རང་གཞུང་དྲ་བས་་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་ཁུངས་ལྡན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དུ་གནས་མཇལ་དང་དུས་འཁོར་དབང་ཆེན་ཞུས་ཏེ་རང་ཡུལ་བོད་དུ་ཕྱིར་ལོག་བྱེད་མཁན་རྣམས་ལ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་མགྲོན་ཁང་དང༌། སློབ་གྲྭ་སོགས་ས་གནས་འདྲ་མིན་དུ་བཀག་ཉར་གྱིས་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་མུས་ཡིན་པ་ལྟར། ཉེ་དུས་ཨ་མདོ་བསང་ཆུ་རྫོང་ཁོངས་དང༌མཚོ་བྱང་ཚ་འདམ་ཆེ་བ་ས་ཁུལ་གཞུང་འབྲེལ་ཐོག་ཞིབ་བཤེར་ནན་པོ་བྱ་རྒྱུའི་ཚོགས་ཆུང་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་བསང་ཆུ་རྫོང་གཞུང་འབྲེལ་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིག་ན། ཟླ་ ༣ ཚེས་ ༢ ཉིན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཚོགས་ཏེ་བསང་ཆུ་རྫོང་ནས་དུས་འཁོར་དབང་ཆེན་ལ་ཞུགས་ཏེ་ཕྱིར་ལོག་བྱེད་མཁན་རྣམས་ལ་ཆེད་དམིགས་བརྟག་དཔྱད་དོ་དམ་གྱི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད་འདུག
དེ་བཞིན་མཚོ་བྱང་ཁུལ་ཚ་འདམ་ཆེ་བ་ཁུལ་གྱི་མི་དམངས་སྲིད་གཞུང་གི་དྲ་རྒྱའི་ཐོག་བཀོད་པའི་ཕྱི་ལོ་ ༢༠༡༢ ལོའི་ཡིག་ཆ་ཨང་གཉིས་པ་ལྟར་ན། ས་ཁུལ་དེར་དུས་འཁོར་དབང་ཆེན་ལ་ཞུགས་ནས་ཕྱིར་ལོག་བྱེད་མཁན་གྱི་མི་སྣར་ཞིབ་བཤེར་ཐོ་འགོད་བྱ་རྒྱུའི་ཆེད་ལས་དོན་ཚོགས་ཆུང་ཆེད་བཙུགས་བྱས་ཡོད་པ་ལྟར། སྒྲིག་ཁྲིམས་ཞིབ་ཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིས་ཕུན་ཧ་ཚོགས་གཙོ་དང༌། རྩ་འཛུགས་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏན་ཧུ་པིང། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གུང་ཞོ་ཉིན་གྱི་ཚོགས་གཞོན་དུ་བསྐོ་གཞག་བྱས་པ་མ་ཟད། དེ་མིན་ཚོགས་མིར་མི་དྲུག་ཙམ་བསྐོ་གཞག་བྱས་ཏེ་ལས་དོན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་དང་དྲིལ་བསྒྲགས་པུའུ་ཡིས་སྤྱི་ཡོངས་ཀྱི་ལས་དོན་ཚོགས་ཆུང་གི་བྱེད་སྒོ་གོ་སྒྲིག་དང་མཐུན་སྦྱོར་འབྲེལ་གཏུགས་ཀྱི་འགན་འཁུར་རྒྱུ་དང༌། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་སྤྱི་བདེ་ཅུས་དང་མི་རིགས་ཆོས་ལུགས་ཅུས། གྲོང་བརྡལ་གཉིས་ཀྱིས་ཞིབ་བཤེར་ཐོ་འགོད་ཀྱི་འགན་འཁུར་རྒྱུ་དང༌། ཆེད་དམིགས་མི་སྣ་བཀོད་སྒྲིག་བྱས་ཏེ་ལས་དོན་སྤེལ་དགོས་པ་དང༌། འབྲེལ་ཡོད་ཀྱི་གནས་ཚུལ་དུས་ཐོག་ལས་དོན་ཨུ་ཡོན་ལྷན་ཁང་དང༌། རྩ་འཛུགས། དྲིལ་བསྒྲགས་པུའུ་བཅས་ལ་ཞུ་དགོས་པའི་གཏན་འབེབས་བྱས་འདུག་པ་ལྟར། དུས་འཁོར་དབང་ཆེན་ཞུས་ཏེ་བོད་ནང་ཕྱིར་ལོག་བྱེད་མཁན་བོད་ཀྱི་ས་ཁུལ་ཁག་གི་བོད་མི་ཚང་མར་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་དམ་བསྒྲགས་དང་བསུན་གཙེར་ཤུགས་ཆེ་བཟོ་བཞིན་ཡོད་འདུག་པ་བཅས། །
རྒྱ་ཡིས་ལྷ་ས་ཁུལ་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་ཀྱང་། མདོ་སྟོད་སྨད་ཁུལ་ལ་དམ་བསྒྲགས་དེ་ཙམ་མི་བྱེད་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ། དཔེར་ན། རྒྱའི་བའི་སྐུ་པར་སྒྲིག་གཤོམ་དང་ངོ་རྒོལ་སྐད་འབོད་རྒྱག་པ་སོགས་ཀྱི་རང་དབང་ཆེན་པོ་ཡོད་པ་དང་། དེ་བཞིན་དུ་དགོན་སྡེ་ཁག་གི་ནང་གྲ་གྲངས་ལ་ཚད་བཀག་མི་བྱེད་པ་སོགས་ཡིན།
དྲྭ་གྲོགས་བཙན་བྱོལ་བས་བཏོན་པའི་དྲི་བ་དེར། ཆབ་སྲིད་དང་འཛིན་སྐྱོང་གིས་ཁྱད་པར་རེད། ང་ཚོ་བཙན་བྱོལ་དུ་འབྱོར་ནས་རྐྱེན་ངན་གྲོགས་ཤར་གྱིས་མིའི་ལུང་པར་ཆོལ་ཁ་གསུམ་དེ་ཆིག་སྒྲིལ་ཐུབ་པར་བརྟེན། ཕྱི་ནང་གསང་གསུམ་གྱི་འཐབ་རྩོད་གང་ཞིག་ཏུ་འང་ཆོལ་ཁ་གསུམ་ཡ་མ་བྲལ་བའི་འཐབ་རྩོད་རྒྱུན་འཁྱོངས་གནང་ཡོད། འོན་ཀྱང་རྒྱ་ཕྱོགས་ནས་བོད་ཅེས་པ་དབུས་གཙང་ལས་ངོས་མི་འཛིན་པ་དང་། སྔོན་མ་ཨ་རིའི་སྲིད་འཛིན་ཞིག་རྒྱ་ནག་ཏུ་ལྟ་སྐོར་ཕེབས་སྐབས་འབྲེལ་ཡོད་རྒྱ་གཞུང་དཔོན་རིགས་ལ། ཁྱོད་ཚོས་བོད་མི་ས་ཡ་གཅིག་ལྷག་ཙམ་བསད་འདུག་ཅེས་ཤོད་སྐབས། རྒྱ་ནག་དཔོན་རིགས་ཀྱིས་བོད་དུ་མི་གྲངས་ས་ཡ་གཉིས་ཙམ་ལས་མེད་པར་ས་ཡ་གཅིག་ལྷག་བསད་ཡོད་ན། ད་ལྟ་ས་ཡ་གཅིག་ཀྱང་མེད་ཟེར་རྒྱུ་ཡིན་ནམ། ད་ལྟ་བོད་ཀྱི་མི་འབོར་ས་ཡ་གཉིས་ལྷག་ཙམ་ཡོད། ཅེས་ཤོད་སྐབས་ཨ་རི་སྲིད་འཛིན་གྱིས་གསུང་རྒྱུ་ཅང་མ་རྙེད་པར་ཨ་རིར་འཁོར་རྗེས་ང་ཚོའི་འབྲེལ་ཡོད་ལ། ཁྱོད་ཚོས་དེ་ལྟར་བཤད་པ་བཞིན་ངས་རྒྱ་ནག་དཔོན་རིགས་ལ་བརྗོད་སྐབས་ཁོ་ཚོས་དེ་ལྟར་ཤོད་ཀྱི་འདུག་ཁྱོད་ཚོས་ཤོད་ལྟར་དེར་ཁུངས་མི་འདུག་ཅེས་བཤད་འདུག་པ་ང་ཚོས་བཤད་པའི་གྲངས་འབོར་དེ་ཆོལ་ཁ་གསུམ་གྱི་ས་ཁོངས་ཡིན་པ་དང་། རྒྱ་མིས་བོད་ཅེས་པ་ད་ལྟའི་རང་སྐྱོང་ལྗོངས་གཅིག་པུར་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་འགྲེལ་བརྗོད་བསྐྱར་མ་གནང་དགོས་བྱུང་འདུག
དེར་བརྟེན་རྒྱ་མིས་ཕྱི་ཚུལ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་རོལ་གྱི་བོད་མིའི་ས་ཁུལ་རྣམས་ལ་ལྟ་སྟངས་གཞན་ཞིག་ཡོད་པའི་ཟོལ་བསྟན་པ་དང་། དུས་རབས་བརྒྱད་ཅུ་པའི་མཇུག་དང་དགུ་བཅུ་པའི་འགོར་རྒྱ་མིའི་གནད་ཡོད་དཔོན་རིགས་ནས་བོད་བརྟན་ལྷིང་འོང་མི་འོང་ལྷ་ས་བརྟན་ལྷིང་འོང་མི་འོང་གི་གནད་དོན་ལ་ཐུག་ཡོད། ཅེས་བཤད་ཡོད། ད་ལྟ་ཡང་ང་ཚོས་བཏོན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འོང་ཐབས་ཀྱི་བསམ་འཆར། ཞེས་པར་རྒྱ་མིས་ཏཱ་ལའི་བླ་མས་ཀྲུང་གོའི་ས་ཁྱོན་བཞི་ཆ་གཅིག་དགོས་པའི་ཧམ་སེམས་ཤོད་ཀྱི་འདུག ཅེས་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ཀྱིས་བོད་ཆེན་པོ་ཞེས་པ་བཙན་པོའི་སྐབས་ཀྱི་གནས་ཚུལ་ལས་དེ་རྗེས་བོད་མི་རྣམས་སྲིད་འཛིན་གཅིག་གི་འོག་ཏུ་བསྡུ་མྱོང་མེད། ཅེས་སྡུག་སྐད་བརྒྱབ་ཡོད། གཉིས་པ། ད་སྐབས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་དུ་ཡོད་པའི་མདོ་སྟོད་ཀྱི་ས་ཁུལ་ཕྱེད་ཙམ་དང་། མདོ་སྨད་ཀྱི་ས་ཁུལ་རྣམས་རྒྱ་གཞུང་གི་ཞིང་ཆེན་བཞིར་ཆ་བགོས་བྱས་ཡོད། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དང་བསྡུར་ན་རྒྱ་ནག་ནང་རང་དབང་ཆེ་ཙམ་ཡོད། དེར་བརྟེན་རི་ཆེན་པོའི་གྲིབ་ནག་ཕོག་ཅེས་པའི་ཤོད་སྲོལ་ལྟར། རྒྱ་མིའི་ཞིང་ཆེན་དང་འཛིན་སྐྱོང་གཅིག་གི་འོག་ཡོད་ཙང་རང་དབང་བོད་རང་སྐྱོང་ལྗོངས་ལས་རང་དབང་ཆེ་བ་བྱུང་བ་རེད། ང་ཚོས་རྒྱ་མིའི་གདུག་རྩུབ་ཕྱིར་བསྒྲགས་པ་དང་གནས་སྟངས་ཆ་ཚང་ཤོད་མ་ཐུབ་ན། གནས་ཚུལ་གོ་ལོག་མང་པོ་འབྱུང་གི་ཡོད། ཕྱི་རྒྱལ་འགའ་དང་རང་རིགས་འགའ་ཞིག་ཐད་ཀར་རྒྱ་ནག་ཏུ་ཕྱིན་ནས་ཚུར་འོངས་རྗེས་རྒྱ་ནག་ནང་རང་དབང་ཆེན་པོ་ཡོད་པ་སྒྲོག་གི་ཡོད་ལ། དཔེ་ཚོང་ཁང་དུ་རང་དབང་གི་དེབ་དང་༸གོང་ས་ཏཱ་ལའི་བླ་མའི་གསུང་རྩོམ་བཙོང་རྒྱུ་ཡོད་སྐོར་བཤད་དེ་ཕལ་ཆེར་ང་ཚོས་བཤད་པ་དག་རྫུན་རེད་མདོག་མདོག་བཤད་མཁན་ཕྲན་ལ་དངོས་སུ་ཐུག་མྱོང་། སྤྱི་ལོ་ ༡༩༩༥ ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་སུ་༸གོང་ས་མཆོག་དང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་མཐེ་བོང་ཙམ་ཉར་ས་མེད་ལ། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་དུ་༸གོང་ས་མཆོག་གི་སྐུ་པར་མི་ཚད་ཙམ་ཉར་ཡང་གང་ཡང་བརྗོད་མཁན་མེད། བོད་རང་སྐྱོང་ལྗོངས་སུ་དམ་དྲག་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། ལོ་རབས་བརྒྱད་ཅུ་པའི་ནང་ལྷ་སས་གཙོས་བོད་རང་སྐྱོང་ལྗོངས་ཁོངས་སུ་ཆབ་སྲིད་ཀྱི་ཞི་རྒོལ་རབ་དང་རིམ་པ་བྱུང་བ་ལས་ཀྱང་རེད། དེར་བརྟེན་དབུས་གཞུང་རང་ནས་བོད་རང་སྐྱོང་ལྗོངས་སུ་དམིགས་བསལ་དམ་དྲག་གི་སྲིད་ཇུས་འཛིན་གྱི་ཡོད། ངས་དེ་ལྟར་བཤད་པ་དང་མཉམ་དུ་ད་སྐབས་རྔ་པ་དང་ས་ཁུལ་འགའ་ཞིག་ཏུ་བརྗོད་དཀའ་བའི་དམ་དྲག་དེ་ལྟ་བུ་གང་མྱུར་ཞི་བའི་རེ་བ་ཡོད།
བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་བོད་པ་ཚོར་དམ་བསྒྲགས་བྱེད་སྟངས་དང་བསྡུར་བ་ཡིན་ན། མདོ་སྟོད་སྨད་ནང་དམ་བསྒྲགས་བྱེད་སྟངས་དེ་ཏོག་ཙམ་ལྷོད་པ་འདྲ་པོ་ཡོད་པ་རེད་མ་གཏོགས། མདོ་སྟོད་སྨད་ལ་དམ་བསྒྲགས་མེད་པ་དེ་འདྲ་མ་རེད། དཔེར་ན། བོད་རང་སྐྱོང་ལྗོངས་ནས་འཛིན་བཟུང་བྱས་པ་དང་གཞན་ནས་འཛིན་བཟུང་བྱས་པ་ལའང་ཁྲིམས་གཅོད་ལྕི་ཡང་གི་ཁྱད་པར་ཡོང་གི་ཡོད་པ་རེད།
ད་སྐབས། རྒྱ་ནག་དབུས་གཞུང་རང་གིས་བོད་ལ་དམ་བསྒྲགས་བྱས་ནས་གནད་དོན་མ་ལྷག་པ་བྱེད་དགོས་ཞེས་ཚོགས་འདུ་འཚོགས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སོགས་བོད་ས་ཚང་མར་དམ་བསྒྲགས་དེ་ལག་བསྟར་བྱེད་ཀྱི་ཡོད་པ་རེད། བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་དེ་ནས་བཟུང་། བོད་ཁྱོན་ཡོངས་ལ་སྲིད་བྱུས་གཅིག་གྱུར་དང་དམ་བསྒྲགས་གཅིག་གྱུར་བྱེད་ཀྱི་ཡོད་པ་རེད། ད་ཆ་དམ་ལྷོད་དང་ལྕི་ཡང་ཟེར་བ་ཞིག་ཡོད་པ་མ་རེད། ས་གནས་ཀྱི་བོད་རིགས་ལས་བྱེད་ཚོའི་ལས་ཀ་བྱེད་སྟངས་ཀྱིས་ཁྱད་པར་ཏན་ཏན་ཡོང་གི་ཡོད་པ་རེད། ང་ཚོས་བོད་ཁུལ་དང་བོད་ཁུལ་བསྡུར་དགོས་པ་མ་རེད། བོད་ཁུལ་དང་རྒྱ་ནག་ནང་ཁུལ་གྱི་དཔལ་འབྱོར། འགྲིམ་འགྲུལ། སློབ་གསོ་སོགས་བསྡུར་དགོས་པ་རེད།
ལྷག་པས་དེ་ལྟར་གསལ་བཤད་བྱས་པ་ཧ་ཅང་ཡག་པོ་འདུག དེང་སྐབས་ང་ཚོའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལ་ལྷག་བསམ་དང་སེམས་ཤུགས་ཡོད་ཀྱང་གོ་རྟོགས་དང་རྒྱུས་ལོན་མེད་པས་གཞན་གྱིས་དྲི་བ་ཞིག་སླེབས་དུས་ཨ་རིའི་དཔོན་རིགས་དེ་ནང་བཞིན་ཆགས་པ་མང་པོ་ཡོད་པ་རེད། བོད་ཀྱི་འཐབ་རྩོད་འདི་གསལ་བཤད་དང་བདེན་པ་བཤད་རེས་ཀྱིས་འཐབ་རྩོད་ཅིག་ལས་དམག་འཐབ་དང་ཁྱོད་ཤི་ང་གསོན་གྱི་འཁྲུག་འཛིངས་ཤིག་མིན་སྟབས། ཅིས་ཀྱང་སླབས་དོན་ལོ་རྒྱུས་ཀྱི་བདེན་དོན་དང་ཁུངས་སྐྱེལ་ར་སྤྲོད་དང་། དེང་གི་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་དམིགས་ཡུལ། ས་ཁུལ་ཁག་བགོས་ནས་ཆབ་སྲིད་ཀྱི་ཐོབ་དབང་མི་འདྲ་བ་འདི་འདྲའི་སྐོར་ནས་ད་དུང་ཡང་ཁོམ་སྐབས་དག་ལ་ལམ་སྟོན་དང་གོ་བསྐོན་མང་དུ་གནང་ན་བོད་རིགས་གཞོན་སྐྱེས་སེམས་ཤུགས་ཅན་མང་པོར་ཕན་ཐོག་འབྱུང་ངེས་ན། ལར་ནས་ཀྱང་འདི་ལྟ་བུའི་གནན་འགག་ཆེ་ས་དག་ངོ་སྤྲོད་གང་མང་གནང་རོགས་སྐུལ་ལོ།།
བཙན་བྱོལ་བ་ལ་འདི་ལྟར་བརྗོད་འདོད་བྱུང་།
བོད་་ནང་གི་གནས་ཚུལ་ལ་རྒྱུས་མངའ་མེད་ན་དབྱེན་སྦྱོར་དཀྲུག་ཤིང་གི་སྐད་ཅོར་རྒྱབ་པས་དགོས་པ་མི་འདུག རྗེས་སུ་ཁ་ལྕེ་ལ་བདག་པོ་རྒྱག་རྒྱུ་གལ་ཆེའོ།།
ཨ་རོགས་ཁྱི་རྒན་རྒྱ་རྒན་ཚོ་ད་ཁ་རོགས་སྡོད་ན་དགའ། ཚོད་བཟུང་ན་དགའ། བསམ་བློ་ཐོངས་དང་དགའ། དེ་མ་གཏོགས་འགྱོད་པ་དེ་ལས་ཆེ་བ་ཞིག་རེད་ཡོད་ད་ཁོ་རེ་ཚོ།
བགྲོ་གླེང་ཡག་པོ་གནང་འདུག མཆན་བུ་བ་དང་པོ་དང་མཐའ་མ་བ་འདི་གཉིས་བློ་རྒྱ་ཤིན་ཏུ་ནས་ཆུང་བས་གྲོ་གླིང་ཐོག་མ་ཕེབས་ན་འགྲིག དུམ་བུ་གཏོང་རྒྱུར་མ་འབད་ན་བཟང་། ད་དེ་ཡིན།
ཅ་ཆིང་ལིན་གྱིས་རང་རྒྱལ་གྱི་ཆོས་ལུགས་ལས་རིགས་དེ་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཤུགས་རྐྱེན་ཇེ་ཆེར་གཏོང་དགོས་ཞེས་བསྟན་པ།
2012-03-04 15:01:00 | རྩོམ་པ་པོ།: ལྗོན་སྨྱུག་ནས་བསྒྱུར། | ཡོང་ཁུངས།: ཀྲུང་གོའི་བོད་ལྗོངས་དྲ་བ།
ཟླ་༣ཚེས༣ཉིན་ཀྲུང་གོའི་བོད་ལྗོངས་དྲ་བས་པེ་ཅིང་ནས་གནས་ཚུལ་བསྒྲགས་པ། ༢༠༡༢ལོའི་ཟླ༣ཚེས༣ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བ་དེ་མི་དམངས་ཚོགས་ཁང་ཆེན་མོ་ནས་འགོ་བརྩམས་ཤིང་། ཅ་ཆིང་ལིན་གྱིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་གི་ལས་དོན་སྙན་ཞུ་ཕུལ།
ཅ་ཆིང་ལིན་གྱིས། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེའི་ཨུ་ཡོན་ལྷན་ཁང་དང་རྒྱལ་ཕྱིའི་ཆོས་ལུགས་ཞི་བདེའི་སྒྲིག་འཛུགས་ཕྱོགས་གཉིས་ཀྱི་འབྲེལ་འདྲིས་དེ་ཉིད་ནང་རྐྱེན་ལམ་ལུགས་ཅན་དུ་འགྱུར་བའི་གོ་རིམ་ལ་སྐུལ་སྤེལ་དང་། འཛམ་གླིང་རང་བཞིན་དང་། ས་ཁུལ་རང་བཞིན་ལས་བརྒལ་བའི་ཆོས་ལུགས་ཞི་བདེའི་སྒྲིག་འཛུགས་བར་གྱི་འབྲེལ་འདྲིས་བརྟན་པོར་གོང་དུ་སྤེལ་ནས་རང་རྒྱལ་གྱི་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་གང་ལེགས་མཛད་པ་དང་། རྒྱལ་སྤྱི་ལས་བརྒལ་བའི་ཆོས་ལུགས་སྒྲིག་འཛུགས་ཁྲོད་ཀྱི་ཤུགས་རྐྱེན་མུ་མཐུད་ནས་ཇེ་ཆེར་བཏང་སྟེ་རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱ་སྲུང་སྐྱོབ་བྱེད་པར་དགེ་མཚན་ལྡན་པའི་ཕན་ནུས་འདོན་དགོས་ཞེས་བསྟན།
ཅ་ཆིང་ལིན་གྱིས་བཤད་རྒྱུར། ཀྲུང་གོའི་ཆོས་ལུགས་ལས་རིགས་ཞི་བདེའི་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་དང་ཕྱོགས་མང་བོར་འབྲེལ་འདྲིས་དང་མཉམ་ལས་བྱེད་པ་དང་། འཛམ་གླིང་ཆོས་ལུགས་ཞི་བདེའི་གྲོས་ཚོགས་སོགས་རྒྱལ་སྤྱིའི་གྲོས་ཚོགས་དང་གླེང་སྟེགས་སུ་ཞུགས་པ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སྐུལ་སྤེལ་བྱེད་པར་བྱས་རྗེས་གང་ལེགས་འདོན་རྒྱུ་ཡིན་ཟེར།
འདི་རྒྱ་ནག་གི་འཆར་གཞི་གསར་པ་ཞིག་རེད།
དེང་སྐབས་བོད་ས་སྟོད་སྨད་དབར་གསུམ་དུ་དམ་དྲག་ཆེ་ཁར། དེ་བས་ལྷ་ས་ནི་དམ་དྲག་ཤིན་ཏུ་ནས་ཆེ་བའི་ས་ཁུལ་ཞིག་རེད།་དཔེར་ན། ཟླ་ཤས་སྔོན་ཕྱི་གླིང་དུ་ཡོད་པའི་ངའི་གྲོགས་མོ་ཞིག་གིས་ཁོང་གི་གཅེན་མོ་ལ་ཕྱི་གླིང་ལ་གཉེན་འཕྲད་དུ་ཡོང་ན། འགྲོ་སོང་ཚང་མ་ཁོ་མོས་གཏང་འདོད་ཡོདསྐོར་བརྗོད་པའི་ཡི་གེ་ཞིག་བཏང་བ་རེད། འོན་ཀྱང་ཡི་གེ་དེ་ཐེངས་འགའ་བཏང་རུང་ཁོང་གི་གཅེན་མོར་རྩ་བ་ནས་ལག་སོན་བྱུང་མེད། མཐའ་མ་དེར་རྒྱ་གཞུང་གི་སྤྱི་བདེ་མི་སྣ་འགས་ཡི་གེ་དེ་དག་འཁྱེར་ནས་གློ་བུར་དུ་ཁོང་གི་གཅེན་མོའི་ནང་ལ་སླེབས་འདུག་ དེ་རྗེས་ཁོང་ཚོས་ལོ་ངོ་ཉི་ཤུ་ལྷག་འདས་པའི་ངའི་གྲོགས་མོའི་གནད་དོན་འགའ་བསྐྱར་སློག་བྱས་ནས། ཁོང་གི་གཅེན་མོར་ལྷ་ས་ནས་ཁ་བྲལ་མི་ཆོག་པའི་བཀའ་ཡིག་སྤྲད་འདུག་ དྲང་པོ་བཤད་ན། ཡི་གེའི་ནང་དོན་ལ་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གཅིག་རྐྱང་མེད། དེ་ལྟར། དེང་གི་བོད་ཁུལ་ལ་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་པའི་གནས་ཚུལ་ལ་བལྟས་ན། ཧ་ལམ་བྱ་དང་བྱིའུ་ཞིག་ཡིན་རུང་ཐར་མི་ཐུབ་པའི་ཚད་ལ་སླེབས་འདུག
ཡིན་ནའང་ད་བར་ཁེ་བཟང་སུས་ཟོས་ཡོད་དམ།
བཙན་བྱོལ་བ་ཟེར་བ་དང་། འབྲོང་བུ་སོག་ཚ་ཟེར་བ་གཉིས་ནི།ཡིག་ནོར་ཅན་གྱི་རིགས།གླེན་རྟགས་ཅན་གྱི་རིགས།ཧམ་པ་ཅན་གྱི་རིགས། ཁ་ཕོ་ཅན་གྱི་རིགས།ཨུ་ཚུགས་ཅན་གྱི་རིགས།གོ་ལོག་ཅན་གྱི་རིགས།བསམ་ཉེས་ཅན་གྱི་རིགས་དེ་རེད་གདུག་པས་འགྲེལ་བཤད་བྱས་ཀྱང་གོ་གི་མ་རེད།ཁོ་ཚོས་མགོ་མི་ཚོས་ཡང་སྡུག་སྐད་རྒྱག་གི་རེད།
ང་ཡང་རིགས་དེ་ཡིན་ཡང་མགོ་ཚོས་མཁན་ཞིག་ཡིན།
མགོ་ཚོས་མཁན་ཉུང་ཙམ་ལས་མེད་ཀྱང་དེ་ཚོ་ངར་བ་དག་དག་ཡིན།ཧཧཧརྩེད་མོ་ཡིན།
tashi delek
དོན་གྱི་བདག་པོ་གཞིས་ལུས་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡིད་རང་དང་བཅས་བཀའ་དྲིན་ཞུ
གླེང་སློང་གནང་མཁན་ཚོ། ཡག་པོ་རེད།
བཙན་བྱོལ་བ་ཟེར་བ་འདི་མི་ལུས་ཕག་མགོ་ཅན་ཞིག་ཡིན་རྒྱུ་རེད ། ད་ཁྱོས་བོད་ཀྱི་དཔའ་བོ་དཔའ་མོ་ཚོའི་བླ་ན་མེད་པའི་མཛད་རྗེས་ལ་དོན་སྙིང་མེད་མདོག་དང་།འཕྲོ་བརླག་ཡིན་མདོག་མ་བཤད ། དེ་ལས་ལྷག་པའི་འཛམ་གླིང་གཡོ་འགུལ་ཐེབས་པའི་ལས་འགུལ་ཞིག་རྙེད་རྒྱུ་མེད་པ་རེད། ང་ཚོས་བསྲེག་རོགས་གནང་དང་།མ་སྲེགས་རོགས་སོགས་གང་ཡང་བཤད་ཉན་གི་མ་རེད།རྒྱུན་དུ་དབུ་ལམ་ལས་འགུལ་བ་རྣམས་ཀྱི་བཟང་ངན་མི་ཤེས་མོད།ཐེངས་འདིའི་བོད་ནང་ནས་མེ་བསྲེགས་མ་བྱེད་རོགས་ཟེར་བའི་གསར་བསྒྲགས་དེ་ལོ་རྒྱུས་ཀྱི་གཉན་འཕྲང་དཀྱོག་མཚམས་ཀྱི་ནོར་འཁྲུལ་ཚབ་ཆེན་ནས་ཚབ་ཆེན་ཞིག་རེད། དེ་ལ་བརྟེན་ནས་བོད་ནང་ནས།༸བླ་མའི་དཀའ་འམ་ཡང་ན་གཞུང་གི་བཀའ་ཁྱབ་ལ་འཁྲུལ་ནས་བླ་མེད་ལས་འགུལ་མཚམས་ཆད་ན།དེས་འགན་
ཚོགས་པ་དེ་དང་དེའི་འགན་འཛིན་རྣམ་པའི་འཁུར་དགོས།
བཙན་བྱོལ་བ། མདོ་སྟོད་སྨད་ན་ངོ་རྒོལ་སྐད་འབོད་བྱེད་པའི་རང་དབང་གང་ན་འདུག ཅིག་བྱས་ན་ཁྱེད་ཀྱི་ནང་ལ་མེད་འགྲོ ཡིད་ལ་བསམ་ཚད་དང་ལག་ནས་གང་ཡོང་བྲིས་ན་ཡག་པོ་ཨེ་ཡོད་ན།
༡༽ བཙན་བྱོལ་བ་ནས།
རྒྱ་ཡིས་ལྷ་ས་ཁུལ་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་ཀྱང་། མདོ་སྟོད་སྨད་ཁུལ་ལ་དམ་བསྒྲགས་དེ་ཙམ་མི་བྱེད་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ།
༡༽ བཙན་བྱོལ་བ་ནས།
དཔེར་ན། རྒྱའི་བའི་སྐུ་པར་སྒྲིག་གཤོམ་དང་ངོ་རྒོལ་སྐད་འབོད་རྒྱག་པ་སོགས་ཀྱི་རང་དབང་ཆེན་པོ་ཡོད་པ་དང་།
༡༽ བཙན་བྱོལ་བ་ནས།
དེ་བཞིན་དུ་དགོན་སྡེ་ཁག་གི་ནང་གྲ་གྲངས་ལ་ཚད་བཀག་མི་བྱེད་པ་སོགས་ཡིན།
རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྣ་འོན་པའམ་མིག་ཞར་སོང་བ་ཡིན་ནམ།
དེ་ཚོར་སྐྱོན་མི་འདུག དུས་དབང་ལ་འགྲོ་མཁན་ཚོས་རྒྱ་མིའི་ཁ་ཉན་ནས་སློབ་སྦྱོང་ཡག་པོ་བྱས་ན་སྲོག་འགོ་ཐོན་རྒྱུ་རེད་བསམ།
བློ་གཟུ་བོར་གནས་པ་དང་དྲང་བདེན་ཕྱོགས་ལ་གནས་ནས་བསམ་མནོ་བཏང་ན་ངའི་སྐད་ཆ་འདི་བདེན་པ་མཐོང་ཐུབ། འོན་ཀྱང་། ལྷ་ས་ཁུལ་ལས་གཞན་པའི་བོད་ཀྱི་ས་ཁུལ་གཞན་ལ་དམ་བསྒྲགས་ཡོད་མ་རེད་ཟེར་རྒྱུ་མ་བྱུང་། དེ་ལ་ལྟོས་ན་དམ་བསྒྲགས་ཆུང་བ་ཡོད་པ་ནི་བོད་ནས་ཕེབས་མཁན་རྣམས་ཀྱིས་གསལ་པོར་ཤེས་ཀྱིན་རེད། ཁྱེད་ཀྱིས་བལྟས་ན་དེའི་རྒྱུ་མཚན་གང་རེད་ཟེར་བ་ཡིན། དཔེར་ན། བོད་རང་སྐྱོངས་ནང་དུ་འཛུལ་མ་ཐག་འགག་སྒོ་མང་དག་གཅིག་བརྒྱུད་དགོས་པ་མ་ཟད། འགག་སྒོ་དེ་དག་ཀྱང་ཧ་ཅང་གི་དམ་བསྒྲགས་ཆེན་པོ་དང་ཞིབ་གཤེར་ཚགས་པོ་ཡོད་པ་རེད། བོད་རང་སྐྱོངས་ལྗོངས་འགལ་ནས་བོད་ཀྱི་ས་ཁུལ་གཞན་ལ་སླེབས་པ་ན་འགག་སྒོ་ཧ་ལམ་མཐོང་རྒྱུ་མེད། ཁྱེད་ཀྱིས་བལྟས་ན་རྒྱ་ནག་གིས་འགག་སྒོ་དེ་འདྲ་མང་པོ་འཛུགས་དགོས་དོན་ཅི་ཡིན་ནམ། འདི་ནི་དཔེ་མཚོན་ཙམ་ཡིན། རྒྱལ་བ་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་སོགས་ཀྱང་དེ་དང་མཚུངས་པ་ཡིན། དྲང་པོར་བཤད་ན། བགྲོ་གླེང་གི་གཞི་འདི་བཏོན་པ་ལ་གནད་འགག་ཆེར་མིན་འདུག་སྙམ།
ངའི་ཁ་དང་ཁྱོད་ཀྱི་རྣ་ཟེར་ནས་རྩོད་པ་ལ་ཕན་ཐོགས་ཆེར་མིན་འདུག །དེ་དག་ལ་ལན་རྒྱག་དགོས་དོན་མིན་འདུག །
བཙན་བྱོལ་པ་ལགས། དམ་ཆེ་ཤོས་དེ་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བ་གྲོང་ཁྱེར་ལྷ་རེད་མ་གཏོགས་རང་ལྗོངས་ཀྱི་ས་ཁུལ་ཚང་མ་མ་རེད། ཁྱེད་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་ལྷ་ས་གྲོང་ཁྱེར་གཅིག་པུར་གོ་ཡི་ཡོད་ས་རེད། བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་མདོ་སྟོད་ཀྱི་ཕལ་ཆེར་ཕྱེད་ཀ་ཙམ་ཡོད་རེད། དེ་ནས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་ལ་འཛུལ་ས་ཧ་ཅང་མང་པོ་ཡོད་པ་རེད་དེ་ཕྱིའི་རྒྱལ་ཁབ་དང་ས་འབྲེལ་ལ་མ་གཏོགས་ནང་ཁུལ་མངའ་སྡེའི་ས་འབྲེལ་གང་ཡིན་སར་འགག་སྒོ་ཡོད་མ་རེད། དེ་ནས་ཁྱེད་ཀྱིས་བོད་རང་སྐྱོང་ལྗོངས་ནང་ལ་༧རྒྱལ་བའི་སྐུ་པར་བཤམ་མི་ཆོག་པ་དང་མདོ་སྟོད་སྨད་ནང་ཡོད་སྐོར་བཤད་འདུག་མོད། ཚང་མས་གསང་བའི་ངང་ནས་བཤམས་པ་མ་གཏོགས་རྒྱ་གྲོགས་བོད་གྲགས་བྱས་ནས་ཉར་ཆོག་གི་ཡོད་མ་རེད། བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་དང་གཞིས་རྩེ་མ་གཏོགས་ས་གཞན་ན་བཤམ་མཁན་ཡོད་རེད། ལྷ་ས་དང་གཞིས་རྩེ་གཉིས་བོད་རིགས་མང་པོ་འདུས་སྡོད་ཀྱི་གྲོང་ཁྱེར་ཆེ་ཤོས་ཡིན་པས་རེད། དེ་ནང་མདོ་སྟོད་སྨད་ནང་ལ་ཡང་བོད་མང་པོ་འདུས་སྡོད་བྱེད་ས་དག་ལ་གཅིག་མཚུངས་ཀྱིས་དམ་དྲག་བྱེད་ཀྱི་ཡོད་པ་རེད། དཔེར་ན། རེབ་ཀོང་དང་བླ་བྲང་། རྔ་བ། གསེར་རྟ་སོགས་ལ་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཟི་ལང་དང་ལན་ཀྲུག་གྲོང་ཁྱེར་སོགས་ཀྱང་བོད་ཀྱི་ས་ཁུལ་ཡིན་ཡང་དེར་སྡོད་མཁན་བརྒྱ་ཆ་དགུ་བཅུའི་ནང་མི་རིགས་གཞན་པ་རེད། བྱས་ཙང་དེ་ལ་རྒྱ་དམར་གྱིས་དེ་ཙམ་འཇིགས་སྣང་བྱེད་ཀྱི་མེད་པ་རེད། མདོར་ན་མང་ཤོས་བོད་འདུས་སྡོད་བྱེད་སའི་གྲོང་དང་གྲོང་རྡལ་ཚང་མར་དམ་དྲག་དང་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་པ་རེད། དེ་མ་གཏོགས་རྒྱ་དམར་གྱིས་ཨ་མདོ་དང་ཁམས་པ་རེད་ཟེར་ནས་དམིགས་བསལ་བཏང་གང་ཡང་མ་རེད།
གཅིག་ཆད་གཤའ། དགོན་པའི་གྲྭ་གྲངས་བོད་ས་ཡོངས་གཅིག་གྱུར་རེད། དམ་དྲག་བྱེད་ཀྱི་ཡོད་རེད། མདོ་སྟོད་སྨད་ཀྱི་ནང་ལ་ཡང་ལོ་བཅོ་བརྒྱད་མ་ལོན་ན་གྲྭ་བྱ་མི་ཆོག་པའི་ཁྲིམས་བཞག་ཡོད་པ་མ་ཟད། གྲྭ་པ་མང་པོ་ཡོད་པའི་དགོན་ཁ་ཤས་ནས་བཙན་གྱིས་གྲྭ་གྲངས་ཉུང་འཕྲི་བྱས་ཡོད་པ་རེད། གསེར་རྟ་དང་བླ་བྲང་སོགས་ནས་ས་གནས་གཞན་ནས་སློབ་གཉེར་དུ་ཕེབས་མཁན་ཕྱིར་འཕུད་བཏང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཞེས་བརྗོད་དུས་མདོ་སྟོད་ཀྱི་ས་ཁུལ་ཕྱེད་ཙམ་ཚུད་ཡོད། དབུས་གཙང་གཅིག་པུར་བརྗོད་ཀྱི་མེད། ཁ་ཟེར་ན་སྣ་ལ་ངོས་མ་འཛིན་རོགས། རྒྱ་ནག་ཏུ་བསྐྱོད་ཆོག་པའི་ལག་ཁྱེར་ཡོད་རུང་། ས་ཁུལ་གཞན་ནས་བོད་རང་སྐྱོང་ལྗོངས་ཟེར་བར་འཛུལ་སྐབས་དམིགས་བསལ་ལག་ཁྱེར་ཞིག་བླང་དགོས་པར་བཟོས་ཡོད། རྒྱ་ནག་གཞུང་གིས་བོད་རིགས་ཡོངས་ལ་དམིགས་བསལ་སྡང་ཟུག་བྱེད་པ་དོན་དངོས་རེད། བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་འཁོར་ཐག་ནང་། རྒྱ་ཕྲུག་གཅིག་གིས་མེ་མདའ་མིག་ལ་བསྟན་ནས་འདི་ཁྱོད་ཚོ་བོད་རིགས་མེད་པ་བཟོ་ཆེད་རེད། ཅེས་བཤད་བྱུང་། ཞེས་པ་འདི་དང་ཉེ་ལམ་ཀྲུའུ་ཝུན་ཆོན་གྱིས་གཏམ་བཤད་རྣམས་དོན་ལ་བབས་ས་གཅིག་རེད། འོན་ཀྱང་བོད་རང་སྐྱོང་ལྗོངས་ལ་དམིགས་བསལ་སྡང་ཟུག་ཤུགས་ཆེ་བ་ཡོད། ལོ་རབས་བརྒྱད་ཅུའི་སྐབས་ལྷ་ས་དང་གཞིས་རྩེ་སོགས་སུ་ཁྲོམ་གཞུང་ཁག་ཏུ་༸གོང་ས་མཆོག་གི་བཀའ་སློབ་ཁྲོམ་བསྒྲགས་སུ་གཏོང་བ་དང་། བཀའ་སློབ་ཀྱི་འཁོར་ཐག་དང་དེབ། སྐུ་པར། རྒྱ་གར་ནས་ཐོན་པའི་དེབ་བཅས་ཚོང་འགྲེམས་བྱེད་པ་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། ང་ཚོ་བཙན་བྱོལ་གྱི་ཚག་སྒྲ་དེ་ལམ་སེང་ཕ་གིར་གྲགས་ཀྱི་ཡོད། ཐ་ན་ཇ་ཁང་ཆང་ཁང་དུ་ཡང་བོད་དོན་དང་༸གོང་ས་མཆོག་གི་མཛད་འཕྲིན་གླེང་བ་རྒྱུན་གནས་ཤིག་རེད། བོད་དོན་ཆབ་སྲིད་སྐོར་གྱི་དེབ་ཀྱང་ཐོར་རེ་བ་མཐོང་རྒྱུ་ཡོད། བོད་རིགས་གུང་ཁྲན་ཏང་ཡོན་རྣམས་ཀྱི་ནང་དུ་མཆོད་ཤོམ་བསྒྲིགས་ཡོད་པ་མ་ཟད། ཆོས་དད་མེད་ན་བོད་རིགས་དབུས་ནས་ཟུར་འབུད་བྱེད་ཀྱི་ཡོད་པས། འགའ་ཞིག་ལ་དོན་དངོས་ཀྱི་ཆོས་དད་མེད་ཀྱང་ཡོད་པའི་རྣམ་པ་སྟོན་མཁན་མང་པོ་བྱུང་ཡོད་ལ། ༸ཐ་ན་དེང་དུས་༸གོང་ས་མཆོག་ལ་བཀུར་འདེབས་ཞུ་མཁན་རང་རིགས་འགའ་ཡི་ཁྱིམ་དུ་༸གོང་ས་མཆོག་གི་སྐུ་པར་བསྒྲིགས་ཤོམ་བྱས་ཡོད། སྤྱི་ལོ་ ༡༩༨༧ ལོར་ལྷ་སར་ཞི་རྒོལ་བྱུང་བ་དང་། དེ་རྗེས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་ཞི་རྒོལ་ཆེ་ཆུང་གཅིག་རྗེས་གཉིས་མཐུད་བྱུང་བར་བརྟེན། ཆབ་སྲིད་ཀྱི་དམ་དྲག་བྱེད་པ་སྨོས་མེད་ཐོག་སྐབས་རེ་༸གོང་ས་མཆོག་གི་སྐུ་པར་བསྡུས་པའི་གནས་ཚུལ་བྱུང་ཡོད་ཀྱང་། རྗེས་སུ་འགྲེམས་སྤེལ་ལ་དེ་ཙམ་མཐར་བཀག་བྱས་མ་སོང་རུང་། སྤྱི་ལོ་ ༡༩༩༥ ལོ་ནས་བཟུང་༸གོང་ས་མཆོག་གི་སྐུ་པར་མཐེ་བོང་གི་སེན་མོ་ཙམ་ཉར་མི་ཆོག་པ་དང་། ཏང་ཡོན་ལས་བྱེད་ཀྱི་མཆོད་ཤོམ་སྒྲིག་མི་ཆོག་པ་བཅས་དུས་དེ་ནས་ཇེ་སྡུག་ཇེ་ཞན་དུ་སོང་སྟེ། ད་ལྟའི་གནས་སྐབས་འདི་གར་ཐུག་ཡོད།
ད་དུང་ང་ལ་ལོ་རབས་བརྒྱད་ཅུ་པའི་སྐབས། སྟོན་དུས་ཀྱི་མཚན་མོ་ལྷ་སའི་བར་སྐོར་དུ་རྒྱུན་ནས་མཐོང་རྒྱུ་ཡོད་པའི་སྣང་ཚུལ་ཞིག་དྲན་བྱུང་བ་སྟེ། ཕོ་གཞོན་གཟུགས་ཚད་རན་ཞིང་སྤྱང་གྲུང་ལྡན་པ། ལྷ་སའི་ཁ་སྐད་ཐོགས་མེད་དུ་སྨྲ་བ་ཞིག་གིས། རང་ཉིད་སྨྱོན་པ་ཡིན་ཚུལ་གྱིས་རྒོད་བྲོའི་གཏམ་གླེང་སྣ་ཚོགས་སྨྲ་ཞིང་། སྐབས་དེའི་གྱོན་གོས་དང་སྤྱོད་ཚུལ་ཡ་མ་ཟུང་དག་ལ་མཚང་འབྱིན་པ་དང་། ༸གོང་ས་མཆོག་གི་བཀའ་སློབ་ནས་དྲངས་ཏེ། བཟང་པོའི་བསླབ་བྱ་བྱེད་པ། ཕོ་གཞོན་དེས་སྐབས་མཚམས་བོད་དོན་དང་འབྲེལ་བའི་གཞས་གཏོང་གི་འདུག་པ། གཞས་ཚིག་ནི། ལྷ་ས་བཙོང་པ་མ་རེད།། རྒྱ་གར་ཉོས་པ་མ་རེད།། རྒྱལ་བ་ཡིད་བཞིན་ནོར་བུ།། བཞུགས་ས་མེད་པ་མ་རེད།། བཞུགས་དགའ་ལྡན་ཕོ་བྲང་།། སྔར་ལས་དར་ཞིང་རྒྱས་པ།། བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩལ་ང་ལ་གཡར་དང་།། ཐག་རིང་རྒྱང་ལ་མི་འགྲོ།། རྡ་རམ་ས་ལ་བསྐོར་ནས་ཆས་ཡོང་།། ཞེས་པ་དེ་རེད། ཕོ་གཞོན་དེའི་མཐའ་བསྐོར་དང་གཡས་གཡོན་གྱི་མེ་ཏོག་ལྡུམ་རའི་ཟུར་ནས་མི་མང་གིས་ཉན་འཇོག་བྱེད་པ་དང་། གད་མོའི་སྒྲ་དིར་དིར་ངང་གྲགས།
འི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད། ཡང་སྐྱེ་བོ་གཞན་གྱི་མིང་དང་གློག་འཕྲིན་ཁ་བྱང་སྤྱད་ནས་མཆན་བྲིས་ཚེ་འགོད་རྒྱུ་མིན། ང་ཚོའི་མཆན་འབྲི་བའི་ཁྲིམས་འདི་ལ་མི་བརྩི་མཁན་རྣམས་ནི་རྩ་