(ཉིས་སྟོང་བཅུ་གཉིས་ལོའི་གསུམ་བཅུའི་དུས་དྲན་ཉིན།)
གཡུ་དྲུག་དཀར། རྡ་ས།
ལོ་རྒན་ལྔ་བཅུ་ང་གསུམ་གོང་གི་ཉིན་ཞིག་གི་ཉི་ཤར་གྱི་འགོ་མར། ནོར་བུ་གླིང་ཀའི་སྒོ་ལམ་དང་རྩེ་པོ་ཏ་ལ་ཡི་མདུན་ཐང་ནས་རང་གི་བྲང་ཁོག་གི་ང་རོ་ཕྱི་ལ་འདོན་པའི་ཁུ་ཚུར་དང་། འབོད་སྒྲའི་ལྷན་དུ་ཡར་ལ་ལངས་ཤིང་མེ་སྒྱོགས་ཀྱི་མདའ་ཁ་ནས་མར་ལ་འགྱེལ་བཞིན་ལམ་ལ་ཆས།་དུས་དེ་ནས་བཟུང་སྟེ། གཞིས་ཀྱི་རྒན་གཞོན་བར་གསུམ་རང་གི་ཡན་ལག་ལྔ་བོའི་ཤུགས་ཀྱིས་དམ་དུ་བཅིངས་པའི་ཁུ་ཚུར་དེ་དང་། རང་གི་མགྲིན་ངག་ལས་ཐོན་པའི་འབོད་སྒྲ་དེ་ཡི་ལྷན་དུ། ལྷ་སའི་བར་བསྐོར་གཙོས་པའི་སྲང་ལམ་དང་གཞུང་ལམ་སོགས། ལམ་ཡོད་ཚད་དུ་ཐོན་ཏེ་སྦྱར་ཡིག་སྦྱར་འགྲེམས་དང་སྐད་འབོད་བྱས་པས། གཅར་རྡུང་འཕྲོག་གསུམ་གྱི་ཁྲག་དམར་ཁྲོད་ས་དོང་མུན་དོང་གི་བཙོན་དུ་འཚུད་མོད། ལུས་དང་སྲོག་གིས་འཕྲལ་དང་ཡུན་གྱིས་འཐབ་རྩོད་བྱེད་ལ། བྱེས་ཀྱི་རྒན་གཞོན་བར་གསུམ་གཞུང་སྒེར་ཚོགས་གསུམ་དུ་བྱས་ཏེ། ལག་ཏུ་འཕྲད་དར་སྣ་ཚོགས་ཐོགས་ཤིང་། ཁ་ནས་འབོད་ཚིག་ཅི་རིགས་སྒྲོག་བཞིན། འཛམ་གླིང་གཡས་དང་གཡོན་གྱིས་སྐོར་ལ། འཕྲེད་དང་གཞུང་གིས་གཅོད་པའི་ལས་འགུལ་སྤེལ་ལོ།
ལོ་རྒན་ང་གསུམ་གྱི་ཉི་མ་རེ་རེ་དང་ཟླ་བ་རེ་རེ་ཡི་ཁྲག་དང་མིག་ཆུས། ཟླུམ་གཟུགས་ས་སྒང་རིལ་བོ་ཁད་ཀྱིས་ནེམ་ཞིང་། རུས་ལ་ཟུག་པའི་ན་ཟུག་དང་སྙིང་ལ་ཕོག་པའི་སྐྱོ་བ་གནམ་ལ་ཐུག་པས། འཇིག་རྟེན་གྱི་བདེན་པའི་བུ་ཆུང་གཉིད་ལས་སད་པའི་སྐྱ་རེངས་ཤིག་མདུན་དུ་བསུས་ཏེ་ཡོད།་ད་དུང་། ལོ་རྒན་ང་གསུམ་ལ་རྒས་པའི་གཉེར་མ་ཡོད་དུ་ཟད་ཀྱང་། ཁྱོད་རང་རྒས་བའི་གཉེར་མ་ནི་མེ་རུ་འབར་ཡོད། མེ་དཔུང་ལིང་ལིང་པའི་ཁྲོད་དུ་རང་གི་ང་རོ་ཤུགས་ཀྱིས་སྒྲོག་གིན། རང་གི་ཁུ་ཚུར་གནམ་ལ་འཕྱར་བཞིན་མི་ཡུལ་ལ་འབོད་པ་གཏོང་གིན་ཡོད་ན། མེ་རུ་འབར་བའི་ཁྱོད་ཀྱི་རྒས་གཉེར་ནི་ཤ་ཁྲག་གི་ཟུངས་ཟད་ཅིང་། རུས་རྐང་གི་ལྷུ་ལྷོད་པའི་རང་བྱུང་གི་རྒས་གཉེར་ཨ་ཙ་མ་དེ་ལྟ་བུ་མིན་པར། ལོ་རྒན་བརྒྱ་ལོན་ཡང་རང་གི་ཐོད་པའི་ཁ་ཡིག་གཏན་དུ་མི་འབོར་བའི་དཔའ་སྙིང་རྡོག་རྡོག་དེའོ།།
འབར་བའི་མེ། དྲན་པའི་དུས། ནམ་ཡང་ཡིད་ལ་དྲན་རྒྱུ་དེ་ཁོ་ནའོ།། ནམ་ཡང་སེམས་ལ་འཇོག་རྒྱུ་དེ་ཉག་གཅིག་གོ།
ཨ་མྱུར་མགྱོགས་ཀྱི་བདག་པོ། དུས་ཐོག་གི་ཆར་བ།
ཁྱེད་ཀྱི་རྩོམ་ཡིག་གི་ཆུ་མོའི་རྒྱུན་དེ་བདག་གིས་ནམ་ཡང་བཀླགས་ནས་ཚིམས་པ་མེད།
ཞོར་དུ་ཞུ་རྒྱུ་ཞིག་ལ་ངས་ཁ་སང་བྲིས་པའི་མེ་དེ་ད་དུང་ཁ་བརྡ་ཚང་གི་ཐབ་མགོ་ན་འབར་གྱིན་མི་འདུག་ན།
ཕལ་ཆེར་སྐུར་སྟངས་ནོར་བ་མིན་གྲོ ངས་ད་བར་ཁ་བརྡ་ལ་རྩོམ་ཡིག་ལྔ་བསྐུར་བ་ཡིན་མོད་གཅིག་ཀྱང་བཀོད་
མ་སོང་། རྩོམ་ཡིག་གི་སྤུས་ཚད་ཞན་པས་ཡིན་ནའང་ཐང་མོད། གང་ལྟར་ཅི་ཡིན་ཚོད་ལྟ་ཞིག་གི་ཆེད་དུ་དེ་རིང་
ཁྱེད་ཀྱིས་ངའི་རྩོམ་དེ་ངོ་དེབ་ལས་བླངས་ནས་ཐེངས་གཅིག་བསྐུར་རོགས།
བོད་མི་གཅིག་མེ་རུ་འབར་ན་འཕང་བ་ལ་རྒྱ་མི་གཅིག་གསོད་ཐོབ་ན་ཅི་མ་རུང་