གསར་འགྱུར་གཏོང་མཁན་སྐལ་བཟང་མཆོག་སྒྲུབ།
ཕྱི་ལོ་༢༠༡༢ཟླ་༣་ཚེས་༣ཉིན་རྨ་ཆུ་རྫོང་དུ་རང་ལུས་དམར་མཆོད་གཏོང་མཁན་ཚེ་རིང་སྐྱིད་ལགས་ཀྱི་སྐུ་ཕུང་ཉེན་རྟོག་པས་བཙན་འཁྱེར་བྱས་པ་ནས་ད་དུང་ནང་མིར་ཕྱིར་སྤྲོད་མ་བྱས་པར་རྨ་ཆུ་རྫོང་མི་དམངས་སྨན་ཟེར་བའི་ནང་བཞག་སྟེ་ཉེན་རྟོག་པའི་ལྟ་སྲུང་འོག་བཙན་ཉར་བྱས་ཡོད་འདུག ཚེ་རིང་སྐྱིད་ལགས་ཀྱི་ནང་མི་དང་ཉེ་འབྲེལ་དེ་བཞིན་གྲོང་ཚོ་གཡས་གཡོན་གྱི་ཡུལ་མི་འཛོམས་ཏེ་རྫོང་ཉེན་རྟོག་ལས་ཁུངས་དང་སྲིད་གཞུང་སོགས་སུ་འདས་པོར་བོད་ལུགས་ཀྱི་ཆོས་ཕྱོགས་བྱེད་སྒོ་ཁག་སྟེ། སྔས་བླ་གདན་ཞུས་ཀྱིས་འཕོ་ལུང་གསུངས་རྒྱུ་དང་འདས་ཆོས་སྒྲུབ་ཆེད་ཕུང་པོ་ནང་མིར་རྩིས་སྤྲོད་དགོས་པའི་ཞུ་གཏུག་བྱས་ཡོད་ཀྱང། ཉེན་རྟོག་པས་ཚེ་རིང་སྐྱིད་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བར་ཆབ་སྲིད་དང་འབྲེལ་བ་མེད་ཅེས་ནང་མིའི་ངོས་ནས་འགན་ལེན་མིང་རྟགས་འགོད་དགོས་པའི་ཆ་རྐྱེན་བཏོན་ཡོད་ཀྱང་ནང་མི་དང་ཉེ་འབྲེལ་ཚོས་ཡིག་ཆ་དེར་མིང་རྟགས་རྒྱག་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་འདུག ད་དུང་མིའི་ངོས་ནས་གལ་སྲིད་ཉེན་རྟོག་པས་ཕུང་པོ་ཕྱིར་སྤྲོད་མ་བྱས་ཚེ་ཁོང་ཚོ་རང་དགར་སྡོད་རྒྱུ་མིན་པའི་བརྡ་ལན་སྤྲད་དེ་ས་གནས་གཞུང་དང་ནང་མིའི་བར་མི་སྲོག་དོན་རྐྱེན་འབྱུང་སྲིད་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག
ཚེ་རིང་སྐྱིད་ནི་ཁྲོ་ཁོ་སྨད་མའི་ཕ་བསོད་ནམས་ཡི་ཤེས་དང་མ་ལྷ་གཡང་གཉིས་ཀྱི་བུ་མོ་ཡིན་ལ་ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་ནང་ནས་མོ་གསུམ་པ་དེ་ཡིན་འདུག ནམ་རྒྱུན་མོས་སློབ་གྲོགས་ཚོ་དང་གླེང་མོལ་བྱེད་སྐབས་༢༠༡༠སློབ་གྲྭའི་སློབ་མ་དང་དགེ་རྒན་འགའ་རེ་བཅས་གནས་དབྱུང་བཏང་འདུག་པ་དང་སློབ་གྲྭའི་སྦྱང་གཞི་རྒྱ་ཡིག་ཏུ་བསྒྱུར་པ་སོགས་ནི་སེམས་ཀྱི་ན་ཚ་གཙོ་བོ་ཞིག་རེད་ཟེར། ཁ་སང་དོན་རྐྱེན་བྱུང་རྗེས་གཞུང་ཉེན་རྟོགས་ལས་ཁུངས་ཀྱིས་ཉིན་དེའི་བྱུང་རིམ་རྣམས་གློག་རྙན་ལ་ཞིབ་གཤེར་བྱས་དུས། མོ་དང་པོ་སློབ་གྲྭའི་སྒོ་ཆེན་ནས་ཐོན་ཏེ་གོང་གི་འབྲོང་གི་ལམ་གྱི་སྣུམ་མཛོད་དུ་སོང་། འོན་ཀྱང་དེ་ནས་སྣུམ་རག་མི་འདུག དེའི་རྗེས་རྨ་ཆུ་ལམ་གྱི་སྣུམ་མཛོད་དུ་ཕྱིན་ནས་སྣུམ་ཉོས་དེ་ཡར་ལམ་ཚོང་ཁང་ཞིག་ནས་སྤྲིན་བལ་ཞིག་ཉོས་ནས་རྨ་ཆུ་ལམ་སྔོ་ཚལ་ཁྲོམ་རྭ་ལ་ཕྱིན་འདུག ལོ་ཁ་ཤས་སྔོན་ནས་རྫོང་མཁར་དུ་ཕྱོགས་གང་སར་ལྟ་ཞིབ་འཕྲུལ་ཆས་མང་པོ་བཙུགས་ཏེ་གང་སར་ལྟ་རྟོགས་བྱེད་བཞིན་འདུག
བློ་ཡུལ་ལས་འདས་པ་རེད། ངའི་སེམས་པ་སྡུག་ལ་སྦྱར་སོང། དཔའ་མོའི་ཤུལ་ལུས་ཕ་མ་ང། ཕུ་ནུ་མྱིང་སྲིང་ཚོ། ང་ཚོ་རྕམ་ཟན་ཚོ་ཁྱེད་ཚོའི་རྒྱབ་དུ་ཡོད། བློ་མ་ཞུམ་། ཡིད་མ་ཕམ། བོད་རྒྱལོ།
དཔའ་མོ་ཚེ་རིང་སྐྱིད་ཁྱོད་ཀྱི་གཅེས་པའི་རང་ལུས་བོད་མི་རིགས་ཀྱི་ཆེད་དུ་མཆོད་མེར་སྒྲོན་གནང་བར་ངོ་མཚར་ཆེ། ངོ་མ་སྔ་ཕྱི་བར་གསུམ་དུ་རིགས་ཞེན་ལར་རྒྱ་ཅན་ཁྱེད་རྣམས་ནས་དེ་ལྟ་བུ་བློས་བཏང་གནང་བ་དུས་ནམ་ཡང་བོད་མི་རིགས་ཀྱིས་བརྗེད་མི་སྲིད། ཁྱེད་རྣམས་ཀྱི་ལྷག་བསམ་གྱི་མར་ཁུའི་དཀྱིལ་དུ་རང་ལུས་ཀྱི་སྡོང་བུ་བྱས་ནས་མཆོད་མེར་སྦར་བ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ནས་ཤིན་ཏུ་གལ་ཆེ་བའི་ལེའུ་ཞིག་རེད། ལོངས་ཤོག ཆོལ་གསུམ་རྡོག་རྩ་གཅིག་ཏུ་དྲིལ་ནས་ལོངས་ཤོག རྒྱབ་ཏུ་ཡོད་ཁྱེད་རྣམས་ཀྱི་རྒྱབ་ཏུ་ངེད་སྤུན་ཟླ་ཡོགས་རྫོགས་ཡོད།
ཛ་དྲག་གི་དོན་རྐྱེན་མི་འབྱུང་བ་བྱེད་པར་གལ་ཆེ། ཁོང་མོའི་ནང་མི་ཚོའི་སེམས་ཤུགས་ལ་ཡི་རངས་ཞུ་མིང་རྟགས་མ་བཀོད་པ་ཧ་ཅང་འགྲིག་གི་མ་རྟོགས་རྒྱ་དམར་ཚང་གི་ཁ་གཡར་ས་ཞིག་རྙེན་པ་རེད། ཛ་དྲག་གི་དོན་རྐྱེན་ཡོང་པའི་དབང་དུ་བཏང་རུང་མེ་མདའ་དང་ཁ་ཚུར་གཉིས་ནམ་ཡང་འགྲན་ཐབས་མེད་པའི་ང་ཚོ་ལ་གྱོང་གུད་བྱུང་རྒྱུ་ལས་མ་འདས།
༄། བུ་མོ་དེ་སྙིང་རྗེ། ཕ་མ་དེ་ཚོ་ཡང་སྙིང་རྗེ། ཁོང་གི་སྤུན་ཟླ་དང་སྙིང་ཉེ་བའི་གྲོགས་པོ་ཚོ་ཡང་སྙིང་རྗེ། ཨོཾ་མཎིཔདྨེ་ཧུཾ། སྐྱབ་བཅོལ་བོད་མི་རྒྱ་གར་ནས་ནུབ་གླིང་ལ་ཡོང་ནས་ཡང་བསྐྱར་སྒྲུང་རྫིན་མ་རེ་བཟོས་ནས་ལྟོ་གོས་ཆེད་སྐྱབས་བཅོལ་གཉིས་བ་ཞུ་དུས་བོད་ནང་གི་རང་ལུས་མེ་ལ་བསྲེག་པའི་གནས་ཚུལ་འདི་ཚོས་ཕན་རེ་ཐོག་པ་ལས་གཞན་བོད་དོན་ལ་ཕན་པ་མེད་པས་དཔའ་བོ་དཔའ་མོ་ཚོས་མཚམས་བྱཉད་རན་རེད།
སྐུ་ཞབས་ཆོས་འཕེལ་དར་རྒྱས་ལགས་ཀྱིས་བྲིས་བ་དེའི་ནང་ཚིག་སྐྱོན་དང་ཡིག་ནོར་རེ་མཆིས་པས་ད་དུང་སུམ་རྟགས་དག་གསུམ་སྦྱོང་བར་རེམ།
བུ་མོའི་སྐུ་སྲོག་བཏང་ཚར་བ་རེད། སྔས་ལ་བླ་མ་གདན་འདྲེན་རྒྱུ་མ་རག་ཀྱང་ས་རྟགས་ནམ་ཡང་རྒྱབ་མི་རུང་།