དཀའ་སྡུག་དང་གཉའ་གནོན་འོག བོད་མིས་རང་ལུས་མེར་བསྲེག་མི་གཏོང་བའི་འབོད་སྐུལ།
སྐད་ཡིག་གསུམ་གྱི་ནང་ཡོད་པའི་འདིའི་མ་ཡིག་ལ་གཟིགས་ན་འདིར་ནོན།
༼ ༢༠༡༢ ལོའི་ཟླ ༣ ཚེས ༧ ཉིན། ༽
བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་ཡོང་། ད་བར་དུ་སྐྱ་སེར་ཕོ་མོ་ཉེར་དྲུག་ལ་སླེབས་ཤིང་། ཐེངས་རེ་རེར་བཟོད་གླགས་མེད་པའི་མེ་ལྕེའི་ཚ་བསྲེག་ཁྲོད་བཞུད་སོང་།
ཐེངས་བཅུ་དྲུག་པར་རང་ལུས་མེར་བསྲེག་གནང་མཁན་ནི་ཨ་མདོ་མགོ་ལོག་ས་ཆའི་བླ་མ་བསོད་བྷ་ཚང་ཡིན་ལ། ཁོང་གི་ཁ་ཆེམས་ནང་དུའང་འདི་ལྟར་བཀོད་ཡོད་དེ། ༼སྔོན་ཆད་བདག་ཅག་གི་སྟོན་པས་རང་གི་སྐུ་ལུས་སྟག་མོར་སྦྱིན་པ་བཏང་བའི་ལོ་རྒྱུས་“སྟག་མོ་ལུས་སྦྱིན་”ནང་བཞིན། རང་ལུས་མེར་བསྲེག་བཏང་བའི་རང་རིགས་སྤུན་ཟླ་དེ་ཚོ་ཡང་ང་དང་འདྲ་བར་བདེན་དོན་དང་རང་དབང་གི་ཆེད་དུ་རང་སྲོག་སྙིང་སྟོབས་ལ་བརྗེ་བ་ཤ་སྟག་ཡིན།༽
འདི་ནི་སྲིད་ན་དཀོན་པའི་སྦྱིན་པའི་བསྔོ་བ་ཞིག་ཡིན། འདིས་འབྱུང་འགྱུར་བོད་མི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོར་སྲུབ་ཐབས་མེད་པའི་ཤུགས་རྐྱེན་ཐེབས་ངེས་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་སྲིད་པའི་བྱ་གཞག་ཞིག་ཀྱང་ཡིན།
རང་ལུས་མེར་སྲེག་བཏང་བ་དེས་བོད་མིའི་མངོན་འདོད་མཚོན་ཡོད་ལ། མེར་བསྲེགས་བཏང་བའི་མི་ཉེར་དྲུག་དེས་དྲག་གནོན་དང་མནར་གཅོད་འོག་གི་སྡུག་ཡུས་ཆ་ཚང་བརྗོད་ཡོད། འོན་ཀྱང་མངོན་འདོད་ཙམ་བརྗོད་པས་དམིགས་ཡུལ་དང་འདོད་འདུན་འགྲུབ་པ་ཞིག་མིན་པས། མངོན་འདོད་དེ་ཉིད་དོན་དངོས་དང་དངོས་ཡོད་འཚོ་བར་བསྒྱུར་རྒྱུ་དེའོ།
དེ་ལྟ་ན་ཚེ་སྲོག་གསོན་པོས་ད་གཟོད་འདོད་འདུན་དག་སྒྲུབ་ཐུབ་ལ་འཚོ་བ་དངོས་ལ་བསྒྱུར་པའི་ནུས་པ་ཡོད། གལ་ཏེ་ད་དུང་མུ་མཐུད་དུ་རང་ལུས་མེར་བསྲེགས་ན་ཚེ་སྲོག་རེ་རེ་ནི་ཕྱིར་ཡོང་མེད་པའི་མི་རིགས་ཀྱི་གྱོང་གུད་ཡིན།
དེའི་རྐྱེན་གྱིས་ད་ནས་བཟུང་སྟེ་ཚང་མས་རང་ལུས་མེར་བསྲེགས་མི་གཏོང་བར་རེ་བ་དང་སྨོན་འདུན་ཞུ་གི་ཡིན། བོད་མི་རེ་རེ་ནས་ཚེ་སྲོག་ལ་གཅེས་སྤྲས་གནང་རྒྱུ་དང་སྡུག་རུས་ཆེན་པོས་གསོན་ཐབས་གནང་རྒྱུ་ཤིན་ཏུ་གལ་ཆེ། གཉའ་གནོན་ཆེན་པོའི་འོག་ཏུའང་ཚེ་སྲོག་ནི་གསོན་ཤུགས་དང་རྒྱལ་ཁའི་རྩ་བ་ཡིན། རང་ལུས་མེར་སྲེག་ཁོ་ནས་ད་སྔའི་རྣམ་པ་བསྒྱུར་མི་ཐུབ་པ་མ་ཟད། ང་ཚོར་སྡང་བའི་མི་དེ་དག་གིས་ལྐོག་ནས༼ བསྲེགས་ཚར་སོང་ན་བཟང༽ཞེས་དམོད་དམོ་བྱེད་ངེས། དངོས་ཡོད་ཀྱི་རྣམ་པ་འདི་བསྒྱུར་དགོས་ཚེ་ང་ཚོ་གསོན་པོར་གནས་ནས་འཐབ་བརྩོད་དང་འགུལ་བསྐྱོད་བྱེད་པ་དང་། འཚོ་བཞིན་པའི་ང་ཚོར་བརྟེན་ནས་ཆུ་ཐིགས་གསོག་པས་རྒྱ་མཚོ་ནང་བཞིན་གྱི་བརྩོན་པ་བསྐྱེད་དགོས་ལ། བོད་མི་ཁྲི་འབུམ་མང་པོའི་ཚེ་སྲོག་གསོན་པོ་ལ་བརྟེན་ན་ད་བཟོད་ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་དང་ཁྲག་རྒྱུན་བརྒྱུད་སྤེལ་བྱེད་ཐུབ།
བོད་ཡུལ་གྱི་གྲྭ་བ་དང་ལོ་ལོན་རྒན་རྒོན། ཤེས་ལྡན་མི་སྣ་དང་མང་ཚོགས་སོགས་གང་ཡིན་གྱིས་རང་གི་ཆོས་གྲོགས་དང་དད་ལྡན་མི་དམངས། མདོར་ན་ཡུལ་མི་སྐྱ་སེར་ཕོ་མོ་རྣམས་ཀྱིས་མུ་མཐུད་རང་ལུས་མེ་ལ་བསྲེགས་མི་འཇུག་པར་ལྟ་སྐུལ་བྱེད་པའི་རེ་འབོད་ཞུས་པ་ཡིན།
ང་ཚོས་བོད་འབྲེལ་རྩ་འཛུགས་དང་ལས་ཁུངས་སོགས་ལ་ད་སྔའི་འགྲོས་མགྱོགས་ལ་རྒྱ་ཆེར་འགྲོ་བཞིན་པའི་རང་ལུས་མེར་སྲེག་གི་རྣམ་པ་ཚབས་ཆེན་འདི་འགོག་པར་ཞབས་སྐུལ་ཞུས་པ་ཡིན།
ང་ཚོས་ཡིད་ཆེས་བྱེད་དགོས་པ་ཞིག་ལ། བོད་མིའི་མ་འོངས་པ་ནི་བོད་མི་རང་གིས་བརྩོན་ལེན་བྱེད་དགོས།
ཨོཾ་མ་ཎི་པདྨེ་ཧཱུྃ།
འོད་ཟེར།༼ཚེ་རིང་འོད་ཟེར།རྩོམ་པ་པོ། པེ་ཅིང་ནས།༽
ཨ་ཀྱཱ་བློ་བཟང་འཇིགས་མེད་ཐུབ་བསྟན་རྒྱ་མཚོ། ༼ཨ་ཀྱཱ་རིན་པོ་ཆེ། ཨ་རི་ནས། ༽
དགའ་བདེ་ཚེ་རིང་། ༼སྙན་ངག་པ། ཨ་མདོ་ནས།༽
མཆན། ཁྱེད་ཀྱིས་འབོད་སྐུལ་འདིར་མཚན་རྟགས་འགོད་རྒྱུའི་མོས་མཐུན་ཡོད་ཚེ། ཚེ་རིང་འོད་ཟེར་གྱི་པོད་ཁུག་ཐོག་བཀོད་ཆོག་ལ་འདིའི་(http://woeser.middle-way.net)ནང་སྐད་ཀྱང་བཞག་ཆོག ཡང་ན Facebook དང་Twitter(@degewa )བརྒྱུད་ནས་བཞག་ཆོག དེ་མིནEmail(Putixin2010@gmail.com)བརྒྱུད་ནས་སྐད་བཏང་ནའང་ཆོག མཚན་རྟགས་འགོད་དུས་རང་གི་ལས་ཀ་དང་ས་གནས་སོགས་འཇོག་རྒྱུ་བྱུང་ན་རབ་ཡིན་ལ། ཡང་ཁྱེད་ཀྱི་མཚན་བྱང་སོགས་ལ་གསང་ཐབས་གནང་འདོད་ཡོད་ཚེ་དེ་བཞིན་གསལ་བསྒྲགས་གནང་རོགས། ཐུགས་རྗེ་ཆེ།
འབོད་བསྐུལ་ངེས་པར་དགོས་ས་རེད། བདག་གིས་སྙིང་ནས་འབོད་སྐུལ་ཡིན།
འདི་ལྟར་འབོད་སྐུལ་བྱས་པ་མོས་མཐུན་མེད་བོད་མི་རེ་རེ་ལ་འགན་འཁྲི་རེ་ཡོད་པས་བདེན་མཐའ་མ་གསལ་བར་དུ་ལས་འགུལ་རྒྱ་གང་ཆེ་དང་ཕན་གང་ཐོག་གི་ལས་འགུལ་སྤེལ་རྒྱུ་ཡིན། འབོད་སྐུལ་ཞུས་པ་སྔ་དྲགས་འདུག
བཀྲིན་ཆེ་བོ་བླ་མ་བསོད་བྷ་ལགས། རྗེས་སུ་འཛིན་པར་ཞུ།་རྗེས་འཇུག་བོད་མི་ཚོས།
ངོས་ལེན་མེད། ལས་ངན་པ་ཁྱོད་ཚོ། མཚམས་རེར་ཤ་ཚ་དང་སྙིང་རྗེ་རེ་སྐྱེས་ཡོང་གི་འདུག དངོས་འབྲེལ་ཡིན།
ད་ཚེ་རིང་འོད་ཟེར་གྲོད་ཁོག་རྒྱག་སོང་བའི་སྐད་ཆ་ཡིན་ས་རེད། ད་བར་དུ་བོད་མིའི་ཤ་དང་ཁྲག་འཐུང་ནས་བསྡད་པས་མི་ཚིམ་པ་འདྲ། བོད་ནང་དུ་འགན་ཁུར་མེད་པའི་འབོད་སྐུལ་ཞུས་པ་དེ་ག་རེ་བྱ་ནས་རེད། ཨ་ཀྱཱ་རིན་པོ་ཆེ་འབོད་སྐད་དེ་ཁྱོན་ནས་ཡག་པོ་མི་འདུག དེ་འདྲ་ཡིན་ན་ཨ་ཀྱཱ་རིན་པོ་ཆེ་ཡང་ཕྱིར་ཨ་མདོ་ལ་ཕེབས་ན་ཡག་པོ་འདུག་པ་རེད ཁྱེད་ཚོས་ཧ་གོ་གི་མ་རེད། དགའ་བདེ་ཚེ་རིང་ཟེར་བ་འདི་ཡང་རྒྱ་ནག་གིས་སྐྱེད་བསྲིང་བྱེད་བཞིན་པའི་ལུག་པགས་གོན་པའི་སྤྱང་ཀི་ཞིག་རེད། བོད་ནང་གི་བོད་མི་ཚོར་མེར་སྲེག་མ་སྲེག་ཟེར་བའི་འབོད་སྐུལ་ཞུ་རྒྱུའི་ཐོབ་ཐང་སུ་ལ་ཡང་ཡོད་བ་མ་རེད། མཐའ་གཅིག་ཏུ་ཁྱེད་ཚོར་ངོ་རྒོལ་ཡོད།
མེར་སྲེག་ལས་འགུལ་འདི་མོས་མཐུན་མཚན་རྟགས་བསྡུས་ནས་མཚམས་ཆོད་པའི་རེ་བ་ཡོད་མེད་ལ་དཔྱད་པ་གཏོང་དགོས་རེད། དཔྱད་པ་ཅི་ཙམ་ཞིབ་པ་བྱས་པ་དེ་ཚོད་ཀྱིས་མཚན་རྟགས་ཙམ་བསྡུས་པའི་འབོད་སྐུལ་ཞིག་གིས་མེར་སྲེག་གི་རྒྱུན་གཅོད་དཀའ་བའི་གནད་འགག་མང་པོ་ཞིག་དང་དྲི་བ་མང་པོ་ཞིག་སླེབས་ཀྱི་རེད། དྲི་བ་དེ་ཚོར་མཚན་རྟགས་བསྡུ་རུབ་ཙམ་གྱིས་ལན་ཐེབས་པ་དཀའ། རྒྱུ་མཚན་འདི་ལ་བརྟེན་ནས། ཁྱེད་རང་ཚོའི་བསམ་བློ་གཏོང་སྟངས་ཡག་པོ་འདུག་སྟེ། འབོད་སྐུལ་འདིས་ཕན་ཐོགས་ཡོང་གི་མ་རེད། ང་ལ་མཚོན་ན། སྲེག་དགོས་རེད་ཅེས་བརྗོད་པ་དང་། མཚམས་འཇོག་དགོས་རེད་གང་ཡང་ཞུ་བའི་སྤོབས་པ་མི་འདུག མ་གཞི་མཚན་རྟགས་བསྡུ་རུབ་བྱས་ཚར་ན། དེ་ཅི་ཞིག་བྱེད་དགོས་རེད། དེ་འཁྱེར་ནས་སུ་ལ་འབོད་སྐུལ་ཞུ་དགོས་པ་རེད། ལན་འདེབས་དཀའ་བའི་དྲི་བ་གཅིག་དང་འབྲེལ་ནས་ཞུས་ན། མེར་སྲེག་ལས་འགུལ་སྤེལ་མཁན་ཚོ་ཐོ་གཞུང་ཞིག་གི་ངོ་བོར་ཡོད་པའི་དབང་དུ་བཏང་ན། མཚན་རྟགས་བསྡུ་རུབ་བྱས་པ་དེ་ཁོང་ཚོར་རེ་རེ་ཕུལ་ཆོག་གི་རེད། ཡིན་ནའང་། དེ་ནི་སུ་གང་གིས་དཔྱད་པའི་ཡུལ་ལས་འདས་པ་ཞིག་ཡིན་དུས་ཙ་ན། ཁྱེད་རང་ཚོའི་ལྷག་བསམ་ལ་ལྷད་མེད་ནའང་། འབོད་སྐུལ་འདིས་གང་ཡང་ཕན་གྱི་མ་རེད་འདོད་ཀྱི་ཡོད།
རྒྱ་ནག་གི་རྒྱུག་ཆུའི་ངག་ལ་མོས་མཐུན་མེད། རང་ལས་མཆོད་འབུལ་ལས་ཐབས་ལམ་གཞན་སྟོན་དུ་མེད་པས་མོས་མཐུན་མེད།
ཕྱིར་སུ་ཡིན་ཀྱང་རང་རིག་ལ་ཤ་མི་ཚ་མཁན་མེད་ཀྱང་། འབོད་སྐུལ་འདི་ལ་མོས་མཐུན་དང་ངོས་ལེན་བྱེད་ཐུབ་ས་མ་རེད། རྒྱ་ནག་ལ་མཁོ་རྒྱུ་འང་དེ་རང་རེད། ད་བར་རྒྱལ་གཞུང་ནས་རྒྱལ་བ་རིན་པོ་ཆེ་སོགས་བོད་ཀྱི་བླ་སྤྲུལ་སོགས་ལ་རེ་བ་བཅོལ་ཡོད་རེད། འོན་ཀྱང་ཁོང་རྣམས་ལ་སྙིང་རྗེ་མེད་པ་མིན་ཀྱང་འདི་འགན་རྗི་མོ་ཞིག་ཡིན་པ་དགོངས་རེད། ཨ་ཆེ་ལགས་ད་རེས་ངས་ཁྱེད་ལ་ངོས་ལེན་བྱེད་མི་ཐུབ་པ་མ་ཚད་ཁྱེད་ཀྱི་ཐུགས་བསམ་ཆེ་བཞེས་བྱེད་དགོས་པའི་འབོད་སྐུལ་ཡང་ཞུ་གི་ཡོད། ཨ་ཀྱ་ཟེར་བ་འདི་ལ་ཡིད་ཆེས་རྩ་བ་ནས་མེད་པ་མ་ཚད་དོག་པ་ཡོད། ཁྱེད་རང་བོད་མི་རྣམས་ཀྱིས་སྒང་ལ་ཤ་འེ་ཚ་ངས་ཤེས་ཀྱི་ཡོད། སོག་པོ་ཡིན་ཟེར་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྒྱལ་གཅེས་བ་རྣམ་པ་འཚོ་དགོས་བ་རེད། གཞན་འདྲ་ཐོག་གི་ཁ་རྒྱག་
པ་ཅན་ཚོ་གསོན་ནའང་ཕན་ཐོག་ས་མ་རེད།
ཚེ་རིང་འོད་ཟེར་འདི་ནི་བོད་ལ་ཤ་ཞེན་དང་གོང་ས་མཆོག་ལ་དད་གུས་ཅན་རེད། ཨ་ཀྱྰ་འདི་ད་སྔོན་བོད་ནང་ནས་མ་རབས་སྣ་དགུ་བྱས་ཟིན་ཀྱང་ད་ཡིན་ན་བཙན་བྱོལ་བོད་གཞུང་གི་དྲིན་ལས་ཅུང་ཟད་དགའ་ཡོད། དོགས་པ་ཟ་དགོས་ཅི་མ་རེད། ང་ཚོ་བོད་མི་རིགས་འདི་འཚོ་ཐབས་དང་ཞི་བདེ་འབད་དགོས། མེ་བསྲེག་དམར་མཆོད་འདིས་སྐོར་ལ་སྐུ་མདུན་ནས་གསུངས་ཟུར་ཙམ་ཡང་མི་གནང་བར་སེམས་ཕམ་ཡོད། རང་བསད་མེ་བསྲེག་གི་བྱ་ངན་འདི་ངེས་པར་དུ་མཚམས་འཇོག་བྱ་རོགས་མཁྱེནནན། །
རྗེས་སུ་ཡིད་རིང་གྲངས་མེད་ཡོད་་་་་་་་་་་་་
འབོད་སྐུལ་འདི་ལ་རྒྱབ་སྐྱོར་ཡོད།
ང་ལ་མང་པོ་འབྲི་ཁོམ་མི་འདུག མདོ་དོན། ༡ ཧ་ཅང་ཐག་ཆོད་དཀའ་བའི་རྒྱ་བོད་གཉིས་དབར་གྱི་དཀའ་རྙོག་འདིའི་ངོས་ནས་ཞིབ་ཏུ་བསམ་ན། འདི་འདྲའི་མི་ཉུང་ཤས་ཤིགས་རང་ལུས་མེ་སྲེག་བཏང་ནས་ཐག་ཆོད་འགྲོ་བ་གང་ཡང་མེད། ༢ གལ་གནད་ཆེ་ཆུང་གི་ཐད་ནས་རང་ལུས་མེ་སྲེག་གིས་བོད་དོན་སྒྲུབ་པ་ནི་འོས་ཤིང་འཚམ་ནའང་། ས་ཁུལ་རེ་གཉིས་ནས་མི་ཁ་ཤས་ཤིག་གི་བློས་གཏོང་དང་ཆོད་སེམས་ལ་ཧང་སངས་ནས་བོད་མི་སྤྱི་ཡོངས་ནས་སམ་གཞིས་བྱེས་གཉིས་ཀ་ནས་དེ་དང་དོ་མཉམ་པའི་ལས་འགུལ་མཚམས་མ་ཆད་པར་སྤེལ་མ་ཐུབ་ཚེ་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་ལྟ་བུ་ནི་ཁ་གཡང་ཙམ་ཞིག་གམ་སེམས་མཚོན་བྱེད་ཙམ་རེད། ་་་་་་་་་་་་་་ དུས་ཚོད་ཀྱི་དབང་གིས ་་་་་ ཚེ་རིང་འོད་ཟེར་དང་ཨ་ཀྱ་རིན་པོ་ཆེ། དགའ་བདེ་ཚེ་རིང་བཅས་ལ་ཐུགས་རྗེ་ཆེ་ཞུའོ།།
འབོད་སྐུལ་འདི་ལ་རྒྱབ་སྐྱོར་ཡོད།
ང་ལ་མང་པོ་འབྲི་ཁོམ་མི་འདུག མདོ་དོན། ༡ ཧ་ཅང་ཐག་ཆོད་དཀའ་བའི་རྒྱ་བོད་གཉིས་དབར་གྱི་དཀའ་རྙོག་འདིའི་ངོས་ནས་ཞིབ་ཏུ་བསམ་ན། འདི་འདྲའི་མི་ཉུང་ཤས་ཤིག་གིས་རང་ལུས་མེ་སྲེག་བཏང་ནས་ཐག་ཆོད་འགྲོ་བ་གང་ཡང་མེད། ༢ གལ་གནད་ཆེ་ཆུང་གི་ཐད་ནས་རང་ལུས་མེ་སྲེག་གིས་བོད་དོན་སྒྲུབ་པ་ནི་འོས་ཤིང་འཚམ་ནའང་། ས་ཁུལ་རེ་གཉིས་ནས་མི་ཁ་ཤས་ཤིག་གི་བློས་གཏོང་དང་ཆོད་སེམས་ལ་ཧང་སངས་ནས་བོད་མི་སྤྱི་ཡོངས་ནས་སམ་གཞིས་བྱེས་གཉིས་ཀ་ནས་དེ་དང་དོ་མཉམ་པའི་ལས་འགུལ་མཚམས་མ་ཆད་པར་སྤེལ་མ་ཐུབ་ཚེ་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་ལྟ་བུ་ནི་ཁ་གཡང་ཙམ་ཞིག་གམ་སེམས་མཚོན་བྱེད་ཙམ་རེད།
རྒྱབ་བསྐྱོར་ཡོད། བོད་ནང་ལོག་ནས་རང་ལུས་མེ་ལ་བསྲེག་ན་བོད་ནང་གི་སྐྱིད་སྡུག་ལ་ཕན་མི་ཐོག། དེ་ལས་གསོན་པོར་རང་ཁ་རང་གསོ་དང་རང་གོས་རང་བཟོས་བྱས་ནས་གདུང་དམར་བོད་པའི་ལ་རྒྱ་འཛིན་པ་ལ་འབད་དགོས། རང་ལུས་མེ་ལ་བསྲེག་ན་ཕན་ཐོག་ས་གཅིག་ཡོད་པ་དེ་ནི་འདིའི་སྔོན་བརྗོད་པ་བཞིན་རྒྱ་གར་དང་བར་ཡུལ་ནས་བོད་པ་སྐབས་འཚོལ་བ་ཚོ་ནུབ་ཕྱོགས་རྒྱལ་ཁབ་ལ་ཡོང་ནས་ལྟོ་གོས་ཆེད་སྐྱབས་བཅོལ་ཡང་བསྐྱར་སྐྱབས་བཅོལ་ཞུ་དུས་སྒྲུང་རྫིན་མ་བཟོ་དགོས་ཡོད་པ་ལ་རྒྱབ་ཉེར་ཙམ་ཐུབ་པ་དེ་རེད། དེ་ནི་ཕྲན་ཉེ་བའི་ལོ་འདི་ཚོའི་ནང་སྐད་བསྒྱུར་ལ་འགྲོ་དུས་ངོས་སུ་མཐོང་བའི་ཉམས་མྱོང་ཡིན།
རྩོམ་འདི་ཧ་ཅང་ཡག་པོ་ཞིག་བྲིས་འདུག དྲང་བདེན་དང་ལྷག་བསམ་གྱིས་ཀྱིས་ཕྱུག་པའི་སྐྱེ་བོ་འདི་འདྲ་མཐོང་དུས་སྙིང་ནས་སྤྲོ་བ་འཕེལ།
ཁ་བརྡའི་གཙོ་འཛིན་པ་ཚོས་སྨྲ་བརྗོད་རང་དབང་ལ་སྲུང་སྐྱོབས་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན། སྤྱི་སྒེར་གང་ཞིག་ཡིན་རུང་སྨྲ་བརྗོད་རང་དབང་གི་ལམ་བུར་ཞུགས་རྒྱུར་འགོག་རྐྱེན་བརྒལ་དཀའ་བ་རེ་ཡོད་པ་སྨོས་ཅི་དགོས། ཆུང་ས་ནས་བཤད་ན་མཐོ་སར་འཕོག་གི་དོགས་པ། དམའ་ས་རྡེབ་ཀྱི་དོགས་པ་སོགས་འདྲ་མིན་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་པ་ནི་འཛམ་གླིང་ན་ཡོངས་སུ་གྲགས་པའི་སྨྲ་བརྗོད་རང་དབང་ཅན་གྱི་རྒྱལ་ཁབ་ཚོའི་ལོ་རྒྱུས་ལས་རྟོགས་ཐུབ།
མོས་མཐུན་མེད། རྣོ་ངར་ཆེ་བའི་ལས་འགུལ་འདི་རིགས་མེད་ན་བོད་འདི་གཅིག་གྱུར་གྱི་ལས་འགུལ་འབྱུང་མི་སྲིད་ལ། འབྱུང་མི་སྲིད་པའི་རླབས་ཆེན་གྱི་སྣེ་ཁྲིད་རང་ལུས་མེ་སྲེགས་ལ་ངོ་རྒོལ་བྱེད་པ་ནི་དོན་གྱིས་རྒྱ་གཞུང་ངམ་ཕྱོགས་ཁག་ཕུང་སུམ་པ་ཞིག་གིས་དངུལ་དངོས་སྤྲད་པ་སེམས།
༄༅།། ཚེ་རིང་འོད་ཟེར་དང་། ཨ་ཀྱ་རིན་པོ་ཆེ་ དགའ་བདེ་ཚེ་རིང་བཅས་ལྷན་རྒྱས་ལ་ཞུ་རྒྱུར། ཁྱེད་རྣམ་པས་བོད་མིའི་ངོ་རྒོལ་འཚམས་འཇོག་དགོས་གསུང་པའི་ཐོབ་ཐང་ཡོད་མ་རེད། གང་ཡིན་ཟེར་ན་རང་ལུས་མེར་སྲེག་བྱེད་པ་དེ་ཚོ་དོ་བདག་སོ་སོས་སེམས་ཐག་བཅད་ནས་བྱས་པ་ལས་མི་སྒེར་དང་ཚོགས་པ་སྐྱིད་སྡུག་སོགས་སུ་གང་གི་བརྒྱུད་བསྐུལ་བྱས་པ་མ་རེད། མ་གཞི་ནས་ཁལ་བུང་བུས་ཁྱེར་ནས་རྒྱ་ལམ་རྐེད་པ་ན་དགོས་དོན་གང་ཡོད་དམ། ལྷན་རྒྱས་ཚོ་སེམས་གཏིང་ནས་རང་རིགས་ལ་ཤ་ཚ་ཡོད་ན་སྔོན་ལ་རྒྱ་ནག་གཞུང་ལ་སྙན་ཞུ་བྲིས་ནས་ད་ལྟའི་བོད་ནང་གི་དྲག་གནོན་དང་གདུག་རྩུབ་རྣམས་ལམ་སེང་འཚམས་འཇོག་དགོས་པ་དང་བོད་མིའི་མངོན་འདོད་གང་ཡིན་ཀྱང་རྒྱ་བོད་གཉིས་ལ་མི་རིགས་ཀྱི་ཐོབ་ཐང་འདྲ་མཉམ་དགོས་པ་སོགས་ཁ་ཡོད་ལག་ཡོད་ཀྱི་སྐད་ཆ་བཤད་དགོས་པ་ལས། བོད་མི་རིགས་ཀྱི་ངོ་རྒོལ་བྱེད་པ་དེ་འགྲིག་མིན་འཚམས་འཇོག་དགོས་པ་གང་ཡིན་ནམ། ཇི་སྲིད་བོད་་ནང་གི་གཉའ་གནོན་འཚམས་འཇོག་མ་བྱས་ཀྱི་བར་དུ་དེ་སྲེད་ངོ་རྒོལ་ཡང་འཚམས་འཇོག་མི་སྲིད། རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་འགོ་གཙོ་མའོ་ཙེ་ཏུང་གིས་ཀྱང་། གང་དུ་གཉའ་གནོན་ཡོད་ན་དེར་ངོ་རྒོལ་ཡོད། ཅེས་བཤད་མྱོང་ཡོད། ལྷན་རྒྱས་ནས་རླུང་བུ་ཡོང་སའི་ཁུང་བུ་དེ་བཀག་དགོས་པ་ལས། དོན་མེད་ཁུང་བུ་བཀག་དགོས་དོན་མེད།
ཁྱེད་ཚོའི་འབོད་སྐུལ་དེར་སུས་ཀྱང་ངོས་ལེན་བྱེད་ཀྱི་མ་རེད། བོད་མི་དཀྱུས་མ་ཞིག་གིས་གཞས་ཤིག་བཏང་ཡང་བཙོན་འཇུག་དང་ཐ་ན་ལོ་ཚད་ཁྲིམ་ཐག་བཅད་ཀྱི་འདུག་ཀྱང་། ཚེ་རིང་འོད་ཟེར་ལགས་ནས་རྩོམ་བྲིས་སྣ་ཚོགས་སྤེལ་ནས་དྲིལ་བསྒྲགས་བྱས་ཀྱང་ཁྲིམས་ཆད་ཕོག་གི་མིན་འདུག་འོ་ན་ཁྱེད་རང་གི་ཁྱོ་ག་རྒྱ་མི་ཡིན་པས་སམ། བོད་མི་ཚོ་འདི་འདྲའི་འབོད་སྐུལ་རིགས་ལ་ངོ་རྒོལ་དང་། མགོ་མ་འཁོར་བར་རང་ཐག་རང་གིས་གཅོད་དགོས་པས་བསམ་བློ་ཡག་པོ་གཏོང་དགོས་ཀྱི་འདུག ། ད་དུང་ཨ་ཀྱ་རིན་པོ་ཆེ་ནས་བོད་པའོ་ཇུས་ཏོག་མ་གནང་ན་ལེགས་ནམ་རྒྱུན་སྐབས་རེ་གསར་འགོད་ཁག་ནས་བོད་དོན་འདྲི་བ་གཏོང་སྐབས་ཁྱེད་ནས་དེ་བོད་པའི་དོན་དག་རེད་ངས་ཧ་གོ་གི་མ་རེད་ང་སོག་པོ་ཡིན་གསུངས་མྱོང་ཡོད་དེ་རྒྱུན་འཁྱོངས་གནང་རོགས།
དྲ་གྲོགས་ཚོ། སྐད་ཆ་གང་བཤད་ལ་བསམ་གཞིགས་གནང་རོགས། ལ་ལས་རྒྱལ་བ་རིན་པོ་ཆེ་ལའང་ཚིག་ཟུར་འཕེན་གྱིན་འདུག
རང་ཅག་གི་སྐྱབས་མགོན་ཁོང་དང་བོད་གཞུང་གཉིས་ནས་འབོད་སྐུལ་གནང་མ་བདེ་བ་ཞིག་སྐབས་རེར་བོད་ནང་གི་བོད་མི་ཚོས་གནང་ན་འགྲིག་པའང་ཡོད་སྲིད། བསམ་གཞིགས་ཐོངས། བོད་ནང་གི་བོད་མི་ལ་རྒྱ་ཅན་ཚོས་སྐུ་སྲོག་བློས་བཏང་བ་དེ་འདྲ་མང་པོ་བྱུང་ཡང་། ལ་ལས་དེ་དེ་བཞིན་དུ་འགྲོ་དགོས་ཚུལ་འུར་སྒྲོག་པ་འདི་ལ་དགོས་པ་གང་མཆིས། ལ་རྒྱ་ཅན་གྱི་གཞིས་པ་བོད་མི་སུ་ཡིན་ཡང་སྐུ་འཚོ་བཞུགས་གནང་དགོས་པར་བསམ།
ཨ་ལགས་ཨ་ཀྱྰ་ལགས་ཀྱིས་མཚན་རྟགས་བཀོད་པ་འདི་མཐོང་མ་ཐག་ཏུ་ལན་པོ་མེད་པ་འདྲ་ནའང་། ཞིབ་ཏུ་བསམ་ན་ཁོས་བོད་གཞུང་གི་ལས་འཁུར་གནང་མྱོང་མེད་པ་དང་ཚབ་མཚོན་མི་ཐུབ་པས་དེ་ལ་འགལ་ཆ་མེད་པར་སྙམ།
དྲ་གྲོགས་རྣམས་པ་ཚོ། མི་རིགས་ཤིག་གི་རང་དབང་སླར་གསོ་བྱེད་པར་བློས་གཏོང་མང་པོ་བྱེད་དགོས་ཀྱི་ཡོད་པ་རེད། ད་ལྟའི་དུས་ཚོད་འདི་ནི་བོད་མི་རིགས་ཀྱི་མི་ལོ་ལྔ་བཅུ་ལྷག་ཙམ་གྱི་འཐབ་བརྩོད་ཀྱི་ལོ་རྒྱུས་ནང་ཚད་མཐོ་ཤོས་ཤིག་ལ་བསླེབས་པ་རེད། དེའི་རྒྱབ་ལྗོངས་གཉིས་ལ་ཐུགས་ཡོད། གཅིག་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བཀའ་དྲིན་ལ་བརྟེན་ནས་བོད་དོན་རྒྱལ་སྤྱིའི་སྟེང་བསྐྱལ་ཐུབ་པ་རེད། དེས་བོད་ཕྱི་ནང་གི་སྤུན་ཟླ་རྣམས་ལ་རེ་བ་གསར་པ་ཞིག་སྤྲད་པ་རེད། གཉིས་པ་ནི་རྒྱ་དམར་གྱིས་བོད་ནང་དྲག་གནོན་ཁོ་ནར་བརྟེན་ནས་བོད་མི་རིགས་དང་བོད་དོན་མེད་པར་བཟོ་བའི་སྲིད་བྱུས་དེ་རེད། སྲིད་བྱུས་དེས་བོད་ནང་གི་བོད་མི་རྣམས་ལ་ཚད་ལས་འདས་པའི་དཀའ་བསྡུག་དང་མནར་གཅོད་བཏང་ཡོད་སྟབས་བོད་མི་རྣམས་འུ་ཐུག་པའི་ལམ་བུ་དེར་མི་སྐྱོད་མཐུ་མེད་ཆགས་པ་རེད། བརྒྱུད་རིམ་གྱི་ངོས་ནས་བརྗོད་ན་དེ་ནི་བཙན་བྱོལ་བོད་གཞུང་དང་བོད་མི་རིགས་ཀྱི་རྒྱལ་ཁར་ངོས་འཛིན་བྱས་ན་འགྲིག གང་ཡིན་ཟེར་ན་དེས་བོད་ནང་གི་བོད་མི་ཚོས་བློ་ཁ ཕྱོགས་ཡུལ་དེ་རྒྱ་དམར་སྲིད་གཞུང་མིན་པར་༧གོང་ས་མཆོག་དང་བཅན་བྱོལ་གཞུང་གཉིས་ཡིན་པ་ར་སྤྲོད་བྱས་པ་རེད། འོན་ཀྱང་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་དེར་མཇུག་འབྲས་ཅི་ཞིག་ཡོང་མིན་ནི་སུ་ཞིག་གིས་ཀྱང་མངོན་དཔག་མི་ཐུབ་པའི་ལྐོག་འགྱུར་ཞིག་ཡིན། དེར་བརྟེན་མི་རིགས་ཀྱི་ལས་དབང་སྐྱོབ་དགོས་ན་མི་སྒེར་གྱིས་བློས་གཏོང་བྱེད་དགོས་པ་རེད། དེ་ནི་འཚེ་བ་མ་རེད། ཞི་བའི་འཐབ་བརྩོད་ཀྱི་ཚད་མཐོ་ཤོས་དེ་རེད།
གཟའ་འཁོར་འདིའི་ཐོག་མར་རྒྱའི་དམངས་གཙོ་དོན་གཉེར་བ་གྲགས་ཅན་འགའ་ཞིག་
དང་། གཞུང་དང་ལྟ་བ་མི་མཐུན་མཁན་མང་པོས་བོད་པའི་ཆབ་སྲིད་འཐབ་རྩོད་ལ་གདུང་
སེམས་མཉམ་བསྐྱེད་མཚོན་པའི་ཆེད་སྔ་རྗེས་སུ་ཉུའུ་ཡོག་ཏུ་བོད་མི་དཔའ་རྒོད་གསུམ་
གྱིས་ཟས་བཅད་ངོ་རྒོལ་གནང་སར་འཚམས་གཟིགས་ལ་འཕེབས་པའི་ཁྲོད་ནས།
དམངས་གི་སྟོབས་ཤུགས་ལས་འགུལ་གྱི་ཤིང་རྟའི་སྲོལ་འབྱེད། ཧ་ཝག་ཏྲེའི་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་མཁས་དབང་།
སྐུ་ཞབས་ཡང་ཅིང་རླིད་ཀྱིས་གསུང་དོན་། ༼༼རྒྱ་ནག་དམར་གཞུང་གི་གཅིག་སྡུད་རིང་ལུགས་ལ་ཁ་གཏད་གཅོག་པའི་སླད་
ཚེ་སྲོག་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་བོད་དོན་འཐབ་རྩོད་པ་ཁྱེད་རྣམས་ཀྱིས་
རང་གི་ཚེ་སྲོག་ལ་གཅེས་སྤྲས་དགོས་གལ་ཤིན་ཏུ་ཆེ་བས་དེ་ལུགས་དགོངས་དབྱིངས་སུ་
འཆང་བར་འཚལ་༽༽ཞེས་ནན་བརྗོད་གནང་འདུག་པར་གོ་རྒྱུ་ཤིན་ཏུ་ཆེ་སྙམ་
མོ།
༄༅།། བོད་མི་ཚོ་མི་གཞན་གྱི་ཇི་ལྟར་བཤད་ཀྱང་ལམ་སེང་ཡིད་ཆེས་བྱེད་མི་རུང་བ་དེ་ནི་འདས་པའི་ལོ་རྒྱུས་ཀྱི་མྱོང་བ་ལས་ཤེས་ཐུབ། རྒྱ་མི་གུང་ཁྲན་གྱི་དུས་ད་ལྟའི་བར་བོད་མིར་བརྙས་བཅོས་དང་ཁྱད་གསོད་། གདུང་བརྡེག་མནར་གཅོད་སྣ་ཚོགས་བཏང་དང་གཏོང་བཞིན་པར་རྒྱ་མི་རིགས་སུས་ཀྱང་རྒྱ་མི་གུང་ཁྲན་ལ་དེ་དག་འཚམས་འཇོག་དགོས་པའི་སྙན་ཞུ་བྲིས་མྱོང་ཡོད་དམ། ད་ལྟ་བོད་དོན་དེ་རྒྱལ་སྤྱིའི་སྟེང་ཚ་ཚ་འུར་འུར་དུ་འགྲོ་བཞིན་པའི་སྐབས་བོད་མིར་ཤ་ཚ་ཡིན་ཁུལ་གྱི་ངོ་རྒོལ་འཚམས་འཇོག་དགོས་ཟེར་བ་འདི་དྲང་པོ་མིན། སྔོན་ལ་རྒྱ་མི་གུང་ཁྲན་ལ་སྐད་ཆ་བཤད་དེ་ནས་བོད་མི་ཚོར་གང་དགའི་གྲོས་བསྡུར་བྱས་ན་དངོས་འབྲེལ་རེད་། དེ་མིན་སྙན་པོ་དང་འདྲ་ཆགས་པོ་ཇི་ལྟར་བཤད་ཀྱང་རྒྱ་མི་གུང་ཁྲན་གྱི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ཀྱི་འདུག །འདིར་ཡང་བསྐྱར་ཞུ་རྒྱུར། ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་བ་རྣམས་དོ་བདག་རང་ཉིད་ཀྱིས་ཐག་གཅོད་བྱས་པ་ལས་སུ་གང་གིས་བརྒྱུད་བསྐུལ་དང་། བཙན་བསྐུལ་བྱས་པ་མ་ཡིན་པར་བརྟེན་སུ་གང་ལ་དེ་དག་འགོག་པའི་དབང་ཚད་མེད་ལ་དེ་རྣམས་ལ་དགག་ཕྱོགས་སུ་བལྟ་བའི་སྤོབས་པ་དང་རེ་འབོད་དེ་བས་ཀྱང་མེད། ཐ་དོན་བོད་མི་ཚོ་ད་ལྟའི་དུས་འདིར་མགོ་སླ་པོ་བྱེད་མི་ཉན་ཅིང་རང་ཐག་རང་གིས་བཅད་ནས་རང་དོན་སྒྲུབ་ལ་ནམ་ཡང་སྙིང་སྟོབས་ཞུམ་མི་ཉན། མི་རིགས་ཤིག་དང་། རྒྱལ་ཁབ་ཀྱི་བདེ་དོན་སླད་འཆི་དམྱལ་བར་སྐྱེས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད།
ངས་བསམ་ན་ད་ཡིན་ན་སྔ་མ་སོང་ན་ཕྱི་མེད་པའི་འབོད་བསྐུལ་རེད། ཡིན་ན་ཡང་ཨ་ཀྱྰ་བླ་གཟུགས་འདི་དེའི་གྲལ་ཞུགས་པས་འོད་ཟེར་ཀྱང་ནག་པོ་བཟོ་ཚར་བ་རེད། ཨ་ཀྱྰས་སྔོན་རྒྱ་ནང་ནས་ཏྰ་ལའི་རུ་ཁག་ལ་གཏོར་གཤིག་ཚོགས་པ་ཞེས་ཁ་ངན་གཏོང་བ་གཙོ་བོའི་གྲལ་རེད། དེས་ན་མགོ་དང་ལྕེ་གཉིས་ཅན་འདི་ཚོ་ལ་ཡིད་ཆེས་དང་གོས་བཀུར་མེད་དོ། དེས་ན་གོང་ས་མཆོག་གི་གསུང་འཕྲིན་དང་བཀའ་ལན་ཞིག་ཡོད་པར་ལན་བརྒྱར་ཞུ་ཞུ་ཞུ། ང་ཚོའི་སྙིང་རྗེ་དེ་རང་གཞན་གཉིས་ཀ་ལ་གནང་རོགས་མཁྱེན། ། གཉིད་མ་ཁུག་ནས་བྲིས
སྙིང་ཁུང་ནས་ཐུགས་རྗེ་ཆེ།ངས་ཡང་དེ་ལྟར་བསམ་ནསཡིན་རིང་སོང་།
འདི་འདྲ་གནང་ཡང་ཕན་དོགས་ཅི་ཡོད། དེ་ནི་རང་དབང་གིས་རང་ལུས་མེ་ལྩེར་ཕུལ་བ་ཞིག་ཡིན། རྒྱུ་རྐྱེན་དེ་མེད་པར་བཟོ་ན་བགྱི། དེ་ནི་རེ་བསྐུལ་ལས་ལྷག་པ་ཡིན།།
མེ་སྲེག་གི་ལས་འགུལ་འདི་མཚམས་འཇོག་དགོས་ན་ཐོག་མར་རྒྱ་ནག་ལ་ཞི་མོལ་གནང་བར་ཁྱེད་ཅག་ཚོས་སྣེ་འཁྲིད་ནས་ཕེབས་དང་་་་་དེ་ནས་ཉན་རྒྱུ་ཞི་དང་རེ་བ་ཞིག་ཡོད་ན་ཐང་། དེ་མིན་སུས་ཀྱང་མཚམས་འཇོག་དགོས་པའི་བཀའ་ཕེབས་མི་ཐུལ་ལ་འོས་བསྡུར་བྱས་པས་ཀྱང་དེ་བས་ཐུབ་ནི་མ་རེད། མེ་སྲེག་གི་ལས་འགུལ་འདི་ལས་བོད་ཕྱི་ནང་གཞུང་སྒེར་ཚང་མ་ལ་ཐབས་མེད་སོང་བར་མཐོང་བས་བྱུང་བ་རེད།
འབོད་སྐུལ་དེ་ལ་རྗེས་སུ་ཡི་རང་ཡོད།
འོད་ཟེར་དངམོའི་རྒད་པོས་ཀྱང་འདི་ལྟར་སྐུལ་བཞིན་ཡོད་པ་ལ་ལྟོས་ན་མོའི་རྒྱབ་ལོག་ན་ཧ་ལས་པའི་དབུང་ཚོགས་ཞིག་ཡོད་པ་མཐོང་ཐུབ། བཟང་བཙོན་ལ་བཅུག་ཕྱིན་སྨྲ་བརྗོད་ཀྱི་ཐོབ་ཐང་རྩ་བ་ཉིད་ནས་མེད་པ་རྒྱའི་ལུགས་ཡིན་མོད་འོད་ཟེར་གྱིས་སྐབས་རེར་གསོན་སྲེག་གི་ལས་ལ་རྒྱབ་སྐྱོར་གྱི་གཏམ་བཤད་དང་ཡང་སྐབས་རེར་དེ་ལ་ངོ་རྒོལ་གྱི་གཏམ་གང་འདོད་འདོད་དུ་རྒྱ་ནག་ནས་དྲ་ལམ་བརྒྱུད་ནས་སྤེལ་ནུས་པའི་རྒྱུ་མཚན་ཇི་ཡིན་ནམ། དེ་ཕྱིར་བྱམས་བརྩེ་དང་མཛེས་སྡུག་ལྟར་སྣང་གིས་གཡོགས་པའི་ཟོལ་དེ་ལ་གཟབ་གཟབ་བྱོས། དེ་མིན་དཔའ་བོ་བཀྲ་བྷེའི་མིང་ལག་ཆར་བཟུང་ནས་བཙན་བྱོལ་གཞུང་སྒེར་བར་ལ་རྙོག་དྲ་མི་དམན་པ་ཞིག་བཟོས་བའང་མོ་བྱེད་གཏེ་ཡིན།
འཇོན་རྒྱུ་མེད་པའི་ཀརྨ་ཡེ་ཤེས་ཟེར་བ་སོགས་སྐད་ཆ་བཤད་ཤེས་ཀྱི་མི་འདུག་ག་དུས་ཡིན་ནའང་བསམ་བློ་མ་གཏབ་པ་ཆོས་མེད་རྐྱང་རྐྱང་བཤད་བསྡད་ཀྱིས་འདུག་ཕྱིན་དེ་འདྲ་མཆན་མ་བྲིས་རོགས།
ལགས་རེད། རང་གཞན་གཉིས་ཀའི་སྲོག་དང་། རྒྱུ་ནོར་ལ་གནོད་ཚབ་ཆེན་པོ་མེད་པའི་ཐོག་ནས་ཞི་བའི་ལས་འགུལ་ལ་འབད་བརྩོན་དང་། ལས་འགུལ་མུ་མཐུད་རྒྱན་འཁྱོངས་དགོས་གལ་ཆེ་བ་དུག་ལགས། རྒྱལ་གཅེས་དཔའ་བོར་གུས་དུད་དང་བཅས།
རྒྱ་མོ་འོད་ཟེར་དང་སོག་རྒན་ཨར་ཀྱ་གཉིས་ཀྱིས་འབོད་སྐུལ་འདི་སུ་ལ་ཞུ་གི་ཡིན། ༼ ང་ཚོས་བོད་འབྲེལ་རྩ་འཛུགས་དང་ལས་ཁུངས་སོགས་ལ་ད་སྔའི་འགྲོས་མགྱོགས་ལ་རྒྱ་ཆེར་འགྲོ་བཞིན་པའི་རང་ལུས་མེར་སྲེག་གི་རྣམ་པ་ཚབས་ཆེན་འདི་འགོག་པར་ཞབས་སྐུལ་ཞུས་པ་ཡིན།༽ རྒྱ་སོག་གཉིས་ཀྱི་རྣམ་པ་འདི་འགོག་བསམ་ན་འབོད་སྐུ་རྒྱ་གཞུང་ལ་ཞུ་དགོས་པ་རེད། ད་དུང་རྒྱ་ཁྱི་ཀརྨ་ཡེ་ཤེས་སོགས་ལ་ཚང་མས་གཟབ་གཟབ་བྱས།
བོད་ནང་ས་ཁུལ་རེ་ཟུང་ཁོ་ན་ལས་མེར་བསྲེག་དོན་རྐྱེན་ཡོང་གི་མེད་པ་དངོས་གནས་ཡིན་པས།ད་སྔ་དེས་རྒྱ་ནག་སྲིད་ཇུས་ལ་འགྱུར་ལྡོག་གང་གཏོང་ཐུབ་མེད་པ་དང་།བོད་ནང་ས་གནས་བྱེ་བྲག་དེ་ཚོར་ད་ཆ་ངོ་མ་དམྱལ་བ་མི་ཡུལ་འཕོས་པའི་སྡུག་བསྔལ་བཟོད་བྲལ་ཅིག་མྱོང་གི་འདུག།མཐའ་ན་སྤྱི་ལེ་༦་༧བར་བསྐྱོད་པར་ཡང་བསྔོག་བཤེར་དང་འཇིགས་སྐུལ་ཐེངས་མང་བྱུང་གི་འདུག
དེ་བས་ད་ཆ་དངོས་གནས་བོད་སྤྱི་དོན་དུ་ས་གནས་ཁ་ཤས་ཀྱི་བློས་གཏོང་དེ་མང་དྲག་མེད་ན་ཉུང་མེད་སྟབས་རང་བསྲེག་མཚམས་འཇོག་བྱས་ན་འོས་པ་རེད།དེ་ལས་བཙན་བྱོལ་ནང་དུ་མང་པོ་ཅིག་གིས་བོད་ནང་བསྲེག་དགོས་པ་རེད།མ་བསྲེག་ཟེར་རྒྱུའི་ཐོབ་དབང་སུ་ལའང་མེད་ཅེས་རྔམ་རྫིག་བྱེད་མཁན་ཚོ་ངོ་ཚ་མེད་པའི་དུད་འགྲོ་མིན་ན་སོ་སོ་རྒྱ་ནག་གཞུང་ཚབ་ཁག་དང་རྒྱལ་ཚོགས་ཀྱི་དོན་གཅོད་ཁག་གི་མདུན་མེར་བསྲེག་ཐོངས་དང་།རྒྱལ་སྤྱིའི་དོ་སྣང་དང་གསར་ལམ་ཁག་ཏུའང་སླེབས་ངེས་གཏན་རེད།
འབོད་སྐུལ་འདི་ལ་མོས་མཐུན་དང་། རྒྱབ་སྐྱོར་ཡོད།
འོད་ཟེར་ལགས་གཟའ་མི་གཉིས་ཀྱིས་མི་རིགས་ལ་བཅང་བའི་སེམས་ཤུགས་དེ་མི་རེ་གཉིས་ཀྱིས་ངོ་རྒོལ་བྱས་པ་ཙམ་གྱིས་ཡལ་འགྲོ་བ་ཞིག་མིན་པ་གསུང་རྩོམ་ལ་དཔྱད་ན་ཤེས། འོན་ཀྱང་སྐུ་ལུས་མེ་མཆོད་བཏང་པ་དེ་ལ་རྒོལ་བ་དང་། བསྐུལ་སློང་གང་ཡང་ཞུ་ཕོད་པ་ཞིག་མ་རེད། རང་ངོས་ལ་མཚོན་ན་བསམ་མི་ཁྱབ་པའི་ཡུལ་དང་། བློ་ཡུལ་ལས་འདས་པ། སྨྲ་མི་ཤེས་པ་ཞིག་ཡིན་པས་ལས་འགུལ་དེ་མཚམས་འཇོག་པ་དང་། མི་མཐུད་དུ་བྱེད་དགོས་པའི་སྐད་ཆ་གང་ཡང་བཤད་པའི་ཐོབ་ཐང་དང་། འོས་འགན་ཡོད་པ་མ་མཐོང་། ཡང་ན་སྐུ་ལུས་མེ་མཆོད་ཕུལ་ནས་མཚམས་འཇོག་དང་བསྐུལ་མ་གནང་དགོས་པ་རེད། གཞན་གྱིས་ཚེ་སྲོག་སུ་ཞིག་གིས་ཐག་གཅོད་ནུས། རང་ཉིད་ཀྱི་མི་ཚེའི་རིན་ཐང་དེ་གཙོ་བོ་རང་ཉིད་ཀྱིས་བསམ་བློའི་ཆེ་མཐོང་ལ་གདེངས་འཇོག་དགོས་པ་ལས་གཞན་གྱིས་གང་བཤད་པ་དེས་གོང་ཚད་གཞལ་ག་ལ་ནུས། མི་ཡི་རིགས་ལ་མེ་དགོས་མཁོ་ཆེ་མོད། ཉ་ཡི་རིགས་ལ་མེ་མཁོ་གལ་མེད། རིན་ཐང་ཟེར་བ་རང་ངོས་ནས་དགོས་མཁོ་ཆེ་ཆུང་ཀུན་སློང་བཟང་ངན་གཙོ་བོ་བྱས་ནས་འཇོག་དགོས་པ་འཛམ་གླིང་སྤྱི་ཡི་ལུགས་རེད། འདི་ལྟར་བསམ་པ་ང་ནོར་བ་ཡང་ཡིན་སྲིད། རང་གི་སེམས་ལ་གང་ཤར་གྱི་སྐད་ཆ་ཕྲན་བུ་བཤད་ཤོཪ་བར་དགོངས་འགལ་མེད་པར་ཞུ། །
དངོས་ཡོད་དྲེང་བདེན་ཟེར་རེད
ཨ་ཀྱ་རིན་པོ་ཆེ་མཆོག་དང་ཚེ་རིང་འོད་ཟེར་ལགས། དགའ་བདེ་ཚེ་རིང་ཁྱེད་གསུམ་གྱི་ཐུགས་ཚབས་དང་འབོད་སྐུལ་ལ་རྒྱབ་སྐྱོར་ཡོད། ངས་ཀྱང་སྔོན་ནས་འབོད་སྐུལ་གྱི་རྩོམ་ཡིག་ཅིག་བྲིས་ཡོད། འོན་ཀྱང་མཚན་རྟགས་བསྡུ་རུབ་ཟེར་བ་འདིར་རྒྱབ་སྐྱོར་མེད་ལགས། ཐེངས་འདིའི་དོན་དག་འདི་མཚན་རྟགས་བསྡུ་རུབ་ཀྱིས་རྟོག་ཞིབ་བྱ་རྒྱུའམ་ཡང་ན་རྒྱབ་སྐྱོར་འཚོལ་དགོས་པའི་དོན་དག་ཅིག་མིན།
ང་ནི་སྡར་མ་ཞིག་ཡིན་ཞིང་དཔའ་རྒོད་ཚོའི་རྣམ་ཐར་ལ་དོ་ཟླ་མེད་ཀྱང་། དཔའ་པོའི་ལས་དོན་ལ་ཡིད་སྨོན་ཡོད། རྒྱབ་སྐྱོར་ཡོད།
ཁྱེད་ཚོ་ནི་རྗེས་རབས་པའི་དཔའ་རྒོད་རྣམས་ཀྱི་ས་བོན་ཡིན།
འོད་ཟེར་རྒྱ་མོ་རྒྱ་ཡི་ཡུལ་དུ་སོང་།།ཨ་ཀྱཱ་བླ་མ་སོག་པོའི་ཡུལ་དུ་སོང་།།དགའ་བདེ་ཚེ་རིང་རྒྱ་སྒོར་ཟ་གི་སོང་།།བོད་པའི་བདེ་སྡུག་བཤད་པར་ཇུས་གཏོགས་མེད།།རང་ཁ་བཙུམ་ནས་བསྡད་ན་ཡག་པོ་རེད།།
གཞན་སྲོག་བཏོང་པར་ཕང་སེམས་ཁྱེད་ཅག་མེད།
རང་ཉིད་བདེ་ས་ཞིག་ནསརྒྱང་གཟིགས་བྱེད།
ཁ་ནས་གང་འདོད་བཤད་ནས་སྐུལ་མ་གཏོང་།
བོད་ཡུལ་ཨེ་རཊ་བསྒྱུར་པར་གསོལ་འདེབས་བྱེད།