དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་གསལ་བསྒྲགས།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བཙན་དབང་ལ་ཞི་བའི་སྒེར་ལངས་ཐེངས་ ༥༣ འཁོར་བའི་དུས་དྲན་ཉིན་བོད་བྱང་ཤར་རྔ་པའི་ཁུལ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་ཕམ་བྱུང་། ང་ཚོས་དམ་པ་ཁོང་གི་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེའི་ཐོག་སྨོན་ལམ་ཞུ་རྒྱུ་ཡིན། རང་ལོ་ ༡༨ སོན་པ་ཀིརྟི་དགོན་པའི་དགེ་འདུན་པ་དགེ་པེ་ལགས་ཀྱིས་རང་ལུས་ལ་མེ་སྤར་ཏེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྗེས་ས་གནས་དེ་རང་དུ་འདས་གྲོངས་སུ་གྱུར་རྗེས། ཁོང་གི་ཕུང་པོ་དམག་མིས་ལམ་སེང་དམག་སྒར་དུ་ཁྱེར་ཡོད་པ་དང་། ཕྱི་ཉིན་དེར་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མིར་ཁོང་གི་ཕུང་པོ་ཚུར་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་ཅིང་ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་མེར་སྲེག་གཏོང་རྒྱུ་དང་དེར་འབྲེལ་ཡོད་མི་ལྔ་ཡོང་ཆོག་པའི་མཐའ་མའི་ཐག་གཅོད་བྱས་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་ཕུང་པོ་དང་འབྲེལ་ཡོད་བོད་མི་རྣམས་དམག་མིས་སྔ་ཕྱི་དམ་བསྒྲགས་ཆེན་པོའི་འོག་དུར་སའི་ནང་མེར་སྲེག་བཏང་ཡོད་པ་ལས། ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོ་བར་རྫོང་གི་ཉེན་རྟོག་པས་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱེད་བཞིན་ཡོད་འདུག ད་ཆ་རྔ་པའི་ནང་རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དངོས་སུ་དྲིལ་བསྒྲགས་མ་བྱས་པ་ཙམ་ལས་དོན་དངོས་དམག་ཁྲིམས་(Martial Law) འོག་གནས་ཡོད། ད་བར་བོད་མི་ ༢༧ རང་ལུས་མེར་བཏང་སྟེ་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་རེ་འདུན་བཏོན་ཡོད། འདི་ལོ་གཅིག་པུར་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༤ བྱུང་ཡོད། བོད་མི་ཚོས་རྒྱུན་ཆད་མེད་པར་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་སྤེལ་བ་དེས་བོད་མི་ཚོ་ད་ཆ་འ་ཆད་འུ་ཐུག་གི་གནས་སུ་གྱར་ཡོད་པ་མཚོན་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་དུ་བོད་མི་ཚོས་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད། ང་ཚོས་འབད་བརྩོན་དེ་ལྟར་བྱེད་བཞིན་ཡོད་ནའང་བོད་མི་ཚོས་མུ་མཐུད་རང་ལུས་མེར་སྲེག་གཏོང་བཞིན་ཡོད། དེར་བརྟེན་ད་ཆ་བསྙད་འདོགས་ཚང་མ་པེ་ཅིང་དུ་ཡོད་པའི་རྒྱ་མིའི་འགོ་ཁྲིད་མཁྲེགས་བཟུང་ཚོར་ཡོད་པ་མ་ཟད། དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཡང་ཁོང་ཚོར་ཡོད་པ་འདི་ལོ་གསུམ་བཅུའི་དུས་དྲན་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུངས་ཡོད། རྒྱ་ནག་འགོ་ཁྲིད་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཏེ་བོད་ནང་དང་ལྷག་པར་རྔ་པའི་ཁུལ་ནས་རྒྱ་མིའི་དམག་དཔུང་ཕྱིར་ཐེང་བྱེད་དགོས་པའི་དགོས་འདུན་བསྐྱར་ནན་ཞུ་རྒྱུ་ཡིན།
སྔོན་མ་བཀྲ་བྷེ་ནས་བཟུང་སྟེ་ད་ལོའི་དགེ་བྷེ་བར་གྱི་དཔའ་བོ་དག་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་དལ་བརྟེན་བཟང་བོ་ཞིག་ཐོབ་པར་སྨོན།
གོང་མཚུང་ཡིན། བོད་རྒྱལོ།
རང་སྲེག་གི་ལས་འགུལ་སྤེལ་མཁན་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་
དང་བླ་ན་མེད་པའི་གུས་འདུད་ཞུ་བཞིན་ཡོད།
ཡིན་ནའང་ཝང་ལི་ཞུང་གིས་བཤད་པའི་སྐད་ཆ་ལའང་མདངས་ཅུང་ཟད་རྒྱག་དགོས་པའི་
དུས་ལ་བབ་འདུག་སྙམ་པའི་འཚོར་བ་ཞིག་ངང་གིས་ཡོང་གི་འདུག་པས་དེའི་ཐད་ཁྱེད་
རྣམ་པས་དགོངས་ཚུལ་ཇི་ཡོད་ལྷུག་སྩོལ་མཁྱེེན་མཁྱེན།།
རང་སྲོག་མཆོད་པར་བཤམས་པའི་རིན་བབ་ཏུ།།
དེ་དང་འཚམས་པའི་དོན་ཞིག་མ་ཁུག་ན།།
སྲོག་གི་མཆོད་པ་དུག་ཏུ་འགྱུར་སྲིད་པས།།
སྔ་ལྟས་ཕྱི་བལྟའི་ལས་ལ་འབད་པར་འཚལ།།
སྐྱེས་པ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ཆེ། ལྷག་པར་དུ་བོད་བསྟན་སྲིད་ཆེད་རང་སྲོག་བདོར་བ་རྣམས་གཟི་བརྗིད་ཆེན་པོ་རེད།
དེ་བཞིན་དེང་སང་རྒྱ་ནག་ནང་དུ་གནས་ཚུལ་གསར་པ་ཞིག་ཐོས་པ་ནི་རྒྱ་གཞུང་གི་མི་ཤི་ཟིན་པའི་ལུས་ཕོང་སྨན་ཁང་ནང་ཁྱེར་ནས་མཐར་འདས་པོའི་ནང་མི་ལ་ཕོང་པོ་མ་སྤྲད་པར་རྒྱ་གཞུང་གིས་ཕོང་པོ་མེ་སྲེག་གཏོང་གི་ཡོད་པ་དེ་ཕོང་པོའི་ཁོག་པ་ནང་གི་མཁལ་མ་དང་མཆིན་པ་སོགས་བཏོན་ནས་མི་གཞན་ལ་རྒྱ་སྒོར་ཁྲི་ཚོ་མང་བྱས་ནས་བཙོང་གི་ཡོད་པ་རེད་ཟེར། བོད་རྔ་བ་ཕྱོགས་ནས་རང་ལུས་མེར་སྲེག་གཏོང་མཁན་གྱི་སྐུ་ཕོང་རྒྱ་གཞུང་གིས་སྨན་ཁང་དུ་ཁྱེར་ནས་འདས་པོའི་ནང་ཁྲོད་ཀྱི་དོན་ལྔ་སྣོད་བླངས་རྗེས་ཕོང་པོ་ནང་མི་ལ་མ་སྤྲད་པར་རྒྱ་གཞུང་གིས་མེ་སྲེག་གཏོང་གི་ཡོད་པ་རེད།
ཕྱི་རབས་བོད་མིའི་བདེ་སྐྱིད་སེམས་ལ་བཅིང་།།
བདེན་པའི་ཆེད་དུ་ཅི་ཡང་ཕུལ་ནུས་པ།།
སྙིང་སྟོབས་ཟླ་མེད་དཔའ་བོའི་ཆོད་སེམས་ལ།།
གཞལ་མཐའ་བྲལ་ལོ་རྒྱ་དམར་ཚང་།།
འདས་སོང་དཔའ་བོའི་ཆོད་སེམས།།
མི་རིགས་དོན་དུ་བཞུད་སོང་།།
ལོ་ཟླའི་མངར་སྐྱུར་ལྕི་མོ།།
བཙན་པོའི་མདུན་ནས་མྱང་དུས།།
ཕྱི་རབས་སྤུན་ཟླའི་ལས་དབང་།།
བཟོད་ཐབས་མེད་པར་དགོངས་ཏེ།།
རང་ལུས་རིན་ཆེན་དྲོན་མོོ།།
ཕྱི་རབས་བོད་པའི་ཆེད་དུ།།
ཡོད་ཚད་བཞག་ནས་བཞུད་སོང་།།
སྤྲེལ་སྲིན་གཉིས་ཀྱི་རྒྱུད་པ་གངས་ཅན་དཔའ་བོ་དཔའ་མོ་ཚོས། །
བསིལ་ལྡན་ཁ་བའི་ལྗོངས་སུ་ཁྱེད་ཅག་སྐུ་ལུས་མཆོད་མེར་སྒྲོན། །
ལྷག་བསམ་བློ་སྟོབས་དཔའ་ངར་ཞུམ་མེད་ཆེད་སེམས་བརྟན་པོ་དེ། །
སླར་ཡང་གངས་ཅན་ཡུལ་དུ་འཁྲུངས་བའི་བཀྲ་ཤིས་སྨོན་ལམ་ཡོད། །
ཐབས་ཟད་ཀྱི་བྱ་སྤྱོད་རེད། དཔའ་བོའི་ཆོད་སེམས་མ་རེད།
བོད་ཡུལ་དམག་ཁྲིམས་འོག་གནས་དུ་འཇུག་ཚེ་ད་དུང་ཁ་བདེ་མགོ་བདེ་ཚོས་བསྟོད་བསྔགས་རྒྱང་རིང་ནས་བྱོས་དང་།
ཁྱེད་རྣམ་གྱི་མྱིར་དུ་འགྲུབ་ཡོང་།