བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་བཏང་བ་སྤྱི་དང་། ཁྱད་པར ༢༠༠༩ ནས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རིམ་བསྟུད་དུ་བྱུང་བར་གདུང་སེམས་མཉམ་བསྐྱེད་དང་། དཔའ་བོ་དཔའ་མོ་དེ་དག་གི་ཐུགས་དགོངས་རྫོགས་ཕྱིར་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་ཆེད་བཙན་བྱོལ་བོད་མིའི་ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་ཀྱིས་དེ་རིང་ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གམ་བཅར་རྣམ་རྒྱལ་གྲྭ་ཚང་དབུ་བཞུགས་ཐོག་རྡ་སའི་སེར་སྐྱ་མི་མང་གིས་མ་ཎི་དུང་ཕྱུར་གསོག་སྒྲུབ་དབུ་འཛུགས་གནང་འདུག མ་ཎི་དུང་ཕྱུར་གསོག་སྒྲུབ་སྐབས་ཞོགས་པ་དང་ཉིན་གུང་གི་བཞེས་ལག་དང་དགེ་བཙུན་རྣམས་ལ་སྐུ་འགྱེད་བཅས་གནང་བཞིན་པ་རེད།
ཡ་གསར་འབྱོར་འགོད་་མཁན་ཁྱོད་ཡག་པོ་འདུག་ད་དེ་རིང་།
བཞེས་ལག་མཆོད་སྟེངས་དང་བཞེས་ལག་གི་པར་མ་གཏོགས་འཐོང་ཡག་་མི་འདུག་གདའ་ལེ།
ཡག་པོ་འདུག་ཁ་ལག་རྒྱས་པ་རེད་འདུག མ་ནི་བསགས་ནས་སྲིད་དོན་ལ་ཕན་ན་སོ་སོའི་ནང་དུ་སྡད་ནས་བསགས་ན་ཡག་ས་མ་རེད་པས་། ཚོགས་སྐྱིད་ལ་འགྲོ་གྲོན་ཆུང་གི་རེད། ཁ་ལག་གི་དངུལ་དེ་གཞོན་ནུ་ལ་ཕུལ་ནས་ལས་འགུལ་སྤེལ་ཆེད་མ་རྩ་བྱས་ན་ཡག་པོ་ཡོང་ས་རེད།
ཨོྂ་མ་ཎི་པདྨེ་ཧཱུྂ། །
ཨོྂ་མ་ཎི་པདྨེ་ཧཱུྂ། །
ཨོྂ་མ་ཎི་པདྨེ་ཧཱུྂ། །