ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་གཞི་མགོ་བཙུགས་ནས་ལོ་ངོ་དགུ་ཙམ་འགོར་གྱིན་ཡོད་པ་དང་། ད་ལྟའི་བར་དུ་ཡིག་ཆ་འཚོལ་སྡུད་བྱས་པ་དག་ཤོག་སྙིགས་ལ་འགྲོ་སྲིད་པར་སེམས་འཚབ་ཆེན་པོ་འདུག ཅེས་ལོ་རྒྱུས་ཕྱོགས་སྒྲིག་ཁང་འདིའི་འགན་འཛིན་འགུ་ལོག་དམ་ཆོས་དཔལ་བཟང་གིས་གསུངས་བྱུང་།
ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་གཞི་མཚམས་དགོས་པའི་བཀའ་མངགས་པ་ལྟར། ལས་བྱེད་ཚོས་ཉིན་དེ་ནས་ལས་མཚམས་ཡོངས་སུ་བཞག་ཡོད་འདུག འདིའི་ཐད་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་གཞིའི་འགན་འཛིན་འགུ་ལོག་དམ་ཆོས་དཔལ་བཟང་ལགས་ལ་བཀའ་འདྲི་ཞུས་སྐབས། ཁོང་གིས། ཆོལ་གསུམ་ལོ་རྒྱུས་ཀྱི་ལས་གཞིའི་རྨང་གཞི་བཏང་ནས་མི་ལོ་ ༩ ལྷག་འགོར་གྱིན་འདུག་ལ། རྒྱ་བལ་འབྲུག་གསུམ་དང་བོད། ཕྱི་རྒྱལ་ཁག་ཏུ་ཡིག་ཆ་ ༣༠༠ ལྷག་གི་ཁྲོད་ནས་རྒྱུ་ཆ་འཚོལ་སྡུད་དང་ཕྱོགས་སྒྲིག་བྱས་ཡོད་ལ། དེ་བཞིན་ས་ཕྱོགས་གང་སའི་རྒན་རབས་པ་ ༢༤༥ ལྷག་ལ་བཅར་འདྲི་བརྒྱུད་རྒྱུ་ཆ་འཚོལ་སྡུད་བྱས་ཡོད་པས། ད་ལྟའི་ཆར་ཕྱོགས་ཡོངས་ཀྱི་ཡིག་ཆ་བརྒྱ་ཆ་ ༧༠ ཙམ་འཚོལ་སྡུད་དང་ཕྱོགས་སྒྲིག་བྱས་ཡོད། དེའི་ཁྲོད་ནས་ད་ལྟ་དེབ་གཟིགས་སུ་དཔར་ཆོག་པ་དང་ཞུ་དག་རིམ་པ་དང་པོ་ཡང་སོང་ཚར་བ་གཅིག་ནི་བོད་ཆེན་པོའི་ཡིག་ཚང་དེབ་ཕྲེང་དང་པོ་དང་གཉིས་པ་གཉིས་ཡིན། སྤྱི་ཟླ་ ༤ ཚེས་ ༣༠ ཉིན་གློ་བུར་དུ་སྐུ་སྒེར་ཡིག་ཚང་གིས་ཕྱག་འཕྲིན་ཞིག་འབྱོར་ཏེ་ལས་མཚམས་འཇོག་དགོས་གསུངས་འདུག ཅེས་གསུངས་བྱུང་།
ལས་མཚམས་འཇོག་དགོས་པའི་རྒྱུ་མཚན་གང་ཡིན་བཀའ་འདྲི་ཞུས་སྐབས། ཁོང་གིས། ཡི་གེ་དེའི་ངོ་བཤུས་གསར་ལམ་ཁག་ལ་སྤྲད་ཀྱང་མ་འགྲིག་པ་མེད་མོད། ད་དུང་སྐུ་མདུན་ལ་དངོས་སུ་མཇལ་ཁ་ཞིག་མ་ཞུས་པར་སྤྲོད་ཐུབ་པ་མི་འདུག ཡིན་ཡང་སྐུ་སྒེར་ཡིག་ཚང་ནས་རྒྱུ་མཚན་བཀོད་ཡོད་པ་དེ་རྒྱུ་མཚན་ངེས་ཅན་ཞིག་ཡིན་པར་ངོས་ལེན་བྱ་ཐབས་མི་འདུག ལས་གཞི་འདི་ཐོག་མར་ང་རང་གིས་འགུ་ལོག་ལོ་རྒྱུས་བྲིས་ཏེ་སྐུ་སྒེར་ལ་ཕུལ་སྐབས། ༧གོང་ས་མཆོག་གིས་སྐུ་དངོས་སུ་ལས་གཞི་འདི་འདྲ་ཞིག་རྩོམ་པར་བཀའ་གནང་ཡོད་པ་མ་ཟད། དེ་རྗེས་ལོ་རྒྱུས་ཕྱོགས་སྒྲིག་འདི་དང་འབྲེལ་བའི་བགྲོ་གླེང་ཞིག་ཚོགས་སྐབས་ཀྱང་༧རྒྱལ་བ་རིན་པོ་ཆེ་དང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སྐུ་དངོས་སུ་ཕེབས་ཡོད་པ་རེད། ང་རང་མ་གཞི་ནས་ལོ་རྒྱུས་འབྲི་མཁན་ཞིག་མ་རེད་ལ། འགུ་ལོག་ལོ་རྒྱུས་དེའི་ནང་དུ་ཡང་གནས་ཚུལ་གསལ་བོ་འབྱོར་མིན་དང་ཡིག་ཆ་རག་མིན་གྱིས་གནས་ཚུལ་ཁ་ཤས་ཏག་ཏག་ཅིག་ཆགས་ཡོད་པ་མ་རེད། ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་ལས་གཞི་འདི་འདྲ་ཞིག་རྩོམ་དགོས་པའི་བཀའ་གནང་དུས་མ་འཇོན་པ་མ་གཏོགས་ཤུགས་རྒྱག་དགོས་པ་དང་འགྱོད་པ་མེད་པ་ཞིག་བྱ་དགོས་བསམ་ཡོད་ལ། ལོ་འདི་དག་གི་ནང་དུ་ང་ཚོ་ས་ཆ་གང་དུ་མི་སྣ་འདྲ་མིན་གྱི་གམ་དུ་བཅར་བ་དང་ཡིག་ཆ་འཚོལ་སྡུད་བྱེད་སྐབས། སྐུ་སྒེར་ཡིག་ཚང་དང་དམིགས་བསལ་གྱིས་༧གོང་ས་མཆོག་གི་ཐུགས་རེ་དང་འགྲོ་གྲོན་ཆུད་ཟོས་ལ་མི་འགྲོ་ཆེད་རླངས་འཁོར་འབབ་ཚིགས་དང་མཁར་ཤུལ་སོགས་ནས་ཉལ་བ་ལས་མགྲོན་ཁང་གཅིག་གི་ནང་དུ་ཡང་བསྡད་མ་མྱོང་། ཡིན་ན་ཡང་གློ་བུར་དུ་ལས་མཚམས་འཇོད་དགོས་ཟེར་ན་སྐུ་སྒེར་ཡིག་ཚང་ལ་ཐུགས་ཁག་ཡོད་རྒྱུ་མ་རེད་དེ། ང་རང་གི་ངོས་ནས་ཀྱང་བློ་ཕམ་བྱུང་སོང་། ཞེས་གསུངས་བྱུང་།
ཤེས་གསལ་ལྟར་ན་སྐུ་སྒེར་ཡིག་ཚང་གི་བཀའ་ཡིག་ནང་དུ་ལས་མཚམས་འདི་འཇོག་པར་རྒྱུ་མཚན་གཉིས་དྲངས་ཡོད་པ་སྟེ། མདོ་སྨད་ལོ་རྒྱུས་ཆེན་མོ་ཚད་དང་ལྡན་པ་ཞིག་ཧོར་གཙང་འཇིགས་མེད་ལགས་ཀྱིས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ཕན་མི་སུས་ཀྱང་དེ་འདྲའི་ལོ་རྒྱུས་ཤིག་འབྲི་མི་ཐུབ་པའི་ཡིད་ཆེས་ཡོད་པ། དེ་བཞིན་སྐུ་སྒེར་ཡིག་ཚང་གིས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་ཐད་འགྲོ་གྲོན་ཕོན་ཆེན་གཏོང་གི་ཡོད་པས་ཕྱག་དངུལ་གྱི་དཀའ་ངལ་ཡོད་པ་དགོངས་འཇགས་ཀྱིས་ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ལས་མཚམས་འཇོག་དགོས་པ། ད་ལྟའི་བར་ཡིག་ཆ་འཚོལ་སྡུད་བྱས་པ་རྣམས་སྐུ་སྒེར་ཡིག་ཚང་ལ་འབུལ་དགོས་པ་སོགས་བཀོད་འདུག འགུ་ལོག་དམ་ཆོས་དཔལ་བཟང་གིས་གསུངས་དོན། ང་སྐུ་སྒེར་ཡིག་ཚང་ལ་བཅར་ཏེ་སྐུ་ངོ་བྲེ་སྲང་ལགས་ལ་ཕྱག་ལས་གནང་སྟངས་མ་འགྲིག་པ་ཡོད་ཚེ་ལས་མི་བརྗེ་བོ་བརྒྱབ་ཆོག་གི་རེད། ལས་མཚམས་བཞག་ན་བློ་ཕངས་པོ་འདུག་ཅེས་ཞུ་རྒྱུ་བྱུང་ལ། དེ་བཞིན་ང་རང་སྐུ་སྒེར་ཡིག་ཚང་ལ་ཡིད་མ་ཆེས་པ་དེ་འདྲ་མིན་ཡང་༧གོང་ས་མཆོག་བཞུགས་སྒར་ལ་ཆིབས་བསྒྱུར་བསྐྱངས་སྐབས་མཇལ་ཁ་ཞུས་ཏེ་སྐུ་མདུན་ནས་ལས་མཚམས་འཇོག་དགོས་པ་གསུངས་ན་གཞི་ནས་ད་ལྟ་བར་དུ་འཚོལ་སྡུད་བྱས་པའི་ཡིག་ཆ་རྣམས་སྤྲོད་ཆོག་ཅེས་ཀྱང་ཞུ་རྒྱུ་བྱུང་། སྐུ་ངོ་བྲེ་སྲང་ལགས་ནས་སྐུ་སྒེར་ཡིག་ཚང་གི་ལས་གཞི་ཚོགས་ཆུང་གིས་ཐག་གཅོད་བྱས་པ་ཡིན་རབས་གསུངས་སོང་། གང་ལྟར་ང་རང་ངོས་ནས་ཡིག་ཆ་འདི་དག་ཤོག་སྙིགས་ལ་མི་འགྱུར་བའི་ཆེད་རྩིས་སྤྲོད་དམ། ཡང་ན་ལས་གཞི་མཇུག་སྐྱོང་འདོད་འདུག ཅེས་གསུངས་བྱུང་།
འདི་གའི་གསར་འགོད་པས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་བྲེ་སྲང་ལགས་ལ་འདིའི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས། སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་གྲོས་བསྡུར་བརྒྱུད་ལས་མཚམས་འཇོག་རྒྱུ་ཐག་བཅད་པ་རེད། མདོ་སྨད་ཀྱི་ལོ་རྒྱུས་རྒྱས་པ་ཞིག་ཧོར་གཙང་འཇིགས་མེད་ཀྱིས་བྲིས་ཡོད་པ་རེད། དེ་བཞིན་འགྲོ་གྲོན་གྱི་དཀའ་ངལ་ཡང་འདུག ཅེས་གསུངས་བྱུང་། ལས་གཞི་འདི་ཐོག་མར་༧གོང་ས་མཆོག་གིས་བཀའ་གནང་བ་ཡིན་ན་ཐེངས་འདིར་ལས་མཚམས་འཇོག་དགོས་པ་༧གོང་ས་མཆོག་གིས་མཁྱེན་གྱིན་ཡོད་མེད་བཀའ་འདྲི་ཞུས་སྐབས།ཁོང་གིས། སྤྱིར་བཏང་གི་ལས་གཞིའི་རིགས་འདི་སྐུ་སྒེར་ཡིག་ཚང་གི་ལས་བྱེད་དང་ལས་གཞི་ཚན་ཆུང་གིས་ཐག་གཅོད་གནང་གིན་ཡོད་པས། ཐེངས་འདིའི་ལས་མཚམས་འཇོག་རྒྱུ་ཡང་འདི་ལྟར་ཐག་བཅད་པ་ཡིན། ལས་གཞི་ཐོག་མར་རྒན་དམ་ཆོས་དཔལ་བཟང་གིས་སྐུ་མདུན་ལ་སྙན་སེང་ཞུས་པ་རེད་ལ། སྐུ་མདུན་ནས་ལས་གཞི་འདིར་རྒྱབ་སྐྱོར་གནང་དགོས་པའི་བཀའ་གནང་ཡོད་པ་རེད། དེའི་རྗེས་ལས་གཞི་འདི་འཛིན་སྐྱོང་དཔེ་མཛོད་ཀྱི་འོག་ཏུ་འགྲོ་གྲོན་སྐུ་སྒེར་ཡིག་ཚང་ནས་བཏང་བ་ཡིན། ཞེས་གསུངས་བྱུང་།
ཆོལ་གསུམ་ལོ་རྒྱུས་ཕྱོགས་སྒྲིག་གི་ཉམས་ཞིབ་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་སུ་དགོངས་ཚུལ་གང་ཡོད་དྲིས་སྐབས། ཁོང་གིས། སྤྱིར་ལས་མཚམས་འཇོག་དགོས་པར་སྐུ་སྒེར་ཡིག་ཚང་ནས་རྒྱུ་མཚན་གཉིས་དྲངས་ཡོད་པ་དེ་རྒྱུ་མཚན་ཞིག་ཡིན་པར་ངོས་ལེན་བྱ་ཐབས་མི་འདུག དེ་མིན་ང་ཚོའི་ཤེས་ཡོན་དང་ནུས་པས་འདང་གིན་མེད་པ་ཡིན་ན་ལས་བྱེད་བརྗེ་བོ་རྒྱག་ཆོག་གི་རེད། གང་ལྟར་ལས་མཚམས་འཇོག་དགོས་བྱུང་བར་བསམ་ཚུལ་གཉིས་འདུག དང་པོ་དེ་ལོ་རྒྱུས་འབྲི་བ་ནི་རྩོམ་རིག་གཞན་དག་འབྲི་བ་ལས་འགན་ཆེ་བ་ཡོད་ལ། དམིགས་བསལ་གྱིས་ང་ཚོའི་བོད་འདི་དཀའ་ངལ་འཕྲད་ཡོད་སྐབས་འདིར་ལོ་རྒྱུས་འབྲི་རྒྱུ་ནི་དེ་བས་ཀྱང་གནད་འགག་དང་འགན་ཆེ་བ་ཡོད། འདི་ལྟ་བུའི་འགན་ཆེན་པོ་ཞིག་གིས་ནམ་ཡིན་ཡང་རང་ཉིད་གནོན་ཤུགས་ཁྲོད་བཅུག་ཡོད་ཀྱང་། གནོན་ཤུགས་དང་ལས་འགན་འདི་གློ་བུར་དུ་མེད་སོང་ན་སྒྲོག་ལས་ཐར་སོང་བ་ལྟ་བུའི་གུ་ཡངས་པོ་རེད། དེ་བཞིན་ད་ལྟ་བར་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་ཡོད་བསམ་ནས་སྤོབས་པ་ཡོད་ལ། དེ་བཞིན་ལོ་ངོ་འདི་དག་གི་ནང་དུ་ཡིག་ཆ་འཚོལ་སྡུད་ཀྱིས་ཡིག་ཆ་མི་འདྲ་བ་ ༢༠༠ ལྷག་ལ་ལྟ་རྒྱུ་བྱུང་བས། ང་རང་མུ་མཐུད་དུ་ལོ་རྒྱུས་ཞིབ་འཇུག་ལ་སོགས་པའི་བྱ་བར་འཇུག་འདོད་ཡོད།གཉིས་པ། སྐལ་བ་ཡ་ཐོག་ནས་རྒྱལ་ཕྲན་སིལ་མའི་བར་བཙན་པོ་རིམ་བྱུང་ནས་བོད་སིལ་བུའི་དུས་དང་། བོད་ཡུལ་ཁྲི་སྐོར་ ༡༣ ལ་སོགས་པའི་ཡུལ་ལུང་སོ་སོའི་ཚོ་བ་ཁག་དང་ཚོ་བ་དེ་དག་དང་འབྲེལ་བའི་རིག་གནས་ཀྱི་འཕེལ་རིམ་སོགས་ཐེངས་འདིའི་ང་ཚོའི་ལོ་རྒྱུས་ཕྱོགས་སྒྲིག་གི་འབྲི་ཐབས་དང་ཁེ་ཕན། རྒྱབ་ལྗོངས་སོགས་སྔར་མེད་མང་པོ་ཞིག་ཡོད། ཚོ་བའི་འབྲི་ཐབས་སྤྱད་ནས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཤིག་ད་ལྟ་བར་མཐོང་རྒྱུ་ཁག་པོ་འདུག་པས། ང་ཚོས་བོད་ཕྱི་ནང་གི་ལོ་རྒྱུས་དཔེ་ཆ་དང་ཡིག་རིགས་གཞན་པའི་ལོ་རྒྱུས་དེབ། གཙོ་བོ་དེ་ས་ཁུལ་སོ་སོའི་རྒན་རབས་པ་དག་དང་བཅར་འདྲི། དེ་བཞིན་ཡུལ་ལུང་སོ་སོའི་རིག་གནས་དང་འཚོ་བ་སོགས་ཀྱི་ཁྱད་པར་སོགས་ཞིབ་འཇུག་གིས་ཡིག་ཆ་བརྒྱ་ཆ་ ༧༠ ལྷག་སྒྲུབ་ཐུབ་ཡོད་ལ། དཀར་ཆག་ཀྱང་བཟོས་ཚར་ཡོད་པ་རེད་དེ། འདི་ལྟར་གློ་བུར་དུ་མཚམས་འཇོག་དགོས་བྱུང་ཡོད། དེ་བས་ད་ལྟ་བར་དུ་ཡིག་ཆ་འཚོལ་སྡུད་བྱས་པ་དང་ཕྱོགས་སྒྲིག་བྱས་པ། དཀར་ཆག་བཟོས་པ་སོགས་ཤོག་སྙིགས་ལ་འགྲོ་བར་དོགས་ནས་བློ་འཚབ་ཆེན་པོ་འདུག ཅེས་གསུངས་བྱུང་།
འདི་བཤད་ཁག་པོ་འདུག ལས་ཀ་མགོ་བཙུགས་ནས་ལོ་མང་པོ་སོང་སྟབས། ད་གློ་བུར་འདུ་མཚམས་འཇོག་དགོས་ཟེར་ན། འགྲོ་སོང་དང་དཀའ་ལས་མང་པོ་བརྒྱབ་པ་དེ་ཆུད་གཟོད་རེད། མུ་མཐུད་འབྲི་བར། སྐུ་སྒེར་ཡིག་ཚང་གི་འདོད་པ་འཁེངས་ཀྱི་མེད་པ་འདྲ།
སྤྱིར་སྐུ་སྒེར་ཡིག་ཚང་ནས ལས་ཀ་མགོ་མ་ཚུགས་གོང་ནས་དགོངས་པ་ཡག་པོ་ཞིག་བཞེས་ནས་ཕྱག་ལས་གནང་ཡོད་ཚེ། ད་ལྟ་གནས་ཚུལ་འདི་འདྲ་ཨེ་ཡོང་། དང་པོ་མི་ལ་བྱེད་ཀྱང་བྱེད་ཟེར་ནས། འགྲོ་སོང་བཏང་། ཁྱབ་སྒྲགས་བྱས། རྗེས་སུ་ད་ཡོང་བ་མིན་འདུག འགྲོ་སོང་སྡེང་གི་མིན་འདུག་ཟེར་ན། སུའི་སྣང་བ་ལ་འགྲོ་གི་རེད། ངས་ཁ་སང་རང་བཞུས་པ་ཡིན། གློ་གཟུ་བོར་གནས་ནས་དཔྱད་པ་ཡག་པོ་བྱེད་དུས། དང་པོ་ལས་ཀ་དབུ་མ་བཙུགས་གོང་ནས་ཞིབ་འཇུག་ཏོག་ཙམ་གནང་ནས་བགྲོས་བསྡུར་བྱས། འཆར་གཞི་བཏིངས་བ་ལས། བྱེད་ཆོག་ཆོག་དང་བཞག་ཆོག་ཆོག་འདི་འདྲས་གནང་ན། རྗེས་མ་མི་གཞན་གྱིས་ཆ་འཇོག་བྱེད་ཐུབ་ཨེ་ཡོང་སེམས༏
ད་རེས་གནས་ཚུལ་དེ་ཁྲིམས་ཐོག་ལ་སླེབས་ན། གུ་ལོག་དམ་ཆོས་ཐོབ་པར་ཐེ་འཚོམ་མེད། རྒྱུ་མཚན་ནི་ཁོང་གིས་ནོར་འཁྲུལ་ཤོར་མེད།
ངས་ལས་གཞི་འདིའི་སྐོར་ཅང་ཤེས་ཀྱིས་མེད་ཀྱང་སྐུ་སྒེར་ཡིག་ཚང་ནས་སྤྲོད་པའི་རྒྱུ་མཚན་འདི་གཉིས་ཙམ་གྱིས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་བཀོད་སྒྲིག་གི་ལས་གཞི་འདི་མཚམས་འཇོག་བྱས་པ་ནི་ཐབས་སྐྱོ་བའི་གནད་དོན་ཞིག་རེད།
ཧོར་འཇིགས་ཀྱིས་བྲིས་པ་དེ་ནི་མདོ་སྨད་ཀྱི་ལོ་རྒྱུས་ཡིན་པས་དེ་ཙམ་རྒྱུ་མཚན་བྱས་ནས་ཆོལ་ཁ་གསུམ་གྱི་ལོ་རྒྱུས་འབྲི་རྒྱུ་མཚམས་འཇོག་དགོས་དོན་གང་ཡིན་ནམ།
བོད་ཆོལ་ཁ་གསུམ་ནས་ཤི་གསོན་མང་པོས་སྐུ་སྒེར་ཡིག་ཚང་ལ་རྒྱུ་དངུལ་ནོར་སོགས་ཞལ་འདེབས་དང་བརྟན་བཞུགས་འབུལ་གྱི་ཡོད་པ་དེས་ཆོལ་གསུམ་ལོ་རྒྱུས་ཞིག་བསྐྲུན་ཐུབ་རྒྱུ་ཡིན་ན་དགོས་པ་མི་ཆེ་འམ།
ཡང་མིན་ན་འགུ་ལོག་དམ་ཆོས་དཔལ་བཟང་འདི་ལ་ཨ་མདོ་བ་མང་པོས་དགའ་གི་མེད་པ་དེ་སྐུ་སྒེར་ཡིག་ཚང་ནས་ཤེས་པ་མིན་ནམ། ཨ་མདོ་བ་འདི་ཚོ་མི་གཞན་གྱིས་གང་བྱེད་རུང་འཕྱ་དམོད་མ་གཏོགས་ཡིད་རང་སྐྱེ་རྒྱུ་མེད་པ་རེད།
གལ་སྲིད་ལས་གཞི་འདི་བསྒྲུབ་མཁན་གྱིས་མ་འགྲིགས་པ་ཡིན་ན། ལས་བྱེད་བརྗེ་བོ་བརྒྱབ་ན་མི་འགྲིགས་སམ།
ཡང་མིན་ན་འགུ་ལོག་དམ་ཆོས་དཔལ་བཟང་གི་མིང་འདི་ལ་ཆགས་སྒོ་ཆེན་པོ་ཞིག་ཐེབས་དང་། མི་འདིས་བསྒྲིགས་པའི་ལོ་རྒྱུས་ལའང་ཆ་འཇོག་མེད་པར་འགྱུར་བའི་ཉེན་ཁ་མཐོང་བ་མིན་ནམ།
མ་གཞི་ནས་ལས་གཞི་ཆེན་པོ་འདི་འདྲ་འགོ་འཛུགས་བྱེད་སྐབས། སྐུ་སྒེར་ཡིག་ཚང་ནས་སྔོན་འགྲོའི་ཞིབ་དཔྱད་ཅིག་མེད་པར་འགྲོ་གྲོན་ལོ་མང་པོ་འདི་འདྲ་བཏང་བར་གློ་བུར་མཚམས་འཇོག་བྱེད་དགོས་བྱུང་བ་འདི་དངོས་གནས་ཐབས་སྡུག་རེད། སྐུ་སྒེར་ནང་གི་ལས་ཉེས་བྱེད་མཁན་སུ་ཡིན་ནའང་ནོར་འཁྲུལ་ངོས་ལེན་གྱིས་བོད་མི་དམངས་ལ་དགོངས་སེལ་ཞུ་དགོས་ངེས་རེད་བསམ་གྱི་འདུག
ཚངས་དབྱངས་ལགས།
རེད་ལགས། དང་པོ་སྐུ་སྒེར་ནས་བརྟག་དཔྱད་མ་གནང་བ་བདེན་མོད། ག་ལེར་དཔྱད་ནས་མཐར་མ་ནོར་བའི་ཐག་གཅོད་བྱེད་པ་འདི་རྣམ་དཔྱོད་ཡོད་མཁན་ཞིག་གི་བྱེད་སྟངས་ཟེར། སྐུ་སྒེར་དྲུང་ཆེས་གསུང་པ་ལྟར་ན། ཐོག་མར་དམ་ཆོས་དཔལ་བཟང་གིས། ༧གོང་ས་མཆོག་ལ་ཡར་སྙན་གསེང་ཞུས་ཏེ་མི་ཐུབ་ཐུབ་མདོག མི་འཇོན་འཇོན་མདོག་བྱས་པ་ཞིག་ལས། ༧གོང་ས་མཆོག་གིས་མར་བཀའ་ཕབ་པ་ཞིག་མིན་པ་གསལ་བོ་རེད།
དེས་ན་འདི་ཁྲིམས་ཐོག་ལ་ཕྱིན་ན་དམ་ཆོས་དཔལ་བཟང་ལ་ཇི་ལྟར་ཐོབ་བམ། གལ་ཏེ་ཁྲིམས་ཐོག་ནས་དམ་ཆོས་དཔལ་བཟང་ལ་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་བྱེད་པའི་ཤེས་ཚད་ཡོད་མེད་ཞིབ་འཇུག་བྱེད་ཀྱི་རེད། དེ་དུས་དམ་ཆོས་དཔལ་བཟང་ལ་སྟོན་རྒྱུ་ཡོད་ན་མེད་ན་དེ་མགོ་ལོག་ལོ་རྒྱུས་རེད། དེས་ཁྲིམས་ཐོག་ནས་དམ་ཆོས་དཔལ་བཟང་གིས་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་བྱེད་ཐུབ་པའི་ཤེས་ཚད་ལ་ཐག་གཅོད་བྱེད་མི་ཐུབ་པ་མ་ཟད། འདིའི་ཐོག་ནས་དམ་ཆོས་དཔལ་བཟང་ཕམ་གི་རེད། ཁྲིམས་ཐོག་ལ་ཕྱིན་ན་རྩ་དོན་ཐོག་དཔྱད་ཞིབ་བྱེད་ཀྱི་རེད་མ་གཏོགས། དང་པོ་མགོ་བཙུགས་ཚར་བ་ཡིན་ན། རྗེས་སུ་ནོར་འཁྲུལ་ཅི་འདྲ་ཡོད་པ་ཤེས་ཀྱང་སྡིག་པ་མིག་བཙུམས་བྱེད་དགོས་ཟེར་གྱི་མ་རེད་ལ། དེ་འདྲའི་ཁྲིམས་ལུགས་ཤིག་ཡོད་རྒྱུ་མ་རེད། དང་པོ་སུ་ལ་ཡང་ནོར་འཁྲུལ་འབྱུང་མི་སྲིད་པ་མ་རེད། རྗེས་སུ་ནོར་འཁྲུལ་ཡིན་པ་ཤེས་རྗེས་ངོས་ལེན་ཐག་གཅོད་བྱེད་པ་འདི་དྲང་མོ་དང་རྣམ་དཔྱོད་ཅན་གྱི་ཁྱད་ཆོས་རེད་སྙམ།
ཡར་བཤད་མར་བཤད་ཀྱང་། ཆོལ་གསུམ་ལོ་རྒྱུས་གཙང་མ་ཞིག་འབྲི་མཁན་ནི་དམ་ཆོས་དཔལ་བཟང་མ་ཡིན་པའི་མི་གཞན་ཞིག་རྙེད་ཀྱང་འགྲིག་གི་ཡོད་མོད། སྤྱིར་བཏང་གིས་ཆོལ་གསུམ་གྱི་ལོ་རྒྱུས་ཟེར་བ་ལས། བོད་ཀྱི་ལོ་རྒྱུས་ཟེར་ནས་གླེང་ན་དངོས་ནས་ཡག་པོ་ཡོད་པ་རེད། གང་ཡིན་ཟེར་ན་ཆོལ་ཁ་ཟེར་བ་དེ་ནི་བོད་པ་རང་གི་སྐད་ཀྱང་མིན་ལ་ཆོལ་ཁ་ཟེར་ནས་འབོད་སྲོལ་བྱུང་སྟངས་དེ་ཡང་དེ་འདྲའི་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་མེད་པ་རེད། གང་ལྟར། བོད་ཀྱི་ལོ་རྒྱུས་ཤིག་འབྲི་བ་ལ་དམ་ཆོས་དཔལ་བཟང་གིས་འཇོན་གྱི་མེད་པ་སྐུ་སྒེར་ནས་ཁག་ཐག་བྱེད་ཐུབ་ཀྱི་ཡོད་ན་ནི། འཐོན་ཐང་ཡོད་མཁན་གཞན་ཞིག་གིས་བོད་ཀྱི་ལོ་རྒྱུས་ལེགས་འགྲུབ་ཡོང་རྒྱུར་མུ་མཐུད་དུ་འབད་བརྩོན་བྱེད་དགོས་རྒྱུ་དེ་ནི་༧གོང་ས་མཆོག་གི་བཀའ་སྒུག་ནས་འདུག་དགོས་པ་ཞིག་ཆགས་མེད་པར་འདོད། དེ་ལྟར་བཤད་བཞིན་ཡོད་པ་དེ་ནི་༧གོང་ས་མཆོག་ལག་པ་ཕྱི་ས་ལས་དོན་དངོས་མ་རེད། ༧གོང་ས་མཆོག་གིས་ག་དུས་ཡིན་ཡང་མི་སྒེར་བ་ཞིག་གིས་ལོ་རྒྱུས་ཡིན་ཡང་འབྲི་དགོས་པར་སྐུལ་འབོད་བྱེད་ཀྱི་ཡོད་ན། བོད་ཀྱི་ལོ་རྒྱུས་ཚད་ལྡན་ཞིག་ལེགས་འགྲུབ་བྱུང་བ་ཡིན་ན་ནི་དེ་བས་ཀྱང་དགའ་བསུ་བྱེད་རྒྱུ་ཡིན་པ་ནི་བཤད་མ་དགོས་པ་ཞིག་ཆགས་ཡོད་པ་རེད། ད་ནི་དམ་ཆོས་དཔལ་བཟང་གིས་བོད་ཀྱི་ལོ་རྒྱུས་ལེགས་འགྲུབ་ཡོང་རྒྱུའི་ཡོན་ཚད་མེད་པ་ཡིན་ན་གཞན་ཡོད་མཁན་ཞིག་ལ་བོད་ཀྱི་ལོ་རྒྱུས་ལེགས་འགྲུབ་ཡོང་བར་སྐུ་སྒེར་ནས་མུ་མཐུད་དུ་འགན་ལེན་བྱེད་རྒྱུ་དེ་ནི་གནད་དོན་རེད་འདོད་ཀི
ངས་རྩོམ་འདི་དུས་བབ་ནས་མཐོང་བྱུང་། དེར་ཡང་མཆན་སྣ་ཚོགས་ཀྱིས་ཁེངས་འདུག ང་ལ་དྲི་བ་གཅིག་དང་རེ་སྐུལ་འགའ་ཡོད། དྲི་བ་དེ་ནི། ཐོག་མའི་དུས་སུ་ངེད་ཀྱི་གོ་ཐོས་ལ། “བོད་ཀྱི་རུས་མཛོད་ཆེན་མོ་”ཟེར་བ་ཞིག་ལས་ཆོལ་གསུམ་ལོ་རྒྱུས་ཟེར་བ་ཞིག་གོ་མ་སོང་། བར་སྐབས་ཤིག་ནས་དེ་ལ་འགྱུར་བ་ཕྱིན་འདུག དེ་གང་ཡིན་ནམ་སྙམ།
དེ་ནས་རེ་སྐུལ་ནི། ང་ཚོས་དམ་ཆོས་དཔལ་བཟང་གིས་ཤེས་དང་མི་ཤེས་དེ་གཞི་འཛིན་བྱས་ནས་གླེང་སློང་བྱས་ཡོང་གི་འདུག དེ་འགྲིག་དང་མ་འགྲིག་མི་ཤེས། འོན་ཀྱང་འོས་མཚམས་ཤིག་མི་འདུག་དྲན། དེབ་འབྲི་རྒྱུ་དེ་མཁས་པའམ་རིག་གནས་བཅུ་ལ་བྱང་བ་ཞིག་གིས་འབྲི་དགོས་པར་འདོད་པའི་ང་ཚོའི་བསམ་བློ་དེས་འདི་ལ་ཚད་བརྒྱབ་ན་འགྲིག་གི་ཨེ་ཡོད་དྲན། དེ་ནས་བསམ་བློ་དེས་དྲངས་པའི་དམོད་ཚིག་གང་མང་མང་ཞིག་བཏོན་པ་དེ་དག་ནི་ཧ་ཅང་མ་འོས་པར་དྲན།
དེ་ནས། རྩོམ་འབྲི་མཁན་ཞིག་ཡིན་ན་སྒོར་མོ་དགོས་པ་རེད། འཚོ་བ་བསྐྱལ་དགོས་པ་རེད། ང་ཚོ་ལ་སྒོར་མོའི་ཡོང་ཁུངས་དེ་སྐུ་སྒེར་ཡིག་ཚང་ལ་ཐུག་པ་རེད། རབ་བྱུང་ན། སྐུ་སྒེར་གྱིས་རང་དབང་ཅན་གྱི་ཐེབས་རྩ་ཞིག་བཙུགས་ནས། ཐེབས་རྩ་དེ་བརྒྱུད་དེ་རྩོམ་ཡོན་ནམ་རོགས་དངུལ་གནང་ཚེ་འདི་འདྲའི་རྙོག་ཁྲ་མི་ཡོང་བར་ཕན་ཐོགས་ཆེ་གི་རེད་དྲན།
རྦད་དེ་མཚམས་འཇོག་བྱེད་པ་ལས་ད་ལྟའི་ལས་ཀ་བསྒྲུབས་ཚར་བ་དེ་ཚོ་ཕྱོགས་བསྡུས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལོ་རྒྱུས་སློབ་དེབ་ཅིག་བཟོས་ན་ཡང་སྔོན་མར་ལོ་མང་རིང་འགྲོ་སོང་བཏང་ཚར་བ་དེ་ཆུད་ཟོས་སུ་མ་སོང་བ་རེད་སྙམ། དེ་མིན་དངུལ་དངོས་དང་མིའི་ནུས་ཤུགས་འགྲོ་སོང་བཏང་བ་ཡོངས་རྫོགས་ཆུ་ནང་དུ་དབྱུགས་པ་རེད།
བསྟན་འཛིན་ལགས།
༡༽ ཁྱེད་ཀྱིས། “ག་ལེར་དཔྱད་ནས་མཐར་མ་ནོར་བའི་ཐག་གཅོད་བྱེད་པ་འདི་རྣམ་དཔྱོད་ཡོད་མཁན་ཞིག་གི་བྱེད་སྟངས་ཟེར། “ཟེར་བ་འདིར་ང་ཏོག་ཙམ་བདེ་པོ་མིན་འདུག ཁྱིས་ཀྱང་ཤིང་སྡོང་ལ་སོ་བརྒྱབ་ན། སོ་ལ་གྱོང་རག་པ་ཤེས་ཀྱི་རེད། ད་དེ་རྣམ་དཔྱོད་ཡོད་མཁན་ཞིག་གི་བྱེད་སྟངས་ཟེར་ན་ཨེ་འགྲིག་གྲོགས་པོ།
༢༽ ཁྱེད་ཀྱིས་གསུངས་གསལ། སྐུ་སྒེར་དྲུང་ཆེས་གསུང་པ་ལྟར་ན། ཐོག་མར་དམ་ཆོས་དཔལ་བཟང་གིས། ༧གོང་ས་མཆོག་ལ་ཡར་སྙན་གསེང་ཞུས་ཏེ་མི་ཐུབ་ཐུབ་མདོག མི་འཇོན་འཇོན་མདོག་བྱས་པ་ཞིག་ལས། ༧གོང་ས་མཆོག་གིས་མར་བཀའ་ཕབ་པ་ཞིག་མིན་པ་གསལ་བོ་རེད།
སྐུ་སྒེར་ནས་ཚིག་འདི་འདྲ་ཞིག་རྩ་བ་ནས་གསུངས་མིན་འདུག དེ་ཁྱེད་ཀྱི་བསམ་ཚུལ་ཡིན་ཤས་ལས་དངོས་ཡོད་རེད་མིན་འདུག ང་ཚོ་སྐུ་སྒེར་གྱིས་དངོས་སུ་ཁས་ལེན་གང་བྱས་པ་འདི་ལས། “གསལ་པོ་རེད་”ཅེས་གསུངས་ནས་ཚིག་འདི་འདྲ་བཟོས་ན་ཁྱེད་རང་སྐུ་སྒེར་སྲུང་སྐྱོབ་བྱེད་ཨེ་ཐུབ།
༣༽ཁྲིམས་ཐོག་ཀྱི་སྐོར་ལ་ཞུས་ན། དང་པོ་ལས་ཀ་སྤྲད་དུས། འཇོན་ཐང་ཡོད་པ་མཐོང་ཙང་སྤད་པ་ཡིན་ཙང་། ཁྲིམས་ཁང་ནས། ཁས་ལེན་བྱེད་མཁན་མི་དེ་ལ་སྙོན་ཁ་འཛུགས་རྒྱུ་རེད་སྙམ། དེ་གཙོ་བོ་སྐུ་སྒེར་ཡིག་ཚང་ནང་ལ་སྔ་ཕྱི་མཐོང་ཐུབ་མཁན་གྱི་མི་སྣ་མེད་ཙང་གནས་ཚུལ་འདི་འདྲ་བྱུང་བ་རེད།
མི་ལ་ལོ་དགུ་ཙམ་གྱི་ལས་ཀ་བསྐུལ་རྗེས། ད་གློ་བུར་དུ་གཉིད་བསད་ནས། ཡོང་བ་མིན་འདུག་ཟེར་ན། བདེན་པ་མ་རེད། དམ་ཆོས་ལ་འཇོན་ཐང་ཡོད་མེད་རྟོགས་པར་ལོ་དགུ་སྒུགས་དགོས་པ་འདི་ཡང་སྐུ་སྒེར་ཡིག་ཚང་གི་རྣམ་དཔྱོད་རེད་པས། གཙོ་བོ་སྐུ་སྒེར་ནང་གི་སྐུ་དྲག་གི་ཤུལ་འཛིན་པ་དེ་ཚོས་མི་ལ་མིའི་ཐོངས་མི་འཇོག་པ་འདི་ངོ་མ་ཐབས་སྐྱོ་བོ་རེད། མི་ཚེ་ལ་བརྩེད་མོ་བྱེད་པ་འདི་ལ་ང་ངོ་མ་དགའ་པོ་མེད།
ད་ང་ལ་སེམས་ཁྲལ་གཅིག་ཡོད་པ་ནི། སྐུ་སྒེར་གྱི་ལས་བྱེད་དེ་ཚོས་དངུལ་དེ་བལ་ཡུལ་དང་ཧི་མ་ལ་ཡའི་ཁུལ་ལ་འགྲོ་སོང་གཏོང་གི་ཡིན་ཟེར་དུས། མདོར་ན། བོད་ཀྱི་ལོ་རྒྱུས་འབྲི་མཚམས་འཇོག་ནས། བལ་པོ་དང་འབྲུག་པའི་རྐུབ་ལ་བྱུག་གི་ཡིན་ཟེར་གྱི་ཡོད་རེད། དེ་བོད་པ་ཞིག་ལ་མཚོན་ན། སེམས་སྐྱོ་དགོས་པའི་གནས་ཚུལ་རེད། བསྟན་འཛིན་ཁྱོད་ཀྱིས་ཇི་ལྟར་སྐུ་སྒེར་གྱི་མིང་བཤད་ལ་འགེབས་རུང་བྱེད་ནའང་། གང་ལྟར་བོད་པའི་ཁ་ནས་ལྟོ་བྲིན་ནས། བལ་པོ་དང་འབྲུག་པའི་ཁ་ལ་ཤོར་གྱི་ཡོད། དེ་ལ་ཁྱོད་ཇི་མི་བསམ་པ་འདི་ཡང་ཁྱོད་ངོ་མ་བོད་པ་ཞིག་ཨེ་ཡིན་སྙམ་པའོ་དྭོགས་པ་ཞིག་ཀྱང་སླེབས་ཀྱི་འདུག་གོ
ཡིན་གཅིག་མིན་གཅིག་ཆོལ་ཁ་གསུམ་ཟེར་བའི་མིང་ཅིག་དྲུད་ཡོང་དགོས་པ་དེ་ཁྱད་མཚར་པོ་འདུག བོད་ཀྱི་ལོ་རྒྱུས་ཞེས་བྲིས་ན་འགྲིག་གི་མེད་པ་རེད་དམ། འཆར་གཞི་མེད་ལ་གོ་རིམ་མེད། འགྲོ་སོང་ཧ་ལས་པའི་ཆེན་པོ་ཞིག་ཡིན་ན་སྒོ་རྒྱབ་པ་ཡིན་ན་ཡང་མ་འགྲིག་པ་ཅི་ལ་ཡོད།
གང་མང་མང་ཞིག་ཀློག ཡག་ཐག་ཆོད་ཅིག་དཔྱད། གང་ཉུང་ཉུང་ཞིག་བྲིས་ན་ཡག་ཤོས་སུ་མཐོང་སྟེ། དེབ་འབོར་མང་ཉུང་དང་ཆེ་ཆུང་ལ་འགྲན་པའི་སྐབས་འདིར་ང་རང་ཁ་བཙུམ་ནས་འདུག་གི་ཡིན།
ལོ་རྒྱུས་འབྲི་བར་ཤེས་ཚད་ཀྱིས་འདང་གི་མི་འདུག་ཟེར་ན་ཧ་གོ་གི་མི་འདུག འབྲི་མཁན་དེའི་རང་བཞིན་དང་གཤིས་ཀ་ལས་ལོ་རྒྱུས་ཅི་འདྲ་ཞིག་ཡོང་རྒྱུ་ཡིན་པ་མི་ཤེས་པ་ཞེ་དྲག་ཨེ་ཡོད། མི་ཕྱོགས་སུ་མ་ལྷུང་བ། ཞིབ་ཚགས་པོ། རྣམ་པར་དཔྱོད་པའི་བློ་དང་ལྡན་པ་ཞིག་ངེས་པར་དགོས་པ་འདུག སྐད་ཆ་ཞིག་བཤད་ན་ཡང་འུད་ཅིག་འདྲེས་ནས་བསྡད་ཡོད་པ་དེ་ཚོར་ལོ་རྒྱུས་འབྲི་འཇུག་རྒྱུ་མི་འདུག
དཔེ་བཞག་ན། མདོ་སྨད་ཀྱི་ལོ་རྒྱུས་འབྲི་ན་ཡང་མིན་ན་མར་འཐེན་ནས་རྒྱ་ནག་ལ་སྦྱར་དགོས་པ་ཞིག་དང་དེ་མིན་ན་ཡར་འཐེན་ནས་བོད་གཞུང་ལ་སྦྱར་དགོས་པ་ཞིག་ཡིན་ན་ཧ་གོ་གི་མི་གདའ། མདོ་སྨད་ཀྱི་རྒྱལ་ཕྲན་དཔོན་ཕྲན་ཚོའི་ལོ་རྒྱུས་དེ་ཚོ་རང་ངོས་་ནས་བྲིས། དེ་ནས་དུས་དང་དུས་སུ་བྱུང་བའི་ཡར་མར་གྱི་བཟང་ངན་འབྲེལ་བ་ཅི་བྱུང་བ་དེ་ཚོ་བཀོད་ཡོང་བ་ཡིན་ན་དེ་ནི་རང་རྐྱ་ཐུབ་པའི་ལོ་རྒྱུས་ཤིག་ཆགས་རྒྱུ་རེད་སྙམ། ཁྱེད་རང་གིས་མདོ་སྨད་རྒྱ་ཁོངས་ཡིན་པ་སྒྲུབ་པའི་ཆེད་ལོ་རྒྱུས་ཤིག་བྲིས་ན་དེ་ནི་ལོ་རྒྱུས་ཤིག་ཏུ་ངས་མི་མཐོང་ལ། བོད་གཞུང་གི་ཁོངས་ཡིན་པ་སྒྲུབ་པའི་ཆེད་ལོ་རྒྱུས་ཤིག་བྲིས་པ་ཡིན་ན་དེ་ཡང་ལོ་རྒྱུས་ཤིག་ཏུ་མི་མཐོང་ངོ་།
ལོ་རྒྱུས་ནི་ལོ་རྒྱུས་རང་ལ་གཏོགས་པ་ལས་གཞན་གང་ལའང་མི་གཏོགས་སོ།
ད་རེས་སྐུ་སྒེར་ཡིག་ཚང་གིས་གོ་ལོག་དམ་ཆོས་དཔལ་བཟང་གི་ལོ་རྒྱུ་ལས་གཞི་མཚམས་འཇོག་དགོས་པའི་རྒྱུ་མཚན་གཅིག་འདི་བཏོན་འདུག
“མདོ་སྨད་ལོ་རྒྱུས་ཆེན་མོ་ཚད་དང་ལྡན་པ་ཞིག་ཧོར་གཙང་འཇིགས་མེད་ལགས་ཀྱིས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ཕན་མི་སུས་ཀྱང་དེ་འདྲའི་ལོ་རྒྱུས་ཤིག་འབྲི་མི་ཐུབ་པའི་ཡིད་ཆེས་ཡོད་པ།”
གུས་པས་ཞིབ་པར་ཀློག་ནས་བསམ་བློ་གཏོང་དུས་ང་ལ་གཤམ་གྱི་འདྲི་བ་རྣམས་ཡོང་གི་འདུག དེ་ལ་ཁྱེད་རྣམས་ཀྱིས་གཟིགས་ན་ཇི་ལྟར་རེད།
༡༽ ཧོར་གཙང་འཇིགས་མེད་མཆོག་གིས་མདོ་སྨད་ལོ་རྒྱུས་བྲིས་ཟིན་པའི་འབྲས་བུར་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་འཇོག་དགོས་ན། ཁམས་དང་དབུས་ཙང་མི་ལ་སྐུ་སྒེར་ཡིག་ཚང་གིས་འདུ་ཤེས་ཁྱད་མཚར་ཞིགའཇོག་གི་་མིན་འདུག་གམ།
༢༽མདོ་སྨད་ལོ་རྒྱུས་ཆེན་མོ་ཚད་དང་ལྡན་པ་ཞིག་ལེགས་སྒྲུབ་བྱུང་སྟབས། ད་དབུས་གཙང་དང་ཁམས་ཀྱི་ལོ་རྒྱུས་མ་བྱུང་ཡང་འགྲིགས་པའི་རྣམ་འགྱུར་བཏོན་འདུག ཚིག་འདི་ཤིན་དུ་ཉེན་ཁ་ཆེན་པོ་རེད། དེས་གོ་བ་ཡག་པོ་ལེན་མ་ཐུབ་ན། རྙོག་འདྲ་ལག་པས་འགེབས་མ་ཐུབ་ཡོང་བའི་རྒྱུ་འདུག་སྙམ།
༣༽ སྐུ་སྒེར་ཡིག་ཚང་གིས། “ད་ཕན་མི་སུས་ཀྱང་དེ་འདྲའི་ལོ་རྒྱུས་ཤིག་འབྲི་མི་ཐུབ་པའི་ཡིད་ཆེས་ཡོད་པ།” ཟེར་བ་འདི་ཧོར་གཙང་འཇིགས་མེད་ལས་གཞན་པའི་བོད་པས་ལོ་རྒྱུས་འབྲི་ཐུབ་ཀྱི་མ་རེད་ཟེར་གྱི་ཡོད་དམ། འདི་ཧ་གོ་གི་མིན་འདུག འདི་འདྲ་ཡིན་ན། ཡང་བསྐྱར་དབུས་གཙང་དང་ཁམས་པའི་མི་ལ་ཐོངས་ཆུང་ཆེན་པོ་ཞིག་མ་རེད་པས།
༤༽ སྐུ་སྒེར་གྱི་དྲུང་ཆེ་དང་ཡིག་ཚང་ལས་བྱེད་པས་རྒྱལ་བ་རིན་པོ་ཆེ་ལ་དབུས་གཙང་དང་ཁམས་པའི་མི་ལ་ལྟ་སྟངས་ཁྱད་མཚར་འདི་འདྲ་བཟོ་ཡོང་གི་འདུག འདི་ཉེན་ཁ་ཆེན་པོ་རེད། ད་ཕན་གནས་ཚུལ་འདི་འདྲ་རྩ་བ་ནས་བྱུང་མེད།
མདོར་ན། སྐུ་སྒེར་གྱི་དྲུང་ཆེ་ལ་བཅར་འདྲི་ཞིག་ཞུས་ནས། གནས་ཚུལ་གསལ་པོ་ཞིག་མ་བཟོས་ན། འདི་གནས་ཚུལ་ངོ་མ་མི་སུ་ཞིག་གིས་ཐག་གཅོད་མ་ཐུབ་པའི་དོན་རྐྱེན་ཆེན་མོ་ཞིག་ལ་འགྱུར་བའི་ཉེན་ཁ་འདུག ཐུགས་རྗེས་གཟིགས། གསལ་བཤད་ཤིག་གནང་རོགས་གནང་།
སྐུ་ཞབས་ཚངས་དབྱངས་ལགས།
དེ་བདེན་པ་རེད། ཁྱིས་ཀྱང་དང་པོ་མ་ཤེས་པར་ཟ་རྒྱུ་ཞིག་ཨེ་ཡིན་སྙམ་ནས་ཤིང་སྡོང་ལ་སོ་འདེབས་ཀྱི་རེད། རྗེས་སུ་ཟ་རྒྱུ་ཞིག་མ་ཡིན་པར་ཤིང་སྡོང་ཡིན་པར་ཤེས་ཤིང་སོ་ལ་གྱོང་ཕོག་པ་ཤེས་དུས་གཡུགས་བཞག་གི་རེད་མ་གཏོགས། ད་ཟ་རྒྱུ་ཡིན་ན་མིན་ན་སོ་འདེབས་ཚར་སོང་། སོ་ལ་གྱོང་ག་ཚོད་ཕོག་ན་ཡང་ཕོག་གི་འཇུག་གི་ཡིན། སོ་ནི་འདེབས་ཚར་སོང་སྙམ་ནས་མུ་མཐུད་སོ་འདེབས་ཀྱི་རེད་དམ། ཤིང་སྡོང་དེ་གཡུགས་ནས་ཟས་གཞན་ཞིག་འཚོལ་གྱི་རེད། དེ་ལ་ཉིད་ཀྱིས་དཔྱད་པ་གནང་རོགས།
ངས་སྐུ་སྒེར་ཡིག་ཚང་ལ་རྒྱབ་སྐྱོར་དང་དམ་ཆོས་དཔལ་བཟང་ལ་སྨོད་དོན་མེད་མོད། ཤེས་ཚོད་ཀྱིས་བདེན་དོན་ལ་སྙེགས་ཁུལ་བྱས་པ་ཡིན། འོན་ཀྱང་རྣམ་དཔྱོད་ཀྱི་དབང་གིས་ནོར་འཁྲུལ་ཡོད་པ་འམ། ཡང་ན་རྒན་དམ་ཆོས་དཔལ་བཟང་ལ་རྒྱབ་སྐྱོར་མ་བྱས་པས་ཁྱེད་དགོངས་པ་ཚོམ་པ་ཡིན་ན་དགོངས་དག མ་གཞི་ང་ཚོས་བདེན་དོན་ཞིག་ཤོད་རྒྱུ་གལ་ཆེ་སྙམ། དེ་མིན་དྲ་ཐོག་ནས་སྐུ་སྒེར་ལ་རྒྱབ་སྐྱོར་བྱས་པས་སྐུ་སྒེར་ཡིག་དེ་ཡན་ལ་འགྲོ་ས་མེད་ལ། དམ་ཆོས་དཔལ་བཟང་ལ་སྐྱོན་བརྗོད་བྱས་པས་ཁོང་འདི་མན་ལ་ལྷུང་ས་ཞིག་མེད་མོད། རྩོམ་ཡིག་གམ་མཆན་བུ་འདེབས་མཁན་རྣམས་ཞིག་ཡིན་ཕྱིན་ཕོགས་ཞེན་དོར་ཏེ་བདེན་དོན་ཤོད་རྒྱུའི་རེ་བ་ཡོད།
ཁྱེད་ཚོའི་ཁྱི་དང་ཤིང་སྡོང་གི་སྐོར་འདི་མཐོང་ནས།
ཁྱི་རྒན་ཡ་རྐན་ཕུག་པའི་ཁྲག།
རུས་པའི་བཅུད་དུ་སྒོམ་ནས་འཆའ།།
ཞེས་པ་ཞིག་དྲན་བྱུང་།
སྐུ་དྲུང་བྲེ་སྲང་ལགས་ཀྱིས་ཧོར་གཙང་འཇིགས་མེད་ཀྱིས་མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོ་བྲིས་ཚར་བ་དང་། དེ་བཞིན་འགྲོ་གྲོན་གྱིདཀའ་ངལ་ཡོད་པ་གཉིས་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་འཇོག་དགོས་པའི་རྒྱུ་མཚན་དུ་བགྲང་ཡོད། མདོ་སྨད་ལོ་རྒྱུས་བྲིས་མ་ཚར་སྔོན་ལ་ཆོལ་གསུམ་ལོ་རྒྱུས་འབྲི་དགོས་པ་དང་། མདོ་སྨད་ལོ་རྒྱུས་བྲིས་ཚར་ན་ཆོལ་གསུམ་ལོ་རྒྱུས་འབྲི་མི་དགོས་པ་འདི་ནི་ཕྱོགས་གང་ནས་བལྟས་ཀྱང་རྒྱུ་མཚན་ཞིག་ཏུ་འགྲོ་དཀའ། དེ་བཞིན་ལོ་དགུ་ལ་འགྲོ་གྲོན་ནར་གཏོང་བྱེད་ཐུབ་ནས་ད་གློ་བུར་དུ་འགྲོ་གྲོན་གྱི་དཀའ་ངལ་གསུང་ནས་ལོ་དགུའི་ལས་ཀ་ཆུད་ཟོས་སུ་གཏོངབ་འདི་ཡང་རྣ་བར་འགྲོ་དཀའ། རྒྱུ་མཚན་འདི་གཉིས་ཀ་རྒྱུ་མཚན་རྣལ་མ་ཞིག་མིན་པ་དང་མིའི་རྣ་བར་འགྲོ་དཀའ་བ་སྐུ་དྲུང་བྲེ་སྲང་ལགས་ཀྱིས་མཁྱེན་མི་ཐུབ་པ་ཞིག་མ་རེད། ངས་བལྟས་ན་རྒྱུ་མཚན་གཞན་པ་གསུང་མི་འདོད་པ་ཞིག་ཡོད་པ་རེད། འགུ་ལོག་དམ་ཆོས་ཀྱིས་ཀྱང་ཁོ་ཚོས་དཀའ་ལས་ཅི་ཙམ་བརྒྱབ་ཚུལ་བཤད་བསྡད་ཡོད་པ་མ་གཏོགས། སྐུ་ཡིག་གི་འཕྲིན་ཡིག་ཏུ་རྒྱུ་མཚན་ཅི་ཞིག་བགྲང་ནས་ཁོ་ཚོར་ལས་མཚམས་འཇོག་ཏུ་བཅུག་ཚུལ་ཚིག་ཟུར་ཙམ་བཤད་ཡོད་པ་མ་རེད། སྐབས་འདི་ལ་ང་ཚོས་སྐུ་ཡིག་གམ་མགུ་ལོག་དམ་ཆོས་སུ་ལ་སྐྱོན་བརྗོད་བྱས་ན་ཡང་མུན་ནག་མདའ་འཕེན་རེད། ཕན་ཚུན་ལ་ཚིག་རྩོད་བྱེད་པ་ཡང་དོན་མེད་མ་རེད་དམ།
སྐུ་ངོ་བྲེ་སྲང་གིས་ད་ནི་གཞི་ནས་སྐུ་སྒེར་ཡིག་ཚང་གི་ཧིན་སྒོར་རེ་བཞིན་བྲེ་དང་སྲང་ལ་གཞལ་རྩིས་ཡིན་པ་འདྲ། མ་གཏོགས་མདོ་སྨད་ལོ་རྒྱུས་ཀྱིས་མདོ་སྨད་ཆོལ་ཁའི་ལོ་རྒྱུས་མ་གཏོགས་ཆོལ་ཁ་གཞན་གཉིས་ཀྱི་ཚབ་བྱེད་ག་ལ་ཐུབ། དཔེར་ན་མདོ་སྨད་ཆོས་འབྱུང་གིས་ཆོལ་ཁ་གཞན་གཉིས་ཀྱི་ཆོས་འབྱུང་གི་ཚབ་བྱེད་མི་ཐུབ་པ་བཞིན་ནོ།།ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་འཐུས་ཚང་ཞིག་བྲིས་འདུག་པས་ཁྱོད་ཚོས་མདོ་སྨད་ཀྱི་སྐོར་འབྲི་རྒྱུ་མཚམས་འཇོག་བྱས་ནས་ཆོལ་ཁ་གཞན་གཉིས་ཀྱི་ལོ་རྒྱུས་དེ་སྤུས་དག་པོ་ཞིག་འབྲི་རོགས་གྱིས། དེ་ལྟར་བྱས་ན་དུས་ཚོད་དང་དངུལ་དངོས། ཁྱོད་ཚོའི་ལུས་སེམས་ཀྱི་ནུས་ཤུགས་གསོག་འཇོག་བྱེད་པར་ཡང་ཕན་གྱི་རེད། དེ་ཡང་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ཆེན་མོ་ནས་ས་བཅད་སྒྲིག་སྟངས་སོགས་ཀྱིས་མཚོན་པའི་ལེགས་ཆ་བླང་ན་ཡག་པོ་འདུག་གསུངས་པ་ཡིན་ན་སྐུ་ངོ་རྣམ་དཔྱོད་ལྡན་པ་ཞིག་གི་ཁྱད་ཆོས་མཐོང་གིན་འདུག དེ་མིན་ཧོར་འཇིགས་ཀྱི་ལོ་རྒྱུས་དེ་ལ་བརྟེན་ནས་མི་གཞན་གྱིས་ལོ་རྒྱུས་འབྲི་མཚམས་ཀྱང་འཇོག་ཏུ་བཅུག་པ་དེ་ནི་ཧོར་འཇིགས་ཀྱི་ལོ་རྒྱུས་དེབ་དེར་གདེང་འཇོག་བྱས་པ་ཞིག་ཡིན་དང་ཡང་ན་དེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དེབ་ཐེར་ལ་ཡི་ཐང་ཆད་པ་ཞིག་ཡིན་ངོ་འཕྲོད་ཀྱི་མི་འདུག་གོ།
ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་འཇོག་བཅུག་པའི་གནས་ཚུལ་སྤེལ་བའི་ནང༌། མདོ་སྨད་ལོ་རྒྱུས་ཆེན་མོ་ཟེར་བ་དེ་རྒྱུ་མཚན་གཅིག་གི་ཟོལ་གྱིས་བཀོད་ཡོད་རབས་སྤེལ་འདུག དེ་གཉིས་བར་ལ་འབྲེལ་བ་ཞིག་ཡོང་སྟངས་ཡོད་མེད་ནི་བཤད་དཀའ་བ་ཞིག་རེད་དེ། ངའི་རྨོངས་འཆར་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་དེ་ཚད་ལྡན་ཡིན་མིན་དང༌། ད་རེས་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་འཇོག་བཅུག་པ་གཉིས་ལ་འབྲེལ་བ་ཞིག་ཡོད་དགོས་པ་ཡིན་ན། དེ་ནི་གཤམ་གསལ་གྱི་འདི་ཡིན་དགོས་པར་འདོད།
མདོ་སྨད་ལོ་རྒྱུས་ཆེན་མོ་དེ་ནི། དེབ་དང་པོ་ལ་བརྩམས་པ་ཞེས་པའི་ཐ་སྙད་འཇུག་གཞི་འདུག དེ་མན་གྱི་དེབ་ལྔ་ལ་ནི་བརྩམས་པ་ཞེས་པའི་ཐ་སྙད་འཇུག་གཞི་མི་འདུག དེ་ནི་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་སོགས་མདོ་སྨད་ལྷོ་བྱང་གི་མཁས་པ་དག་གིས་བྲིས་ཤིང་བརྩམས་པའི་དེབ་དག་རྣམ་པ་གསར་བའི་རྩོམ་སྒྲིག་གི་ལམ་དུ་དྲངས་པ་ཙམ་རེད་ཟེར། ཡང་གཅིག་གིས་ནི། དེ་ནི་སྔོན་གྱི་ལོ་རྒྱུས་དེ་ཚོ་ཚིག་མཛོད་ཀྱི་རྣམ་པར་བསྒྲིགས་པ་ཙམ་ལས། དེ་ལས་བརྒལ་བའི་རིན་ཐང་ནི་ཡོད་ཚོད་མི་འདུག་ཟེར། རྡ་སའི་དྲ་གྲོགས་འགས་བཤད་པ་ནི་གོང་གི་ཚིག་འདི་འདྲ་རེད། དེ་ཚོ་བདེན་ན་ནི། དཔེ་བསགས་པ་རེད། ཡིན་ནའང༌། སྐུ་སྒེར་དྲུང་ཆེས་གནང་བའི་མཚམས་འཇོག་ཡིག་ཆའི་ནང༌། མདོ་སྨད་ལོ་རྒྱུས་ཆེན་མོ་དེ་ཚད་ལྡན་རེད་ཅེས་བཀོད་ཡོད་ན། ང་ཚཽས་སྐུ་སྒེར་དྲུང་ཆེས་ཚད་ལྡན་དུ་ངོས་འཛིན་བྱེད་སྟངས་དེར་བལྟ་དགོས་པ་རེད། ངས་ནི། ཆོལ་གསུམ་ལོ་རྒྱུས་ཀྱང་འདི་ལྟའི་རྣམ་པ་གསར་པའི་རྩོམ་སྒྲིག་ཅིག་ལས་མ་བྱུང་བ་ཡིན་ན། མདོ་སྨད་ལོ་རྒྱུས་ལ་ཧིན་སྒོར་འབུམ་ཕྲག་སུམ་ཅུ་བརྒལ་བའི་འགྲོ་གྲོན་བཏང༌། དེར་སྔོན་གྱི་ལོ་རྒྱུས་དེ་ཚོར་དབྱེ་ཞིབ་ཕར་ཟད། རྣམ་པ་གསར་པའི་རྩོམ་སྒྲིག་ཙམ་ལས་མ་བྱུང་བ་ཡིན་ན། དེ་ནི་འགྲིག་ཐབས་མེད་པར་མཐོང་ནས་ལས་གཞི་ཚོགས་ཆུང་གིས་དངུལ་ཆུད་འཛའ་བའི་ཡུར་ཁ་བཅད་པ་ཞིག་ཡིན་ན་ནི། དེ་ནི་དགོས་ངེས་ཤིག་རེད། ཡིན་ནའང༌། ད་རེས་ཀྱི་ཐག་གཅོད་གནང་སྟངས་འདིར་དེ་འདྲ་ཞིག་ཡིན་པའི་ཡིད་ཆེས་བྱ་གཞི་མི་འདུག
གང་ཡིན་ཟེར་ན། ད་ལྟ་ཆོལ་གསུམ་ལོ་རྒྱུས་གླེགས་བམ་དང་པོ་དང་གཉིས་པ་གཉིས་གྲུབ་ཡོད་ཚུལ་བཀོད་འདུག་པ་དེར། མདོ་སྨད་ལོ་རྒྱུས་ཆེན་མོ་ལྟར་གྱི་དཔྱད་ཉམས་སོགས་གང་ཡང་མེད་པར་རྣམ་པ་གསར་པའི་རྩོམ་སྒྲིག་གི་བཟོ་མངོན་ཡོད་པས་ཡིན་ནམ་ཅི། ཅི་སྟེ་དེར་དེ་ལྟའི་རྣམ་པ་ཡོད་མེད་དཔྱད་པ་ཡེ་མེད་པར་བརྒྱ་ཁ་གཅིག་ཆོད་ཀྱིས་ཐད་གཅོད་བྱས་ཡོད་ན་ནི། དཔེ་བསགས་འདུག་ཅེས་ཞུ་སྙིང་འདོད།
སྐུ་དྲུང་བྲེ་སྲང་གིས་སྐུ་སྒེར་ཡིག་ཚང་གི་དབང་ཆ་སྒེར་གཅོད་བྱས་ཆོག་གམ། དེ་མིན་སྐུ་སྒེར་ཡིག་ཚང་གི་མཚན་གནས་དང་འབྲེལ་བའི་ལས་དོན་ཆེ་ཕྲ་ཚང་མ་༧གོང་ས་མཆོག་གིས་མཁྱེན་གྱི་ཡོད་དམ། ཡང་ན་༧གོང་ས་མཆོག་གིས་བཀའ་གང་གནང་བ་ཐམས་ཅད་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཚོས་ཚུལ་བཞིན་སྒྲུབ་ཀྱིན་ཡོད་དམ། གང་ལྟར་བདེན་ཐག་གསལ་པོ་མ་ཆོད་ཀྱང་། ད་རེབ་སྐུ་དྲུང་བྲེ་སྲང་གིས་རྙོག་དྲ་ཞིག་གི་སྣེ་དྲངས་སོང་བ་དང་ཆབས་ཅིག ཁོང་ལྟར་ན། མདོ་སྨད་ལོ་རྒྱུས་ཆེན་མོ་ཚད་དང་ལྡན་པ་ཞིག་ཧོར་གཙང་འཇིགས་མེད་ལགས་ཀྱིས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ཕན་མི་སུས་ཀྱང་དེ་འདྲའི་ལོ་རྒྱུས་ཤིག་འབྲི་མི་ཐུབ་པའི་ཡིད་ཆེས་ཡོད་པ། ཞེས་རང་ཉིད་མཁྱེན་རྒྱ་ཆུང་བའི་ངང་ཚུལ་སྟོན་བཞིན་ཐལ་དྲགས་པའི་གཏམ་དེ་འདྲ་ཡང་བརྗོད་འདུག རྩོམ་རིག་དང་ལོ་རྒྱུས་སོགས་གང་ཞིག་ཡིན་ཡང་དེབ་གྲངས་མང་ཉུང་དང་། དེའི་སྲབ་མཐུག་བཅས་ལ་བལྟ་རྒྱུ་ནི་གལ་གནད་ཅིག་གཏན་ནས་མ་རེད། ལོ་རྒྱུས་ཤིག་ལ་མཚོན་ན། དཔྱད་གཞིའི་རིན་ཐང་ཆེ་ཞིང་དངོས་ཡོད་ལོ་རྒྱུས་ཀྱི་བདེན་དོན་སྟོན་པ། ལོ་ཚིགས་དུས་སྐབས་བཅས་གསལ་ཞིང་ཕྱོགས་ཞེན་གྱི་རིས་སུ་མ་ཆད་པ། ཁུངས་བཙན་བདེན་དཔང་གིས་རྒྱས་བཏབ་ཅིང་ལུང་རིགས་ཚད་ལྡན་གྱིས་དོན་གནད་ཀྱི་དབྱེ་མཚམས་གསལ་བ་བཅས་དགོས་པ་ཡིན།
འགུ་ལོག་དམ་དཔལ་གྱི་ཐད་ནས་ལས་འགན་ལྗིད་ཆེན་དང་ལས་གཞི་རྒྱ་ཆེན་ཡིན་མིན་ལ་མ་བལྟོས་པར་ཐོག་མའི་འཆར་གཞི་ལོ་བཅུའི་དུས་ཡུན་རྫོགས་ཉེར་ཡོད་པ་རེད། ཡིན་ན་ཡང་འདས་ཟིན་པའི་ལོ་དགུའི་དུས་ཡུན་ནང་དུ་ཆོལ་གསུམ་ལོ་རྒྱུས་ཐད་དུ་ཡིག་ཆ་འཚོལ་སྡུད་དང་ཕྱོགས་སྒྲིག དཀར་ཆག་བཟོས་པ་བཅས་ལས་མ་བྱུང་བ་དེས་འགྲིག་མ་སོང་བ་མིན་ནམ་བསམ།
བཤད་རྒྱུ་མང་ན་མི་ཧྲ་གི
ངའི་མཆན་བུ་ལ་དག་མཆན་ཐོབ་རྗེས་ང་ཡང་ཁ་བརྡའི་ལས་ཚན་དུ་ཁ་བརྡ་བྱེད་དུ་ཡོང་གི་ཡིན།
འོ་མ་བཟང་ངོ་། གང་ལྟར་ཕམ་ཁ་རེད། ལོ་རྒྱུས་འབྲི་བ་མཚམས་འཇོག་བྱས་པའང་ཕམ་ཁ་རེད། འགྲོ་སོང་མེད་པའང་ཕམ་ཁ་རེད། ཧོར་འཇིགས་ཀྱིས་བྲིས་པའི་མདོ་སྨད་ལོ་རྒྱུས་ཙམ་གྱིས་ཆོལ་གསུམ་ལོ་རྒྱུས་ཀྱི་གོ་ཆོད་པར་འདོད་པའང་ཕམ་ཁ་རེད་དོ། །
ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ་ཞེས་པའི་ ཁ་བྱང་འདི་མཐོང་མ་ཐག་ཏུ་ཅི་ཕྱིར་ཡིན་ནམ་དྲི་བ་འདི་བློ་ལ་འཆར་། སྐུ་སྒེར་ནས་ཡིག་ཆུང་ཞིག་བཏང་ནས་རྒྱུ་མཚན་གཉིས་བཀོད་ཡོད་ རྒྱུ་མཚན་འདི་གཉིས་ཨ་ཁུ་དམ་ཆོས་ཀྱི་ཁེ་ལེན་བྱ་ཐབ་མི་འདུག་ཞེས་གསུང་ཡོད་ དང་པོ་ ཧོར་འཇིག་གིས་མདོ་སྨད་ལོ་རྒྱུས་བྲིས་ཟིན་པ་དེ་ནང་བཞིན་སུས་ཀྱང་འབྲི་མི་ཐུབ་ཞེས་བཀོད་ཡོད་་གཉིས་པ་དེ་ནི་བོད་མི་གནས་སྡོད་ཁག་ལ་ཤེས་ཡོན་དང་འཕྲོད་བསྟེན་སྐོར་ལ་དངུལ་འབུར་ཆེན་གཏོང་དགོས་པར་སྐུ་སྒར་ལ་དཀའ་ངལ་ཡོད་པ་བྲིས་ཡོད། རྒྱུས་མཚན་འདི་ང་ཡང་ན་ཁེ་ལེན་ཐུབ་ས་མ་རེད། སྐུ་སྒར་ལ་དཔལ་འབྱོར་གྱི་དཀའ་ངལ་མེད་པ་ཚང་མས་མཁྱེན་གསལ་རེད་འདི་རྒྱབ་ལ་གནས་ཚུལ་གཞན་པ་ཡོད་པ་ངེས་སོ། ལོ་ངོ་དགུ་ལྷག་དཀའ་ལས་རྒྱབ་ཚར་དུས་གློ་བུར་དུ་འདིར་གསུང་དུས་རྒྱུ་མཚན་གཉིས་གཅིག་པོ་མིན་པ་ཤེས་གསལ་རེད། སྤྱིར་ཆོལ་གསུམ་ལོ་རྒྱུས་འདི་ལོ་ངོ་བརྒྱད་ནང་དུ་ཚར་བའི་འགན་རྒྱ་ཞིག་ཡོད་པ་འདྲ་ ལོ་དགུ་ལྷག་འགོར་ཡོད་རྒྱུ་མཚན་དེ་འདྲ་ཡིན་ནམ། ཧོར་འཇིག་གིས་བྲིས་པའི་མདོ་སྨད་ལོ་རྒྱུས་དེ་ནང་བཞིན་ཆགས་ཀྱི་རེད་བསམ་ནས་མཁྱེན་རྒྱ་ཡང་པའི་སྐུ་དྲུང་བྲེ་སྲང་གི་ཐག་བཅད་པ་ཡིན་ནམ། ཧོར་འཇིག་མ་གཏོགས་བོད་པ་ཚང་ལ་ལོ་རྒྱུས་འབྲི་ཐུབ་མཁན་མེད་དམ། མདོ་སྨད་ལོ་རྒྱུས་དེ་རྙོག་འཛིན་ཆེན་པོ་ཅན་ཞིག་ཡིན་ནམ། མདོ་སྨད་ལོ་རྒྱུས་འདི་ཡི་ཆོལ་གསུམ་ལོ་རྒྱུས་མཚོན་ཐུབ་ཀྱི་ཡོད་དམ། སྐུ་ངོ་བྲེ་སྲང་ལགས། སྐུ་ངོ་འདི་ཚོས་བྱས་ཀྱི་འདུག ད་རྙོག་དྲ་འདུག་འདི་ནི་ཧ་ཅང་གི་རྙོག་དྲ་ཆེ་གི
དང་པོ་ངས་འདི་ངའི་བསམ་ཚུལ་མ་བཤད་གོང་གནད་དོན་ཁ་ཤས་ཞིག་མ་ཤེས་པར་ཅི་ཡང་འབྲི་ཐུབ་རྒྱུ་མིན་འདུག
བོད་བཙན་བྱོལ་སྲིད་གཞུང་གི་བཅའ་ཁྲིམས་ལ་བཞིགས་བཟུང་ན་སྐུ་སྒེར་ཡིག་ཚང་དེ་གཞུང་གི་ལས་ཁུངས་ཅིག་རེད་དམ། ཡང་ན་ཕྱེད་གཞུང་འབྲེལ་རེད། ཡང་མིན་ན་གཞུང་འབྲེལ་མིན་པ་སྒེར་གྱི་ལས་ཁུངས་ཅིག་རེད།
སྲིད་ངས་སྐུ་སྒེར་ཡིག་ཚང་དེ་གཞུང་ངམ་སྒེར་གང་ཞིག་ཡིན་མིན་ཤེས་པ་ཡིན་ན་སྐད་ཆ་བཤད་སྟངས་ལ་ཁྱད་པ་ཆེན་པོ་འདུག
བཀྲིས་བདེ་ལེགས་ཡོད་
དྲ་གྲོགས་བསམ་ཤེས་ནས་ལོ་རྒྱུས་མཚམས་འཇོག་དང་འབྲེལ་བའི་དྲི་བ་བཞི་བཀོད་འདུག མཚམས་འཇོག་བྱེད་དགོས་པའི་རྒྱུ་མཚན་ཞིག་མཐོང་ནས་སྐུ་སྒེར་ལས་གཞི་ཚོགས་ཆུང་ནས་མཚམས་འཇོག་དགོས་པའི་ཐག་གཅོད་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དོན་མེད་རྣམ་རྟོགས་ཟེན་ན་མི་འགྲིག ཚོགས་མ་བསགས་པར་ཟེར་ན་མི་འགྲིག་གང་ལྟར་ཁམས་དང་དབུས་གཙང་གི་ལོ་རྒྱུས་དགོས་མི་དགོས་ཀྱི་དོགས་གཞི་སྣ་ཚོགས་ཤིག་འཁྱེར་ཡོང་དགོས་དོན་མི་འདུག་བསམ་གྱིན་འདུག
དེ་སྔོན་དགོས་མཁོར་དམིགས་ནས་ལས་གཞི་བརྩམས་པ་རེད། ད་ཆ་དགོས་པ་རྒྱུ་མཚན་ཞིག་གིས་མཚམས་འཇོག་དགོས་པའི་ཐག་གཅོད་གནང་བ་རེད། འགན་ཡོད་མཁན་དང་ཐག་གཅོད་གནང་མཁན་ཞིག་གིས་གནང་བ་རེད། སྐལ་མེད་སར་སྐེ་བསྲིངས་ནས་དོགས་འདྲི་སྣ་ཚོགས་དགོས་པའི་རྒྱུ་མཚན་ཡོད་ན་གསུངས་རོགས་གནང་།
ད་རེས། དྲ་གྲོགས་འདི་ཚོས། བྲེ་སྲང་ལགས་ལ་ཕར་རྒྱ་མ་འདེགས་སོང་། ཤེས་ཡོན་ཡོད་ན་འདྲ་གི་མིན་འདུག རྒྱུ་མཚན་ཤོད་ཀྱི་འདུག དཔང་རྟགས་བཏོན་གྱི་འདུག རིགས་པ་ཤོད་ཀྱི་འདུག
ངའི་རེ་བར། བྱ་ཐབས་འདི་བརྒྱུད་ནས། ང་ཚོས་བོད་ཀྱི་སྤྱི་ཚོགས་གཉིད་ལས་བསད་ཐུབ་ན་ངོ་མ་ལེགས།
ཨེ་མ་ཧོ།
གྲོ་ནས་སྲན་གསུམ་བྲེ་ལ་འཇལ་ནས།།
སྐུ་ངོ་ལགས་སུ་བསྟར་ཆགས་འབུལ་ཡོད།།
ཨ་ན་ཞར་དགོག་སྲང་ལ་འདེགས་ནས།།
སྐུ་ངོ་ལགས་ཀྱི་ཕྱག་ལ་འབུལ་ཡོད།།
ད་རེས་སྐུ་ངོས་གློ་བུར་ཐོག་བརྒྱབ།།
རྩོམ་སྒྲིག་ལས་གཞི་མཚམས་འཇོག་པའི།།
གཡང་གཟར་རི་ནས་རྦབ་རྡོ་ཉིལ་འདྲ།།
བཀའ་བཙན་འདི་འདྲ་ཕེབས་དོན་ཅི།།
བདེ་འབྱུང་དྲིན་ཅན་པོ། ཨ་མདོ་ཚང་གི་ལོ་རྒྱུས་ཧོར་གཙང་ཚང་གིས་བྲིས་འཚར་པ་རེད། རྣམ་རྟོགས་མི་དགོས་ཀི། ཁོ་ཚང་དབུང་གཙང་དང་ཁམས་པ་རྣམས་ཀྱི་ལོ་རྒྱུས་ད་ལྟ་འཐོན་མེད་ནི་ཐལ། བྱས་ཙང་འདྲི་བ་མང་པོ་ཡོང་ལེ་རེད། འདི་རྣམ་རྟོགས་ཅིག་པུ་ཞིག་ཨེ་ཡིན།
ཡང་ “ཚང་” འབྲི་རྒྱུ་དེ་ཡང་ getting out of hand. བོད་ཚང་དང་ཨ་མདོ་ཚང་དང་། ར་ཚང་དང་ལུག་ཚང་། ཁྱི་ཚང་དང་ཕག་ཚང་། སྐྱག་ཁང་ཚང་དང་ལྷ་ཁང་ཚང་། མི་ཚང་དང་འདྲེ་ཚང་་་་་་་་་་་་་་་་་་་་་་་་་་་་་
༄༅། །ཡ་ལགས་སོ། དེ་སྔོན་ཁྱེད་ཚོས་༧གོང་ས་མཆོག་གིས་བཀའ་གནང་བ་བཞིན་དུ། ཨ་ཁུ་དམ་ཆོས་འདྲ་བའི་ལྷག་བསམ་ཅན་ཞིག་དང་འཇུ་བསྟན་འདྲ་བའི་རྣམ་དཔྱོད་དང་མཁས་པའི་དབང་པོ་རྣམས་ཀྱིས་བྱ་བ་དེ་དབུ་རྩོམ་ནས་མཇུག་མ་རྫོགས་ན་བོད་སྤྱི་ཡོངས་ལ་གནོད་ཚབ་དེ་ལས་ཆེ་བ་མེད་ཞིག་ཚོར་སོང་། སྐུ་སྒེར་དཀོར་ཆས་ལས་གཉེར་པ་ཁྱེད་ཚོས་༧གོང་ས་ཐམས་ཅད་མཁྱེན་པའི་དཀོར་རྫས་ཅི་འདྲ་བཟོ་ཁི་ཡོད་མེད་ཁྱོད་རང་ཚོས་ཁ་ནང་ལ་བསྐོར་དང་ཧ་གོ་ངེས་རེད། སྐྱིད་གཞུང་ཚོ། ཧུན། འདི་འདྲའི་ཐན་སྐད་དེ་མཚམས་འཇོག་གནང་རོགས། མ་ཚད་མཁས་དབང་དེ་དག་གིས་ཕྱག་ལས་རྣམས་མུ་འཐུད་དུ་གནང་ནས་མཐར་ཕྱིན་པར་ཞུ་ཞེས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་རེ་བསྐུལ་ཡང་ཡང་ཞུ། །
༄༅། །བརྡ་སྨོན་ཁུ་བྱུག་སྔོན་མོའི་གླུ་དབྱངས། །
ན་མོ་གུ་རུ་བཛྲ་དྷྰ་ར་ཡེ། །
༡
རྗེ་སུམ་ལྡན་ངོ་བོ་ཡིད་བཞིན་གྱི་ནོར་བུ། །
གནས་བདེ་ཆེན་རྒྱན་དུ་འབྲལ་མེད་དུ་བཞུགས་ནས། །
ཆོས་ཐོས་བསམ་སྒོམ་པའི་བཤད་སྒྲུབ་ཀྱི་སྣང་བས། །
ཞིང་ཀུན་ཁྱབ་སྣོད་བཅུད་སྨིན་གྲོལ་དུ་སྨོན་ནོ། །
༢
དུས་ཐོག་མེད་འཁྱམ་པའི་མ་རྒན་འགྲོ་དྲུག །
སྡུག་ཚད་མེད་མྱོང་བའི་ལས་སྣང་འདི་བསམ་ཚེ། །
བློ་འགྱུར་མེད་སྨོན་འཇུག་སེམས་མཆོག་དེ་བསྐྱེད་ནས། །
མ་འགྲོ་དྲུག་བདེ་ཆེན་ཞིང་མཆོག་ལ་བཀོད་སྨོན། །
༣
ལུས་སྣང་སྟོང་དབྱེར་མེད་ཡི་དམ་གྱི་ལྷ་ཚོགས། །
ངག་གྲགས་སྟོང་བརྗོད་མེད་གཟུངས་སྔགས་ཀྱི་དབྱངས་སྙན། །
སེམས་རིག་སྟོང་དབྱེར་མེད་ཆོས་སྐུ་ཡི་རང་ཞལ། །
དོན་སྣང་སྲིད་ལྷ་སྔགས་ཆོས་ཉིད་དུ་གྱུར་སྨོན། །
༤
སྐྱབས་བསླུ་མེད་འཇམ་མགོན་མི་ཕམ་རྗེ་མཁྱེན་ནོ། །
སྙིང་འདབ་བརྒྱད་ཁབ་ཏུ་རྟག་བརྟན་ཏུ་བཞུགས་ནས། །
ཉམས་རྟོགས་པའི་ཡོན་ཏན་ཡར་ཟླ་བཞིན་གོང་འཕེལ། །
མཆོག་ཐུན་མོང་དངོས་གྲུབ་རང་རྩལ་དེ་རྫོགས་སྨོན། །
༥
གཞི་ཀུན་གསལ་སྐྱེ་མེད་ཀ་དག་གི་ངོ་བོ། །
ལམ་འོད་གསལ་འགག་མེད་ལྷུན་གྲུབ་ཀྱི་རང་བཞིན། །
ཐུགས་སྤངས་རྟོགས་མཐར་ཕྱིན་གསང་གསུམ་གྱི་ཐུགས་རྗེ། །
དོན་ཡེ་ཤེས་བླ་མའི་ས་ཆེན་དེ་ཐོབ་སྨོན། །
༦
ཚོགས་དུས་གསུམ་བསགས་དང་དགེ་རྩ་ཀུན་བསྡུས་ནས། །
ཡར་མཆོད་དང་མར་སྦྱིན་ཕན་བདེ་ཡི་ཚོགས་གཉིས། །
བསྟན་འགྲོ་ཀུན་ཕུན་ཚོགས་དར་རྒྱས་སུ་བསྔོ་བས། །
ཚེ་འདི་ཕྱིའི་ལེགས་དགུ་འབད་མེད་ལ་འབྱུང་སྨོན། །
ཞེས་པ་འདི་ནི་གྲོགས་རིག་པའི་རྡོ་རྗེས་ཡང་ཡང་བསྐུལ་བ་བཞིན་
རབ་རྒྱན་ས་གླང་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་གྱི་སྐབས་སུ་
བུདྡྷ་ཛྙྰ་ནའི་ཡང་དབེན་ནས་ཤྲྰི་སྨྱོན་པས་སྙིང་ནས་གསོལ་བ་འདེབས་པ་ཤྲྰི་སརྦ་བི་ཛ་ཡནྟུ། །
ཕྱི་ལོ་༢༠༠༩ ༥ ༩ ལའོ།། །།
རིགས་རུས་གཅིག་པའི་སྤུན་ཟླ་དག་གིས་དུས་ཀུན་སྐད་ཆ་འདི་འདྲ་ཆོད་མེད་རེ་གླེང་དེ་འོང་དུས། ང་རང་གིས་ང་རང་བོད་དུ་སྐྱེ་བའི་བོད་པ་དེ་ཚོ་ལ་ཡིད་སུན། ངས་རྟག་དུ་བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པར་འདོད་ཀྱི་ཡོད་ལ། བོད་ཀྱི་ལོ་རྒྱུས་འབྲི་བ་ལ་ཆོལ་ཁ་ཟེར་ནས་བཙན་གྱིས་མི་རིགས་གཞན་གྱིས་བཙན་གནོན་འོག་ནས་བཏགས་པའི་མིང་དེ་སླར་ཡང་བཙན་གྱིས་བེད་སྤྱོད་བྱེད་དགོས་དོན་ཞིག་གཏན་ནས་མཐོང་གི་མི་འདུག་ན། གྲོགས་པོ་ཚོ་ཡིན་གཅིག་མིན་གཅིག་འབོད་དགོས་ཀྱི་ཡོད་ན་ནི། མདོ་དབུས་ཁམས་གསུམ་བོད་པ་ཡིན་པའི་བསམ་བློ་གཅིག་པའི་ལྟ་ཚུལ་སྒང་ནས་བསམ་ཚུལ་དང་གྲོས་གཞི་འདོན་རོགས་ཞུ། དེ་མིན་སྤྱིར་བཏང་གི་རྙོག་གཏམ་ལས་ནང་ཁུལ་གྱི་མཐུན་སྒྲིལ་གཏོར་བས་ལས་འདི་འདྲ་ནི་དགྲ་ཡིན་ན་མ་གཏོགས་བྱེད་ཀྱི་མེད་པ་ཐུགས་འཇག་འཚལ། བོད་ཀྱི་ལོ་རྒྱུས་འབྲི་མཚམས་བཞག་པ་དེ་ཡང་གནས་ཚུལ་གསལ་བོ་ཞིག་ལེན་རྒྱུ་དེ་ནི་གསར་འགོད་པ་དེ་དག་གིས་ལས་ཀ་ཡིན་སྟབས། གསར་འགོད་པ་གང་རུང་ཞིག་གིས་ལས་གཞི་འདིའི་བསྐོར་སྐུ་སྒེར་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་གང་རུང་ཞིག་གིས་ལན་ཁ་གསལ་ཞིག་མ་རེག་བར་དུ་དོན་མེད་དུ་རྙོག་གཏམ་མང་བོ་མ་གསུང་ན་ཡག་པོ་རེད།
བཅོས ང་རང་བོད་དུ་སྐྱེ་བའི་བོད་པ་དེ་ཚོ་ལ་ཡིད་སུན
ངའི་འཚོར་སྣང་ལ། རྒྱ་གར་ན། བོད་མི་མང་པོ་ཞིག་གི་གཤིས་ཀར། སྤྲེལ་ལད་ཤོད་རྒྱུ་དེ་དགའ་པོ་འདུག རྒྱལ་བ་རིན་པོ་ཆེའི་དགོངས་པར་མ་བལྟ་བར། ཁོང་གནས་སྐབས། ཐུགས་གང་དགྱེས་དགྱེས་བྱེད་པ་འདི་ན་ཚ་སྡུག་པོ་ཞིག་རེད། དཔེར་ན། “རྒྱལ་བ་རིན་པོ་ཆེས་མི་འདི་ལ་མཉེས་པོ་ཡོད།”ཟེར་ནས། རྟག་དཔྱད་མ་བྱས་པར་མི་དེས་གང་བཤད་ལ་བདེན་པོར་འཇོག་པའི་གོམས་གཤིས་ངན་པ་འདུག
སྐུ་སྒེར་ཡིག་ཚང་གི་ལས་བྱེད་འདི་ཚོས་ཀྱང་། རྒྱལ་བ་རིན་པོ་ཆེར་སྤྲེལ་ལད་ལྟ་བུ་ཞིག་ཤོད་ཐུབ་ན། བྱས་རྗེས་ལྟ་བུར་བརྩི་སྲོལ་འདུག དེར་བརྟེན་ངའི་བསམ་ཚུལ་ལ། ད་རེས་སྐུ་སྒེར་གྱི་ལས་བྱེད་ཚོས། མ་སྐུལ་དང་བླངས་ཀྱིས། ཆོལ་གསུམ་གྱི་ལོ་རྒྱུས་དེ་བཀག་ནས། རྒྱུ་མཚན་ལ་མདོ་སྨད་ཀྱི་ལོ་རྒྱུས་བྲིས་ཟིན་ཞེས་བརྗོད་ནས། རྒྱལ་བ་ཁོང་ཨ་མདོ་སོང་ཙང་། མདོ་སྨད་ལོ་རྒྱུས་འདོན་ནས། ཆོལ་གསུམ་གྱི་ལོ་རྒྱུས་བཀག་པ་དེས། ཁོང་དགའ་པོ་ཡོང་ཐབས་བྱེད་པ་འདི། ངོ་མ་ན་ཚ་སྡུག་པོ་ཞིག་མ་རེད་པས། རྒྱལ་བ་ཁོང་འདི་ལྟར་བྱས་པར་རྩ་བ་ནས་མཉེས་ཀྱི་མ་རེད་སྙམ།
ཁ་སང་སྔོན་མ་དམ་ཆོས་དཔལ་བཟང་གིས་འབྲི་ཤེས་ཀྱི་མི་འདུག་ཟེར་མཁན་ཁྱོད་ཚོ་རེད། དེ་རིང་འབྲི་མཚམས་བཞག་འདུག་ཅེས་ཧེ་འདེབས་མཁན་ཡང་ཁྱོད་ཚོ་རེད། ད་ངོ་མ་མི་འགའ་ཤས་ཁོག་ལ་གདོན་ཞིག་ཞུགས་ཡོད་པ་འདྲ། བདག་གི་ཤེས་ཚོར་ལ་སྐུ་སྒེར་ཡིག་ཚང་གིས་འགྲོ་གྲོན་བཏང་ནས་མཉམ་ཞིབ་བྱེད་མཁན་དང་ལོ་རྒྱུས་རྩོམ་སྒྲིག་པ་སུ་ཡིན་ཡང་ཁོ་ཚོར་བར་ན་བཀའ་རྒྱ་ཞིག་བཞག་ཡོད་པ་རེད། དེ་མ་ཟད་ལོ་རེའམ་དུས་ཚོད་ངེས་ཅན་རེའི་ནང་ལས་བསྡོམས་དང་ལྷན་དུ་རྩོམ་སྒྲིག་བྱས་ཟིན་པའི་ཡིག་ཆ་ཅི་ཡོད་ཀྱི་ངོས་བཤུས་ཡར་ཡིག་ཚང་ལ་སྤྲོད་ཀྱི་ཡོད་པ་རེད། དེར་བརྟེན་སྐུ་སྒེར་ཡིག་ཚང་གིས་ལས་མཚམས་འཇོག་ཏུ་བཅུག་པ་ཡང་རྒྱུ་མཚན་ཡོད་བ་རེད། མདོ་སྨད་ལོ་རྒྱུས་ལེགས་འགྲུབ་བྱུང་ཟིན་སྟབས་ལས་གཞི་གཅིག་གི་སྟེང་ལས་ཀ་ཉིས་བརྩེགས་དང་འགྲོ་གྲོན་ཉིས་འགྲོ་མི་དགོས་སྟབས། དབུས་གཙང་དང་ཁམས་ཀྱི་ལོ་རྒྱུས་འབྲི་མཁན་ཆོལ་ཁུངས་སོ་སོ་ནས་ཡང་བསྐྱར་བཙལ་སྲིད་ཀྱི་རེད། དཔེར་ན་ཨ་མདོ་བ་ཞིག་གིས་དབུས་གཙང་ཁུལ་གྱི་ལོ་རྒྱུས་ཞིག་འབྲི་ན་དང་པོ་ས་རྒྱུས་ཆུ་རྒྱུས་མེད་སྟབས་དཀའ་ངལ་གཅིག་རེད། གཉིས་བ་དེ་རྩོད་རྙོག་མང་པོ་འབྱུང་བའི་ཉེན་ཁ་ཡང་ཡོད་པ་རེད། གོ་ཐོས་སུ་ཁམས་ཀྱི་ལོ་རྒྱུས་བེ་རི་འཇིགས་མེད་ཀྱིས་འབྲི་བཞིན་ཡོད་པ་རེད་ཟེར།
གོང་གི་ཡིག་ནོར་ཞིག་ལ་་་་་་་་་བར་ན་བཀན་རྒྱ་ཞེས་བར་བཀའ་རྒྱ་ཞེས་བྲིས་འདུག་པས་དགོངས་འཇགས་འཚལ།
ཨེ་བུདྡྷ་ཛྙྰ་ན་ཤྲྰི་ཡིན་ན་འདི་སྨྱོན་པ་ཞིག་རེད་ཀོ རིག་པའི་རྡོ་རྗེ། འདི་ཁྱེད་ཀྱི་རྩ་བའི་བླ་མ་ཨེ་རེད། གོང་གི་ཚིགས་བཅད་དེ་རིག་པའི་རྡོ་རྗེས་ཡང་ཡང་བསྐུལ་བ་བཞིན་ཟེར་གྱི་འདུག་གྰ
ད་ཡིན་ན་ངའི་ལོ་རྒྱུས་དེ་ཡང་ང་རང་རང་གིས་འབྲི་རྒྱུ་འགོ་འཛུགས་ན་ཡག་ས་རེད་མ་གཏོགས་རྗེས་མ་མི་ཚོས་འཚང་ཁ་བརྒྱབ་ནས་བྲིས་སོང་ན་ང་འགྲོ་དུས་ངའི་ཁུག་མ་ལ་ཡིག་སྙིགས་གིས་ཤོང་ས་ཡང་མ་རེད།
ཨ་ཕོ་ཧོར་བདེན། ཆོལ་ཁའི་ལོ་རྒྱུས་འབྲི་མཁན་རང་ཁོངས་ནས་བསྒྲུགས་ཡོང་ན་བཟང་། ཁ་ནང་གི་རྒྱུས་ལྕེ་ལ་ཡོད། མོ་མཚན་གྱི་རྒྱུས་མཇེ་ལ་ཡོད། ཡང་ན་མཇེ་རྒྱུས་མོ་མཚན་ལ་ཡོད་པ་ལྟར་རོ། ཁམས་མོ་འོག་འདེགས་མཁས་པར་བེ་རིར་རྒྱུས་ཟབ་ན་བེ་རི་བསྐོས། ཀོང་མོ་སྟུ་དམ་པ་དང་མོན་མོ་བརླ་ཤ་འཇམ་པར་གཉེན་ཡ་སུ་ཞིག་བཟང་།
ལོ་རྒྱུས་འབྲི་རྒྱུ་དེ་ལས་སླ་མོ་མ་རེད། བོད་ཡིག་ཤེས་པས་མི་འགྲིག ས་རྒྱུས་དང་མི་རྒྱུས་ལོན་པས་མི་འགྲིག དེ་ལ་ཤེས་ཡོན་དུ་མ་ཞིག་དགོས་ལེ་རེད། ངས་བལྟས་ན། ཆོལ་གསུམ་གྱི་ལོ་རྒྱུས་བརྙན་འཕྲིན་ནང་བལྟ་རྒྱུ་ཡོད་པ་ཞིག་ཡིན་ན་ཕན་པ་ཆེ། ངེད་ཚོའི་བུ་ཕྲུག་ཚོས་ཀྱང་ལྟ་ཐུབ་ལ་རྟོགས་ཀྱང་ཐུབ།
སྔོན་མ་སྦི་སྦི་སི་རླུང་འཕྲིན་ལས་ཁུངས་ཀྱིས་ཧོར་ཇིན་གེར་ཧན་གྱི་ལོ་རྒྱུས་ཤིག་བསྟན་སོང་། ད་དེ་འདྲ་ཡག་པོ་ཞིག་འདུག
སྐུ་སྒེར་གྱིས་འགྲོ་སོང་བཏང་ནས་ཆོལ་གསུམ་གྱི་ལོ་རྒྱུས་འདི་འདྲ་ཞིག་བཟོ་ཐུབ་ན་ངོ་མ་ཡག་པོ་ཡོང་ས་རེད། ང་རས་ཀྱང་ཞལ་འདེབས་ཨ་སྒོར་སྟོང་ཁ་ཤས་འབུལ་ཐུབ་པ་འདུག ལས་གཞི་དེ་ལ་བོད་ཀྱི་དེང་དུས་ཀྱི་ན་གཞོན་རྩོམ་པ་པོ་རྣམས་དང་། རྒན་རབས་ཚོ་མཉམ་དུ་སྒྲུབ་ན་ཤིན་དུ་ལེགས། ཨ་མདོ་དང་ཁམས་དང་དབུས་གཙང་གི་རྩོམ་པ་པོ་རྣམས་ཀྱིས་མཉམ་རུབ་ཐོག་ནས་སྒྲུབ་ཐུབ་ན་བོད་མི་དམངས་ཚང་མར་ཤིན་དུ་ཕན་པའོ།
དྲ་གྲོགས་ཚངས་དབྱངས་ལགས། ཉིད་ཀྱིས་བསམ་ཚུལ་དེ་ནི་དངོས་ནས་ཡག་པོ་རེད། ཡིན་ཡང་། དེ་ནི་བོད་གཞུང་གི་སྐུ་ངོ་དེ་དག་གི་རྣ་ལམ་དུ་འབྱོར་སྲིད་ཀྱང་ལག་ལེན་བསྟར་རྒྱུའི་སེམས་ཤུགས་ཕལ་ཆེར་མེད་ཚོད་རེད། ང་རང་གིས་སྒེར་ངོས་ཀྱི་བསམ་ཚུལ་འདི་འདྲ་ཞིག་མི་ལོ་ལྔ་དྲུག་གི་གོང་དུ་ཚགས་ཤོག་གཅིག་གི་བཅའ་འདྲི་དང་ལེན་བྱེད་སྐབས་བོད་གཞུང་གིས་གློག་བརྙན་སྡེ་ཚན་ཞིག་གི་སྒོ་འབྱེད་ཕྱེ་ཐུབ་པ་ཡིན་ན་ཕན་ཐོག་ཆེན་པོ་ཡོད་བསྐོར་བཤད་ན་ཡང་། དེ་ནི་མི་ཆུང་གི་གཏམ་ལ་ཉན་མཁན་ཞིག་གང་ནས་ཡོང་། གལ་ཏེ་སྐད་ཆ་སྐུ་ངོ་དང་ཡང་ན་མིང་སྙན་གྲགས་ཡོད་མཁན་གང་རུང་ཞིག་གིས་བཤད་ཡོད་རྒྱུ་ན་དེང་སང་ཕལ་ཆེར་བདག་པོ་ཞིག་ཡོད་ངེས་རེད། ང་ཚོས་རང་གི་ནུས་པའི་གོ་སྐབས་རེ་བྱུང་བ་ཡིན་ན་འདི་འདྲའི་བསྐོར་ལ་རོགས་རམ་དང་མི་སྣ་འདེམས་སྒྲིག་བྱེད་ཐུབ་པ་ཡིན་ན་ཡག་པོ་འདུག དེ་མིན་་་་་
དོན་དག་གལ་ཆེན་རེད། ཁ་སྟོང་ཙམ་གྱིས་ཅི་ཡང་མི་ཕན། དངོས་ནས་འགྲོ་དངུལ་མེད་པ་ཡིན་ན་ཨ་ཁུ་དམ་ཆོས་དང་འཇུ་བསྟན་སྐྱོང་གིས་ང་ལ་འབྲེལ་བ་རེ་གནང་khenchenlama@yahoo.comདང་ཐབས་ཤེས་གང་གྲགས་བཟོ་ཆོག ཡང་ན་གནམ་ཀླད་རྒྱུད་དེ་skype{khenchen.lama}སྐད་ཆ་དངོས་མ་དེ་གསུངས་དང་རོགས་ཨེ་ཐུབ་ལྟ་ངེ་ཡིན། མཁན་པོ་དཔལ་དགྱེས་པས
ད་རེབ་དཔལ་དགྱེས་པ་རྡོ་རྗེ་ཚང་གིས་ཁ་དོན་ཡོད་པའི་སྐད་ཆ་ཞིག་བཤད་འདུག སེ་ཁེབ་ལ་གནམ་སའི་འབྲེལ་ཐག་ཟེར་ནས་ངས་སྔོན་ཆད་ཅིག་ལ་དྲ་ཐོག་འདིར་བྲིས་མྱོང་ཡོད་མོད། དེ་དུས་ཡ་ལན་སྟེར་མཁན་དེ་འདྲའི་བྱུང་མ་སོང་། དེ་རིང་སྐུ་ཉིད་ཀྱིས་སེ་ཁེབ་ལ་གནམ་ཀླད་ཟེར་ནས་འབོད་ཀྱི་འདུག དེ་ཚིག་མཛོད་གང་རུང་ཞིག་ལ་བཀོད་ཚར་བ་ཞིག་རེད་དམ། ཡང་ན། སྐུ་ཉིད་ཀྱིས་བསམ་ཚུལ་ལྟར་འདིར་བྲིས་པ་ཡིན།
དྲ་གྲོགས་རྣམས་ཀྱིས་ད་དུང་ཨ་ཁུ་དམ་དཔལ་གྱི་སྐོར་གླེང་གི་ཡོད་པས། དེའི་སྐོར་ཤེས་འདོད་ཡོད་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་དམ་དཔལ་རང་ལ་བཅར་འདྲི་བྱས་ཡོད་པས་དེར་ཉོན་དང་གསལ་བོ་འདུག
མདོར་ན་སྐུ་སྒེར་གྱིས་ལས་གཞི་འདི་མཚམས་འཇོག་གནང་བར་རྒྱུ་མཚན་ལོས་ཀྱང་ཡོད་ལ། དམ་དཔལ་གྱིས་ཀྱང་སྐུ་སྒེར་གྱི་བཀའ་ཡིག་དངས་ལེན་བྱས་ན་ཡག་པོ་རེད། དེ་མིན་སྐུ་སྒེར་གྱི་བཀའ་ཡིག་རྩིས་མེད་འདྲ་བོ་དང་། དེའི་ཡན་ནས་༧གོང་ས་མཆོག་གི་ཐག་གཅོད་ལ་སྒུག་དགོས་ཞེས་བཤད་ན་ཡག་པོ་རང་ཨེ་ཡིན་སྙམ།
ང་སྒེར་གྱི་བསམ་ཚུལ་ཡིན་ན། སྐུ་སྒེར་གྱིས་ཐག་གཅོད་འདི་གནང་དོན་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་བརྩམས་གྲུབ་པ་དང་། འགྲོ་གྲོན་གྱིས་མ་འདང་པ་ཁོ་ན་ཨེ་ཡིན་སྙམ། གཅིག་བྱས་ན་ཆོལ་གསུམ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དེའི་བརྒྱུད་རིམ། རྩོམ་སྒྲིག་ལས་བྱེད། རྩོམ་སྒྲིག་བྱེད་བཞིན་པའི་ལོ་རྒྱུས་ཀྱི་སྤུས་ཚད་དང་། དུས་ཡུན་སོགས་ལ་འབྲེལ་བ་མེད་པ་གཏན་ནས་ཨེ་ཡིན་སྙམ་པས། དྲ་གྲོགས་རྣམས་ཀྱིས་གླེང་འདོད་ཡོད་ན་འདི་ཚོའི་ཐོག་བགྲོ་གླེང་གནང་རོགས། དེ་མིན་རྒན་དམ་དཔལ་སྒེར་གྱི་དོན་དག་རྐྱང་རྐྱང་གླེང་ན་དོན་དག་དེ་ཙམ་མི་འདུག་སྙམ།
གྲོགས་པོ་ལྷ་ཀླུ་གཉན་གསུམ་ལགས། གནམ་ཀླད་རྒྱུད་ལམ་ཞེས་པ་འདི་ང་རང་རྒྱུན་དུ་བོད་སྐད་བརྡ་སྤྲོད་སྐབས་སུ་སྒྱུར་བ་ཞིག་ཡིན། མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་བརྡ་དག་གསར་བ་ཞིག་བསྒྲིགས་ཡོད་པ་གོ་བ་ལས་ལག་ཏུ་ཁྲོད་མ་བྱུང་། ཐ་སྙད་གསར་བ་མིང་འདོགས་དགོས་པ་ཤིན་ཏུ་གལ་ཆེན་རེད་ལགས་སོ།
དམིགས་བསལ་བཤད་རྒྱུ་ནི་འཇུ་བསྟན་སྐྱོང་ནི་དངོས་ནས་མཁས་པ་ཆེན་པོ་གཟུར་གནས་བློ་ལྡན་དོན་གཉེར་བ། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པའི་མི་རེད། ང་ཡི་གྲོགས་པོའི་རང་ཕྱོགས་ཙམ་གཏན་ནས་མིན་ནོ། ནང་འཁོར་གྱི་གྲུབ་མཐའ་དང་།ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་བརྩམས་གྲུབ་པ་དེ་དང་མ་འགྲིགས་པའམ། གཅིག་བྱས་ན་ཆོལ་གསུམ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བརྒྱུད་རིམ་བསམ་བློ་ནོར་བ། རྩོམ་སྒྲིག་ལས་བྱེད། རྩོམ་སྒྲིག་བྱེད་བཞིན་པའི་ལོ་རྒྱུས་ཀྱི་སྤུས་ཚད་དང་། དུས་ཡུན་དང་ཕྲག་དོག་སོགས་ལ་འབྲེལ་མེད་ཀྱི་ནང་མི་མཐུན་པ་ཡིན་ན་ཧ་མི་གོ འགྲོ་གྲོན་གྱིས་མ་འདང་པ་ཁོ་ན་ཡིན་ང་རང་རྒྱུ་ཆེན་མིན་ཡང་གྲོགས་པོ་མང་པོ་ཡོད་པས་མཉམ་སྒྲུབ་བྱ་དགོས་འདུག་སྙམ་མོ། ལན་འདི་ཨ་ཁུ་དམ་ཆོས་དང་འཇུ་བསྟན་སྐྱོང་ལ་འཕྲོད་ཐབས་རེ་ཡོད་ན་ཐུགས་རྗེ་ཆེ། ང་ཚོ་མ་ཐུག་ནས་ལོ་དྲུག་ཕྱིན་སོང་། གྲོགས་པོ་འགའ་རེ་ང་སྨྱོན་པ་བརྗོད་ཀྱང་དགོངས་དག སེམས་རྣལ་དུ་ཕབས་པའི་སྐད་ཆ་ཡིན་ནོ། ། མཁན་པོ་དཔལ་དགྱེས་པས
ཨ་རོ་དགྱེས་རྡོར། དམ་དཔལ་དང་ཁྱེད་ཚོ་མ་ཐུག་ནས་ལོ་དྲུག་ཕྱིན་སོང་། དམ་དཔལ་གྱིས་ཆོལ་གསུམ་ལོ་རྒྱུས་བྲིས་ནས་ལོ་དགུ་ཕྱིན་སོང་། ཁྱོས་དམིགས་བསལ་གྱིས་མཁན་པོ་བསྟན་སྐྱོང་ནི་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པའི་མི་རེད་ཟེར། འོ་ན་དམ་དཔལ་ལ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མི་འདུག་ཟེར་གྱི་ཨེ་ཡོད། ཁྱོས་སྐུ་སྒེར་ཡིག་ཚང་གིས་གྲུབ་མཐའི་ཆགས་སྡང་ཞིག་ཨེ་ཡིན་ཟེར་བ་དེ་ཕལ་ཆེར་ཡིན་ས་མ་རེད། གང་ཡིན་ཟེར་ན་དམ་དཔལ་གྱི་གྲུབ་མཐའ་དགེ་ལུགས་ཡིན་པར་མ་ཟད་ཁོ་རང་དགེ་ལུགས་པའི་སྐྱབས་འགྲོའི་ཚོགས་ཞིང་གི་ནང་དུ་ཡོད་པའི་མི་ཁྱད་པར་བ་ཞིག་རེད་ལོ། གང་ཡིན་ཟེར་ན་དམ་དཔལ་ཁོ་རང་གིས་ཁོ་རང་དགེ་ལུགས་པའི་སྐྱབས་འགྲོའི་ཚོགས་ཞིང་ནང་དུ་ཡོད་ཟེར་གྱི་འདུག དེ་ཡང་ངེས་དོན་གྱི་དོན་ཆོས་འཁོར་ཟེར་བའི་དུས་དེབ་འདོན་ཐེངས་དང་པོའི་ནང་ཁོ་རང་གི་བྲིས་པའི་འཆར་སྣང་ཚིག་གསུམ་ལས། “གྲུབ་མཐའ་ལྔའི་དབང་དུ་བྱས་ན་དགེ་ལུགས་པ་དང་ཚོགས་ཞིང་དེའི་གྲྭལ་མཐའ་འཛིན་པའི་ཁོངས་ཡིན་” ཟེར་བ་འདི་ལ་ལྟོས། ད་དུང་ཚིག་འདི་ལ་བལྟས་ན་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་ས་ཨེ་རེད། ཨ་རོ་བསམ་བློ་གཤིས་གི་ཐོངས་ཀོ། ལོག་ལྟ་མ་བྱེད།
ནོར་བཅོས། ནོར་བ། ངེས་དོན་གྱི་དོན་ཆོས་འཁོར། བཅོས་པ། ངེས་དོན་གྱི་ཆོས་འཁོར།
དྲ་གྲོགས་མཐར་ཕྱིན་ལགས།
ཁྱེད་ཀྱིས་དྲི་བ་འདི་ང་ལ་དྲིས་པ་ཡིན་ན། དེ་ང་མ་རེད་ལགས། ཁོ་ངའི་བླ་མ་ཡིན་པ་ལྟ་ཅི་ངས་ནི་ཁོ་སུ་ཡིན་ཙམ་ཡང་ཤེས་ཀྱིན་མེད། ཁོས་བྲིས་པའི་རྩོམ་ཡིག་རེ་གཉིས་ཤིག་ཁ་བརྡ་དྲ་དེབ་ཐོག་ནས་མཐོང་མྱོང་།
དེ་སྔོན་ངས་ཀྱང་དྲ་དེབ་འདིའི་ཐོག་རྩོམ་ཡིག་ཐུན་ཐུན་རེ་དང་། མཆན་རེ་བྲིས་པ་ཡིན་མོད། བར་སྐབས་ཤིག་ནས་དྲ་གྲོགས་མང་པོ་ཞིག་གིས། གླེང་དགོས་པའི་བརྗོད་དོན་གཙོ་བོ་མི་གླེང་བར་བཤད་མི་དགོས་པའི་གང་ཟག་སྒེར་གྱི་སྐྱོན་དང་ནོར་འཁྲུལ། ད་དུང་གང་ཟག་སྒེར་ལ་སྐྱོན་བརྗོད་དང་སྐུར་འདེབས་མང་དག་ཅིག་བྱེད་ཀྱིན་འདུག་པས། དེ་རིང་བར་རྩོམ་ཡིག་ཕར་ཞོག་མཆན་གཅིག་ཀྱང་འབྲི་མ་མྱོང་།
མཐར་དྲ་གྲོགས་རྣམས་ཀྱིས་གང་ཟག་སྒེར་ལ་སྐྱོན་བརྗོད་དང་སྨོད་ཚིག་འབྲི་རྒྱུ་མཚམས་བཞག་ནས་སྐབས་བབ་ཀྱི་གླེང་གཞི་གང་ཡིན་པ་དེའི་ཐོག་བགྲོ་གླེང་ལྷུག་པོར་གནང་རྒྱུའི་རེ་བ་ཡོད།
དྲ་གྲོགས་ཚང་མའི་སྐུ་ཚེ་རིང་། མཛད་འཕྲིན་རྒྱས། བསམ་དོན་འགྲུབ་པར་ཤོག
ཨ་རོགས། དཔལ་དགྱེས། ཁྱོས་ཆོལ་གསུམ་ལོ་རྒྱུས་ལ་སྦྱིན་བདག་བྱེད་ཀྱི་ཡིན་ཟེར་གྱི་འདུག་ག དེས་ན་ངས་ཡང་ཁྱོད་ལ་གཅིག་འདྲི། ཆོལ་གསུམ་ལོ་རྒྱུས་བྲིས་ནས་ད་བར་ལོ་དགུ་རེད་ཟེར། དེའི་རིང་ལ་དེབ་གཉིས་མ་གཏོགས་གྲུབ་མེད་ཚུལ་འདུག དེས་ན་ཆོལ་གསུམ་ལོ་རྒྱུས་ཡོངས་རྫོགས་འབྲི་རྒྱུ་ལ་ད་དུང་ཡང་ཉུང་མཐར་ལོ་ཉི་ཤུ་ལྷག་ཅིག་དགོས་ངེས་སུ་འདུག་པས། ཡུན་རིང་པོ་དེ་ཙམ་ལ་ཁྱོད་ཀྱིས་ཡིག་ཆ་འཚོལ་སྡུད་དང་ལས་བྱེད་ཀྱི་ཟླ་ཕོགས་སོགས་ཀྱི་སྦྱིན་བདག་མཐའ་འཁྱོངས་བྱེད་རྒྱུ་ཡིན་ནམ། ཡང་ན་ལོ་གཅིག་གཉིས་ཤིག་ལ་སྦྱིན་བདག་བྱས་ནས་དེ་ནས་ཡང་ས་ལ་ཐེངས་གཉིས་པ་བརྡབ་ཏུ་འཇུག་རྒྱུ་ཡིན། ཁྱོས་སེམས་རྣལ་དུ་ཕབས་པའི་སྐད་ཆ་ཡིན་ཟེར་མོད། ངས་བལྟས་ན་བསམ་བློ་སྤུ་ཙམ་མ་བཏང་བའི་སྐད་ཆ་ཞིག་ཡིན་པ་འདྲ། ངོ་མ་སྐུ་སྒེར་ཡིག་ཚང་གིས་སྒོར་མོས་མ་འདང་ས་ཞིག་ལ་ཁྱོའི་སྒོར་མོས་འདང་གི་ཡོད་ན། ཁོང་ཚོར་སྐད་ཆ་འདི་ངས་འཕྲོད་ཐབས་བྱེད་ཆོག འོན་ཀྱང་ངས་བལྟས་ན་སྐུ་སྒེར་ཡིག་ཚང་གིས་ས་ལ་གཅིག་བརྡབ་པའི་སྟེང་དུ་ཁྱོད་ཀྱིས་ཀྱང་ཟླ་ཤས་ཞིག་ལ་རྩེ་སྤྱད་བྱེད་འདོད་ཡོད་པ་འདྲ།
མཁན་ཆེན་དཔལ་དགྱེས་ཀྱི་སེམས་ཤུགས་ལ་རྒྱབ་སྐྱོར་ཡོད། རང་ལ་སྒོར་མོ་ཡོད་ན་བོད་སྤྱི་བའི་དོན་དུ་གཏོང་ཐུབ་ན་གཏོང་ས་མ་ནོར་བ་རེད། མཐར་ཕྱིན་ཡིན་ན་འདི་མོ་འདིའི་ཁ་ལ་ཉན་དགོས་དོན་ཡོད་པ་མ་རེད། མཁན་ཆེན་ལགས། རང་གིས་སྒོར་རྡོག་དེ་ཚོ་བསྟན་སྲིད་ཆེད་ནར་གཏོང་གནང་རྐྱང་བྱས་ཤོག ཁ་དྲོ།།
མི་ཚང་མས་མཁན་པོ་འཇུ་བསྟན་སྐྱོང་ཟེར་བ་དེ་མཁས་པ་ཆེན་པོ་ཞིག་རེད་ཟེར་གྱི་འདུག་པས་དོ་སྣང་བྱས་པ་ཡིན། ཁོང་གིས་དཔྱད་རྩོམ་ཉུང་ཉུང་འདི་གཞིས་བྱེས་ལྷན་འཛོམས་ཀྱི་དྲ་ཐོག་ནས་རྙེད་སོང་། ངོ་མ་མཁས་པ་ཆེན་པོ་ཞིག་ཡིན་པའི་བཟོ་འདུག དྲ་གྲོགས་ཚོས་གཟིགས་དང་།
༄༅། །དབུ་མ་རིན་ཆེན་སྒྲོན་མེ་སུས་མཛད་ལ་དཔྱད་པ།
འཇུ་བསྟན་སྐྱོང༌།
དབུ་མ་རིན་ཆེན་སྒྲོན་མེ་ཞེས་པའི་གཞུང་འདི་སློབ་དཔོན་ལེགས་ལྡན་གྱིས་མཛད་ཅིང༌། ཇོ་བོ་ཆེན་པོས་བླ་མ་རྗེ་བཙུན་ཟངས་གླིང་དགེ་བསྙེན་མགོན་པོ་ལ་བཀའ་འདྲི་ཞུས་པ། སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་ཅིང་གཏན་ལ་ཕབ་པ་ཞིག་ཡིན། འོན་ཀྱང་འདི་ལ་ཕྱིས་ཀྱིས་མཁས་པ་འགས་ལེགས་ལྡན་ཆུང་བ་ཟེར་བ་ཞིག་གིས་བརྩམས་པ་ལས་རང་རྒྱུད་སློབ་དཔོན་ཆེན་པོ་ལེགས་ལྡན་མིན་ཟེར་ལ། དེང་སང་ཡང་དེའི་རྗེས་སུ་ཟློས་པ་མང་བར་སྣང༌། ཁོ་ཚོས་ཀྱང་ཟེར་སྒྲོས་བསྡུས་པ་ཙམ་མ་ཡིན་པར་གཞུང་འདི་ལ་ཞིབ་ཙམ་གཟིགས་པའི་བཟོ་སྣང་མོད། འོན་ཀྱང་ད་དུང་རྒྱ་གར་མཁས་པའི་གཞུང་ཆེན་དག་དང་བསྡུར་ནས་དཔྱད་ན་ངེས་ཤེས་གསར་བ་མང་པོ་རྙེད་རྒྱུ་ལ། ག་ལ་སྲིད་དང༌། འགྲིག་ཐབས་མེད་ཅེས་གསུངས་ནས་ཐག་བཅད་སྔ་ཟིན་པ་ལྟར་སྣང་བས་ཞིབ་ཏུ་དཔྱད་དགོས། གཞུང་འདིའི་ལེགས་བཤད་ཀྱི་སྙིང་པོ་ལེན་དགོས་པ་ལས། འདི་སུས་མཛད་ལ་དོ་གལ་གྱི་ཅི་བྱ་སྙམ་ན། འདི་ཙམ་གྱིས་ཀྱང་དབུ་མ་ཐལ་རང་གི་བཞེད་མཚམས་དང་སློབ་དཔོན་ཆེན་པོ་དག་གི་མཐར་ཐུག་གི་དགོངས་པ་ཤེས་པ་ལ་ཕན་ཆ་ཆེན་པོ་ཡོད་ངེས། དེས་ན་དང་པོ་ལོ་པཎ་སུས་བསྒྱུར་དང༌། འདི་དང་འབྲེལ་བའི་རྒྱ་བོད་མཁས་པའི་ལེགས་བཤད་དག་ལ་དཔྱད་ན། ཇོ་བོ་ཡབ་སྲས་རྒྱ་གར་དུ་བཞུགས་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་སེང་དང༌། ནག་ཚོ་གཉིས་ཀྱིས་ཇོ་བོ་ལ་གཏུགས་ནས་སོ་མ་པུ་རིའི་གཙུག་ལག་ཁང་དུ་བསྒྱུར་པ་ཞིག་ཡིན་པ་འགྱུར་བྱང་དུ་གསལ་ལ། འདི་དང་འབྲེལ་བ་ཡོད་པའི་གཞུང་བདེན་གཉིས་ལ་འཇུག་པ། གཞན་ཡང༌། ལེགས་ལྡན་གྱི་དབུ་མ་སྙིང་པོ། རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་བཅས་ཇོ་བོ་དང༌། ནག་ཚོ་ལོ་ཙཱ་བས་བོད་དུ་བསྒྱུར་བ་གསལ་བས་ལེགས་ལྡན་གྱི་གཞུང་ལ་ཇོ་བོ་ཡབ་སྲས་ལས་རྒྱུས་ཆེ་བ་བོད་འདིར་སུ་ཡང་མེད་པར་མ་ཟད། ཇོ་བོ་ཆེན་པོའི་སློབ་དཔོན་འདི་ཉིད་དང༌། འཕགས་པ་ལྷ། ཟླ་བ་གྲགས་པ་གསུམ་ཀླུ་སྒྲུབ་ཀྱི་སློབ་མ་རྣམས་ཀྱི་ནང་ནས་གཙུག་གི་རྒྱན་ལྟ་བུར་ངོས་འཛིན་གནང་གིན་ཡོད་པས། ཇོ་བོ་ལེགས་ལྡན་གྱི་ལྟ་དགོངས་ལ་ཐུགས་རྒྱུས་ཆེ་བར་ངེས་པས། རགས་པའི་རྣམ་གཞག་འདི་ལྟ་བུར་ཇོ་བོ་ཆེན་པོ་ཡབ་སྲས་ལ་འཁྲུལ་བ་ཡོང་དོན་མེད། ཁྱད་པར་ཇོ་བོས་མཛད་པའི་དབུ་མའི་གཞུང་དག་ཀྱང༌། འདི་དང་ལེགས་ལྡན་གྱི་གཞུང་ལ་ཁུངས་བྱས་ནས་བརྩམས་པ་དཔེར་ན། བདེན་གཉིས་ལ་འཇུག་པ་དང༌། གཞུང་འདི་གཉིས་རྩ་འགྲེལ་ལྟ་བུར་སོང་བས། ཇོ་བོ་ཆེན་པོའི་དབུ་མ་བདེན་གཉིས་ལ་འཇུག་པ་གཞུང་འདིའི་གཙོས་ལེགས་ལྡན་གྱི་གཞུང་ལས་བཏུས་པ་ཤིན་ཏུ་གསལ། སྤྱིར་ཡང་རྒྱ་གར་གྱི་མཁས་པ་སུ་དང་སུས་མཛད་རྒྱ་གར་གྱི་པཎ་ཆེན་དག་ཚད་མར་བྱེད་པ་ལས་བོད་དག་གིས་རང་འདོད་ལྟར་བྱེད་ག་ལ་རུང༌། ཞིབ་ཏུ་བསམ་ན། ཇོ་བོ་ཆེན་པོས་མཛད་པའི་དབུ་མ་བདེན་གཉིས་ལ་འཇུག་པའི་མཚན་ཡང་གཞུང་འདི་ནས་བྱུང་བ་ཞིག་ཡིན་ཏེ། རིན་ཆེན་སྒྲོན་མ་ལས། འཕགས་པ་ཀླུ་སྒྲུབ་འཕགས་པའི་ལྷ།། ཟླ་བ་གྲགས་པར་ཕྱག་བྱས་ནས།། རྗེ་བཙུན་དག་གི་གསུང་བཞིན་དུ།། བདེན་པ་གཉིས་ལ་འཇུག་པར་བྱ།། ཞེས་གསུངས་པ་དང༌། གཞུང་འདིར་བདེན་གཉིས་ངོས་འཛིན་གྱི་ལུང་གང་དྲངས་པ་བདེན་གཉིས་སུ་དྲངས་པ་དང༌། དེ་བཞིན་བདེན་གཉིས་ཀྱི་དབྱེ་བ་ཕྱེ་ཚུལ་གྱི་དཔེ་ཚན་གཞུང་གི་བབ་བཅས་གཞུང་འདི་གཉིས་རྩ་འགྲེལ་ལྟར་དུ་སྣང་བ་བསྙོན་དུ་མེད་དེ། ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེས་པ་དང༌། ལོག་པ་ལ་ཡང་རྟོག་མེད་འཁྲུལ་བ་ཟླ་གཉིས་ལྟ་བུ་དང༌། རྟོག་པ་འཁྲུལ་བ་གྲུབ་མཐའ་ངན་པའི་སྒྲོ་བཏགས་ལྟ་བུ་གཉིས་སུ་འཇོག་པ་ཡང༌། དེ་ལ་དང་པོ་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པ་ནི། སྐྲ་ཤད་ཀྱི་འཁོར་ལོ་དང༌།། ཟླ་གཉིས་ཆུ་ཡི་ཟླ་བ་དང༌།། དྲི་ཟའི་གྲོང་ཁྱེར་རྨི་ལམ་དང༌།། སྒྱུ་མ་སྨིག་རྒྱུ་སྤྲུལ་པ་དང༌།། བྲག་ཅ་མེ་ལོང་གཟུགས་བརྙན་དང༌།། གྲིབ་མ་ཆུ་བུར་དབང་པོའི་གཞུ།། གློག་ལ་སོགས་པའི་དངོས་པོ་ནི།། སྣང་བ་ཙམ་གྱི་ཀུན་རྫོབ་ཡིན།། ཞེས་དང༌། འཁྲུལ་བའི་ཀུན་རྫོབ་ཀྱི་ཤེས་རབ་ནི།། སྔོན་གྱི་དྲང་སྲོང་རྗེས་འབྲངས་ནས།། ཇི་ལྟར་སྣང་བའི་དངོས་པོ་ལ།། དོན་བཞིན་མ་ཡིན་བཟུང་བ་ནི།། ཕྱིན་ཅི་ལོག་གི་ཤེས་རབ་ཡིན།། གསུངས་པ་དང༌། བདེན་གཉིས་ལ་འཇུག་པ་ལས། ཀུན་རྫོབ་རྣམ་པ་གཉིས་ཡིན་ཏེ།། ལོག་པ་དང་ནི་ཡང་དག་གོ། དང་པོ་གཉིས་ཏེ་ཆུ་ཟླ་དང༌།། གྲུབ་མཐའ་ངན་པའི་རྟོག་པའོ།། ཞེས་དང༌། ཆུ་ཤིང་གི་ནི་ཕུང་པོ་བཞིན།། མ་བརྟགས་ཉམས་དགའི་མཚན་ཉིད་ཅན།། རྒྱུ་ལས་སྐྱེ་དང་དོན་བྱེད་ནུས།། ཚུ་རོལ་མཐོང་བའི་ཀུན་རྫོབ་ཡིན།། ཞེས་གསུངས་པ་དང༌། བདེན་གཉིས་ལ་འཇུག་པ་ལས། མ་བརྟགས་གཅིག་པུ་ཉམས་དགའ་བའི།། སྐྱེ་བ་དང་ནི་འཇིག་པའི་ཆོས།། ཡང་དག་ཀུན་རྫོབ་ཡིན་པར་འདོད།། ཅེས་དང༌། ཡང་གཞུང་ལས། འཕགས་པ་འཇམ་དཔལ་གྱི་མན་ངག་བསྟན་པའི་མདོ་ལས། འཇམ་དཔལ་ཆོས་ཀྱི་དབྱིངས་ཚད་མར་བྱས་ནས་ཀུན་རྫོབ་ཀྱང་མེད་ལ་དོན་དམ་པ་ཡང་མེད་དོ་ཞེས་གསུངས་པ་དང༌།། རྒྱལ་བ་བསྐྲུན་མ་ཆེན་པོ་ལས་ཀྱང༌། ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་དེ།། ཨའི་སྒོ་ཅན་ནོ་ཞེས་གསུངས་པས་ཆོས་ཀྱི་དབྱིངས་ལ་བདེན་པ་གཉིས་དབྱེ་བ་མེད་པར་ཤེས་པར་བྱའོ།། འོན་ཀྱང་རེ་ཞིག་མི་ཤེས་པའི་ལིང་ཏོག་གིས་བློ་གྲོས་ཀྱི་མི་བཀབ་པ། བདག་ཏུ་འཛིན་པ་ཆེན་པོ་སྙིང་ལ་ཞུགས་པ། ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་པ། ཚུ་རོལ་མཐོང་བའི་རྨོངས་པ་རྣམས་ཀྱི་ངོར་བྱས་ནས་བདེན་པ་གཉིས་དབྱེ་བར་བྱ། ཞེས་གསུངས་པ་དང༌། བདེན་གཉིས་ལ་འཇུག་པ་ལས། དམ་པའི་དོན་ནི་གཅིག་ཉིད་དེ།། གཞན་དག་རྣམ་པ་གཉིས་སུ་འདོད།། ཅིར་ཡང་མ་གྲུབ་ཆོས་ཉིད་དེ།། གཉིས་དང་གསུམ་སོགས་ག་ལ་འགྱུར།། ཞེས་པ་ལ་སོགས་དང༌། ཡང༌། མངོན་སུམ་རྗེས་དཔག་དགོས་པ་མེད།། མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར།། མཁས་པ་རྣམས་ཀྱིས་བྱས་པ་ཡིན།། ལུང་ལས་ཀྱང་ནི་གསལ་པོ་རུ།། རྟོག་བཅས་རྟོག་པ་མེད་པ་ཡིས།། ཤེས་པ་གཉིས་ཀྱིས་མི་རྟོགས་ཤེས།། སློབ་དཔོན་མཁས་པ་བྷ་བྱ་གསུང༌།། ཞེས་པ་ཇི་བཞིན་རིན་ཆེན་སྒྲོན་མེར་རྗེ་བཙུན་འཕགས་པ་ལྷ་དང༌། ཟླ་བ་གྲགས་པ་སོགས་ཀྱི་ལུང་ཤིན་ཏུ་མང་པོ་དྲངས་པ་དང༌། ཁྱད་པར་དུ་རྟོག་བཅས་རྟོགས་པ་མེད་པ་ཡི།། ཤེས་པ་གཉིས་ཀྱིས་འདི་མི་རྟོགས།། སྒྲ་དང་ཚད་མའི་ཐ་སྙད་དག། དེ་དོན་སྒོམ་ལ་དགོས་པ་མེད།། ཕ་རོལ་རྒོལ་བ་ཟློག་པ་དང༌།། བསྟན་བཅོས་ཆེན་པོའི་དུས་དག་ཏུ།། སྔོན་གྱི་མཁས་པས་བཀོད་པ་ཡིན།། ཞེས་གསུངས་པ་འདི་དང༌། གོང་གི་བདེན་གཉིས་ཀྱི་ལུང་འདི་གཉིས་བསྡུར་དང་ཤིན་ཏུ་གསལ། རིན་ཆེན་སྒྲོན་མེར་བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་རྫོབ་ཀྱི་ཆོས་སྔོན་དུ་མ་སོང་ཞིང་དེ་མ་རྟོགས་པར་དོན་དམ་པའི་ཆོས་རྟོགས་མི་ནུས་སོ་ཞེས་གསུངས་སོ།། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས། ཐབས་སུ་གྱུར་བ་ཀུན་རྫོབ་བདེན་པ་དང༌།། ཐབས་ལས་བྱུང་བ་དོན་དམ་བདེན་པ་དག། གཉིས་པོའི་དབྱེ་བ་གང་གི་མི་ཤེས་པ།། དེ་དག་ལོག་པར་རྟོགས་ནས་ངན་འགྲོར་འགྲོ།། ཞེས་དང༌། གཞན་དུ་ཀུན་རྫོབ་སྤངས་པ་ཡིས།། སྟོང་ཉིད་ལྟ་ལ་མངོན་ཞེན་ན།། གསོ་མི་རུང་བའི་ལྟ་ཅན་དེ།། སྨན་པས་བཏང་བའི་ནད་པ་བཞིན།། ཞེས་གསུངས་ཡོད་པ་དང༌། བདེན་གཉིས་ལས། ཡང་དག་ཀུན་རྫོབ་ཁྱད་བསད་ནས་སོགས་ནས།། ཀུན་རྫོབ་ཇི་ལྟར་སྣང་བ་འདི།། རིགས་པས་བརྟགས་ན་འགའ་མི་རྙེད།། མ་རྙེད་པ་ཉིད་དོན་དམ་ཡིན།། ཞེས་པའི་བར་དང༌། སོ་སོའི་སྐྱེ་བོའི་ཤེས་པ་ཚུ་རོལ་མཐོང་དག་དེ་བཞིན་གཤེགས་པའི་གསུང་རབ་ལ་ཞུགས་ན་དེ་ཁོ་ན་ཉིད་ལེན་པར་འདོད་པས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་གཅིག་ནས་གཅིག་ཏུ་བརྒྱུད་པའི་སློབ་དཔོན་དག་བཙལ་བ་ལ་འབད་པར་རིགས་སོ།། ཞེས་གསུངས་པ་བཞིན། བདེན་གཉིས་ལས། སྟོང་ཉིད་གང་གིས་རྟོགས་ཤེ་ན།། དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌།། ཆོས་ཉིད་བདེན་པ་གཟིགས་པ་ཡི།། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན།། དེ་ལས་བརྒྱུད་པའི་མན་ངག་གིས།། ཆོས་ཉིད་བདེན་པ་རྟོགས་པར་འགྱུར།། ཞེས་སོགས་གཞུང་འདི་གཉིས་བསྡུར་ན་ཤིན་ཏུ་གསལ་བར་མ་ཟད། གཞུང་རང་ལས་ཀྱང༌། ས་ར་ཧའི་ལུང་འདྲེན་སྐབས་བླ་མའི་བླ་མ་ཞེས་ཀླུ་སྒྲུབ་རྩོམ་པ་པོའི་དངོས་ཀྱི་བླ་མ་ཡིན་པ་གསལ་པོར་བསྟན་པ་དང༌། བཅོམ་ལྡན་འདས་ཀྱི་འདི་སྐད་དུ།། གཟུགས་ནི་དབུ་བ་རྡོས་པ་འདྲ།། ཚོར་བ་ཆུ་ཡི་ཆུ་བུར་འདྲ།། འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ།། འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན།། རྣམ་པར་ཤེས་པ་སྒྱུ་མ་ལྟར།། ཉི་མའི་གཉེན་གྱིས་གསུངས་པ་ཡིན།། ཞེས་པའི་ལུང་དོན་འགྲེལ་སྐབས། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང༌། བདག་གིས་བཀོད་པའི་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ།། ཞེས་རྟོག་གེ་འབར་བར་ཞལ་འཕངས་ཡོད་ལ། དེར་གཟིགས་ན་ཡང་ཇི་བཞིན་ཡོད་པས་རྒྱུ་མཚན་གཞན་ལ་ལྟོས་མི་དགོས་ཀྱང༌། རྟོག་གེ་འབར་བ་ཆུང་བ་ཟེར་རྒྱུ་ཞིག་ཡང་འཚོལ་ཤས་ཆེ། སྤྱིར་ཁ་བ་ཅན་འདིར་འཕགས་པའི་ཡུལ་ནས་བཀའ་དང་བསྟན་བཅོས་སོགས་རིག་པའི་གཞུང་ལུགས་བཟང་ལ་མང་པོ་བསྒྱུར་ཞུས་གཏན་ལ་འབེབས་སྐབས། ལོ་པཎ་མཁས་པ་དག་གིས་ཞིབ་ཏུ་བརྟགས་ནས་བསྒྱུར་བཤད་གནང་གིན་ཡོད་པ་ལས་གང་བྱུང་བྱུང་དུ་བསྒྱུར་མེད་པ་འདྲ་ལ༌། ཁྱད་པར་ཇོ་བོ་ཆེན་པོ་ལྟ་བུ་བསྟན་པ་ཞུ་དག་ལ་ཕེབས་པ་ཞིག་གིས་བརྟགས་དཔྱད་མི་གནང་བ་ག་ལ་སྲིད། དེས་ན་ཇོ་བོས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། ཞེས་པའི་ཁུངས་ཡང་གཞུང་འདི་ནས་རྙེད་ངེས། ཟླ་བའི་ཚིག་གསལ་དུ་ལེགས་ལྡན་ལ་སྐྱོན་བརྗོད་པས། གཞུང་འདིར་ཟླ་བའི་ལུང་དྲངས་པ་དང༌། མཆོད་ཕྱག་མཛད་པས་ལེགས་ལྡན་མིན་སྙམ་པ་ནི་དོན་མེད་པ་སྟེ། ལེགས་ལྡན་ཡོངས་སུ་རྫོགས་པའི་པཎ་ཌི་ཏ་ཆེན་པོ་ཞིག་གིས་འཁོན་སེམས་ཁོག་བཅིངས་ཀྱིས་གནས་ལུགས་ཁས་མི་ལེན་པ་ག་ལ་སྲིད། མཁས་པ་ཟེར་བ་གནས་ལུགས་འཚོལ་མཁན་ཞིག་ལས་ཕྱོགས་རིས་ལ་རྒྱ་འཛིན་མཁན་ཞིག་མིན་པ་སྤྱིར་ཤེས་གལ་ཆེ། ཟླ་བའི་ཚིག་གསལ་དུ་སངས་རྒྱས་བསྐྱངས་གཙིགས་སུ་བཟུང་ཡོད་ཀྱང༌། སྐབས་འགར་ལེགས་ལྡན་གྱི་ལེགས་བཤད་ཀྱིས་བརྒྱན་ཡོད་པ་ཚིག་གསལ་ལ་ཞིབ་ཏུ་གཟིགས་ན་ཤེས་ནུས། དུས་ཚོད་ཀྱིས་ཀྱང་མ་འགྲིག་པ་མེད་དེ། ཟླ་བ་གྲགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་ལ་རྒྱ་གཞུང་ཚད་ལྡན་མང་པོའི་ཁུངས་ཡོད་པའི་ཕྱིར། དེ་ཡང་གོང་གསལ་བཞིན་ཇོ་བོ་ཆེན་པོའི་དབུ་མ་བདེན་གཉིས་ལ་འཇུག་པ་དང་ལམ་སྒྲོན་དཀའ་འགྲེལ། དོ་ཧ་མཛོད་ཀྱི་ཊཱིཀྐ་དང༌། ཁྱད་པར་ཟླ་བ་ཉིད་ཀྱིས་ཞལ་སྔ་ནས་མཛད་པའི་གསང་འདུས་འགྲེལ་བ་སྒྲོན་གསལ་གྱི་སྦྱར་བྱང་དུ་གསལ་པོར་འཁོད་པ་བཅས་ཀྱིས་ལེགས་པར་སྒྲུབ་ནུས་ན་ཨུ་ཚུགས་ཀྱིས་ལེགས་ལྡན་ཆུང་བ་ཟེར་བ་ཞིག་གིས་མགོ་ལ་གཡོག་དོན་མེད། བོད་འདིར་ཡང་རིས་མེད་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན་དུ་གྱུར་པ་བུ་སྟོན་ཐམས་ཅད་མཁྱེན་པ་དང༌། ཞུ་ཆཻན་པ་ཚུལ་ཁྲིམས་རིན་ཆེན་བཅས་ཀྱིས་རིན་ཆེན་སྒྲོན་མེ་ལེགས་ལྡན་དངོས་ཀྱིས་མཛད་པར་གསལ་པོར་གསུངས་ཡོད་ན་ཕྱི་ནུར་བྱེད་དགོས་དོན་མེད། སྤྱིར་ཡང་སངས་རྒྱས་ནས་བཟུང་རྒྱ་གར་གྱི་པཎ་ཆེན་དག་གི་བར་འཁྲུངས་འདས་ཀྱི་ལོ་ལ་གཅིག་མཐུན་མེད་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་ཞིབ་འཇུག་འདོད་པ་དག་ལ་དཀའ་ངལ་ཞིག་ཡིན་པ་སྨོས་མེད་རེད། ཀླུ་སྒྲུབ་ལོ་དྲུག་བརྒྱ་དང༌། ཞི་འཚོ་དགུ་བརྒྱ། ཟླ་གྲགས་བཞི་བརྒྱ་ལ་བཞུགས་སོགས་གསུང་དགོས་དོན་ཡང༌། མཁས་པ་འགའ་རེས་རང་གིས་ཐག་བཅད་ཟིན་པའི་དམ་བཅའ་ཉམས་ཀྱིས་དོགས་ནས་བྱས་པ་མིན་ནམ་སྙམ་ཡང༌། དཔྱད་པ་གནང་འཚལ། ཉམས་སྣང་ལ་སྣ་ཚོགས་ཤར་ཆོག་པ་དང༌། བསམ་གྱི་མི་ཁྱབ་པ་ལ་ཅི་ཡང་རུང་མོད། དུས་འགྲིག་པའི་ལོ་རྒྱུས་ལ་འདི་དག་གིས་ཕན་གནོད་གང་ཡང་མི་ནུས་པས་འུ་ཅག་གིས་འཆལ་འཆོལ་མང་པོ་ཞིག་སྨྲ་བཞིན་ཡོད་པ་རྒྱ་གར་གྱི་པཎ་ཆེན་དག་གི་རྣམ་ཐར་གཅིག་ཀྱང་མིན་ལས་ཆེ་བས་ཞིབ་ཏུ་དཔྱད་པ་གནང་རྒྱུ་གལ་ཆེ། ཞེས་ཡིག་ཆ་འགའ་རེ་ཀློག་པའི་ཞོར་ལ་འཇུ་བསྟན་སྐྱོང་གིས་བྲིས།
སུ་ཡིན་ཡང་མཇུག་སྐྱོང་བའི་བློ་ཐབས་ཡོད་ན་ཧ་ཅང་ལེགས་པོ་འདུག ད་སྔོན་གྱི་བྱ་བ་ཆུད་ཟོས་སུ་མ་སོང་བ་རེད།
མཁན་ཆེན་དཔལ་དགྱེས་ལགས།
ཁྱེད་ཀྱིས་ཐུགས་བསམ་བཞེས་སྟངས་ཡག་པོ་འདུག་ཀྱང་། མ་གཞི་ཁྱེད་རྒྱུན་ལྡན་ཞིག་ཨེ་ཡིན་སྙམ་པའི་ཐེ་ཚོམ་བྱུང་། རྒྱུ་མཚན་གང་ཡིན་ཟེར་ན། དམ་དཔལ་གྱིས་ད་བར་མི་ལོ་དགུ་ལྷག་གི་རིང་རྩོམ་བསྒྲིགས་བྱས་པར་དེབ་གཉིས་ཙམ་ལས་གྲུབ་མེད། ད་དུང་མུ་མཐུད་དུ་ཆོལ་གཞུམ་ལོ་རྒྱུས་འབྲི་བའི་དབང་དུ་བཏང་ན། མ་མཐའ་ཡང་མི་ལོ་ཉི་ཤུ་འགོར་བ་གཏན་འཁེལ་བྱེད་ཐུབ། ཁྱེད་ཀྱིས་མི་ལོ་ཉི་ཤུ་ལྷག་གི་རིང་དམ་དཔལ་གྱིས་གཙོས་ལས་བྱེད་གསུམ་བཞི་ཞིག་ལ་ཟླ་རེའི་གླ་ཆ་སོགས་འགྲོ་གྲོན་གཏོང་ཐུབ་བམ། ཐུབ་ན་དམ་དཔལ་གྱིས་ཆོལ་གསུམ་ལོ་རྒྱུས་ཡག་པོ་ཞིག་འབྲི་མི་ཐུབ་པ་ཐག་ཆོད་ཀྱང་། ཁྱེད་རང་ལྷག་བསམ་རྣམ་དག་རེད།
ཡང་གཅིག་བཤད་ན། ཁྱེད་ཀྱིས་དངོས་གནས་དྲང་གནས་དམ་དཔལ་ལ་རོགས་པ་བྱེད་འདོད་ཡོད་ན། ཁ་བརྡ་དྲ་སྟེང་གི་མི་ཚོར་ལན་སྐུར་དགོས་ཅི་ཡོད་དམ། ཁྱེད་རང་གིས་ཐད་ཀར་དམ་དཔལ་སོགས་ལ་འབྲེལ་བ་བྱས་ན་མི་འགྲིག་གམ། དམ་དཔལ་གྱིས་ད་དུང་བོད་ཀྱི་དཔེ་མཛོད་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ལོ་དྲུག་གི་སྔོན་དང་གཅིག་པ་རེད།
ངས་བལྟས་ན་གནད་དོན་འདི་སྒོར་མོ་དང་འགྲོ་སོང་གི་དཀའ་ངལ་ཞིག་རྩ་བ་ནས་ཡིན་རྒྱུ་མ་རེད། རྩ་བའི་ཆོལ་གསུམ་ལོ་རྒྱུས་རང་གི་སྤུས་ཚད་དང་། དེ་སྔོན་དམ་དཔལ་གྱིས་བརྩམས་པའི་མགོ་ལོག་ལོ་རྒྱུས་ཀྱིས་བཞག་པའི་བག་ཆགས། ལྷག་པར་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་གླེང་སློང་སོགས་ལ་འབྲེལ་བ་ཨེ་ཡོད་བསམ་གི
དངོས་གནས་སྐུ་སྒེར་ལ་སྒོར་མོ་འདང་ངེས་ཤིག་མེད་ཅིང་། དམ་དཔལ་གྱིས་སྒྲུབ་བཞིན་པའི་ཆོལ་གསུམ་ལོ་རྒྱུས་ཏེ་ཚད་ལྡན་ཡོང་ཐུབ་ན། མི་སྒེར་པ་ཞིག་གིས་ཁག་པོ་ཡིན་མོད། རོགས་སྐྱོར་བྱེད་མཁན་རྩ་མོ་ཡིན་རྒྱུ་རེད་ལ། སྐུ་སྒེར་ཡིག་ཚང་ནས་ཀྱང་ཐབས་ལམ་གཞན་བཙལ་ཆོག་གི་རེད། འོན་ཀྱང་སྐུ་སྒེར་ནས་གློ་བུར་དུ་ལས་ཀ་འདི་མཚམས་འཇོག་གནང་རྒྱུར་རྒྱུ་མཚན་ཡང་དག་ཅིག་ཡོད་པ་སྨོས་མེད་རེད། དེ་ལ་དོགས་པ་དགོ་ནི་མ་རེད། རི་བོང་གནམ་སྡིབ་ཀྱི་སེམས་ཁྲལ་བྱས་ནས་ཅི་ཡོང་། དམ་དཔལ་ལ་འབྲེལ་བ་བྱེད་འདོད་ཡོད་ན། དཔེ་མཛོད་ཁང་གི་དྲ་གནས་སུ་(http://www.ltwa.net/library/)ཕེབས་དང་རྩ་མོ་རེད།
བཀའ་དྲིན་ཆེའོ་སྤུན་ཟླ་ཚོ། བཀྲ་ཤིས་བདེ་ལེགས།།
གལ་ཆེན་གྱི་དུས་ཚོད་དེ་བདག་ལ་གནང་བར་དགའ་བསུ་དང་བཟང་ངན་གྱི་རེ་བ་བརྗོད་པ་ལ་གུས་བཀུར་ཡོད། ཁྱད་པར་གྲོགས་བསྟན་འཛིན་ལ་ཐུགས་རྗེ་ཆེ། ཧ་གོ་སོང་། མཁན་པོ་ཆོས་དབྱིངསཀྱི་ཡི་གེ་འཕྲོད་སོང་།
ཁྱེད་ཚོ་བདེ་མོ་བཞུགས། བཀྲ་ཤིས་བདེ་ལེགས། དཔལ་དགྱེས་པས
མཁན་པོ་དཔལ་དགྱེས་ཀྱིས་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་གི་ལས་གཞི་ལ་རོགས་སྐྱོར་འཚོལ་འདོད་ཡོད་སྐོར་གསུངས་པ་དེ་ཧ་ཅང་གི་ལྷག་བསམ་རྣམ་དག་དང་དགོངས་པ་རླབས་ཆེན་རེད། ཡིན་ན་ཡང་མགོ་དམ་གྱི་ཤེས་ཚད་དང་། མི་གཞི། བྱེད་སྟངས་ག་འདྲ་ཞིག་ཡིན་མིན་དེ་གོང་དུ་དྲྭ་གྲོགས་ཤིག་གིས་དམ་ཆོས་ཀྱི་སྐད་ཆ་དུམ་བུ་ཞིག་དཔེར་དྲངས་འདུག་པ་དེ་ལས་ཤེས་ཐུབ་པ་ཞིག་མ་རེད་དམ། “གྲུབ་མཐའ་ལྔའི་དབང་དུ་བྱས་ན་དགེ་ལུགས་པ་དང་ཚོགས་ཞིང་དེའི་གྲྭལ་མཐའ་འཛིན་པའི་ཁོངས་ཡིན་”འདི་ལ་ཞིབ་ཏུ་གཟིགས་དང་།
ངས་རེ་བ་ཞུ་རྒྱུ་གཅིག་ཡོད་པ་དེ་འདི་རེད། འཇུ་བསྟན་སྐྱོང་འདི་ཕྱོགས་གང་ཐད་ནས་མཁས་པ་ཞིག་རེད་འདུག་པས་མཁན་པོ་དཔལ་དགྱེས་པ་རྡོ་རྗེ་ཁྱེད་ཀྱིས་ཁོང་ལ་འབྲེལ་གཏུག་རེ་བྱས་ནས་ཁོང་གི་དགོངས་བཞེད་དང་མཐུན་པའི་ལས་གཞི་རེ་ཡོད་ན་དེ་ལ་རྒྱབ་སྐྱོར་རོགས་རམ་རེ་ཐབས་འཚོལ་ཐུབ་ན་ཧ་ཅང་ལེགས། མ་མཐའ་ཡང་ཁོང་ནི་ངེས་པ་དོན་གྱི་གྲྭ་བ་གྲྭ་རྐྱང་ཞིག་ཀྱང་རེད་འདུག་པས་ལས་ཀ་གང་ཡིན་ཡང་དཔལ་འབྱོར་གྱི་རོགས་རམ་དགོས་པ་སྨྲོས་མེད་རེད། འཇུ་བསྟན་སྐྱོང་རང་གིས་ཀྱང་ལོ་དུ་མ་ཞིག་གི་རིང་ལ་ལོ་རྒྱུས་ཞིབ་འཇུག་བྱས་ནས་ཉམས་མྱོང་མཐོང་ཐོས་ཆེན་པོ་བྱུང་ཡོད་པས་མ་འོངས་པར་ཡང་ལོ་རྒྱུས་རྩོམ་སྒྲིག་སོགས་ཀྱི་འཆར་གཞི་ཡོད་སྐོར་ཞིག་གསར་འགོད་པར་གསུངས་འདུག
སྤྱིར་སྟངས་མི་འགའ་རེས་བཙན་བྱོལ་སྤྱི་ཚོགས་ནང་གི་མི་ལྷག་བསམ་ཅན་དང་འཇོན་ཐང་ཅན། ཁྱད་པར་དུ་རང་གཞུང་ལ་སྙོན་འཛུགས་བྱེད་ས་མ་རེག་ནས་སྡད་ཡོད་རེད། ལོ་རྒྱུས་ལ་བྱང་ཆ་དང་གཞུང་དྲང་ལྷག་བསམ་ཅན་གྱི་དམ་ཆོས་དཔལ་བཟང་དང་ཤེས་འབྱོན་ཉིས་ལྡན་གྱི་འཇུ་བསྟན་སྐྱོང་གཉིས་ཀྱིས་ཆོལ་གསུམ་ལོ་རྒྱུས་སྤས་དག་ཞིག་འབྲི་ཐུབ་དང་མི་ཐུབ་ཀྱི་སེམས་ཁུར་བྱ་དགོས་ནི་མ་རེད་ལ། སྐབས་ཙམ་ལ་སྐུ་སྒེར་ཡིག་ཚང་གིས་བཀའ་ཕབ་པའི་རྒྱུ་མཚན་ལ་དོགས་གཞི་བྱ་དགོས་དོན་དེ་བས་ཀྱང་ཡོད་ནི་མ་རེད།
གངས་ཕྲུག་རྨས་མ་ཟེར་བ་འདི་མགོ་དམ་ཁོ་རང་ཡིན་པ་འདྲ། གང་ཡིན་ཟེར་ན་མགོ་དམ་འདི་རྨས་མ་ཞིག་ཡིན་ཞེས་ཨ་མཆོག་སྤྲུལ་སྐུས་ཀྱང་བཤད་ཡོད་པ་ནི། མགོ་ལོག་ལོ་རྒྱུས་ཀྱི་མཆོད་བརྗོད་ཨ་མཆོག་གིས་བྲིས་པ་ལས། འདི་ན་མདོ་མེད་སྤྲང་ཆུང་བླ་རྒན་ཞིག། མཚོན་གྱིས་རྨས་པའི་སྙིང་ཁྲག་འབབ་བཞིན་དུ།། ཞེས་བྲིས་འདུག ད་དུང་བཤད་སྟངས་དང་ཚིག་སྦྱོར་དག་ཆ་སོགས་ཀྱང་གཅིག་པ་གཅིག་རྐྱང་རེད་འདུག དེ་ཡིན་ན་རང་གིས་རང་བསྟོད་མ་བྱེད་ལོ། ངོ་ཚ་བྱད་རེད་ལ་བྱེད་སྟངས་ཡག་པོ་ཞིག་ཀྱང་མ་རེད། ད་དུང་མགོ་དམ་གྱིས་ཀྱང་ཆོལ་གསུམ་ལོ་རྒྱུས་སྤུས་དག་ཞིག་འབྲི་ཐུབ་ཀྱི་རེད་ལ། སྐུ་སྒེར་ཡིག་ཚང་གིས་བཀའ་ཕབ་ལ་ཡང་རྒྱུ་མཚན་ཡོད་པ་རེད་ཟེར། འདི་གཉིས་འགལ་བ་མ་ཡིན་ནམ། དེང་སང་མི་མང་པོ་ཞིག་གིས་ཁྱོད་གླེང་བཞིན་འདུག་པས་ངས་ཁྱོད་ཀྱི་མགོ་ལོག་ལོ་རྒྱུས་ལ་བལྟས་པ་ཡིན། ངོ་མ་བཤད་ན་དོན་དག་ཅན་ཞིག་བྲིས་མི་འདུག འབྲི་དགོས་རྒྱུ་དེ་མ་བྲིས་ཤིང་། མི་དགོས་རྒྱུ་ཞིག་ལ་ནན་གྱིས་འབྱར་ནས་མེས་དབོན་ནོར་བ་སོགས་དོན་མེད་སྡུག་གྱོང་གི་རྙོག་དྲ་འདི་དག་བྱུང་བ་རེད། དཔེར་ན་དཔོན་མོ་ཨ་བསེ་ཟེར་བ་ལ་རྒྱ་ནག་གིས་སྡུག་པོ་བཏང་ཚུལ་བཤད་སྐབས། ཁོ་མོའི་གནས་སྟངས་སྐོར་གླེང་ཚེ་དོན་མེད་ཀྱང་མིག་ཆུ་རང་དབང་མེད་པར་ཤོར་དགོས་པ་ཞིག་ཡིན་ནོ་ཞེས་བྲིས་པ་ལས་གནས་སྟངས་ངོ་མ་གླེང་མེད་པ་དང་། ང་དང་ངའི་ཁྱིམ་རྒྱུད་ཀྱི་སྐྱོ་གནས་ཞེས་པར། བཤད་ན་སྒྲུང་རིང་། འདིའི་སྐོར་རྒྱས་པ་ཞིག་འབྲི་འདུན་ཡོད་ཀྱང་དུས་ཚོད་མ་བྱུང་བས་རེ་ཞིག་བཞག ཅེས་པ་ལྟ་བུ་རེད། འདི་གཉིས་ནི་དཔེར་མཚོན་ཙམ་ལས་དོན་ལ་མགོ་འཇུག་བར་གསུམ་དུ་འདི་འདྲ་ཧ་ཅང་མང་། ཅིག་འབྲི་ཤེས་ན་རྒྱ་ནག་གིས་སྡུག་པོ་བཏང་ཚུལ་འདི་ཚོ་རྒྱས་པར་འབྲི་དགོས་པ་རེད་མ་གཏོགས་མེས་དབོན་ཚོ་བསྐྱར་འབྲི་ཡང་འབྲི་ཨེ་ཤེས་བལྟ་དགོས་དོན་ཅི་ཡོད། གཞན་ཞིག་ནི། སྔོན་དྲ་གྲོགས་ཤིག་གིས་བྲིས་འདུག་པ་བཞིན་ཅིག་ཅིག་སང་གི་ཞི་མོ་ཅིག་ཅིག་སང་གི་ཞི་ལིའི་འོག་ཏུ་བཅུག ཉིག་ཉིག་སང་གི་ཞི་ལི་ཉིག་ཉིག་སང་གི་ཞི་མོའི་སྟེང་དུ་བསྐྱོན་ཟེར་བ་དེ་ཚོའི་སྐོར་མང་པོ་བྲིས་འདུག མཚམས་རེ་དགོད་ཁ་ཤོར་ནི་ཟིག་རེད། གང་ལྟར་ཁྱེད་ལ་མི་འདོད་པ་མང་པོ་བྱུང་བར་གདུང་སེམས་མཉམ་སྐྱེད་ཡོད།
དྲུང་ཡིག་བྲེ་སྲང་གིས་དེ་ལ་འགྲེལ་བཤད་ཞིག་གནང་རོགས།
གཅིག་
སྐུ་སྒེར་ཡིག་ཚང་གི་དྲུང་ཡིག་བྲེ་སྲང་ལགས་ཀྱིས་“ལས་གཞི་ཐོག་མར་རྒན་དམ་ཆོས་དཔལ་བཟང་གིས་སྐུ་མདུན་ལ་སྙན་སེང་ཞུས་པ་རེད་”ཞེས་ཕལ་ཆེར་དམ་ཆོས་དཔལ་བཟང་གིས་ཡར་ལ་ཞུ་བ་འཐེན་པ་རེད་འདོག་བཤད་གྱིན་འདུག ཡང་དམ་ཆོས་དཔལ་བཟང་གིས་ “ལས་གཞི་འདི་ཐོག་མར་ང་རང་གིས་འགུ་ལོག་ལོ་རྒྱུས་བྲིས་ཏེ་སྐུ་སྒེར་ལ་ཕུལ་སྐབས། ༧གོང་ས་མཆོག་གིས་སྐུ་དངོས་སུ་ལས་གཞི་འདི་འདྲ་ཞིག་རྩོམ་པར་བཀའ་གནང་ཡོད་པ་མ་ཟད།” ཞེས་༧གོང་ས་མཆོག་གིས་ཁོང་ལ་བཀའ་གནང་བ་ཡིན་མདོག་ཟེར་བ་གཉིས་གནས་ཚུལ་གཉིས་རེད། སྐད་ཆ་འདི་ལ་གསར་འགོད་པས་བསྐྱར་ཞིབ་བྱེད་རོགས། དྲུང་ཡིག་བྲེ་སྲང་དང་དམ་ཆོས་དཔལ་བཟང་གིས་དེ་ལ་འགྲེལ་བཤད་ཞིག་གནང་རོགས།
གཉིས་
ཡར་ལ་སྙན་ཞུ་དང་མར་ལ་བཀའ་གནང་གང་ཡིན་ཡང་ལོ་རྒྱུས་འབྲི་བ་དེ་ནི་ལས་གཞི་ཡག་པོ་མ་ཟད་གལ་ཆེན་རེད། དེར་བརྟེན་ “སྐུ་མདུན་ནས་ལས་གཞི་འདིར་རྒྱབ་སྐྱོར་གནང་དགོས་པའི་བཀའ་གནང་ཡོད་པ་རེད།” སྐུ་མདུན་ནས་ལས་གཞི་འདིར་རྒྱབ་སྐྱོར་གནང་དགོས་པའི་བཀའ་གནང་ཡོད་ན་ད་ལྟ་དྲུང་ཆེས་བཤད་པ་བཞིན་ “སྤྱིར་བཏང་གི་ལས་གཞིའི་རིགས་འདི་སྐུ་སྒེར་ཡིག་ཚང་གི་ལས་བྱེད་དང་ལས་གཞི་ཚན་ཆུང་གིས་ཐག་གཅོད་གནང་”ཡོད་པ་འདི་ནི་ཧ་ཅང་ཚབས་ཆེན་རེད།
སྐུ་སྒེར་ཡིག་ཚང་གི་ལས་བྱེད་དང་ལས་གཞི་ཚན་ཆུང་གིས་རྒྱལ་བའི་བཀའ་ལ་མ་ཉན་པད་སྣང་མེད་དུ་རྩིས་ཚན་ཆུང་ཞིག་གི་ཐག་གཅོད་དང་སྐུ་སྒེར་ཡིག་ཚང་གི་མིང་ཐོག་ནས་ལས་གཞི་མཚམས་འཇོགས་གི་བཀའ་བཏང་། གོང་ས་མཆོག་གི་གོང་ས་མཆོག་གི་མ་འཁྱེན་པའི་གནས་ཚུལ་འོག་ཚན་ཆུང་འདིས་སྐུ་སྒེར་ཡིག་ཚང་གི་མིང་ཐོག་ནས་ལོ་རྒྱུས་འབྲི་བ་ལྟ་བུའི་གལ་མི་ཆེ་བའི་ “སྤྱི་གཏང་གི་ལས་གཞི་”འདི་དང་འདི་ལྟ་བུ་མཚམས་འཇོགས་བྱེད་པའི་ཐག་གཅོད་ཅི་ཙམ་གནང་ཡོད། དཔེ་མཚོན་གསུམ་ནས་ལྔ་འདྲེན་རོགས། དྲུང་ཡིག་བྲེ་སྲང་གིས་དེ་ལ་འགྲེལ་བཤད་ཞིག་གནང་རོགས།
གསུམ་
དྲ་གྲོགས་དང་གསར་འགོད་པ་རྣམས་པས་ཤེས་དགོས་པ་གཞན་ཞིག་ནི་ཚན་ཆུང་འདིའི་ཁུངས་མི་སུ་དང་སུ་ཡིན་མིན་ལྷག་པར་དུ་ལས་གཞི་འདི་མཚམས་འཇོགས་ཐག་གཅོད་གྲོས་གཞི་འདོན་མི་དེ་སུ་ཡིན་དང་། ཐག་གཅོད་འདི་ལ་ཚན་ཆུང་གིས་མང་མོས་བྱེད་ཡོད་དམ་ཁ་ཤུགས་ཆེན་མིན་གྱི་དབང་དུ་སོང་ཡོད་དམ། དྲུང་ཡིག་བྲེ་སྲང་གིས་དེ་ལ་འགྲེལ་བཤད་ཞིག་གནང་རོགས།
བཞི་
དཔེ་ཆ་ཞིག་ཚད་ལྡན་ཡིན་མིན་ཀློག་ན་མ་གཏོགས་མི་ཤེས་པས་ཚན་ཆུང་འདིས་“མདོ་སྨད་ལོ་རྒྱུས་ཆེན་མོ་ཚད་དང་ལྡན་པ་”ཞིག་ཡིན་མིན་མདོ་སྨད་ལོ་རྒྱུས་ཆེན་མོ་ཆ་ཚང་ཀློག་ཡོད་དམ། མ་གཞི་ནས་གཅིག་ནི་ཆོལ་ཁ་གཅིག་གི་ལོ་རྒྱུས་དང་གཅིག་ནི་ཆོལ་ཁ་གསུམ་གྱི་ལོ་རྒྱུས་རེད། གལ་ཏེ་རྣམས་པ་གཉིས་ཀྱིས་མདོ་སྨད་ལོ་རྒྱུས་རྩོམ་བསྒྲིག་བྱས་པ་པ་ཡིན་ན་སྐྱོན་ཅི་ཡོད་ཚན་ཆུང་གིས་དེ་ལ་འགྲེལ་བཤད་ཞིག་གནང་རོགས།
ལྔ་
“དེ་བཞིན་འགྲོ་གྲོན་གྱི་དཀའ་ངལ་ཡང་འདུག”ཞེས་པའི་གནད་དོན་དེ་ཡང་གལ་ཆེན་རེད། ཤེས་ཡོན་དང་འཕྲོད་བསྟེན་གལ་ཆེན་ལས་ཡིན། དྲ་གྲོགས་རྣམས་པ་དང་གསར་འགོད་པ། ང་ཚོས་ཤེས་དགོས་པ་ཞིག་ནི་སྐུ་སྒེར་ཡིག་ཚང་ལ་འགྲོ་གྲོན་གྱི་བཀའ་ངལ་ཡོད་ན་དཀའ་ངལ་ཡོད་སྟངས་དང་། གཞི་ཆགས་གང་དང་ལས་གཞི་གང་ལ་འགྲོ་གྲོན་ཅི་ཡོད་གནས་ཚུལ་གསལ་བོ་ཞིག་དྲུང་ཡིག་བྲེ་སྲང་གིས་དེ་ལ་འགྲེལ་བཤད་ཞིག་གནང་རོགས།
དྲུག་
དྲ་གྲོགས་དང་གསར་འགོད་པ་རྣམས་པ། ལོ་རྒྱུས་ལ་ཕྱི་མིག་ཞིག་ལྟོས་དང་།
༡་་་་་བོད་གཞུང་གིས་དགེ་འདུན་ཆེས་འཕེལ་བཙོན་དུ་བཅུག་ནས་ཁོང་གི་ལོ་རྒྱུས་ཡིག་ཚགས་དང་རྩོམ་ཡིག་སྒམ་མགའ་གཞུང་གཞེས་བྱས། རྗེས་སུ་ཤ་ག་པ་དཔང་ཕྱུགས་བདེ་ལྡན་བདག་གཉེར་བྱས་པ་ཐོས་མྱོང། སྲིད་དོན་རྒྱལ་རབས་དེ་ཡང་དགེ་ཆོས་དང་དཔང་ཕྱུགས་གཉིས་ཀྱི་འབད་འབྲས་ཨེ་ཡིན་སྣམ་བའི་ཐེ་ཚོམ་འདུག ཐེ་ཚོམ་གྱི་གཞི་དེ་བདེན་རྫུན་ཡིན་མིན་ལ་མ་ལྟོས་པར་ལོ་རྒྱུས་གལ་ཆེན་གྱི་དཔེ་ཆ་ཞིག་གྲུབ་ཡོད་པ་ནི་དགའ་འོས་པ་རེད། སྐུ་སྒེར་ཡིག་ཚང་གི་ཚན་ཆུང་འདིས་སྔོན་གྱི་བོད་གཞུང་རྙིང་པའི་ལས་སྟངས་འདྲ་བོ་བྱེད་པ་འདི་ནི་ཡིད་སྐྱོ་བ་རེད།
༢་་་་་རྩིས་པ་ལོང་ཞར་བདུད་དུ་རྩིས་ནས་མིག་ལེན་པའི་ལོ་རྒྱུས་གོ་མྱོང་ཡོད་རྒྱུ་རེད།
༣་་་་་ལོ་ཟླ་ག་དུས་ཡིན་མིན་མི་དྲན་ཡང་ངས་དྲན་པའི་གནས་ཚུལ་ཞིག་ནི་ཨ་ལགས་ཙ་ཡུལ་བདེ་གཤེགས་དེ་དེ་དུས་བདེ་སྲུང་བཀའ་བློན་ཡིན་ཡང་གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཀྱས་སྐུ་སྒེར་དྲུང་ཡིག་བློ་བཟང་སྦྱིན་པས་དུས་ཚོད་གོ་སྒྲིག་བྱེད་མ་ཐུབ་པར་ཟླ་བ་མང་པོ་འགོར་རྗེས་ཐབས་མེད་སྟབས་ཨ་ལགས་འཇིགས་མེད་ཀྱིས་ཁ་པར་གཅིག་གཉིས་རྒྱབ་རྗེས་ཉིན་བདུན་གཅིག་ལས་མ་འགོར་བར་འཇལ་ཁ་ཞུ་ཐུབ་པ་བྱུང་བ་རེད། བཀའ་བློན་ལས་ཐོག་པ་ཞིག་ལ་༧གོང་ས་མཆོག་མཇལ་རྒྱུའི་སྐབས་མི་ཐོབ་ན་སྤྱིར་བཏང་མི་དེ་བས་ཀྱང་ཁག་པོ་རེད། དེ་དང་དེ་འདྲ་བ་མང་ཡང་བཤད་ནས་ཅི་ཕན།
བདུན་
གཙོ་བོ་སྐུ་སྒེར་ཡིག་ཚང་གི་ལས་བྱེད་དང་དྲུང་ཆེ་སོགས་ཀྱི་ཐོབ་ཐང་དང་དུས་ཡུན་ལམ་ལུགས་ཁག་ཞིག་ལ་འགྱུར་བ་གཏོང་རན་རེད། མི་ཚང་མའི་ད་དུང་སྐུ་ངོ་དང་སྐུ་དྲག་ལ་སོགས་སྤྲེལ་ལད་ཀྱི་མིང་ཚིག་བེད་སྤྱོད་པ་ཐོས་རྗེས་ངས་སེམས་སུ་ད་དུང་བོད་སྐྱབས་བཅོལ་སྤྱི་ཚོགས་འདི་དམངས་གཙོ་དང་དེང་རབས་ཅན་དུ་བསྐྱོད་མ་ཐུབ་པར་ཞིང་བྲན་ལམ་ལུགས་ཀྱི་བོད་རྙིང་པའི་དྲི་མ་དོར་ཐུབ་མེད་པར་སྙམ། དྲ་གྲོགས་རྣམས་པས་བསམ་ཚུལ་རེ་གསུང་དང་།
དམ་དཔལ་ལ་དྲི་བ།
ངས་གཤམ་གི་དྲི་བ་འདི་དག་དམ་དཔལ་ལ་ཁོ་རང་གི་ཆེད་དུ་དྲིས་པ་ལས། དགའ་མི་དགའི་རྒྱུ་མཚན་ཞིག་མིན་པ་དྲ་གྲོགས་རྣམས་དང་། དམ་དཔལ་རང་གིས་ཤེས་དགོས།
གོང་དུ་དམ་དཔལ་གྱིས་གསར་འགོད་པར་ལན་འདེབས་སྐབས། ༼སྐུ་སྒེར་ཡིག་ཚང་ལ་ཐུགས་ཁག་ཡོད་རྒྱུ་མ་རེད་༽ཟེར་དོན་ག་རེ་ཡིན་ནམ། ཚིག་འདི་ལ་བལྟས་ན་དམ་དཔལ་རང་གིས་སྐུ་སྒེར་ལ་ཐུགས་ཁག་མེད་པའི་ལས་ཀ་ངན་པ་ག་རེ་བྱས་པ་ཡིན། གོང་དུ་སྤོབས་པ་ལགས་ཀྱིས། ༼མགོ་དམ་གྱི་ཤེས་ཚད་དང་། མི་གཞི། བྱེད་སྟངས་ག་འདྲ་ཞིག་ཡིན་མིན་དེ་གོང་དུ་དྲྭ་གྲོགས་ཤིག་གིས་དམ་ཆོས་ཀྱི་སྐད་ཆ་དུམ་བུ་ཞིག་དཔེར་དྲངས་འདུག་པ་དེ་ལས་ཤེས་ཐུབ་པ་ཞིག་མ་རེད་དམ། “གྲུབ་མཐའ་ལྔའི་དབང་དུ་བྱས་ན་དགེ་ལུགས་པ་དང་ཚོགས་ཞིང་དེའི་གྲྭལ་མཐའ་འཛིན་པའི་ཁོངས་ཡིན་”འདི་ལ་ཞིབ་ཏུ་གཟིགས་དང་།༽ གསུངས་པ་དེ་བདེན་པ་ཨེ་རེད། ཁྱོད་ཀྱིས་སྐུ་སྒེར་ལ་ཐུགས་ཁག་མེད་པའི་ལས་ཀ་ཞིག་བྱས་ཡོད་ན། ༧སྐྱབས་མགོན་རིན་པོ་ཆེར་དངོས་སུ་མཇལ་ཁ་མ་ཞུས་པར་སྐུ་སྒེར་ཡིག་ཚང་གི་ཐག་གཅོད་དེ་ངོས་ལེན་བྱེད་ཐབས་མེད་ཟེར་དོན་ག་རེ་ཡིན་ནམ།
ཁྱོད་དགེ་ལུགས་པའི་ཚོགས་ཞིང་གི་གྲལ་དུ་ག་འདྲ་བྱས་ནས་ཚུད་པ་རེད་དམ། འདི་ཡང་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན་པས། དྲ་གྲོགས་ཚོར་ལན་གས་ཞིག་བཏབ་ན་བཟང་གི
ད་དུང་དེང་སྐབས་རྡ་སའི་སྤྱི་ཚོགས་ཁྲོད་ཁྱེད་ཀྱིས་དེ་སྔོན་ལོ་བཅུའི་ནང་ཆོལ་གསུམ་ལོ་རྒྱུས་རྩོམ་སྒྲིག་བྱེད་ཚར་རྒྱུ་སྐུ་སྒེར་ཡིག་ཚང་ལ་ཁས་ལེན་བྱས་ཡོད་མོད། ད་དུང་དཀར་ཆག་ཙམ་ལས་གྲུབ་མེད་པས། སྐུ་སྒེར་ཡིག་ཚང་ནས་གློ་བུར་དུ་ལས་མཚམས་བཞག་པ་རེད་ཟེར་གི་འདུག་པ་བདེན་ནམ། ཡང་ཁ་ཤས་ཀྱིས། ཧོར་འཇིགས་ཀྱིས་མདོ་སྨད་གཅིག་པོའི་ལོ་རྒྱུས་ལ་དེབ་ཆེན་དྲུག་ཡོད་ལ། དེ་ཡང་ལོ་དགུའི་ནང་བརྩམས་ཚར་བ་མ་ཟད། དཔར་བསྐྲུན་ཀྱང་ཚར་མོད། ཁྱེད་ཀྱིས་ད་དུང་བོད་བཙན་པོའི་དུས་སྐབས་དང་། ས་སྐྱའི་སྐབས་ན་མགོ་བོ་འཁོར་ལོ་ལྟར་འཁོར་བཞིན་དཀར་ཆག་ཙམ་ཞིག་ལས་ཅི་ཡང་གྲུབ་མེད་ལ། དེ་ཙམ་མ་ཟད་ལོ་རྒྱུས་ལ་ཁ་གཡར་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་གནས་ཆེན་ཁག་ལ་མཇལ་སྐོར་དང་། ཐེའུ་ཝན་སོགས་སུ་ལྟ་སྐོར་རེ་བྱས་ནས་བསྡད་ཡོད་ཟེར་གི་འདུག་པ་བདེན་ནམ། ད་དུང་ཁྱེད་ཀྱིས་བསྒྲིགས་པའི་རྒྱ་གར་གནས་ཡིག་ཞིག་ཡོད་པ་དེ་བརྩོམ་སྒྲིག་བྱེད་ཆེད། སྐུ་སྒེར་གྱི་སྒོར་མོ་ཁུར། དཔར་ཆས་རྫིག་པོ་ཉོས་ནས་གནས་སྐོར་ལ་ཕྱིན་པ ་རེད་ཞེས་ཟེར་གི་འདུག དེ་འདྲ་བྱས་ཙང་ཁྱེད་ཀྱིས་སྐུ་སྒེར་ལ་ཐུགས་ཁག་མེད་ཅེས་ལན་འདེབས་བྱས་པ་ཨེ་ཡིན།
ཡང་ཁ་ཤས་ཀྱིས་ཁ་བརྡ་སོགས་དྲ་གནས་ཁག་མང་པོར་ཁྱེད་ཀྱིས་བྲིས་པའི་འགུ་ལོག་ལོ་རྒྱུས་དང་། རྩོམ་སྒྲིག་བྱེད་བཞིན་པའི་ཆོལ་གསུམ་ལོ་རྒྱུས་གཉིས་ཀྱི་སྐོར་ལ་གླེང་ཕྱོགས་མང་པོ་བྱུང་བས། སྐུ་སྒེར་ནས་ལས་མཚམས་བཞག་པ་རེད་ཟེར། དེ་དག་བདེན་ནམ། དེ་ཚོར་འབྲེལ་བ་ཡོད་དམ།
གཙོ་བོ་བོད་ཀྱི་ལོ་རྒྱུས་ཀྱི་ས་བོན་བསྡུ་ཆེད་རྒྱ་གར་ལྷོ་ཕྱོགས་ཀྱི་གནས་ཆེན་ཨེ་ལོ་ར་དང་། ཨེ་ཅེན་ཏ་སོགས་སུ་འགྲོ་དོན་ག་རེ་ཡིན་ནམ། དེ་གར་བོད་ཀྱི་ལོ་རྒྱུས་ལ་མཁས་པའི་རྒན་པ་སུ་ཡོད་དམ། གནས་ཆེན་དེ་དག་ནས་བོད་ཀྱི་ལོ་རྒྱུས་ཀྱི་ས་བོན་ག་འདྲ་རག་གམ། ཁྱེད་ཀྱིས་༼མཁར་ཤུལ་སོགས་ནས་ཉལ་བ་ལས་མགྲོན་ཁང་གཅིག་གི་ནང་དུ་ཡང་བསྡད་མ་མྱོང་།༽ཟེར་བ་གནས་སྐོར་ལ་འགྲོ་སྐབས་ཟེར་བ་ཡིན་ནམ། དེ་མིན་ཐེའུ་ཝན་ལ་འགྲོ་སྐབས་ཟེར་བ་ཡིན།
གང་ལྟར་ད་ལྟ་བོད་ཕྱི་ནང་གཉིས་དང་ལྷག་པར་དུ་རྡ་སར་ཁྱོད་ཀྱི་སྐོར་རྐྱང་རྐྱང་བཤད་ཀི་འདུག་པས། གོ་སྐབས་འདི་དམ་འཛིན་བྱས་ནས་མི་མང་ལ་གསལ་བཤད་ཅིག་བྱེད་ཐུབ་ན་བཟང་སྙམ།
གངས་ཕྲུག་རྨས་མ་ཟེར་བ་དེ་ཁྱེད་མགོ་དམ་ངོ་མ་ཡིན་པ། ཡིན་ན་སྟབས་ལེགས། གོ་སྐབས་འདི་མ་ཤོར་ཡ། བུ་རྒོད་པོ། འདི་འདྲའི་མྱི་ཁ་ངན་པ་ཞིག་མགོ་ལ་ཁུར་ནས་དགོང་འདུག་རྒྱུ་ཡིན་ནམ། མི་སུ་ལ་ཡང་མྱི་ཁ་ཕོག་མི་སྲིད་པ་མིན་མོད། མྱི་ཁ་དག་སེལ་བྱེད་རྒྱུའི་གོ་སྐབས་རག་རྒྱུ་ཁག་པོ་རེད། ཁྱེད་ཀྱིས་དེ་སྔོན་གོ་སྐབས་ཡག་པོ་གཉིས་ཤོར་ཐ། བོད་ཀྱི་དུས་བབ་གསར་འགོད་པ་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་གསལ་བཤད་ཡག་པོ་ཅིག་བྱེད་ཐུབ་མི་འདུག དེ་ཁྱོད་ཀྱིས་ཤོར་བའི་གོ་སྐབས་ཡག་ཤོས་གཉིས་རེད། ད་དུང་དེ་སྔོན་ཁ་བརྡ་དྲ་ཐོག་ཏུ་ཁྱེད་ཀྱི་སྐོར་ལ་ལུང་ཆག་གང་བཤད་ཡོད་ཐ་མོད། ཁྱོད་ཀྱིས་གས་བཤད་ཚིག་གཅིག་བྱེད་མ་ཐུབ། དེང་སྐབས་གླེང་གཞི་དེ་ཁ་བརྡ་དྲ་ཐོག་ན་མེད་ཀི ཕལ་ཆེར་དྲ་དཔོན་གྱིས་བླངས་པ་ཡིན་ནམ། ཡང་ན་རང་བཞིན་གྱིས་མེད་སོང་བ་ཡིན་མི་ཤེས། ད་ལྟ་སླར་ཡང་ཁ་བརྡ་དང་དུས་བབ་གཉིས་ཀྱི་ཐོག་ཁྱོད་གླེང་གི་ཡོད་པས། གསལ་བཤད་རེ་བྱེད་རྒྱུ་ཡོད་ན་བྱས་ན་བཟང་གི་ཡ། མེད་ན་སེམས་བདེ་མོར་བཞུགས།
གསལ་བཤད་ཞུ་རྒྱུར།
གོང་དུ་བསམ་གཏན་ཟེར་བ་ཞིག་ཡོད་པ་དེ་ང་མིན། ངའི་མིང་ལ་བསམ་གཏན་རྒྱ་མཚོ་ཟེར།
རྗེས་སུ་བསམ་གཏན་རྒྱ་མཚོ་ཞེས་འབྲི་རྒྱུ་ཡིན།
ཐུགས་རྗེ་ཆེ།
ཨ་ཡ་མཚན། ཐེ་ཝན་ནས་ཀྱང་རླངས་འཁོར་འབབ་ཚུགས་དང་མཁར་ཤུལ་སོགས་ལ་ཉལ་ན་བོད་ཀྱི་གྲྭ་བ་སྨྱོན་པ་ཞིག་འདུག་ཟེར་ནས་ཉེན་རྟོགས་པ་ཡང་སླེབས་ཏེ་ལག་ཁྱེར་ལ་བལྟ་མི་ཡོང་ངམ། ད་དུང་བོད་མི་ཤ་ཞེན་ཅན་དང་ལ་རྒྱ་ཅན་གཅིག་གིས་ཀྱང་མ་མཐོང་བ་ཆེས་ཡ་མཚན་ཞིག་རེད།
ཁྱོད་རླུང་འཁོར་ནག་པོ་ལི་ཁེ་ཡིན་ན། ང་མྱུལ་བོ་གཉན་ཆང་ཡིན་ནི་རེད་མ་གཏོགས་མགོ་དམ་ཡིན་པའི་དོགས་པ་དགོས་ནི་མ་རེད། གནས་ལུགས་མེད་པར་ཁྱི་ཟུག་ཟུག་བྱ་མཁན་ཁྱོ་ལྟ་བུར་ངས་དགག་ལན་ཚ་ཐག་ཆོད་ཅིག་རྒྱག་འདོད་ཀྱང་། ཡང་དྲ་བདག་གིས་གསུབ་ཀྱི་རེད། ད་གཡུག་ཞོག་དུས་ཚོད་འཕྲོ་བརླག་གཏང་ནས་ཅི་བྱེད
མགོ་དུམ་ཚོ་ཉོན་ཅིག
ང་མགོ་དམ་མ་རེད་ཁྱོད་ཚོས་སེམས་བདེ་མོ་བྱོས། ཁྱོད་ཚོས་མི་ཞིག་གི་སྐྱོན་མ་གཏོགས་གླེང་ཤེས་གི་མ་རེད། སྐྱོན་དང་མཚང་འབྲི་ན་ལས་སླ་བོ་རེད་མོད། དུས་བབས་དང་ཁ་བརྡ་དྲ་བདག་གིས་ངའི་བསམ་ཚུལ་དྲ་འཇུག་བྱས་མ་སོ
རེད་ཡ་ཁྱེད་ཚོས་གོང་དུ་གླེང་སློང་མང་པོ་འདུག། བསམ་ཚུལ་གཞན་ཞིག་ནི། སྐུ་སྒེར་ཡིག་ཚང་ལ་རྒྱུ་མཚན་གཞན་པ་ཁ་ནས་གླེང་མི་ཐུབ་པ་ཞིག་ཡོད་ཐག་ཆོད་རེད་མ་གཏོགས་གོང་གི་རྒྱུ་མཚན་གཉིས་ནི་འབྲེལ་མེད་རང་རེད། རྒྱུ་མཚན་དེ་ནི་གསར་འགོད་པས་བཙུར་ནས་ཐོན་པའི་དགོས་མེད་ཀྱི་སྐད་ཆ་ཞིག་ལས་གཙོ་བོ་བཤད་མ་ཐུབ་པ་ཨེ་ཡིན་སྙམ། འདི་ལ་རྒྱབ་ལྗོང་གཙང་མ་ཞིག་ཨེ་ཡོད་སྙམ་པས་མང་ཚོགས་ནས་ཞིབ་འཇུག་གནང་དགོས། ཡང་གཞན་ཞིག་ནི། གལ་ཏེ་དམ་ཆོས་དཔལ་བཟང་ལ་ཆོལ་གསུམ་ལོ་རྒྱུས་འབྲི་རྒྱུའི་ཤེས་འཇོན་མེད་ཀྱང་ཤེས་ཡོན་ཅན་འཚོལ་སྒྲུབ་ཀྱིས་འགོ་འཁྲིད་ན་སྐྱོན་མེད། དཔེར་ལས་མང་པོ་ཞིག་དབུ་འཁྲིད་མཁན་ལ་འཇོན་ཐང་ཡོད་ན་གཤམ་འོག་ཏུ་ཤེས་ཡོན་ཅན་འཚོལ་སྒྲུབ་ཀྱིས་ལས་རིགས་ལེགས་འགྲུབ་ཡོང་བ་མང་པོ་ཡོད་པ་གསལ་པོ་རེད། གཙོ་བོ་ལྷག་བསམ་དང་སྙིང་སྟོབས་གལ་ཆེ་མཐོང།
དྲ་གྲོགས་གངས་ཕྲུག་རྨས་མ་ལགས།
ཁྱེད་ཀྱིས་”གཞུང་དྲང་ལྷག་བསམ་ཅན་གྱི་དམ་ཆོས་དཔལ་བཟང་དང་”ཟེར་བ་བདེན་པ་ཡིན་རྒྱུ་རེད་བསམ་མོད། དེ་རིང་དྲ་གྲོགས་རླུང་འཁོར་ནག་པོ་ཟེར་བ་ཞིག་གིས། ༼ཁ་བརྡ་ལགས། ཁྱེད་ཀྱི་བྱས་ན། ༽ ཞེས་པའི་རྩོམ་ཡིག་དེར་མཆན་བཀོད་པར། “ད་དུང་ཁོའི་གྲོགས་པོ་དེ་བོད་དུ་ཡོད་དུས་མི་གསོད་མྱོང་མཁན་ཞིག་ཡིན་པ་ཁོ་རང་གིས་ཤེས་བཞིན་ཏུ་འདི་འདྲ་བྱས་པ་ཡིན་པས་རང་གཞུང་ལ་བརྩི་བཀུར་དང་ཤ་ཞེན་ཅི་ཙམ་ཡོད་པ་འདི་ནས་གསལ་བཤད་བྱེད་ཐུབ་ལ། གཞུང་ལ་བསམ་པ་ཅི་ཙམ་དཀར་བ་ཡང་འདི་ནས་ཤེས་ཐུབ། ཁྱེད་ཚོས་ལྟོས་དང་། མི་གསོད་མྱོང་མཁན་ཞིག་གཞུང་གི་གྲོས་ཚོགས་ནང་དུ་གཡོ་རྒྱུ་བྱས་ནས་འཇོག་ཆོག་གི་ཨེ་རེད། ད་ལྟོས་དང་། དམ་ཆོས་ཟེར་བ་དེ་ཅི་འདྲ་ཞིག་མི་ཤེས་རྒྱུ་འདུག་གམ།” ཞེས་བྲིས་འདུག་པ་ཅི་ཡིན་ནམ། དྲ་གྲོགས་རྣམས་ཀྱིས་དགོངས་ཚུལ་གསུང་ན་ཆོག་གམ།