འབའ་སྲས།
ཆེས་ཆེར་གུས་པར་འོས་པའི་གླིང་ཚ་མ་བུ་གསུམ།།
སྐྱེས་པ་བླ་ན་མཐོ་བའི་གླིང་ཚ་མ་བུ་གསུམ།།
འཐབ་རྩོད་གཟི་བརྗིད་ཆེ་བའི་གླིང་ཚ་མ་བུ་གསུམ།།
ནང་མི་དཔའ་བོ་གསུམ་པོ་ནམ་ཡང་བདག་གིས་གུས།།
གདོང་དམར་བོད་པ་ཚང་ལ་ཤ་ཁྲག་རུས་གསུམ་བསྟི།།
སྒང་བ་བོད་པ་ཚང་ལ་ལྷ་ཀླུ་གཉན་གསུམ་གནས།།
གངས་ཅན་ཁ་བ་རི་ལ་མི་འགྱུར་གངས་ཕྲུག་མང་།།
ཁ་ཚ་དགོས་གཏུགས་སྐབས་སུ་ཁྱེད་ཅག་མ་བུ་གསུམ།།
ཉེ་སར་ལག་པ་སྲིང་མཁན་ང་འདྲ་ཧ་ཅང་མང་།།
དོན་ཐོག་རྐང་པ་འཇོག་པ་ཁྱོད་འདྲ་ཧ་ཅང་དཀོན།།
སྐྱེས་པ་འདྲ་འདྲ་ཡིན་ཡང་གསོན་སྟངས་མི་འདྲ་བ།།
ལག་ལེན་དོན་གྱིས་འབྱེད་པ་ཅི་འདྲའི་བདེན་པ་ཨང་།།
ཤ་ཆད་བུ་ཕྲུག་གཉིས་ཀྱི་ཕ་ལོ་གྱུར་བའི་རྗེས།།
བརྩེ་ལྡན་མཛའ་མོ་ཞིག་གི་སྐྲ་བདག་གྱུར་བའི་གཞུག །
ཤ་ཁྲག་རུས་གསུམ་གཏིང་ན་བོད་མི་ས་ཡ་དྲུག །
མ་བརྗེད་སྙིང་ལ་འཛིན་པ་ཁྱེད་ཉིད་གཅིག་བུ་གྲང་།།
རྒྱུ་དང་འབྱོར་བའི་བར་ནས་བོད་དོན་བཤད་མཁན་དང་།།
ཐོབ་དང་གོ་སའི་སྟེང་ན་ལ་རྒྱལ་གླེང་མཁན་མང་།།
དོན་གྱིས་མདོ་རྩ་དེད་ན་བདེན་པ་ཤིན་ཏུ་དཀོན།།
ཁ་བཤད་ལག་ལེན་ཐུབ་པ་ཁྱོད་འདྲ་རེ་རེ་ཙམ།།
ཤ་ཁྲག་རུས་གསུམ་ཟེར་ནས་རྩོམ་ཡིག་མང་མང་བྲིས།།
ལྷ་ཀླུ་གཉན་གསུམ་བོས་ནས་དཔྱད་བརྗོད་གང་མང་སྤེལ།།
མི་འགྱུར་གངས་ཕྲུག་བཏགས་ནས་མི་འགྱུར་དམ་བཅའ་བཅོས།།
བཤད་བཤད་བྲིས་བྲིས་ཚང་མ་བདེན་པའི་དོན་ལ་ངེས།།
ཁ་བཤད་ཆུ་ཡི་ཝུ་བ་ལག་ལེན་གསེར་གྱི་ཐིགས།།
རང་ཅག་བོད་མིའི་ཁ་ན་གཏམ་དཔེ་འདི་འདྲ་མཆིས།།
ཁ་ནས་ཝུ་བ་འཕྱུར་བའི་ང་འདྲ་ཤིན་ཏུ་མང་།།
ལག་ནས་གསེར་ཐིགས་ཟེགས་པ་ཁྱེད་འདྲ་རྙེད་པར་དཀོན།།
དེ་བས་ཁྱེད་ནི་གངས་རི་རྩེ་ཡི་གདོང་ལྔ་དང།།
མཐའ་ཡས་ནམ་མཁའ་ཤུགས་ཀྱིས་བགྲོད་པའི་གླག་རྒོད་ཅིག །
ཞི་བདེའི་ཉི་མ་ཉེ་བར་འདྲེན་པའི་སྐྱ་རེངས་ཀྱང་།།
ཡིན་ནོ་ཞེས་པའི་བདེན་པའི་གཏམ་འདི་བདག་གིས་བརྗོད།།
མཐའ་དོན་ཁྱོད་དང་ཁྱེད་ཀྱི་མ་དང་སྲིང་མོ་གསུམ།།
ཕོ་བྲང་པོ་ཏ་ལ་རུ་མ་བསླེབས་དེ་སྲིད་དུ།།
གེགས་དང་བར་ཆད་ཅི་ཡང་མི་འབྱུང་ལྷ་ཡིས་སྲུངས།།
ཀྱག་ཀྱོག་རྐང་ལམ་བགྲོད་པ་ནམ་ཡང་དགེ་ཞིང་ཤིས།།
གླིང་ཚ་མ་བུ་གསུམ་ལ་ངོ་མས་ཡིད་སྨོན་འཆོར་ནི་ཞིག་རེད།
རྩོམ་པ་པོ་དང་རང་བཙན་འཐབ་རྩོད་པ་ཁོ་ཡིན་ཟེར་མཁན་སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་ལ་ལྟོས་དང་
ད་ཆ་ཁོང་རང་གི་དཔེ་དེབ་བཙོང་བའི་ཆེད་དུ་ཕར་རྒྱུགས་ཚར་རྒྱུགས་བྱེད་བཞིན་པ་མཐོང་དུས་ངོ་མས་སྐྱུག་བྲོ་ནི་འདྲ་ཟིག་རེད།
ཤ་ཁྲག་རུས་པའི་གསེང་ནས་ལ་རྒྱའི་མེ་ཞགས་འཕྱུར།།
འཆད་རྩོད་རྩོམ་པའི་ཀླུང་ནས་ཁ་བའི་ལས་དབང་གླེང་།།
རྒྱ་བལ་བོད་པའི་བར་ནས་སྙིང་རུས་རྐང་པར་བརྡར།།
བཙན་བྱོལ་སྤྱི་ཚོགས་ཁྲོད་ནས་པོ་ཏ་ལ་རུ་ཆས།།
ལ་ལས་རང་སྲོག་བཏང་ནས་བོད་དོན་སྒྲུབ།།
འགའ་ཞིག་གོམ་སྟབས་སྤོས་ནས་གཞུང་དོན་སྤེལ།།
ཕལ་ཆེར་ཁ་གཡང་བསྒྲགས་ནས་རྣམ་འགྱུར་སྟོན།།
ཁ་བའི་སྒྲོལ་མ་སྤྱི་ཚོགས་སྤྲུག་ལ་གཞོལ།།
ང་ཡང་སྔོན་ཆད་བསྟན་འཛིན་བརྩོན་འགྲུས་ལ་དད་པ་ཡོད་མཁན་ཞིག་ཡིན། ལོ་གཅིག་གཉིས་སྔོན་ནས་བཟུང་ང་ཁོང་ལ་ཞེན་པ་ལོག་འགྲོ་གི་འདུག ཁོང་གིས་བོད་དོན་ཁ་ལ་འཁྱེར་བཞིན་རང་དོན་འབའ་ཞིག་སྒྲུབ་ཀྱིན་འདུག
མི་བདེན་གི་འདོད་ན་ཁོང་གི་ངོ་དེབ་ལ་ལྟོས་དང་ད་གཟོད་ངག་ཁྲི་ཟེར་བ་ཁྱོད་ལའང་ངེས་ཤེས་རེ་བརྙེད་སྲིད།
གངས་ལྗོངས་ཨ་མ་དང་གངས་རིའི་དཔའ་བོ། གངས་རིའི་སྲས་མོ་བཅས་ཀྱི་ལས་དོན་འདི་འུ་ཚོ་ཐུན་མོང་གི་དམིགས་ཡུལ་ཡིན་རྐྱེན་ཁོ་གསུམ་སྙིང་ནས་ཡིད་སྨོན་འཆོར་ཀི། སྙན་ངག་པ་འབའ་སྲས་ཀྱི་སྙན་ངག་ཅིག་གིས་སྐྱེལ་མ་བྱས་པར་རིན་ཐང་འདུག།
བསམ་གཏན་རྒྱ་མཚོ་ལགས་ཀྱི་རྩོམ་འདི་ཉུང་མེད་ན་མང་མི་འདུག
ད་དུང་ཚང་མའི་ཤིས་བརྗོད་མང་པོ་སྤེལ་ཐུབ་ན་ཧ་ཅང་ཡག་པོ་འདུག
རྡ་སའི་ལྟོ་བ་རྩོད་མཁན་གྱི་ཚོགས་པ་དེ་ཚོས་ད་མི་འདི་ཚོར་རོགས་རམ་བྱེད་མི་ཐུབ་ན་ད་ཤི། ཙི་ཙི་བསྟན་བརྩོན་ལ་རེ་བ་ཡོད་མ་རེད། ་ཚོང་བ་མགོ་བདེ་རེད།
ཁྱེད་ཚོའི་ཁ་རྩོད་ཁ་རུ་འཕྱུར།།
དོན་ལ་སྨིན་པའི་ལན་མེད་ན།།
གཞན་སེམས་མ་དཀྲུགས་ཨ་རོགས་ཚོ།།
བོད་མིའི་ལས་ལ་ཕྱིར་མིག་ལྟོས།།
ཤ་ཁྲག་རུས་གསུམ་བོད་མིའི་ཆེད་དུ་བཞུད།།
ཆོད་སེམས་དྭངས་མ་ཤེལ་གྱི་ཁང་བཟང་ནང་།།
ཡོད་ཚད་བཞག་དེ་རྒྱང་དུ་ཆས་པའི་དུས།།
ངུ་སྐད་གཉོམ་པོ་རེ་དང་ལྷན་ཅིག་ཏུ།།
སྐྱེལ་མའི་འདུ་ཚོགས་ལང་ལོང་འཕྱུར་བའི་ཚེ།།
སེམས་འགུལ་ཐེབས་པའི་མི་དག་ངུ་བཞིན་གདའ།།
རེད་ཡ། རྣམ་པ་ཚོས་ཀྱང་ཤིས་ཚིག་རེ་ཕུལ་ན་རེད། ལུས་ཀྱིས་གདོང་གྲོགས་མ་ནུས་ཀྱང་ཡིད་ངག་གཉིས་ཀྱིས་གདོང་གྲོགས་བྱེད་རྒྱུ་འདི་ཡང་ཆུང་ཆུང་ཞིག་མ་རེད་སྙམ།
སྐབས་འདི་ལྟ་བུ་ཞིག་ལ་སྐད་ཆ་ཅི་ཞིག་བཤད་དགོས་མིན་མི་ཤེས་བའི་ཚོད་དུ་གནས། གང་ལྟར་ཁྱེད་ཅག་གི་དཀའ་སྡུག་ཡོད་ཚད་སེམས་ཀྱིས་མྱོང་བཞིན་ཡོད།
མི་བུའི་སྙིང་སྟོབས་ཏི་སེ་ལ་འཆེལ་བརྩོན་པ་གོར་མོ་རྡོ་ཡི་སྤུན།།
མི་རྩལ་དཔུང་ཤུགས་རང་སྐད་གཙང་མའི་བཞུར་རྒྱུན་མི་ཉམས་སྲུང་བའི་རགས།།
མི་ཚེའི་རིན་ཐང་སུག་རྗེས་སྙེག་པ་འབྲལ་དགོས་དམ་བཅའ་བརྟན་པའི་ཁྲིམས།།
མི་ཡུལ་ཁམས་འདིར་ལྷུང་བའི་དྲིན་ལེན་དེ་དག་སྙིང་གི་ཕྱེད་ཀར་སྒོམས།།
མི་གྲལ་གནས་ཀྱང་མི་ཚུགས་མེད་པ་མི་ལུས་ཐོབ་པ་བེམ་པོ་ཉིད།།
མི་ཡུལ་འགྲིམས་པར་མི་ངན་བགྲང་བ་མི་སེམས་དོག་མོའི་སྔོན་བརྡ་ཉིད།།
མི་སྐྱོན་ཕྲ་མོ་མི་བཟོད་སྡང་བ་མི་ཡི་རིན་ཐང་བརླག་པ་ཉིད།།
མི་གཞན་ཕན་སེམས་མི་སྐྱེ་དྲགས་པ་མི་ཚེ་སྟོང་ཟད་གཏོང་བ་ཉིད།།
མི་རིགས་ཧྲུལ་བོའི་སེམས་རྒྱུད་མི་མཚུངས་ཁྱད་ཆོས་ཀུ་ཤའི་རྩེ་མོ་འདྲ།།
མི་ཕན་ནང་རྩོད་རབ་ཏུ་རྒོད་པས་ལ་རྒྱའི་བདེན་དོན་ལིང་གིས་བོར།།
མི་མཐུན་བསམ་བློ་རྒྱུ་རྐྱེན་མེད་རུང་རླུང་བུ་་ཕྱོགས་གཅིག་གིས་སྡེབ།།
མི་བསླུས་ཕ་མེས་སྐྱེས་བུར་བཞག་པ་རྒུམ་བུ་ནེམ་ནུར་ཟ་བ་སྐྱོ།།
མི་ཡི་བྱེད་ལས་ལྟོགས་སྐོམ་སྡུག་བསྔལ་སེལ་ཐབས་ཙམ་ཞིག་ཡེ་ནས་མིན།།
མི་ལ་མཁོ་བ་དངུལ་གྱི་གྲངས་ཚད་མཐོན་པོར་སོང་བ་དེ་ལས་མིན།།
མི་བུ་རྣལ་མ་བྱེད་པར་འདོད་ན་བྲེ་མོའི་གཏམ་ལ་མི་གཡེང་བར།།
མི་དགེ་ལས་ལ་རྒྱབ་ཀྱིས་ཕྱོགས་ཏེ་དྲན་ཤེས་གཉིས་པོ་གཡོག་ཏུ་ཁོལ།།
མི་སེམས་གཙང་མ་ཁ་ལོ་བསྒྱུར་བྱེད་བཅུ་ཕྲག་རིག་པའི་གནས་སློབ་དང་༎
མི་རིགས་གང་གི་གྲལ་ཏུ་འདུ་ན་མི་སྨྲ་བརྟུལ་ཞུགས་འཛིན་མི་དགོས༎
མི་ཚེའི་མདུན་ལམ་ཚང་མས་བསྙད་པའི་སྤྱི་ཚོགས་བརྡ་འཕྲིན་དུས་སྐབས་འདིར༎
མི་ཆུང་ང་ཡི་སྙིང་གཏམ་འཆལ་བོ་འགྲིན་པའི་ལམ་ནས་ཤོག་ངོར་ཐལ།།
སྙན་ངག་པ་འབའ་སྲས་ལགས་་དངོས་པོའི་གནས་ལུགས་དང་འབྲེལ་བས་རྩོམ་ཡིག་ཅིག་སྤེལ་འདུག་་་ཐུགས་རྗེ་ཆེ།
དངོས་གནས་ཐུགས་རྗེ་ཆེ་ཞུ་དགོས་པ་དེ་ཁོང་མ་བུ་གསུམ་རེད། ང་འདྲ་བ་བཤད་མཁན་དང་འབྲི་མཁན་མང་ན་ཡང་དོན་དངོས་ལ་གཞོལ་མཁན་ཁོང་ཚོ་ལྟ་བུ་དཀོན་ཚོད་འདུག་གཱ།
རང་དོན་རྒྱབ་བསྐྱུར་སྤྱི་དོན་ཁུར་དུ་བླངས་སོང་།།
མི་ལ་མ་རེ་རང་ཉིད་མདུན་དུ་ཐོན་སོང་།།
གླིང་ཚ་མ་སྨད་གསུམ་གྱི་སྙིང་སྟོབས་འདི་ཡིས།།
གདོང་དམར་གཉིད་ལས་སད་པའི་བརྡ་ཞིག་ཚོར་བྱུང་།།
བོད་དོན་འཐབ་རྩོད་བྱེད་ན། སོ་སོའི་འཚོ་བ་ངེས་པར་དུ་སོ་སོ་རང་གི་སྐྱེལ་དགོས། བོད་པའི་སྤྱི་ཚོགས་ནང་བོད་དོན་འཐབ་རྩོད་ཐད་སེམས་ཤུགས་ཡོད་ན་ངེས་པར་དུ་བྱ་བྲལ་བ་དང་གྲུབ་ཐོབ་གོང་མ་ལྟར་། རྒྱུ་དངོས་པོ་ཡོད་ཚད་བློས་བཏང་ནས་ལས་དོན་སྒྲུབ་དགོས་པ་ཞིག་འདྲ། དེ་ནི་ལྐུགས་པའི་སྐད་ཆ་རེད། རྒྱུ་ནོར་ལོངས་སྤྱོད་ལན་ཚའི་ཆུ་དང་འདྲ་བའི་ངོམས་ཡེ་མེད། གསུངས་མཁན་བླ་སྤྲུལ་རྣམས་རྐྱང་ཕྱི་རྒྱལ་དུ་དཔལ་འབྱོར་འདུ་འགོད་ཆེད་ག་འདྲ་ཕེབས་ཀྱི་འདུག ཁོང་ཚོས་མོ་ཏྲ་གང་འདྲ་འཛིག་པོ་བཏང་གི་འདུག ང་ཚོ་ཚང་མའི་ཤེས་གསལ་རེད།
གླིང་གི་ཨ་མ་ལྡོམ་པོ་སྐྱིད་དང་གཅིག །
གླིང་གི་ཕོ་གཞོན་ཚེ་བརྟན་རྡོ་རྗེ་གཉིས། །
གླིང་གི་བུ་མོ་ལྷ་མོ་སྐྱིད་གསུམ་གྱིས། །
གླིང་འདིར་གོམ་བགྲོད་བསྐྱོད་པར་ཡིད་རང་ཞུ།།
སྐྱེས་པའི་ལུས་འདི་་སྐྱེ་སྒོ་མ་འཆུག་ཞིང་། སྐྱེས་པའི་རིག་བརྒྱུད་བདེན་དོན་གཏོང་བ་དང་།
སྐྱེས་པའི་ཚེ་འདི་མི་འཕངས་བོད་ཀྱི་ཕྱིར། སྐྱེས་མ་ཚེ་བརྟན་མ་རྨད་རྣམ་གསུམ་བསྔགས།