བདེ་ཆེན་སྒྲོལ་མ།
མྱི་མང་པོ་ཞིག་གིས་གངས་ཅན་སྐྱིད་གཤོངས་ལ་བསྟོད་པ་གཡག་གིས་མི་འཁྱོག་པ་རེ་བྱེད་ཞོར། རང་ཉིད་ཀྱང་གངས་ཅན་སྐྱིད་གཤོངས་ཀྱི་གནམ་འདེགས་ཀ་བ་ཞིག་ཡིན་པའི་ལབ་ཤོབ་དང་སྟོང་བསམ་བྱེད་ཀྱིན་འདུག ཡིན་ནའང་། ཁོང་ཚོས་བཤད་པ་ལ་དུངས་ཞེན་ཙམ་ལས་གནས་ལུགས་རྒྱུ་མཚན་ཡོད་མཁན་གྱི་གྲངས་ཀ་ཕལ་ཆེར་ཀླད་གོར་རེད།
ཁོང་ཚོ་མང་པོ་ཞིག་ལ་མཚོན་ན། ༧གོང་ས་མཆོག་གི་གཟི་བྱིན་དང་གངས་ཅན་སྐྱིད་གཤོངས་གཉིས་གཅིག་ཏུ་འཁྲུལ་འདུག་ལ། ལོ་རྒྱུས་ཀྱི་གངས་ཅན་སྐྱིད་གཤོངས་དང་ཁ་སང་དེ་རིང་དུས་རབས་ཉེར་གཅིག་གི་གངས་ཅན་སྐྱིད་གཤོངས་གཉིས་ཀྱི་རྐྱ་ཡང་འཁོར་མི་འདུག ཉ་དང་ཉུང་མ་མཉམ་བསྲེས་བྱས་འདུག
ཁོང་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་སྐུ་དྲིན་གྱིས་ཁ་སང་དེ་རིང་གངས་ཅན་སྐྱིད་གཤོངས་ཀྱི་སྐུ་ངོ་ཚོའི་ཁ་རྗེ་དབང་ཐང་ལ་དྲོད་ཁོལ་འཛོམས་པ་གནའ་བོའི་ཉི་མ་ལྷ་སའི་སྐུ་དྲག་གི་གཟིམ་ཤག་ལ་ཉི་འོད་མཐུག་པ་དང་འདྲ།
སྐུ་ངོ་ཞིག་འགྱིང་གིན་འཁོར་གྱིན་བཀའ་ཤག་ལས་ཁུངས་སུ་འཛུལ་སོང་། ཡང་གཞན་ཞིག་འཁོར་གྱིན་འགྱིང་གིན་ཤེས་རིག་ལས་ཁུངས་སུ་བུད་སོང་། མཐའ་འཁོར་གྱི་ལྡོམ་པོ་ཚོས་མིག་ཟུང་ཆེར་ལྡང་ནས་ཅི་ལྟར་བལྟས་ཀྱང་། རྐང་རྗེས་གོར་གོར་གཅིག་རྐྱང་ཅན་ཞིག་ལས་རྙེད་མ་ཐུབ།
༧གོང་ས་མཆོག་བཞུགས་ཡུལ་གངས་ཅན་སྐྱིད་གཤོངས་མ་རེད། གངས་ཅན་སྐྱིད་གཤོངས་རྒྱ་སྟག་དང་དོམ་སྨྱོན་གྱི་འཐབ་ར་རེད། ཡིན་ནའང་། སྐྲ་སེར་པོ་དང་མིག་ལྗང་ཁུ་ཅན་དག་ལ་རྒྱ་སྟག་དང་དོམ་སྨྱོན་གྱི་དམར་འཛིང་ཁྲོད་ན་མདུན་ལམ་དང་ལས་གཞི་རྒྱ་ཆེན་པོ་རེ་ཡོད་པ་དངོས་ཡོད་ཀྱི་གནས་ལུགས་རྗེན་པ་ཡིན།
གངས་ཅན་སྐྱིད་གཤོངས་ན་༧གོང་ས་མཆོག་གི་བྱིན་རླབས་ཚོང་བསྒྱུར་བྱེད་སའི་ཚོང་ཁང་དག་ལ་སྒོ་བྱང་ཡ་མཚར་སྙིང་རྗེ་བོ་རེ་བཀལ་ནས་ཡོད།
གངས་ཅན་སྐྱིད་གཤོངས་ན་བཀའ་བློན་དང་དྲུང་ཆེ་ཚོའི་བཟའ་མི་བུ་ཕྲུག་དང་ཉེ་འབྲེལ་ཕྱོགས་གཏོགས་རྣམས་སྐྱིད་གཉིད་དང་མི་ཡུལ་གྱི་ལྷ་ཡུལ་འགྲིམས་སའི་ཁང་བརྩེགས་མཐོན་པོ་བརྩིགས་ཡོད།
གངས་ཅན་སྐྱིད་གཤོངས་ན་གཞན་གྱི་གཅིན་སྐྱག་གིས་ཐུགས་ཡིད་ཚིམས་པའི་སྒལ་ཚིགས་མེད་པའི་འཇོན་ཐང་ཅན་མང་པོ་ཞིག་ཡོད།
གངས་ཅན་སྐྱིད་གཤོངས་ན་མི་འདོད་བཞིན་ཆེ་བཙན་དྲག་གསུམ་གྱི་རྐང་བ་སྐེ་ལ་འཁུར་བའི་རུས་རྒྱུད་གཅིག་གི་མི་བུ་ཉམ་ཆུང་ཡང་གང་མང་མང་ཞིག་ཡོད། གངས་ཅན་སྐྱིད་གཤོངས། དུས་རབས་ཉེར་གཅིག་གི་གནའ་བོའི་སྐུ་དྲག་གི་ཉི་མ་ལྷ་ས་ཡིན།
གངས་ཅན་སྐྱིད་གཤོངས་ནས་མི་ཚང་མས་རྐང་རྗེས་གཅིག་རྐྱང་རེ་དཔར་ནས་མི་ལོ་ལྔ་བཅུ་ངང་གིས་རྒས་སོང་། ད་དུང་མི་ལོ་ག་ཚོད་རྒས་མིན་སུས་ཀྱང་བཤད་དཀའ།
དད་པ་དང་ཡིད་ཆེས་ཆེ་མདོག་གིས་༧གོང་ས་མཆོག་རི་བོའི་རྩེ་ལ་བཞག་སོང་། དམངས་གཙོ་དང་བཅའ་ཁྲིམས་ཡིན་མདོག་གིས་སེང་གེ་དང་གཡག་རོག་ཚོ་རི་བོ་གཞན་ལ་དེད་སོང་། གུས་བཀུར་དང་རིགས་ཞེན་ཡོད་མདོག་གིས་དཔའ་བོ་དང་རྒད་པོ་ཚོ་ཟུར་དུ་ཕུད་སོང་། འདི་ལྟར་ཁྲམ་པ་དང་རྐུན་མ། ཇག་པ་རྣམས་དུས་རབས་ཉེར་གཅིག་གི་བོད་གངས་ཅན་སྐྱིད་གཤོངས་འདིའི་བདག་པོར་གྱུར་སོང་ལ་ཞེ་ཚིག་དང་སྤྲེལ་ལད། གཡོ་རྫུ་བཅས་མངའ་ཐང་འདིའི་ལྕགས་རིར་གྱུར་སོང་།
སྣ་ཤེས་རྒྱུན་ལྡན་ཡིན་པའི་མི་བུ་ཞིག་རྡ་སར་སླེབས་ན་གངས་ཅན་སྐྱིད་གཤོངས་འདིའི་རུལ་སུངས་ཀྱི་དྲི་མ་ཚོར་ཐུབ་ལ། མིག་ཤེས་རྒྱུན་ལྡན་ཡིན་པའི་མི་བུ་ཞིག་རྡ་སར་འབྱོར་ན་གངས་ཅན་སྐྱིད་གཤོངས་འདིའི་རྒྱ་སྟག་དང་དོམ་སྨྱོན་གྱི་འཁོན་འཛིང་གི་ཁ་དོག་གཟིགས་ཐུབ་པ་ཡིན། གཞན་ཡང་། རྣ་ཤེས་རྒྱུན་ལྡན་ཅན་གྱིས་ཀྱང་སྐུ་དྲག་གི་སྒོ་ར་ལྟ་བུའི་ཤོ་རྒྱག་རྒྱན་འཛུགས་དང་ཐུགས་སྤྲོ་རིམ་པ་རེ་རེའི་དགོད་སྒྲ་འཛིན་ཐུབ་པ་ཡིན་ནོ། ཨ། དུས་རབས་ཉེར་གཅིག་གི་གངས་ཅན་སྐྱིད་གཤོངས། གནའ་བོའི་སྐུ་དྲག་གི་ཉི་མ་ལྷ་ས་ཡིན་ཨང་།
གནས་ལུགས་ཀྱི་སྟེང་ནས་ང་ཚོར་ངོ་འཕྲོད་དགོས་པ་གཅིག་ནི། ལོ་རྒྱུས་ཀྱི་གངས་ཅན་སྐྱིད་གཤོངས་མི་ལོ་སྟོང་ཕྲག་མང་པོའི་མེས་པོ་དག་གི་ཤ་ཁྲག་གིས་བསྐྲུན་པའི་བོད་མིའི་རེ་བའི་མངོན་འདོད་འཁྱིལ་སའི་བོད་ཁ་བ་གངས་ཅན་གྱི་བླ་མཁར་བཙན་པོ་དེ་ཡིན། ཤི་བོ་ཚོའི་རྣམ་ཤེས་ཁྲི་ཕྲག་འདི་ལ་འཁྲེང་ནས་ཡོད། གསོན་པོ་ཚོའི་སེམས་ཀྱི་འདུན་མ་འདི་ལ་འཁོར་ནས་ཡོད། ཡིན་ནའང་། དུས་རབས་འགྱུར་སོང་། ལོ་ཟླ་རྒས་སོང་བས་ཁ་སང་དེ་རིང་གི་གངས་ཅན་སྐྱིད་གཤོངས་མི་ཚང་གཉིས་གསུམ་ཙམ་གྱི་ཐབ་ཚང་ལྟ་བུ་ཡིན། གངས་ཅན་སྐྱིད་གཤོངས་ཀྱི་གནམ་གཤིས་དྲོ་ཡང་མི་ཚང་རེ་གཉིས་རེད་ཟེར་ཆོག་ལ། གངས་ཅན་སྐྱིད་གཤོངས་ལ་ཆུ་ལོག་རྒྱུགས་ཡང་མི་ཚང་རེ་གཉིས་རེད་ཅེས་མགྲིན་པ་མཐོན་པོས་གླེང་ཆོག་པར་འདོད།
༼གསལ་བཤད། སྤྱིར་༧གོང་ས་སྐྱབས་ཀྱི་ཉི་མ་ཆེན་པོའི་ཐུགས་རྗེའི་མཐུ་འོག་ན་སྲོག་འཚོ་བའི་མྱི་ཞིག་ལ་མཚོན་ན། རྩོམ་ཡིག་འདི་འདྲ་ཞིག་འབྲི་བ་ནི་ཅུང་ཐལ་དྲག་ཡོད་པ་རང་སེམས་ལ་ཤར་ཡང་། ཤ་ཞེན་དང་རུས་གདུང་ཆེན་པོས་རང་རེ་བོད་ཀྱི་ད་ལྟའི་གནས་བབ་དང་༧གོང་ས་མཆོག་གི་དགུང་གྲངས་ལ་བསམ་བློ་རེ་བཏང་ན་ད་ནི་ང་ཚོ་ཅེར་ས་གཅིག་ལ་ཅེར་ནས་མཐུན་ས་དང་བཟང་ས་རྒྱན་ས་རྐྱང་རྐྱང་བཤད་འདུག་རྒྱུའི་དུས་ཚོད་ཏག་ཏག་ཅིག་མིན་པ་འདྲ་བས་གངས་ཅན་སྐྱིད་གཤོངས་ཀྱི་ཁ་དོག་ངོ་མ་བོའི་ཕྱོགས་ཙམ་ཡི་གེར་བཀོད་པའོ། བདེན་པ་རྒྱལ་ལོ།༽
གངས་སྐྱིད་ཀྱི་མི་དྲག་ཚོས་ཁ་དོག་སྐུ་ངོ་ཞེས་པའི་མིང་བྱང་འདིས་བཟུང་ཡོད་པས། དུས་རབས་ཉེར་གཅིག་གི་བོད་ཀྱི་སྐུ་ངོ་ཚོ་ཟེར་ན་ཅི་དྲགས།
གངས་ཅན་སྐྱིད་གཤོངས་ཀྱི་མིང་དང་མཚམས་པའི་རྩོམ་ཧ་ཅང་རན་པོ་ཞིག་སྤེལ་འདུག
དུས་རབས་ཉེར་གཅིག་པའི་བུ་གླེན་པ། ཕ་རྒན་གྱི་མགོ་ཐོག་ཏུ་རྡོ་ཡིས་བརྫིས་ནས། ད་དུང་སྤྱང་མདོག་བྱས་ཏེ་འུད་ཤོབ་ལ་དགའ་ཞིང། ཕྱི་དང་ནང་གི་དབྱེ་བ་ཕྲ་མོའང་མི་ཆོད་པར། ད་དུང་འར་སྐད་བརྒྱབ་སྟེ་སྨྱུག་རྩལ་ལ་བསམ་གྱིས། ཨེ་མ་ངོ་་མཚར་ཆེ། འཁོར་བའི་ལས་ཀྱང་ཡིན་སྲིད། ཨེ་མ་སྙིང་རེ་རྗེ། ཁོ་ནི་རྦད་དེ་གངས་ཅན་སྐྱིད་གཤོངས་ཀྱི་གཟི་བྱིན་ལ་འགྲན་མ་ཕོད་པར། རྒྱ་འདྲེས་སྨྱོ་ལབ་རྒྱབ་པ་དང་། རྒྱ་འདྲེས་རྟག་ཏུ་ངུ་བའི་འར་ཆ་དང་གཅིག་མཚུངས་ཤོད་བཞིན་འདུག ཁོ་ཡིས་བཤད་པའི་སྐད་ཆ་རེ་རེ་ནི། ཉེ་དུས་བསངས་ཆུའི་སློབ་མ་ཚོས་རྒོལ་བའི་ཀན་ལྷོའི་ཚགས་པར་དང་། བོད་ལྗོངས་ཉིན་ཚགས་སྟེང་ལོ་བསྟུད་དེ་བཀོད་པའི་རྩོམ་ཡིག་དེ་དག་གཅིག་པ་་གཅིག་་རྐྱང་འདུག ཁོས་དངོས་གནས་ཁ་བརྡའི་གླེང་སྟེགས་བེད་སྤྱད་དེ་ཁ་བརྡ་དྲ་བར་མི་རིགས་ཀྱི་ལ་ཞེན་གྱིས་བསྐོར་ཏེ་འཐམས་འཁྱུད་བྱེད་བཞིན་པའི་བོད་མི་་ཚོར་མདའ་འཕེན་གྱི་འདུག དངོས་གནས་ཁོ་པ་སྙིང་རྗེ་དགོས་པ་ཞིག་འདུག གངས་ཅན་སྐྱིད་གཤོངས་སུ་ཆོལ་གསུམ་བོད་མིའི་ཁྲོད་ནས་རྩེ་ཕུད་རྣམས་ཀྱི་གཤོག་རྩལ་ངོམས་ས་རེད། ས་འདི་ལ་དུང་ཕྱུར་བཅུ་གྲངས་ཡོལ་བའི་ཀླ་ཀློ་ཚོ་སྐད་ཤོར་ཤིང། ཡར་རྒྱས་དང་གྲུབ་འབྲས་ལ་གདེངས་འཇོག་མཐོ་བའི་ཕྱི་གླིང་བ་ཚོ་ཡང་སེམས་ཤོར་གྱིས། རྡ་རམ་ས་ལར་༸གོང་ས་མཆོག་བཞུགས་ཡོད་པ་དེས་རང་རིགས་ཙམ་མ་ཟད། ཕྱི་གླིང་བ་ཀུན་གྱིས་སྨོན་སྣང་དང་ཡིད་སྨོན་བྱེད། བསྟོད་བསྔགས་ཀྱི་མེ་ཏོག་འཐོར། སྐྱེ་བོ་སུ་ཡིན་ཡང་དེ་ལ་མི་སྨོན་མཁན་གཅིག་ཀྱང་མེད། དེ་ནི་ང་ཚོ་བོད་མི་ཚོར་ངོམས་རྒྱུ་གཅིག་རང་ཡོད་པ་དེ་ཡིན་ཅེས་བཤད་ན་མི་འགྲིགས་པ་མེད། གངས་ཅན་སྐྱིད་གཤོངས་ནི་༸གོང་ས་་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་་བོད་གཞུང་གི་བསྟི་གནས་དེ་ཡིན་ཅིང་། གནས་འདིར་བོད་་མི་ས་ཡ་དྲུག་གི་རེ་བ་དང་ཡིད་ཆེས་ཀྱིས་བསྐོར་ཏེ་ལོ་མང་པོའི་རིང་བསྐྱོད་ཟིན། ཏན་ཏན་མི་ལྡེང་བའི་གནས་ཡོད་སྲིད་ཀྱང་། ཁོ་པས་བཤད་པའི་ཇག་ཁྲམ་ཞིག་ཡོད་མ་སྲིད། དེ་ནི་སུ་ལ་ཟུར་ས་བྱ་གི་ཡོད་པ་ཧ་ཅང་གསལ་རེད། གལ་སྲིད་བོད་མི་བཤའ་མ་ཞིག་ཡིན་ཚེ་མི་ལྡེང་བའི་ཆ་ལ་འདི་དང་འདི་ཞེས་མཛུབ་མོ་བཙུགས་ནས་བཏོན་དགོས་པ་ལས་དེ་ལྟའི་ཡོངས་རྫོགས་ལ་ནག་བཙུགས་བྱེད་མི་སྲིད། རྒྱ་གུང་ཁྲན་གྱིས་བཙན་་བྱོལ་བོད་གཞུང་ནི་ཏཱ་ལའི་རུ་ཚོགས་ཀྱི་སྣེ་ཁྲིད་པའི་ཁ་བྲལ་རིང་ལུགས་པ་ཞིག་རེད་ཟེར། ཁྱོད་ཀྱིས་བཙན་་བྱོལ་གྱི་བསྟི་གནས་འདི་ནི་འདི་ལྟར་ཁྲམ་པ་དང་རྐུན་མ། ཇག་པ་རྣམས་དུས་རབས་ཉེར་གཅིག་གི་བོད་གངས་ཅན་སྐྱིད་གཤོངས་འདིའི་བདག་པོར་གྱུར་སོང་ལ་ཞེས་ངུ་སྐད་རྒྱག་བཞིན་འདུག འོན་ཏེ་སེམས་སྐྱོ་དགོས་པ་ཞིག་ལ། ཁྱོད་ནི་མ་མཐའི་ཇག་པ་དང་རྐུན་མ། ཁྲམ་པར་ཡང་མི་འོས་པའི་མི་ཅོལ་ཆུང་ནུས་མེད་ཞིག་ཡིན་སྟབས། ཁྱོད་རའི་འབྲི་རྩོམ་གྱི་ལན་འདེབས་ཀྱང་དེ་ག་རང་ནས་ཁྱོད་ལ་བསྐོར་ཏེ་ཞུས་འདུག གནའ་བོའི་སྐུ་དྲག་གི་ཉི་མ་ལྷ་ས་འདི། ད་ལྟའི་བོད་ཀྱི་རྒྱལ་རབས་དེད་སའི་བསྟི་གནས་འདི་ཡིན། ཉི་མ་ལྷ་སའི་སྐུ་དྲག་གི་བྱུང་བ་འདི། བོད་རྗེ་རིམ་པའི་གདུང་བརྒྱུད་མཆེད་ནས་བྱུང། བོད་རྗེ་རིམ་པའི་གདུང་བརྒྱུད་གཞུང་སེམས་ཆེ། འདི་ཡི་གདུང་བརྒྱུད་འཕགས་ཡུལ་དུ་ཡུལ་དུ་བྱོན། འཕགས་་ཡུལ་བྱང་ཕྱོགས་རྡ་སའི་དབུས་འདི་རུ། ཆགས་པའི་གངས་ཅན་སྐྱིད་པའི་གཤོངས་འདི་ན། ཉི་མ་ལྷ་སའི་དྲོད་ཀྱིས་གསོན་ཤུགས་བྱིན། ཆོལ་གསུམ་ཆིག་བསྒྲིལ་ཡོང་བའི་གསོན་ཤུགས་བྱིན། འདི་ན་ཆོལ་གསུམ་གཞུང་ཞབས་དམ་པའི་ཞབས་རྗེས་ཡོད། འདི་ན་བཙན་་བྱོལ་མི་རབས་གསར་པའི་ས་བོན་ཡོད། འདི་ན་གཞིས་ཞུགས་མི་རབས་གསར་པའི་ས་བོན་ཡོད། འདི་ན་རིགས་་རུས་འདོད་རྒུའི་དབྱེ་བ་མེད། འདི་ནི་བོད་མིའི་ཤེས་རྩལ་ངོམས་པའི་སྡིངས་ཆ་ཡིན། འདི་ལ་ཞེན་ཆགས་འགྲམ་ཆུ་ལྡང་བའི་རྒྱ་འདྲེ་དང་། འདི་ལ་འཇོན་ནུས་ཤེས་བྱས་ཕོངས་པའི་གླེན་པ་ཚོས། རྟག་ཏུ་ངུ་ཞིང་བསྙད་འདོགས་ཅི་་བྱས་ཀྱང་། གངས་ཅན་སྐྱིད་པའི་གཤོངས་ཀྱི་རྒྱལ་སྒོ་འདི། བོད་ཀྱི་བཙན་པོས་བསྐུལ་བའི་རྒྱལ་སྒོ་དང། ནང་གི་ཞབས་བཀྱག་བྱིན་རླབས་ཅན་འདི་ལ། ལྟ་བའི་མིག་དང་འཆང་་བའི་ལག་ཡོད་ཀྱང་། རྐུབ་བསོད་ཡོད་ལ་ཤེས་འཇོན་ཡོད་ན་ལས། དེ་་མིན་མི་ཚེ་ངུས་ཀྱང་སྡོད་ས་མེད། ཧམ་ཤེད་ཕྲག་མདོད་རྫུན་གྱི་ཁུངས་མི་འཁྱོལ། འདི་ལས་ཤེས་ཡོན་སྦྱངས་ཏེ་འགྲན་པར་ཤོག གངས་སྐྱིད་ཁྲམ་པའི་ཚོགས་ཀྱི་བཏུམས་འདུག་ན། ཤེས་དང་འཇོན་སྟངས་ཡོད་པའི་ཕོ་རྒོད་ཚོ། ནུས་མཐུ་གཅིག་ཏུ་སྤུངས་ཏེ་མི་ལས་པར། སྤྱི་ཚོགས་ཁྲམ་པའི་འར་གྱི་འཐུམས་བརྒྱབ་སྟེ། འཕྱའ་ཞིང་དཀྲོག་རྐྱེན་སློང་བ་ངོ་རེ་ཚ། འདི་ནི་མཁས་ཡོན་ཅན་པའི་ཐབས་མིན་པས། སུ་ཡིས་ཆེད་དུ་ཁྱོད་ཀྱི་བྱེད་་འདོད་དམ། གང་གི་འདོད་དུ་འདི་ལྟར་བྱེད་འདོད་དམ། རྒྱུ་དང་རྒྱ་འདྲེ་དགའ་བའི་སྨན་ཡིན་ཡང་། ཐམས་ཅད་ཀུན་ལ་འདི་ལྟར་མིན་སྲིད་པས། རྩོམ་བྱང་འདི་ལས་མིན་ན་ཁ་བརྡ་རང་ཤི་བརྒྱབ། འདི་མིན་ཁྱོད་ལ་ཐོབ་པ་ཕྲག་མདོག་གི་ས་བོན་དང་། འབྲས་བུ་སྨིན་རྒྱུ་ཞེ་སྡང་གི་མྱུ་གུ་ཡིན་པས། ཤེས་རྩལ་སྦྱངས་ཏེ་དཀར་ནག་དབྱེ་འབྱེད་ཐུབ་པའི་རྩམ་ཟན་གྱི་བུ་ཞིག་བྱ་དགོས་པ་ལས། དུས་རབས་ཉེར་གཅིག་པའི་དཔེ་མཚོན་འཇོག་ཡུལ་གྱི་བུ་གླེན་པ་ཞིག་ཏུ་འཚོ་བསྡད་ན། འདི་ནི་ཁྱོད་ཀྱི་རིགས་བརྒྱུད་ཚོ་ཡང་ངོ་ཚའི་གཡང་དུ་ལྷུང་སྲིད། སྙིང་རྗེ། ཨོཾ་མཎི་པདྨེ་ཧཱུཾ།། །།
རེད་ཡ། བདེན་པ་རུ་གོ་སོང་མོད།
བསོད་ནམས་ཟད་ཀི་བུ་རྒྱུད་ལ་ཁ་ཏ་བྱས་དང་མ་བྱས་མེད་ཟེར་བ་གོ་ཨེ་མྱོང་ཕ་བཟང་བུ་མོ།
ཕྱི་ཚོང་ལས་དཀོར་ཟས་ངོམས་མེད་རོལ། །
ནང་རང་དོན་བུ་ཕྲུག་གཟེང་རྟགས་སྐྲད། །
དོན་སྤྱི་སེམས་མེད་པའི་སྐྱག་ཆེ་ཚོ། །
ཁོ་བཤིན་རྗེ་མ་གཏོགས་སྐྱོབ་པར་དཀའ། །
ཨ་ཁས
བདེ་ཆེན་སྒྲོལ་མར།
རྩོམ་ཡིག་དེ་ལྟར་བྲིས་པ་ཐལ་དྲག་མི་འདུག ཁ་ཚ་བའི་གཏམ་གྱི་རྣ་ཚ། རྣ་ཚ་བའི་གཏམ་དེ་ཤ་ཚ་བའི་རྟགས་ཡིན། འོན་ཀྱང་གངས་ཅན་སྐྱིད་ཤོང་བ་ཚང་མ་དེ་ལྟར་ཡིན་པ་སུ་ཀྱང་ཁས་ལེན་ཐུབ་བྷཐབས་མེད་ལ་དེ་ལྟར་ཡིན་མི་སྲིད། འོང་ཀྱང་སྐུ་ངོ་ག་གེ་མོ་འགའི་མདུན་དུ་གནའ་ཉམས་དང་ཞེས་ས་སོགས་བྱ་དགོས་ལུགས་ལ་དག་ལ་བསམས་ཚེ་གནའ་བའི་ཉི་མ་ལྷ་སའི་སྐུ་ངོ་མིང་དོན་མཚུངས་པ་ཞིག་ཏུ་གྱུར་འདུག་ལ་ཁོང་ཚོར་གནའ་སྲོལ་ཉི་མ་ལྷ་སའི་ལམ་ལུགས་ཀྱི་གོ་སྐབས་ཞིག་ཐོབ་ཚེ་དེ་སྔ་ལས་ཀྱང་ཐབས་སྡུག་པའི་སྐུ་ངོ་རང་དུ་ངེས། ད་དུང་གང་སྐྱིད་ཀྱི་མི་སྣ་འགའི་ཕྱིའི་སྤྱོད་པ་དང་ནང་བསམ་ལོ་གཏོང་སྟངས། ཉི་རེའི་འཚོ་ཐབས་ཁོ་ནའི་ཆེད་ཀྱི་ཕྲལ་ངན་བླ་སྤྱོད་ཀྱི་ལས་སྟངས་དེ་ཚོར་ལྟས་ཚེ་གླང་དམར་པོ་ཁ་ཕྱིར་བསྐོར་ཏེ་རྒྱང་ཕུལ་གཏོང་དགོས་ངེས་ཡིན་མོས་ཀྱང་དེ་ཆ་ལམ་སོལ་དེ་ལྷ་མེད་པས་བྱ་ཐབས་བྲལ།
གངས་སྐྱིད་ཀྱ་ིལས་བྱེད་འགའ་རེ་དངོས་གནས་ཐབས་སྐྱོ་པོ་ཞེ་དྲག་འདུག གནད་དོན་གལ་ཆེ་ཆུང་གང་འདྲ་ཞིག་དང་ཐུག་ཚེ་ལམ་སེེང་གོང་ས་མཆོག་ལ་དགོངས་སྐོར་ཞུ་དགོས་སྐོར་བཤད་དེ་ཐག་གཅོད་མི་ཐུབ་པ་དེ་ཡ་ང་དགོས་པ་ཞིག་རེེད། གོང་ས་མཆོག་གིས་ཀྱང་གངས་སྐྱིད་ཀྱི་ལས་བྱེད་ཚོགས་འདུའི་ཐོག་ཁྱེད་ཚོས་ནམ་རྒྱུན་དུ་ང་མེད་བསམ་པའི་ཐོག་ནས་ལས་ཀ་བྱེད་དགོས། རང་གིས་ཐག་གཅོད་བྱེད་ཐུབ་པ་དེ་ཀ་རེ་ཀོ་རེ་མ་བྱས་པར་ལམ་སེང་ཐག་གྷགྷགཅོད་ཡག་པོ་བྱེད་དགོས།ངས་ཡུས་བཤད་པ་མིན།ཐམས་ཅད་ང་ལ་བརྟེན་བསྡད་ན་དངོས་གནས་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག་ཅེས་གསུངས་པ་དེ་གནམ་ལྕགས་རྡོ་རྗེ་ལྟ་བུའི་ཚིག་ཡིན་ནོ།
སྡོད་ས་དཔྲལ་བར་བསྡད་མིག་ལ་ཐལ་བ་རྒྱོབས་མཁན་དྲེ་ཕོ་དྲེ་མོ་ཁྱོད་ཚོར་ལས་འབྲས་ཤིག་སྨིན་རྒྱུ་ཡོད་ན་ད་དུས་ལ་སླེབས་འདུག
ཀེ མོ་རེ། ལྟས་ངན་མོ། ཁྱོད་ཀྱིས་གངས་སྐྱིད་ལ་སྤྱིར་མཉམ་གྱིས་དམའ་འབོད་ཀྱི་ངུ་སྒྲ་དབྱུང་སྟངས་འདི་ཐབས་སྐྱོ་བོ་ཞེ་དྲག་འདུག ཁྱེད་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་ཁྱེད་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ལས་བྱེད་ཚང་མ་ལ་གཅིག་མཚུངས་ཀྱིས་འཕྱ་དམོད་བྱ་རྒྱུ་མེད་པ་ཤེས་རྒྱུ་རེད་ལ། གངས་སྐྱིད་ནི་བཙན་བྱོལ་གཞུང་གི་རྒྱལ་ས་དེ་ཡིན་པས། དེ་རུ་ལས་ཀ་བྱེད་མཁན་ཚང་མ་ལ་སྐྱོན་བརྗོད་སྤྱིར་མཉམ་པར་གཏོང་བ་འདི་མི་འོས་པ་ཞིག་རེད། ཁྱེད་ཀྱིས་ལྷག་བསམ་ལ་སྐྱོན་མེད་སྲིད་ཀྱང་ཁྱེད་ཀྱིས་དམའ་འབོད་བྱེད་སྟངས་འདི་ལ་བྱབ་གཅིག་ཀྱང་མིན་འདུག
ངས་གཅིག་ཟེར་འོ། ཐོག་མ་ང་ཚོས་བཙན་བྱོལ་གཞུང་གི་རྩ་ཁྲིམས་ལ་བརྩི་བཀུར་གྱིས་དེ་ཡིས་སྤྲོད་པའི་ཐོབ་ཐང་དང་འོས་འགན་ཚང་མ་སོ་སོས་ཀྱང་སྲུང་དགོས་པ་ཡིན། གངས་སྐྱིད་དུ་ལས་བྱེད་ལྐོགས་ཟ་རུལ་སུངས་དང་། ཉེ་དགའ་ཕྱོགས་ཞེན། གཞུང་དོན་རྒྱབ་བསྐྱུར། རང་དོན་ཞོར་བསྒྲུབ། འཇོན་མིན་འཇོན་ཚུལ་བྱེད་མཁན་ཏན་ཏན་ཡོད་སྲིད་པ་རེད། གལ་སྲིད་དེ་འདྲའི་རིགས་ཁྱེད་ཀྱིས་མཐོང་ཡོད་ཚེ་གང་ཟག་སུ་ཡིན་མིང་བཏོན་ནས་ཁྲིམས་ལུགས་བཞིགས་བཟུང་ཐག་གཅོད་ཡོང་བ་ཞིག་དགོས་པ་ལས། ཁྱེད་ཀྱི་སེམས་ནང་དུ་ཡོད་པའི་ཁྱེད་རང་གིས་བཟོས་པའི་བཟང་སྤྱོད་ཀྱི་ཁྲིམས་དེ་དག་ལ་གཞི་འཛིན་ནས་སྐྱོན་བརྗོད་གཏོང་གིན་སྡོད་མ་གྲུབ་འབྲས་ཐོན་རྒྱུ་ཅི་གང་མེད་པས་མ་ཟད་་རྙོག་འཛིང་མང་པོ་ཞིག་བཟོ་སྲིད་ཀྱི་རེད།
བོད་མིའི་སྤྱི་ཚོགས་ནང་གི་སྤྱོད་ངན་རེ་ཟུང་མཐོང་ནས་སེམས་ཤུགས་ཆགས་རྒྱུ་ཡོད་མ་རེད། བོད་མི་ཚོ་ལྷ་ཡུལ་ནས་སླེབས་པ་མ་རེད་ལ་བོད་མི་ཚོས་ལྷ་ཁྲིམས་དེ་བས་ཀྱང་སྲུང་ཐུབ་རྒྱུ་ཁག་པོ་རེད། སོ་སོ་རང་ལ་མཛུབ་མོ་བཙུགས་ནས་སྐད་ཆ་འདྲི་རྒྱུ་ཡིན་ན་དེ་བདེན་པ་ཡིན་པ་ར་སྤྲོད་བྱེད་ཐུབ་རྒྱུ་རེད། མི་སྤྱོད་ངན་མི་འཁྲབ་མཁན་གྱི་ལུང་པ་དང་སྤྱི་ཚོགས་ཞིག་འཛམ་གླིང་འདིའི་སྟེང་ན་མེད་པ་རེད། སྤྱོད་ངན་རྒྱ་ཡན་དུ་གཏོང་རྒྱུ་མེད་པ་ཡང་གལ་ཆེན་པོ་ཡིན་པས། གལ་སྲིད་ཁྱེད་གསར་འགོད་པ་ཡིན་ན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤྱོད་ངན་གྱི་གང་ཟག་མིང་འདོན་གྱིས་རང་གཞུང་ལ་རྩིས་སྤྲོད་བྱེད་པ་གལ་ཆེ་བ་རེད། གལ་སྲིད་འགན་ཡོད་མཁན་གྱི་གཞུང་ཞིག་ཡིན་ན་ཁྲིམས་ལུགས་བཞིགས་བཟུང་དག་ཐེར་གཏོང་རྒྱུའམ་གནས་གཡུག་གཏོང་བ་སོགས་ཀྱི་ཁྲིམས་གཅོད་ཡོང་དགོས་རྒྱུ་རེད། དམངས་གཙོའི་རང་དབང་དེ་དེ་འདྲ་བྱེད་ནས་བེད་སྤྱོད་ན་རང་གི་སྨྲ་བརྗོད་ཀྱི་རང་དབང་དེས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་ངེས་རེད། དེ་མིན་སྡུག་སྐད་འཐེན་གྱིན་སྡོད་ན་སོ་སོ་སེམས་མ་སྐྱིད་རོགས་རེད་ལོ།
བདེ་ཆེན་སྒྲོལ་མ་ཟེར་བའི་དྲ་འབུ་དེ་ཁ་ཡ་བྱེད་མི་དགོས། འདི་ནང་མཆན་འབྲི་མཁན་མང་ཆེ་ཁོ་རང་ཉིད་རེད། མིང་མི་འདྲ་བ་རེ་བཅོས་ནས་སྤྱི་ཚོགས་ནང་འུར་བརྒྱགས་ཀིནཡོད་ནི་རེད། འདི་མོ་འདི་ལ་ཁ་ཡ་བྱས་ན་རང་ལ་དྲ་འབུའི་སྐྱག་པ་འགོ་ཀི་རེད།
རྒྱུ་མཚན་བགྲང་རྒྱུ་དང་ཁུངས་སྐྱེལ་མེད་པའི་སྐྱོན་བརྗོད་ནི་སྤྱང་ལྟོགས་ཀྱིས་ངུ་ཤམ་བྱེད་པ་དང་གཅིག་མཚུངས་སུ་འདུག
བདེ་ཆེན་སྒྲོལ་མ་ཟེར་མཁན་འདི་འདྲས་བོ་མོ་ཞབས་འདྲེན་ཅིག
བདེ་ཆེན་སྒྲོལ་མ་ལ་བསམ་ཕོད་པ་དང་ཤོད་ཕོད་པའི་རང་གཤིས་ཤིག་འདུག་པར་རྗེས་སུ་ཡི་རངས་ཡོད། བདེ་ཆེན་སྒྲོལ་མ་ལ་ཕོ་བརྒྱ་སྙིང་རླུངས་འཕར་འཇུག་༷པ་དང་མོ་བརྒྱ་ཕྲག་དོག་ལངས་འཇུག་ཐུབ་པའི་ནུས་པ་ཡོད་པར་རྗེས་སུ་ཡི་རངས་ཡོད།
བདེ་ཆེན་སྒྲོལ་མའི་སེམས་ཀྱི་ཚོར་རླབས་དྲག་པོ་དྲ་གྲོགས་ཚོས་གདེངས་འཇོག་གི་རྒྱ་ལ་བརྒལ་བར་རྗེས་སུ་ཡི་རངས་ཡོད།
བདེ་ཆེན་སྒྲོལ་མའི་སྨྱུག་རྩེ་ན་ལྷག་བསམ་དང། སྐྱོ་གདུང། དངངས་སྐྲག སོགས་དྲག་ཏུ་འཁྲུགས་པའི་སྤྲིན་ནག་ནག་འདུག་པར་རྗེས་སུ་ཡི་རངས་ཡོད།
སུས་ཀྱང་བདེ་ཆེན་སྒྲོལ་སྨྱུག་རྩེའི་སྐྱོ་གར་ལ་བཀཀ་འགོག་བྱས་མི་ཆོག་་་་་
སུས་བཀག་འགོད་བྱས་ན་ངས་དེ་ལ་ཁ་གཏད་གཅོག་གི་ཡིན།
ཧ་ཧ་
ཝེ་བློ་བཟང་ལུང་རྟོགས།
བདེ་ཆེན་སྒྲོལ་མས་བྲིས་པའི་སྐྱོ་གར་ནང་དུ་གར་འཁྲབ་མཁན་གྱི་གང་ཟག་སུ་ཡང་མཐོང་རྒྱུ་མེད་པ་དེ་ཁྱད་མཚར་བོ་མིན་འདུག་གམ།
བདེ་ཆེན་སྒྲོལ་མ་ཟེར་པ་དེ་མཚན་མ་ཕྱི་ལ་བུད་ཡོད་མཁན་དང་མེད་མཁན་གང་ཡིན་མི་ཤེས་ཀྱང་། རྩོམ་འགྲོས་ལ་གཞིགས་ན་བུད་ཡོད་མཁན་ཞིན་ཡིན་པའི་སྣང་བ་དབང་མེད་དུ་འཆར་གྱིན་འདུག དེ་གཙོ་བོ་མ་རེད། བྲིས་པའི་རྩོམ་གྱི་ནང་དོན་ལ་བལྟས་ན་གསར་ཕེབས་འགྲོ་སྡོད་མ་ཤེས་མཁན་ཞིག་ཡིན་པ་ཐག་བཅད་ཆོག་པར་སྙམ། གསར་ཕེབས་ཕལ་མོ་ཆེས་རང་ཚུགས་མ་ཐུབ་གོང་། རང་མགོ་མ་ཐོན་གོང་། སྐད་བརྡ་མ་འཕྲོད་གོང་། ལམ་བུ་མ་རྙེད་གོང་། ལས་གནས་མ་རེག་གོང་ལ་བཙན་བྱོལ་གཞུང་དང་གནས་ཡུལ་མང་གཙོ་རྒྱལ་ཁབ་ཆེན་པོ་འདིའི་ལམ་དང་ལུགས་སྲོལ་ཡོད་ཚད་སྐྱོན་དུ་མཐོང་བ་ནི་ཆོས་ཉིད་ལྟ་བུ་ཞིག་རེད། རིམ་གྱིས་ཉམས་མྱོང་བསགས་ཤིང་ཤེས་རྒྱ་ཆེ་རུ་ཕྱིན་ན་ནད་ཡམས་དེ་དག་རིམ་གྱིས་སངས་དྲག་ཏུ་འགྲོ་ངེས་ཡིན། བདེ་ཆེན་སྒྲོལ་མ་འདི་བ་ཚང་ལ་སྦྱངས་པའི་ཤེས་བྱ་ཅུང་ཟད་ཙམ་ལས་རང་གིས་དཔྱད་པའི་རྣམ་དཔྱོད་དང་ཡང་རབས་ཀྱི་བཟང་སྤྱོད་དྲི་མ་ཙམ་ཡང་མེད་པའི་རྟགས་བསྟན་སོང་། ད་ཅི་དྲག
ཁ་བརྡ་ལ་འཇུག་སྐབས་སེམས་བག་ལྷོད་ལ་བབས་ཏེ་ཁ་བརྡ་གླེང་དགོས་པ་ལས། བརྒྱུད་བརླམ་པ་ལྟ་བུའི་བཀའ་མོལ་འཆལ་འཆོལ་དང་ཚིག་རྩུབ་རྐྱང་བཤད་ན་མི་ཧྲ་གི དེ་མོ་གཟིག་ཨེ་རེ།
གྲོགས་པོ་རྒྱ་མཚོ་ལགས་
བདེ་ཆེན་སྒྲོལ་མ་ལགས་ནས་ཁོ་མོའི་སེམས་ཚོར་ཙམ་བྲིས་པར་ཁྱེད་ཚོ་རྣམ་རྟོག་ལངས་དགོས་དོན་རྩ་བ་ནས་མི་འདུག་་་་་་་་ གྲགས་ཅན་པ་ཟེར་བས་གསུང་དོན། རྒྱ་འདྲེས་སྨྱོ་ལབ་རྒྱབ་པ་དང་། རྒྱ་འདྲེས་རྟག་ཏུ་ངུ་བའི་འར་ཆ་དང་གཅིག་མཚུངས་ཤོད་བཞིན་འདུག ཟེར་འདུག་་་་སྐྱོ་གར་ནང་འཁྲབ་མཁན་མི་འདུག་གསུང་དོན་གང་ཡིན། བདེ་ཆེན་སྒྲོལ་མ་ཡང་རྒྱ་འདྲེས་དབང་བསྒྱུར་བྱས་འདུག་ཟེར། ངས་ག་དུས་ཡིན་ཀྱང་རྟོགས་དཀའ་བའི་གནད་དོན་ནི་སོ་སོའི་འདོད་བབ་དང་མ་མཐུན་པ་དང་སོ་སོའི་ཉེ་འབྲེལ་དང་ལྟ་བ་མ་མཐུན་པ་ཡོད་ཚད་ལ་རྒྱ་འདྲེས་དབང་བསྒྱུར་བྱེད་པར་འདོད་པ་མཁན་མང་པོ་ཡོད་པ་དེ་རེད། དེ་དག་ཚང་མ་ལྐུགས་པ་རེད།་་གལ་སྲིད་ཁྱེད་རང་གིས་དེ་ལྟར་འདོད་ཀྱི་ཡོད་ན་ངས་ཁྱེད་ཀྱང་ལྐུགས་པའི་གྲལ་སུ་འཇོག་གི་ཡིན། རྒྱ་དང་འདྲེ། ཇི་འདྲའི་དགོས་བྲོ་བོ་ཞིག་རེད། ང་ཚོའི་ཁོར་ཡུག་ནང་རྒྱ་དང་འདྲེ་མ་གཏོགས་མེད་པ་འདི་སྐྱོ་གར་ཞིག་མ་རེད་དམ།
བདེ་ཆེན་སྒྲོལ་མ་ཟེར་བའི་ཝཱ་ཎའི་སློབ་ཕྲུག་བུ་མོ་མིང་ཅན་ཁ་སྡོད་ཚུགས་མེད་པ་འདིས་འགན་ཁུར་ཅི་ཡང་མེད་པར་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལས་ཀྱི་སྣེ་མོ་བ་རྣམས་ལ་ཁ་བཏང་ཚུལ་འདིར་བལྟས་ན། གངས་ཅན་སྐྱིད་གཤོངས་ན་རྐུ་མ་ཇག་པ་ཤ་སྟག་གིས་ཁེངས་བསྡད་ཡོད་ཚོད་འདུག་ལ། ད་ངོ་མ་བཙན་བྱོལ་བོད་གཞུང་འདི་ཉིད་བསྐྱང་ཐུབ་མཁན་གྱི་མི་དེ་ཚོ་གང་ས་སུ་ཡོད་བདེ་ཆེན་སྒྲོལ་མ་ཟེར་བའི་ཕོ་སར་དེ་དང་དེའི་ཕྱོགས་གཏོགས་པ་རྣམས་ནས་རེ་རེ་བཞིན་ངོ་སྤྲོད་དགོས་འདུག་པ་མ་གཏོགས་དེ་མིན་རྒྱ་དམར་གུང་ཁྲན་ཏང་གི་བཤད་སྲོལ་ལས་ཚབས་ཆེ་བའི་སྐུར་འདེབས་དེ་ཚོ་ཡན་པོར་བཏང་ན་དངོས་གནས་འགན་མ་ཁུར་བ་ཞིག་རང་རེད། སྤྱིར་བཏང་བདེ་ཆེན་སྒྲོལ་མ་ཟེར་བའི་མིང་རྫུས་ཅན་གྱི་ཕོ་སར་འདིས་ལོ་ཤས་སྔོན་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ཁྲོད་འགན་ཁུར་མེད་པའི་གླེང་སློང་མང་པོ་བྱས་སོང་བ་དང༌། རྒྱུ་མཚན་ཁ་ཤས་ལ་བརྟེན་ཏེ་ཁོ་རང་ས་རཱ་མཐོ་སློབ་ནས་ཐོན་དགོས་བྱུང་ཚུལ་ཞིག་ཀྱང་གོ་རྒྱུ་ཡོད་རེད། མཐའ་དོན་བདེ་ཆེན་སྒྲོལ་མ་ཟེར་བ་དང་དེའི་འཁོར་གཏོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་གནམ་ལ་འཕྱར་ནས་སྤྱི་ཚོགས་ལ་འགན་ཞིག་ཁུར་གྱི་ཡོད་ཚེ་མཐོ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ནས་དམའ་ལས་བྱ་ཁ་ལོ་བ་ཡན་ཆོད་གངས་ཅན་སྐྱིད་གཤོངས་ན་རྐུ་མ་ཇག་པ་སུ་ཡོད་དང་དེ་སུ་ཡིན་རེ་རེ་བཞིན་མིང་འདོན་གྱིས་ཁུངས་སྐྱེལ་ར་སྤྲོད་མ་བྱས་ཚེ་བདེ་ཆེན་སྒྲོལ་མས་གངས་ཅན་སྐྱིད་གཤོངས་ཀྱི་མི་སྣ་རྣམས་ལ་སྐྱོན་འཛུགས་བྱས་པ་དེ་ཚོ་ཚང་མ་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ཀྱི་མགོ་ལ་རྒྱོབས་ཤིག ཧ་ཧ།
སྔོན་མ་གངས་སྐྱིད་ནས་ལས་བྱེད་ཅིག་གིས་སྤྱི་འཐུས་རྣམས་ལ། སྤྱི་འཐུས་མ་རེད་ཁྱི་འཐུས་ཟེར་བས་སྤྱི་འཐུས་རྣམས་ཀྱིས་བཀའ་ཤག་ལ་ཞུ་གཏུགས་བྱས། བཀའ་ཤག་གིས་ཁོང་སྐད་བཏང་སྟེ། ཁྱོད་ཀྱིས་སྤྱི་འཐུས་བྱེ་བྲག་པ་ཞིག་དེ་ལྟར་ཟེར་ན་འགྲིག་པ་རེད། འོས་པ་རེད། མང་གཙོ་འགྲོ་སྟངས་དང་མཐུན་པ་རེད། འོན་ཀྱང་ཁྱོད་ཀྱིས་སྤྱི་འཐུས་སྤྱི་ལ་དེ་ལྟར་བཤད་པ་དེ་མ་འགྲིག་པ་རེད་ཅེས་སྤྱི་འཐུས་ལ་མིང་ཆད་བཟོས་པའི་ཉེས་པ་ཕོག་ནས་ལས་གནས་ལས་ངལ་གསོ་དགོས་པའི་གནས་ཚུལ་བྱུང་བ་རེད། གོང་གི་འདི་ཡང་དེ་དང་མཚུངས་ཀྱི་འདུག་སྟབས། འབྲི་མཁན་ཁོང་གི་གཟབ་ཙམ་མ་གནང་ན། ཁོང་རང་ཉིད་ཀྱིས་ལྷག་བསམ་གྱི་བཤད་པ་ཡིན་ཡང་། བཟང་ངན་ཆ་ཚང་དབྱེ་བ་མེད་པར་ཕྱོགས་གཅིག་ཏུ་བརྒྱབ་འདུག་སྟབས། གཞུང་གིས་དེ་ལ་རྩད་ཞིབ་ཅིག་བྱེད་སྐབས་ཁྲིམས་ཀྱི་མདུན་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་ཀྱི་ཡོད་པས་དཀའ་ངལ་འཕྲད་སྲིད་པ་རེད།
རང་གི་རིགས་ལ་ཞེན་ཆེ་ཡང༌། །ལེགས་ཉེས་འབྱེད་ལ་རབ་ཏུ་རྨོངས། །
ཁྲམ་རྐུན་བླུན་རྨོངས་ཀྱིས་ཁེངས་ན། །ཁྱོད་ཀྱང་དེ་ཡི་གཅིག་ཏུ་ངེས། །
ཐ་མ་སློབ་ལ་རབ་ཏུ་བརྩོན་ཞེས་སྐུལ། །ཡིག་རྒྱུགས་ལེགས་ཤིང་རང་ལ་གྲུབ་འབྲས་དགོས། །འོན་ཏེ་ཁྱོད་ལ་ཁ་ངན་བཤད་འདོད་མེད། །རྩོམ་ཡིག་འདི་འདྲས་རང་ཕོངས་རྒྱུ་མཚན་ཆུང༌། །
ཁྲིམས་ཟེར་བ་དེ་ནི་མི་གཉོམ་ཆུང་བོད་པ་ཚང་གི་གཉའ་ཤིང་རེད་ཟེར་ནས་བཤད་ཀྱང་ཆོག རྒྱ་ནག་གི་ཁྲིམས་ཁ་ནས་བོད་མིས་ཚེ་སྲོག་ཤོར། བཙན་བྱོལ་ནས་བོད་མིའི་ཁྲིམས་ཁང་ནས་བོད་མིའི་སྨྲ་བརྗོད་རང་དབང་ཤོར་དགོས་ཀྱི་ཡོད་པ་འདྲ་ཞིག་བཤད་ཀྱི་ཡོད་པ་དེ་ནི་དངོས་ནས་ཡིད་ཆེས་ཐུབ་ས་ཞིག་རེད་མི་འདུག དོན་དངོས་ཐོག་སྨྲ་བརྗོད་རང་དབང་ཟེར་བ་དེའི་ཚད་ཅིག་ཡོད་པ་ག་འདྲ་ཞིག་ཡིན་ན། དེ་དྲ་གྲོགས་ཚོས་ཤེས་ཀྱི་ཡོད་དམ། རྒྱུ་ཡོད་མེད་ཀྱི་ཁྱད་པར་རེད་དམ། དབང་ཡོད་མེད་ཀྱི་ཁྱད་པར་རེད། ཡང་ན་ངོ་གསོ་ཡོད་མེད་ཀྱི་ཁྱད་པར་རེད། དེ་མིན་ཁྱད་པར་གཏན་ནས་མེད་པར་མཐོ་དམན་ཀུན་ལ་དབང་བ་ཞིག་ཡིག་ཐོག་ན་ཡོད་པ་ཙམ་ཆགས་ཡོད་པ་རེད། ཡིག་ཐོག་ན་ཡོད་པ་ཙམ་ཞིག་ཆགས་ཀྱི་མེད་ན་ནི་བོད་པ་ཚང་གི་ཉེས་མེད་ཀྱི་རྒྱལ་གཅེས་པ་དེ་དག་གཅིག་རྗེས་གཅིག་བྱས་དེ་ཚེ་སྲོག་འཕྲོག་པ། དོན་མེད་བཙོན་འཇུག་བྱེད་པ། དེ་དག་ལ་ཁྲིམས་ཀྱིས་བདག་པོ་རྒྱག་ཐུབ་ཀྱི་རེད་དམ། ཁྲིམས་གཏུག་བྱེད་དགོས་པ་ཡིན་ན་དེ་དག་རྒྱལ་སྤྱིའི་ཁྲིམས་ཀྱི་མདུན་སར་བསྐྱལ་ན་མ་རེད་དམ། དུས་ཚོད་ལ་སླེབས་མེད་པ་ནི་ཡིན་རྒྱུ་མ་རེད།
དེང་གི་གངས་སྐྱིད་ན། ཁྱོའི་ཕ་མ་དང་སྤུན་ཟླ་ནང་མི། གཉེན་ཉེ་དུ་ཡུལ་ཕྱོགས་གཅིག་པ་སོགས་ལ་སྤྱོ་བ་དང་གཤེ་བ། རྡུང་བ། བཅོམ་པ། འཕྲོག་པ་དང་གསོད་པ་སོགས་བྱེད་མཁན་གཅིག་ཀྱང་མེད། ཁ་གངས་སྐྱིད་ལ་བསྐོར་ཏེ་ཡིག་འཁྱོག་འགའ་འབྲི་རུ་བཅུག་དུས་ཁྱོད་ནམ་ལངས་འགྲོ་བ་འདི་ཅི་ཡིན་ནམ། ཨ་བོད་གངས་ཅན་བུ་རྒོད་པོ། ཐུ་བྷོད་བཙན་པོ་ནས་བཤད་ན་རྒྱས་དྲགས་ཀི 1959ནས་དྲིས་ན་ཉོག་འགྲོ་བ། ན་ནིང་སུམ་དུས་ནས་ད་བར་དུ་རྒྱ་དམར་པོས་ཅི་བྱས་རྣམས་”མི་བུ་སྒལ་ཚིགས་ཅན”ཁྱོད་ཀྱི་ཀླད་སྟོང་ནང་དུ་མ་སླེབས་པ་འདི་ཀྱེ་མ་ཅི་འདིའི་མཚར་རོ། སྐྱོ་བ་ལ། ཁྱོད་ཀྱིས་ད་བར་དུ་དཀའ་སྤྱད་འབད་བརྩོན་གྱིས་ཡིག་འཁྱོག་ཤ་འགའ་ཤེས་པ་དེ། ཁ་ནང་ལ་སྐོར་བའི་གྲི་ངན་ཞིག་མ་གཏོགས་མ་ཉན་པ་ཨེ་རེད། ཁྱོད་དང་ང་ལྟ་བུའི་རིགས་མཐུན་གྲངས་མེད་ཅིག་ས་མཐར་སྤྱུག་མཁན་སུ་ཡིན་ད་དུང་མ་ཤེས་སམ། (ནགས་ཚང་ཞི་ལིའི་སྐྱིད་སྡུག་)དང་(སངས་རྒྱས་ཀྱི་དཔའ་རྟུལ་ཚོ་) བཀླགས་ཟིན་རབས་བཤད་ཀི་ དཔེ་དེབ་དེ་དག་བཀླགས་པའི་གྲུབ་འབྲས་ད་འདི་ཨེ་རེད། དཔེ་དེབ་དེ་དག་ལས་ཁྱེད་ཀྱིས་“ནང་དམེ་རྩོམ་འཆལ་”འདི་ལྟ་བུ་གྲུབ་པའི་རྒྱུ་ཆ་ལས་མ་རྙེད་པ་ཨེ་རེད། སྐབས་འདིར་ངས་ཁྱོད་ལ་དག་དག་སྤྱོ་ན་འདོད། ང་ཁྱོད་ལ་སྙིང་ལང་གི མི་བུ་ཐ་ཤལ་བ་ཁྱོད། ཁྱོད་ལ་སྒལ་ཚིགས་མི་འདུག
དེང་སྐབས་ང་དཔེ་དེབ་འདི་འདྲ་བཀླགས་པས་སྨྱོ་ལ་ཁད་བྱེད་བཞན་འདུག དེ་བས་ངས་ཁྱོད་ལ་བཟོད་པ་སྒོམ་མི་ཐུབ་གི ཁྱོད་ཀྱིས་རང་གི་ཕ་མེས་བླ་མ་དཔོན་པོ། མཁས་བླུན་དབུལ་ཕྱུགས། རྒན་དར་གཞོན་བྱིས། ཕོ་མོ་སྐྱ་སེར་དབྱེ་མེད་ཁྲི་ཕྲག་མང་པོ་མང་པོ་ཞིག་བསད་པ། ཕ་མཁར་སྨུག་པོ་རྨང་ནས་བཤིག་པ། ཕ་གཞིས་དྲོན་པོ་རྩ་ནས་འཕྲོག་པའི་རྒྱ་དམར་གུང་ཁྲན་ཏང་ཁ་རྡུང་གི་ཚིག་ཏིལ་འབྲུ་ཙམ་ཅི་ཞིག་བྲིས་མྱོང་ངམ། བྲིས་མ་མྱོང་ན་སེམས་ལ་དྲན་མྱོང་ངམ། ཅིའི་ཕྱིར་མ་བྲིས་པ་དང་མ་དྲན་པ་ཡིན་ནམ། དེ་རིང་ནས་བཟུང་ཁྱོད་བོད་མི་རིགས་རིག་གཞུང་། བོད་མི་རིགས་ཀྱི་ལ་རྒྱ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས། ཐ་ན་བོད་ཅེས་པའི་ཐ་སྙད་ཙམ་ཡང་ཁ་ལ་གླེང་བའི་དབང་ཆ་མེད། འདི་འདྲ་བ་ལ་ད་གཟོད་མྱི་ཤུལ་ཁྱི་ལུས་ཟེར་ནས་སྤྱོས་ན་འོས་ཤིང་འཚམས། དེ་རིང་ནས་བཟུང༌། ངས་ཁྱོད་ཀྱིས་བྲིས་ཟིན་པའི་རྩོམ་འཆལ་དེ་རེ་རེ་ནས་ཐོ་གྲངས་བླངས་རྗེས། ཁྱོད་ལ་ཞིབ་ཚགས་ཀྱིས་དཔྱད་བརྗོད་བྱ་རྒྱུ་ཡིན། ཁྱོད་ཀྱི་གྲུབ་འབྲས་གཞལ་རྒྱུ་ཡིན། ཁ་ནང་ལ་བསྐོར་ན་དཔའ་ཞིང་རྟུལ་ཕོད་ཅན། ཕྱི་དགྲ་ལ་བསྐོར་ན་གཉོམ་ཞིང་སྡར་མའི་ཚུལ། ཀྱེ་མ། མི་བུ་སྒལ་ཚིགས་ཅན་ཟེར་ན་ཅི་འདྲ་ཞིག་ལ་ཟེར་གི་རེད། ཁྱོད་ལ་གདོན་འདྲེ་ལ་ཤོས་ཀྱིས་རོགས་བྱེད་ཀི་ཡོད་ས་རེད། ཏགཏག་ངས་ཁྱོད་གཤེ་སྤྱོ་བྱེད་བཞིན་སྒང་འདི་ལ་ཀློག་ཆད་འགྲོ་དོན་མེད་ཀ་ རྗེས་མ་ཡང་གིས་མཇལ་ཡོང༌། མི་བུ་སྒལ་ཚིགས་ཅན་པོ།
ཆུ་བཞི་སྒང་དྲུག་དང་ཧོར་གཙང་ལེགས་བཤད་གཉིས་ཀྱིས་ཅིའི་ཕྱིར་བཤད་པ་དང་བྲིས་པརེད། འོ་ན་ཁྱེད་ཀྱིས་ཅིའི་ཕྱིར་འདི་བསྐྱར་སྐོར་ཡང་སྐྱོར་གྱིས་གླེང་གི་ཡོད། ཀྱེད་ལའང་རྩོམ་ཡིག་བརྗོད་བྱ་ཟད་སོང་བ་མིན་ནམ།
ངས་ཁྱོད་ལ་ཉི་མ་གཉིས་ལ་སྒུག་པ་ཡི། ད་ལན་ཡོད་ན་ཕྲིས་ཤོག་ཡ། ངས་ཁྱོད་ལ་སྒུག་ནས་བསྡད་ཡོད།
ཨ་རོགས། གྲོགས་བདེ་ཆེན་སྒྲོལ་མ་མགོ་རིལ། ཁྱོད་བདེ་མོ་ཡིན་ནམ།
ཨ་རོགས། ཁྱོད་ད་སྐབས་ཆི་མོ་རེད། ཚ་བ་ཆི་མོ་རེད། ཁྱོད་ཀྱི་རྩོམ་ཡིག་ཀློག་གིན་ཀླིན་ང་ཁྱོད་ལ་ཞེད་སྣང་སྐྱེས་ཀི། འདྲ་མིན་འདྲ་མ་འབྲི། རང་གི་སྦྱང་གཞི་ལ་འབད་པ་བྱོས། མི་ཚོས་ཁྱེད་རང་བསམ་བློ་བ་རེད་མདོག་མདོག་བཤད་ཀོ་ཡོད་ཀི་ད། རང་ཉིད་ཕུང་བའི་གཞི་རུ་མི་འགྱུར་བའི་ངེས་པ་ཅི་ལ་ཡོད། རྩོམ་ཡིག་དེ་འདྲ་བྲིས་ནས་ཕན་ན་འོ་ཙམ་རེད་མོད། དེ་ལྟར་མི་ཡོང༌།
ད་སྐབས་ཁྱོད་ཆི་མོ་རེད། བདེ་མོ་ཡིན་ནམ།
བདེ་ཆེན་སྒྲོལ་མ་ཟེར་བ་འདིས་ཤོད་སྟངས་དངོས་གནས་ཅིག་རྩོག་གི འདི་འདྲ་ནི་སྙིང་ནད་ཡོད་པ་ཞིག་ལས་གཞན་གྱིས་ག་ལ་ཤོད། ད་དུང་བླང་དོར་མི་ཤེས་པ་རེ་ཟུང་གིས་ཀྱང་དེ་ལྟར་ཤོད་པ་ནི་ལྷག་བསམ་དང་ཤ་ཚ་བའི་གཏམ་རེད་ཟེར། ངས་ཁྱེད་ཅག་ལ་ཅིག་འདྲི། གལ་སྲིད་ངས། ཁྱོད་ཅག་ནི”གཞན་གྱི་གཅིན་སྐྱག་གིས་ཐུགས་ཡིད་ཚིམས་པའི་སྒལ་ཚིགས་མེད་པའི་ “མི་ཐབས་ཆག་ཁྱུ་ཅིག་རེད། ཁྱོད་ཅག་ནི་” ཁྲམ་པ་དང་རྐུན་མ། ཇག་པ་ ” ཁྱུ་ཅིག་རེད། ཁྱོད་ཅག་ནི་དགྲ་གཉེན་ངོ་མི་ཤེས་པའི་བླུན་པོ་ཁྱུ་ཅིག་རེད་ཅེས་བརྗོད་ན། ཁྱོད་ཚོས་དེ་ཤ་ཚ་དང་ལྷག་བསམ་རེད་འདོད་དམ། རང་དོན་ཉི་ཚེ་བ་རེ་མ་འགྲུབ་པའི་རྐྱེན་གྱིས་རང་གི་གཞུང་ལ་གནས་དུས་ཚོད་རྩིས་ཀྱིས་འདི་ལྟར་ཁ་གཏོང་པ་ནི་དངོས་གནས་ཐ་ཤལ་རང་རེད། མ་གཞི་དྲ་ཐོག་ཏུ་འདི་རིགས་བརྗོད་འདོད་མེད་མོད། ལེགས་ཉེས་མི་ཤེས་པའི་མི་འདི་རིགས་མཐོང་དུས་དངོས་གནས་སྡོད་ཐུབ་པ་མི་འདུག དགོངས་དག
ཨ་རོགས། དྲ་གྲོགས་ཚོ། གངས་སྐྱིད་ལ་གཤེ་བ་ཙམ་གྱི་མི་དེ་ནག་པོ་ཡིན་སོང་མ་རེད། སྐྱོན་བརྗོད་བྱེད་པ་ནི་ཡར་རྒྱས་ཀྱི་རྟགས་ཡིན། ཡིན་ནའང་གཤེ་སྟངས་མ་འགྲིག་ན་དགག་ཆོག་ལ། དགག་ཡིག་ལའང་ནང་དོན་ཡོད་དགོས། དེ་མིན་བརྗོད་གཞི་དང་མི་འབྲེལ་བའི་སྐད་ཆ་བཤད་ན་དུས་ཚོད་འཕྲོག་བརླག་རེད། གོང་དུ་དྲ་གྲོགས་ཚོས་བདེ་ཆེན་སྒྲོལ་མའི་རྩོམ་ཡིག་གི་ནང་དོན་ཁག་ལ་ལན་འདེབས་བྱེད་ཐུབ་མི་འདུག་ལ་། ལན་འདེབས་ཡག་པོ་ཞིག་བྱེད་རྒྱུ་བསམ་བློའང་མེད་པ་འདྲ། དོན་དངོས་ཐོག་གངས་སྐྱིད་ན་ཅི་ཞིག་བྱེད་ཀྱི་ཡོད་མེད་དང༌། ལས་ཁུངས་རེ་རེ་ན་ཅི་ཞིག་བྱེད་ཀྱི་ཡོད་མེད། ལས་བྱེད་རེ་རེས་ཅི་ཞིག་བྱེད་ཀྱི་ཡོད་མེད་ཤེས་དགོས། ཡོད་ནི་བཤད་ན་ང་ཚོར་རྩ་ཁྲིམས་རིན་པོ་ཆེ་ཡོད་ལ། ཀ་བ་གསུམ་ལྡན་གྱི་མང་གཙོ་ཡོད། སྲིད་འབྱོར་རིག་གསུམ་གྱི་ལས་ཁུངས་མ་ལག་ཡོད་པ་རེད། རང་དབང་ཅན་གྱི་སྒེར་ཚོགས་ཀྱང་ཡོད་པ་རེད། ཡིན་ནའང་འདི་ཚོ་ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་དམ། འཛམ་གླིང་སྟེང་དུ་ལས་ཀ་བྱེད་ཀྱི་མེད་པའི་མི་སུ་ཡང་མེད་པས། གངས་སྐྱིད་ནས་ཀྱང་ལས་ཀ་དེ་བཞིན་བྱེད་ཀྱི་ཡོད་རེད། འདི་སྒེར་དོན་འབྲེལ་མི་འདུག་གམ། ངས་མི་རིགས་དང༌རིག་གཞུང་གི་ཆེད་དུ་ལྷག་བསམ་ཡོད་མེད་གཙོ་བོ་མ་རེད། གཙོ་བོ་ཆོས་དང་རིག་གཞུང་བཤད་ན་ཁེ་ཕན་ཐོབ་ཐུབ་མིན་དེ་རེད། ཁེ་ཕན་ཡོད་ན་བཤད་ཀྱི་རེད་ལ་དེ་ཐད་ལས་ཀའང་སྐལ་མ་ཆད་པ་ཞིག་བྱེད་ཀྱི་རེད། ཡིན་ནའང་དེར་ཁེ་ཕན་མེད་ན་ལས་བྱེད་མང་ཆེ་ཤོས་དེ་ཐད་ལས་ཀ་བྱེད་ཀྱི་མ་རེད། དེར་བརྟེན་སྐྱོན་ཞིག་ཏན་ཏན་གནས་ཡོད་པ་རེད།
དྲ་གྲོགས་བདེ་ཆེན་སྒྲོལ་མའི་བཤད་སྟངས་དེ་ཅུང་ཙམ་ཐལ་དྲགས་འདུག དངོས་ཡོད་ཀྱི་ཆ་ནས་གངས་སྐྱིད་ལ་སྐྱོན་ཏན་ཏན་ཡོད་ལ། ལྷག་པར་དུ་གངས་སྐྱིད་ཀྱི་ལས་བགོ་བྱེད་སྟངས་ཐད་ལ་སྐྱོན་ཡོད། དེ་ལེན་སྟངས་ཐད་ལའང་སྐྱོན་ཡོད་པ་རེད། ས་མིག་གང་ཞིག་བྱུང་ན་དེར་ལས་བགོ་བྱེད་སྟངས་ལ་སྐྱོན་འདུག ང་རང་གངས་སྐྱིད་ནས་ལས་ཀ་བྱས་ཏེ་ལོ་བཞི་ལྷག་འགྲོ་གི་འདུག ལས་བྱེད་ཡིག་ཚད་གཏོང་སྟངས་ཐད་ལ་སྐྱོན་ངེས་ཅན་ཞིག་ཡོད་པ་ནི་ལས་བྱེད་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཤེས་དགོས་པ་དེ་ཡིན། དོན་དངོས་ཐོག་སྒྲིག་གཞི་དེ་ཡག་པོ་ཞིག་ཡིན་ནའང་ཡིག་ཚད་གཏོང་སྐབས་བོད་ཡིག་དང་དབྱིན་ཇི་གཉིས་ཀ་ཡག་པོ་ཤེས་མཁན་རེ་ཟུང་ལས་ཡོང་གི་མེད། དེར་བརྟེན་ཡིག་ཚད་ཀྱི་སྐར་གྲངས་དམའ་རུ་གཏོང་དགོས་ཆགས་པ་རེད། དེ་ལྟར་བྱས་དུས་དབྱིན་ཡིག་ལ་ཡག་པོ་ཡོད་མཁན་ཞིག་བོད་ཡིག་ཅུང་སྐྱོ་བ་ཞིག་ཡིག་ཚད་ལོན་གྱི་མེད་ལ། བོད་ཡིག་ཡག་པོ་ཡོད་ཀྱང་དབྱིན་ཡིག་དེ་ཙམ་མི་བཟང་བ་ཞིག་ཀྱང་ཡིག་ཚད་ལོན་གྱི་མེད། འོ་ན་ཡིག་ཚད་ལོན་མཁན་ནི་སུ་ཡིན་ཟེར་ན། དེ་ནི་དབྱིན་ཡིག་ཀྱང་ཁུངས་འཁྱོལ་ཙམ་དང་བོད་ཡིག་ཀྱང་ཁུངས་འཁྱོལ་ཙམ་ཤེས་མཁན་དེ་ཡིག་ཚད་ལོན་ཙམ་བྱེད་པ་རེད། རྗེས་སུ་མི་དེ་དག་ལས་བགོ་བྱེད་རྗེས་ཁོང་ཚོ་ཡིག་ཚང་དུ་ལས་ཀ་བྱེད་སྐབས་ཁོང་ཚོས་དབྱིན་ཇི་སྟེང་ནས་ལས་སྡོམ་སྙན་ཞུ་འབྲི་ཤེས་ཀྱི་མེད་ལ་ཡིག་འབྲེལ་ཙམ་ཡང་བྱེད་ཐུབ་ཀྱི་མེད། དེར་མ་ཟད་བོད་ཡིག་སྟེང་ནས་ལས་སྡོམ་དང་ཡིག་འབྲེལ་གང་ཡང་བྱེད་མི་ཐུབ་པས་གཞུང་ཡིག་ཚང་མ་སྐུ་ངོ་བྲིས་ནས་གཤམ་གྱི་ལས་བྱེད་ཚོས་ཡར་མར་ལ་བསྐྱལ་བ་རེད། དེར་བརྟེན་བོད་ཡིག་ཡག་པོ་ཡོད་མཁན་ཡང་ཚུད་ཀྱི་མེད་ལ་དབྱིན་ཇི་ལེགས་པོ་ཤེས་མཁན་ཚོའང་ཚུད་ཀྱི་མེད་པ་རེད། ་དེ་གཅིག་རེད།
དེ་ནས་ལས་བགོ་རྒྱག་སྟངས་ཐད་ལ། གཞུང་ཞབས་ནང་དུ་ཚད་པའི་ལས་བྱེད་ནང་དུ་སྐུ་ངོ་ཚོའི་ཚ་བོ་ད་ཚ་མོ། དེ་མིན་ན་ཉེ་འབྲེལ་གང་འཚམ་ཡོད་ལ། ལས་བགོ་བྱེད་སྐབས་དེ་དག་མང་ཆེ་བ་ལས་གནས་ལེགས་ཤོས་སུ་ཚུད་འགྲོ་བ་དང༌། གལ་སྲིད་བོད་ནས་སླེབས་པའི་མི་ཞིག་ཡིན་པ་དང་དེར་གཉེན་ཉེ་ཡང་མེད་ཚེ་ཐག་ཆོད་པ་ཞིག་ལ་ཁོ་ཕྱོགས་མཐའ་ཁག་གི་ལས་གནས་ཁག་ཤོས་ལ་གཏོང་བ་ཡིན། འདིའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ནི་ལས་སླ་པོ་ཞིག་ཡིན། ང་ཚོས་རྒྱང་ཐག་རིང་པོར་འགྲོ་མི་དགོས་པར་ཕྱི་ལོ་2005 ནས་2009 བར་དུ་བླངས་པའི་གཞུང་ཞབས་ཚོའི་ལས་བགོ་བྱེད་སྟངས་ཐད་ཞིབ་འཇུག་ཅིག་བྱས་ནས་བརྒྱ་ཆ་བླངས་ན་ཧ་གོ་ཐུབ། ང་རང་གི་མིག་མཐོང་ལག་ཟིན་ལ་གངས་སྐྱིད་ཀིྱི་བཀའ་དྲུང་ཡིག་ཚང་གི་བཀའ་དྲུང་ཆེ་མོ་མི་འགྱུར་རྡོ་རྗེ་ཡི་ཚ་མོ་གཉིས་དང༌། དེ་མིན་ཕ་མ་གངས་སྐྱིད་ཀྱི་ལས་ཁུངས་མ་ལག་ཏུ་ལས་གནས་གལ་ཆེ་ཁག་ལ་ལས་ཀ་བྱེད་བཞིན་པའི་གཞུང་ཞབས་ཚོའི་ཚ་བོ་ཚ་མོ་མང་ཆེ་བ་གངས་སྐྱིད་རང་དུ་ལས་བགོས་བྱས་པ་ལྟ་བུ་རེད།
བདེ་ཆེན་སྒྲོལ་མ་ལགས།
ཁྱེད་ཀྱིས་ལ་རྒྱ་དང་སེམས་ཤུགས་ཆེན་པོའི་སྒོ་ནས་རང་སེམས་ལ་གང་དྲན་པ་དེ་ཤུར་མུར་དུ་བརྗོད་པ་ཡག་པོ་རེད། ཡིན་ན་ཡང་། ད་ལྟ་ང་ཚོའི་བོད་མི་རིགས་ཀྱི་གནས་བབས་འདི་འདྲ་ཞིག་གི་འོག་ནས་ལ་རྒྱ་དང་སྤོབས་སེམས་ཀྱི་ཁུ་ཚུ་དགུང་ལ་འཕྱར་ནས་ཁྱོད་ཤི་ང་གསོན་གྱི་གཡུ་འཐབ་གཤམས་རྒྱུ་མ་ཡིན་ལ།
སྟོབས་ཤུགས་ཀྱི་ནུས་པ་འཐོར་འདེགས་བྱེད་པའི་གཅིག་སྒྲིལ་གྱི་བསམ་བློ་ལ་གཏོར་སྐྱོན་དེ་བས་ཀྱང་གཏོང་ག་ལ་རུང་། དེ་བས་ཁ་གསལ་གོ་བདེ་ཡི་ངང་ནས་གནས་ལུགས་དང་རྒྱུ་མཚན་གཞི་ལ་བཞག་ཏེ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྡོག་རོལ་གཏོང་བཞིན་མི་ཤ་བརློན་པ་ཟ་ཞིང་མི་ཁྲག་དྲོན་མོ་འཐུང་བའི་མི་སེམས་འདྲེ་ཡིས་བཟུང་བའི་སྨྱོན་པ་དེ་ཚོ་འདུལ་ན་མི་ལེགས་སམ།
ཨ་རོ་རྒྱལ་ལོ།
གངས་སྐྱིད་ཀྱི་སྐོུ་སུ་དང་སུ་ལ་དགའ་གི་མིན་འདུག་གམ།
ཁྱོད་སྐྱིད་ཉལ་རྒྱབས་ནས་བསྡད། ད་དུང་མི་ལ་མིག་དམར་རྫིར་རྫིར་བྱེད་ཤོག་ཨ།
ལྟོས་དང་། ངས་འདི་ལ་སྙིང་ནད་ཅིག་ཡོད་ས་རེད་ལབ་མ་བྱུང་ངམ། ད་ལྷང་ལ་བུད་ཡོང་གི་འདུག་ག