལ་སྟོན་བྱས་པའི་ཡ་མཚན་ཅན་གྱི་བྱུང་བ་ཞིག་རེད། དེ་ལྟར་གོ་བ་ལེན་དགོས།
དེ་ནས་ཅི་བཤད་སོ་སོས་ཤེས།
གལ་སྲིད་དེ་འདྲ་ཡིན་པའི་དབང་དུ་གཏང་ན་དྲི་མ་ངན་པ་དེ་ཁ་ན་ཉེ་རྟོག་དེ་དག་ངོ་ཚ་ནས་བྲོས་སྲིད་དམ་འོ་ན་སྤྲོ་ལང་ནས་བོད་མི་དེ་ཉིད་གཙོང་དུ་བཅུག་གམ། དྲ་ཚོས་གཅིག་གསུང་དང
ངོ་མ་སྒྲུང་ཐུང་འདིས་ང་ཚོའི་གཞིས་ལུས་བོད་མི་དམངས་རྒྱའི་གཡོ་རྫུན་གྱི་དྲ་བའི་ནང་དུ་ཚུད་དེ། འགུལ་དབང་འཕགས་དབང་མེད་པ་བཟོས་ཡོད་པ་ང་ཚོ་བྱེས་གྱེར་བོད་མི་ཚོས་ཤེས་དགོས་བ་ཞིག་རེད།
རྗེས་ཕྱོགས་བོད་ནང་ལ་ཁ་པར་གཏོང་དུས་སྐད་ཆ་བསམ་ནས་བཤད་རྒྱུ་དང་གང་བྱུང་གིས་སེམས་ལ་གང་ཤར་ཤར་ཚང་མ་ཕར་ཕྱོགས་ཏེ་བསམ་བློ་བཏང་ནས་མི་བཤད་རྒྱུ་གལ་ཆེན་པོ་རེད་།
སྒྲུང་ཐུང་འདིའི་ནང་མི་དེས་སྐྱག་པ་བཏང་ཚར་ནས་ཕྱི་ལ་འབུད་དུས་རྒྱ་ནག་དྲག་ཆས་དམག་དཔུང་གིས་མེ་མདའ་ཚད་ནས་སྒུག་སྡད་ཡོད་དུས། དེ་ཚོས་ཁོ་གཅར་རྡུང་དང་བཀག་ཉར་། ཚད་མེད་པའི་མནར་གཅོད་ཅིག་བཏང་ནས་གློལ་ཡོད་པ་ཏན་ཏན་ཡིན་ནི་རེད་། དེ་མིན་དམག་མི་དེ་ཚོས་། ཨོ་རེད། ཁོས་ཁ་པར་ནང་ནས་གྲོགས་པོ་ཟིག་ལ་ཀུ་རེད་རྩེས་འདུག་ཟེར་ནས་གློལགྲོལ་མི་གཏོང་བ་ང་ཚོ་སུ་ཡིན་ནའང་ཤེས་སྲིད་རེད།
ཁྱེད་ཀྱི་གྲོགས་པོ་འདི་ཀུ་རེ་རྩེད་མཁས་ཞིག་རེད། འོན་ཀྱང་འདིར་ཁྱབ་བསྒྲགས་བྱས་ན་ཀུ་རེ་རྩེད་མཁན་ལ་དཀའ་ངལ་མེད་དམ།
མཁན་རིན་པོ་ཆེ་ལགས ། ཁྱེད་ཀྱིས་གསུངས་པ་དེ་ལེབ་གཅིག་རེད ། ངོ་མ་དེ་དེ་བཞིན་རེད ། ད་དུང་ལེབ་གཞན་ཞིག་ནི ། ཁོ་ཚོས་ཚན་འཕྲུལ་ལ་བརྟེན་ནས་ཁ་པར་བརྒྱུད་ལམ་སོགས་ལ་ལྐོག་ཉན་ཐང་ལྷོད་མེད་པར་ཡོད་པས ། ཤེས་གཏོག་བྱུང་བ་དེ ། བོད་མི་ནང་ཁུལ་ལ་དོགས་པ་ཟ་རུ་འཇོག་གིན་ཡང་ཡོད །
དཔེར་ན་ཁ་པར་གཏོང་སས་གཏོང་མཁན་ལ་དོགས་པ་ཟ་བཅུག་པ་འདྲ་བོ ། སྔོན་ཆད་ང་བོད་ན་ཡོད་དུས་༼ས་གནས་གང་ཡིན་བཤད་མ་དགོས་པར༽ཁོ་ཚོའི་ལས་བྱེད་བོད་རིགས་ཡིན་པ།ལ་རྒྱ་ང་ཚོ་ལས་ལྷག་པ་ཞིག་གྲོགས་པོར་ཡོད ། ཁོང་དང་མཉམ་དུ་བོད་དོན་གླེང་དུས ། ཁོང་དང་ངེད་གཉིས་ཀྱི་ཁ་པར་སྒོ་རྒྱག་པ་མ་ཟད་
གློག་རྡོ་ཡང་ཕྱི་ལ་ལེན་གྱི་རེད ། ཁང་བ་དང་རླངས་འཁོར་ནང་ནས་ཚིག་གཅིག་ཀྱང་གླེང་གི་མ་རེད ། ཚད་མཐོའི་གློག་ཉན་གར་ཡོད་མི་ཤེས་གསུང་གི་རེད ། ས་སྟོང་ནས་རབ་ན་འགྲོ་ཞོར་ལ་གླེང་གི་རེད ། ཁོང་གི་གསུང་དོན་བོད་པའི་མི་སྣ་གལ་ཆེན་ཕན་ཚུན་དང་། འཐབ་རྩོད་པ་ཕན་ཚུན ། སེམས་ཤུགས་ཅན་ཕན་ཚུན་གྱི་བར་ལ་དོགས་པ་ཟ་བར་འཇོག་རྒྱུ་ནི །གཞུང་གི་གསང་བའི་ཐབས་རྩལ་ཆེ་ཤོས་ཤིག་རེད་གསུངས་བྱུང་།
དེ་དུས་ང་གྲོགས་པོ་གཞན་ཞིག་དང་ངེད་གཉིས་མ་གཏོགས་མི་ཤེས་པའི་དོན་དག་ཞིག་ཁོ་ཚོས་ཤེས་འདུག་པའི་དོགས་པ་ཞིག་སེམས་ན་ཡོད་པའང་རང་ཡལ་དུ་གྱུར་སོང་།