དགེ་བཤེས་དགྲ་འདུལ་རྣམ་རྒྱལ་གྱིས།
༡༽ གོང་གསལ་བྱ་སྤྱོད་སྡེ་ཚན་གཉིས་ལས་གང་ཞིག་རྣམ་དཔྱོད་དང་མཐུན་ལ། གང་ཞིག་མི་མཐུན།
༢༽ ཡང་ན་། ཅི། དྲི་བ་དེའི་ལན་ནི་སྐབས་ཀྱི་འབྲེལ་ལ་བརྟེན་པའི་ག་དུས། ག་བར། སུས། ག་འདྲ་། ག་རེ་ལྟ་བུའི་གནད་ལ་རག་ལས་པ་ཞིག་ཡིན་ནམ།
༣༽ ཅི། རྣམ་དཔྱོད་རྫོགས་པའི་གྷན་དྷི་རང་ཉིད་ཀྱིས་རྟག་ཏུ་སྡེ་ཚན་”ཀ་”པའི་བྱ་སྤྱོད་འབའ་ཞིག་ལ་བསླབས་སམ།
༤༽ ཡང་ན། ཁོང་ཉིད་ཀྱིས་ཀྱང་སྐབས་རེར་(ཡང་ན། གནས་སྐབས་ཕལ་མོ་ཆེར་) སྡེ་ཚན་ “ཁ” པའི་བྱ་སྤྱོད་དག་ལ་བསྟེན་ནམ།
༥༽ ཡང་ན་རྣམ་དཔྱོད་དང་མཐུན་མི་མཐུན་གྱི་སྡེ་ཚན་གཉིས་སུ་དབྱེ་བ་ནི་གོང་གསལ་ལྟར་ཕྱིའི་རྣམ་འགྱུར་ངེས་བཟུང་དང་མ་སྦྲེལ་བ་ཞིག་ཡིན་ནམ།
༦༽ དེ་ལྟར་ན། ཁོང་གི་བྱ་སྤྱོད་རྣམས་ཕྱི་རྟགས་སུ་གོང་གསལ་སྡེ་ཚན་གཉིས་པོ་ཅི་རིགས་པའི་རྣམ་པར་འབུས་རུང་། དེ་དག་གནས་སྐབས་ཀུན་ཏུ་རྣམ་དཔྱོད་དང་མཐུན་པ་ཞེ་ཅིག་ཏུ་གནས་སམ།
༧༽ འུ་བུ་ཅག་ཀྱང་། གོང་གསལ་གནས་དོན་ཐད་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་རྣམས་རང་ཐོག་ཏུ་བསལ་ཏེ། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་སྡེ་ཚན་གཉིས་ཀར་སྤང་བླང་འཇོལ་མེད་ཉམས་སུ་བསྟར་ན། སྤྱི་དང་སྒེར། རྒྱལ་ནང་དང་རྒྱལ་སྤྱིའི་རིམ་པ་ཐམས་ཅད་དུ་འཕྲལ་ཕུགས་ཀྱི་དགེ་མཚན་ཕྱོགས་དུས་ཀུན་ཏུ་འཕེལ་བའི་རེ་བ་མཆིས་སམ།
རྡོག་རྡོག་ག་ལེ་ལབ་སྙིང་བྲོད་པ་རེད།
དཀོན་མཆོག་མགོ་འཚོས་ན།
“མཁས་པས་བཤད་ན་ཅི་ཡང་བདེན།།”
ལོག་རྟོག་རྫུན་མའི་འཁྲུལ་བག་ལ།།
ཡིད་རྟོན་འཕེལ་བ་བླུན་རྨོངས་ཉིད།།
རྣམ་དཔྱོད་འབར་བའི་རྩེ་མོ་ལ།།
འཛེག་འདོད་ལུས་སེམས་ངལ་བའི་རྒྱུ།།
པར་རིས་དང་པོའི་མཚོན་དོན་མ་རྟོགས་ན་ནང་དོན་གང་ཡང་འགོ་ཚོས་ཀྱི་མ་རེད།
ཉན་བྱེད་རྣ་བ་བཀབ་གྱུར་ན་དུང་དང་འབྲུག་སྒྲ་གྲག་ཀྱང་གོ་མི་ཐུབ། །
ལྟ་བྱེད་མིག་ལྤགས་ཟིན་གྱུར་ན་མཛེས་པའི་ཞབས་བྲོ་འཁྲབ་ཀྱང་མཐོང་མི་ནུས། །
སྨྲ་བྱེད་ཞལ་སྒོ་བཀག་གྱུར་ན་ཞིམ་པའི་བཏུང་བ་མངར་ཡང་རོལ་མི་ཕོད། །
སྙན་སྤྱན་ཞལ་དབང་ལེགས་ལྡན་ཡང་དོན་བཟང་སྤྱོད་པར་མི་ནུས་སྤྲེལ་དང་མཚུངས། །
པར་རིས་ཆུང་དྲགས་པའི་སྐྱོན་ཆ་འདུག་པས་་་་
ཆོས་པ་ཞིག་བྱེད་འདོད་ན་དང་པོ་དེ་ལེགས། ཆབ་སྲིད་པ་ཞིག་བྱེད་འདོད་ན་གཉིས་པ་དེ་ལེགས།
ཆོས་སྲིད་ཟུང་འབྲེལ་བྱེད་བསམ་ན་གཉིས་ཀ་རེ་མོས་བྱེད་དགོས།