ཕྱི་ལོ ༢༠༡༢ ཟླ ༣ ཚེས ༥ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད ༦།༣༠ ཙམ་ལ།
རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་གཤོག་སྨད་མའི་མགར་སྐྱ་ཚང་གི་བུ་རྡོ་རྗེ།
རང་ལོ ༡༨ ། ཕ་མིང་ལ་ཅཱ་ཅཱ་ཡིན་པ་ཁོང་གིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་གཅའ་ཞང་ཐོག་དང་ཐག་ཉེ་བའི་ཟམ་ཁ་ཞིག་ནས་གཅའ་ཞང་ཐོག་གི་རྒྱ་མིའི་ལས་ཁུངས་ཡོད་ས་པར་གོམས་བགྲོད་གནང་ཡོད་འདུག
གནས་ཚུལ་འགྲེལ་བརྗོད་པས་བཤད་པ་ལྟར་ན། དུས་ཐོག་ལ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་སོགས་སླེབས་མེད་པ་དང་ས་གནས་ཀྱི་བོད་མི་རྣམས་ཀྱིས་མེ་མ་བསད་པར་འབར་བཅུག་ཡོད་སྟབས་མེས་ཤུགས་ཆེན་པོ་འཚིགས་ཏེ་སྐབས་ཐོག་དེར་སྐུ་གྲོངས་ཡོད་ཅིང་།
བོད་མི་རྣམས་ཀྱིས་ཕུང་པོ་ཁྱེར་བརྩིས་བྱས་སྐབས་ཉེན་རྟོག་པ་སོགས་སླེབས་ཏེ་ཕུང་པོ་བཙན་འཕྲོག་གིས་རྔ་པ་རྫོང་ཐོག་ཏུ་འཁྱེར་ཡོད་འདུག
གཅའ་ཞང་ནི་རྔ་པ་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༧༠
ཙམ་གྱི་སར་ཡོད་པ་དང་།
དེང་སྐབས་རྒྱ་ནག་གིས་ས་བགོས་བྱེད་སྟངས་ལྟར་ན་འབྲོག་སྡེ་གཅའ་རུ་བ་དང་།
རྭ་རུ་བ། ནག་ཚང་མ་བཅས་ཀྱི་ཞང་ཡིན་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་པ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༥ ལ།
ད་་་་རྗོ་བོ་རིན་པོ། ག་རེ་བྱས་པའི་ལས་རེད། ང་ལ་ནི་ལབ་ཡ་གཅིག་ལས་མིན་འདུག རྟག་པར་་་་དཔའ་པོ་ཁྱེད་རྣམས་ལ་བཅོས་སེམས་དབུས་ནས་རྗེས་ཡི་རང་དང་གུས་དུད་ཞུ། ཚིག་རྐང་གཅིག་འདི་རང་གི་སེམས་གཏེང་ནས་འབུལ་གི་ཡོད། དཔའ་བོ་ཁྱེད་མི་ལུས་རིན་ཆེན་གྱི་བརྟེན་བཟང་གངས་ལྗོངས་སུ་མྱུར་དུ་ཐོབ་པར་ཤོག
བོད་ཀྱི་དཔའ་རྒོད་འབུམ་གྱི་ཕ་ས་ཆེན་མོ་རྔ་བའི་ཡུལ་གྲུ་འདིར་གངས་ལྗོངས་རང་དབང་འཐབ་རྩོད་ཀྱི་གཞིས་ཁྱིམ་ཀྱིས་མེ་ལྕེ་བར་མེད་མཆེད་སའི་ཡུལ་གྲུ་འདི་དངོས་གནས་དུར་སར་དམར་པོ་རུ་འགྱུར་བཞིན་ཡོད་སྤུན་ཟླ་ཚོ་གཉིད་ལས་མྱུར་དུ་སད་རོགས་ང་ཚོ་ཚང་མ་རང་དབང་ལེན་རུ་འགྲོ་་་་་་་་་་་་་་་་་་་་་་
་སེམས་གཏིང་ནས་མྱ་ངན་གུས་འདུད་གྲངས་མེད་ཞུ་ཞུ་ཞུ་་་་་་་་་་་་་་་ནུབ་བདེ་བ་ཅན་དུ་སྐྱེ་བར་སྨོན་་་་་་་་་་་་་་སངས་རྒྱས་འོད་དཔག་མེད་ལ་གསོལ་འདེབས།། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས།།
བཀྲ་ཤིས་ཤོག རྒྱལ་སྤྱིའི་དཔའ་པོའི་རྣམས་ཀྱི་འདོད་འདུན་རྒྱལ་གྱུར་ཅིག
སེམས་གཏིང་ནས་མྱ་ངན་གུས་དད་ཞུ།
དཔའ་བོ་དམ་པ་ཁོང་ལ་མྱ་ངན་གུས་དུད་ཞུ་བ་དང་ཆབ་ཅིག་ཁོང་གི་ཕ་མ་དང་སྤུན་མཆེད་ཉེ་འབྲེལ་སོགས་ལ་ལྷག་བསམ་རྣམ་དག་གིས་གདོང་སེམས་མཉམ་སྐྱེད་ཞུ། །
དྲ་གྲོགས་ཚོ། རང་གྲོལ་སྨྱུག་གསར་དྲ་བའི་སྟེང་སྤུན་གྲོལ་ཞུ་བ་ཞིག་གིས་ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་ལ་དཔྱད་གཏམ་ཚ་བོ་ཞིག་སྤེལ་འདུག་པས་དྲ་གྲོགས་ཞིག་གིས་ཕབ་ཞུ་བྱས་ཏེ་ཁ་བརྡ་དྲ་བའི་སྟེང་བཞག་ནས་དྲ་གྲོགས་ཚོར་དེ་བཀླག་རྒྱུའི་གོ་སྐབས་འབུལ་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བར་སེམས། གང་ལྟར་ངས་ནི་ཕབ་ཞི་བྱེད་ཐུབ་མ་སོང་། དགོངས་དག་མཛོད། ཐུགས་རྗེ་ཆེ།
བོད་པའི་དཔའ་བོ་དང་དཔའ་མོ་ཚོ། ངས་ཁྱེད་རྣམས་པའི་གཏོང་ཕོད་ཀྱི་མཛད་པ་དེར་སེམས་གཏིང་ནས་རྗེས་སུ་ཡི་རངས་ཞུ་གྱི་ཡོད། ཁྱེད་རྣམས་པས་རིན་བྲལ་གྱི་ལངས་འཚོ་ཆུས་ཟོས་སུ་འགྲོ་མ་དགོས་པར་དེ་ལས་གཞན་པའི་ལམ་ཁ་ཞིག་འཚོལ་རོགས། ཨ་རོ་ཤི། ད་ང་ཚོ་བོད་པའི་སྡུག་བསྔལ་དེ་ནམ་ཞིག་མཐའ་རྫོགས་སྲིད་དམ། ཨ་གནམ་རྒན་མ། ད་ཉིན་རེར་མི་རེ་ལྟ་བུའི་གསར་འགྱུར་འདི། ལྟ་བ་མིག་གྱིས་མི་གཟོད་གི། དྲན་པ་སེམས་ཀྱི་མི་གཟོད་གི། ད་ཅི་ཞིག་བྱས་ན་དྲགས་རྒྱུ་རེད།
xxxxxxxxx
དྲ་གྲོགས་རྣམས་མ་ཎི་གསུང་རྒྱུ་མ་བརྗེད། །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ཀྱིས། །ཚེ་འདས་བདེ་བ་ཅན་དུ་སྐྱེ་བར་ཤོག ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མ་གྱུར་སེམས་ཅན་ཐམས་ཅད་ཀྱི། །སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །
རྒྱལ་གཅེས་དཔའ་བོ་ཁོང་ཚོའི་ཆོད་སེམས་དང་ལ་རྒྱ་ནི་དུས་ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཆེན་པོ་ཞིག་ཏུ་གྱུར་འདུག
འི་ཅག་གི་ཁོང་རྣམས་ལ་དུས་ནམ་ཡང་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་བྱ། དེ་ནི་ང་ཚོས་ཕྲག་ཏུ་བབ་པའི་འོས་འགན་རེད། རྒྱལ་གཅེས་པ་ཁོང་གི་མི་རིགས་ལ་བཅིང་པའི་ལྷག་་བསམ་དེ་དམར་པོ་མེ་རུ་སྒྲོན་ནས་སྡུག་སྔལ་གྱི་འཚོ་བ་དངོས་གསལ་སྟོན་མཛད་ཁོང་རྣམས་པའི་གཅིག་རྗེས་གཉིས་མཐུད་དུ་བོད་མི་རིགས་ཀྱི་བདེན་པའི་ཆེད་ཡོད་ཚད་ནས་ཡོད་ཚད་བློས་བཏང་སྟེ་ལོ་རྒྱས་ཀྱི་དཔང་བོ་མཛད། ཁྱེད་རྣམས་ནི་ལོ་རྒྱུས་ཀྱི་དྲན་རྟེན་དང་མི་རིགས་ཀྱི་འདུ་ཤེས་མཚོན་བྱེད་ཀྱི་དྲན་རྟེན་རྡོ་རིང་ཉག་གཅིག་རེད། བོད་རྒྱལ་ལོ།།
དེ་ག་རང་རེད་འོས་འཕེན་སྐབས་སྐྱོན་དང་ཡོན་ཏན་ཕྱོགས་སོ་སོ་ནས་ཁྱབ་སྒྲགས་དང་། མངོན་འདོད་བཤད་པ་ཆབ་ནི་སྲིད་ཀྱི་འགྲོ་སྟངས་ཤིག་རེད། མང་མོས་ཀྱིས་ཐོབ་ཚར་བའི་རྗེས་སུ་ང་ཁྱོད་མེད་པར་རྡོག་རྩ་གཅིག་དྲིལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། དཔེར་ན་དཔའ་བོ་བཀྲ་བྷེའི་མིང་འབོད་མ་སོང་ཟེར་བ་སོགས་གནས་ཚུལ་ཆུང་ཙག་ལ་རྙེད་དེ་ནང་ཁུལ་ཁ་གཏོང་བ་ནི་ཆེས་མི་འོས་པ་ཞིག་རེད། དཔའ་རྒོད་བཀྲ་བྷེ་དམ་པ་དེ་ཉིད་ལ་མཚོན་ན་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་སྐུའི་སྲོག་དམར་བློས་བཏང་ཚར་བ་རེད། དུས་དབང་སྐབས་མིང་མ་འབོད་པ་དེ་ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཞིག་ཡོད་ན་མ་གཏོགས་བཀའ་ཁྲིས་ནོར་འཕྲུལ་ཡིན་པ་ཀུན་གྱི་མཁྱེན་གསལ་རེད། དེའི་ཐོག་མཁྱེན་ལྡན་བརྩོམ་པོ་འོད་ཟེར་སོགས་ནས་དྲི་བ་དང་དྲི་ལེན་མང་དག་བྱུང་ཚར་བ་རེད་དེའི་ཐད་བཀའ་ཁྲིས་སྐྱོན་ཡོན་གང་ཡིན་རུང་གཞིས་བྱེས་གཉིས་བསམ་ཚུལ་གང་ཡོད་གོ་བརྡ་གསལ་པོ་ཞིག་འཕྲོད་ཡོད་ཀྱི་རེད། ད་དུང་ལྷག་བསམ་དང་ཆབ་སྲིད་མཁས་མདོགས་ཀྱིས་ཆོལ་ཁ་དང་ལུང་ཚན་གྱི་ཞེན་ཁོག་ཁོ་ནས་གསར་ལམ་ཁག་དང་། སང་སིང་སྦག་སྦུག་ཀུན་ལ་བཀའ་ཁྲིར་སྐྱོན་བརྗོད་བྱེད་པ་ནི་བོད་མི་རིགས་གཅིག་དྲིལ་གྱི་ནུས་པ་རྩ་མེད་བཟོ་མཁན། རྒྱུ་དཔུང་གི་ནུས་ཤུགས་རྒྱ་དམར་ལ་བཅོལ་ནས་དུས་ཚོད་མ་མཁྱོལ་བའི་གདན་ས་དང་སྒྲིག་འཛུག་གང་ལའང་མ་གཏོགས་པའི་གྲྭ་འཁྱམ་དང་མི་འཁྱམ་རྒྱ་ཁྱི་དག་ཡིན་པས་དྲ་གྲོགས་ཚང་མས་ཐུགས་གཟབ་གནང་གལ་ཆེ།
ཆོ་མིད་འཇོག ་་་་་ མཆན་དགུ་པ་བོད་པ་ཟེར་བ་དེ་བོདརང་ཨ་ཡིན་ན་བསམ། གང་ལགས་ཞུས་ན། སྔོན་གཤེགས་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་ལ། མྱ་ངན་གུས་དུད་ཀྱི་སེམས་ཚོར་གང་ཡང་མེད་པ་མ་ཚད། ཁོའི་ལག་དུ་རྟག་པར་ཕུ་ནུ་ནང་དཀྲུགས་ཀྱི་ཚིག་མཚོན་ཞིག་ཡོད་ཡོད་པ་རེད། ལྷག་པར་དུ་ཤར་ཁུག་ལ་ཞེ་སྡང་ཧ་ཅང་འདུག གོ་སྐབས་ཟིམ་སྟངས་འདི་འདྲ་མ་རེད། བོད་པ་ཡིན་དོག་པ་འདུག གཟབ་གཟབ་གྱིས།
དྲ་འབུ་དེ་ཚོས་རིག་པ་མ་འདོན་པར་དོན་མེད་རྩོད་པ་ཁོ་ནའི་ཕྱོགས་སུ་ལྷུང་བ་ནི་ཡ་རེ་ང་། ཀྱེ་ཧུད། དེ་འདྲ་མ་བྱེད། བོད་པ་ལགས།
ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་རྣམ་པར་ཐུགས་རྗེ་ཆེ་ཞུ། གནས་ཚུལ་ནམ་བྱུབ་བ་དེ་དུས་ལས་མ་ཡོལ་བར་དུས་ཐོག་ཏུ་མཁོ་འདོན་གནང་ཐུབ་པ་དེ་ཧ་ཅང་གི་ཕན་ཐོག་ཆེན་པོ་རེད། ལྷག་པར་དུ་གཞིས་ལུས་དཔའ་བོ་ཕོ་མོ་ཚོའི་བློས་བཏང་གི་མཛད་རྗེས་དང་། བདེན་དོན་གྱི་འབོད་སྒྲ་དེ་དུས་ནས་དུས་སུ་ཕྱི་ཕྱོགས་ནས་ཁྱབ་བསྒྲགས་དང་ཉལ་ཚགས་བྱས་བསྡད་པ་ནི་བླ་ན་མེད་པའི་གྲུབ་འབྲས་ཤིག་ཏུའང་བགྲང་ལོས་ཆོག
བོད་ནང་གི་བོད་མི་ཚོས་བོད་མི་རིགས་ཀྱི་ཐོབ་ཐང་ཆེད་རང་ལུས་མེར་སྲེག་གི་བླ་ན་མེད་པའི་དོན་ཆེན་སྒྲུབས་བཞིན་པའི་སྐབས་དྲ་འབུ་འམ་ངས་དེ་རིང་ནས་དེ་ཚོ་ལ་དྲ་དགྲ་ཞེས་བརྗོད་རྒྱུ་ཡིན་དེ་ཚོས་སྐྱོན་བརྗོད་དང་ནང་དཀྲུགས་བྱེད་པ་ལས་གང་ཡང་སྒྲུབས་མི་ཐུབ་དེ་ཚོའི་དམིགས་ཡུལ་ལ་དོགས་པ་ཡོད།
བསྟན་འགྲོའི་དོན་དུ་གཅེས་པའི་ལུས་སྲོག་གཏོང་མཁན་སེམས་པ་རྣམས་སྙིང་ནས་གུས་འདུས་ཞུ་
ལ་ཆད་འདུག་དགོང་དག
ཨ་རོགས་ལ། ལ་ཆད་རྟོགས་ན་ས་ཆད་པ་མ་ཤེས་སམ། འདི(དགོང་)དགོངས།
ཡང་ངའི་མཆན་གཅིག་སུབ་ཚར་འདུག འདི་ན་ཉེ་དགའ་ཕྱོགས་ལྷུང་གི་་ཕྱག་ལས་ཡང་གནང་གི་མེད་ན་བསམ། ་་་་་་་་་
ཡ་གྲོགས་པོ་ཚོ་བདེ་མོ་ཡིན་ནམ། ང་དེ་རིང་འདིར་གསར་དུ་འོངས་བ་ཡིན་མོད། འོངས་དོན་རང་ཉིད་ཀྱི་ཆེད་དུ་ཡིན། དེར་བརྟེན་རྗེས་ཕྱོགས་བཀའ་སློབ་གང་མང་མང་ཤིག་གནང་རྒྱུ་མ་བརྗེད་རོགས་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ །