དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆ་ཚོད་བཅུ་དང་ཕྱེད་ཀའི་སྟེང་། རེབ་གོང་རོང་པོ་དགོན་ཆེན་གདན་ས་གསུམ་གྱི་ཁོངས་ཐོས་བསམ་གླིང་གྲྭ་ཚང་གི་དགེ་འདུན་པ་རང་ལོ་ ༣༠ནང་ཡིན་པ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་འདུག ཁོང་གི་ཕ་མིང་ལ་དཀོན་མཆོག་སྐྱབས(ཚེ་འདས)། མ་མིང་ལ་ལྕགས་མོ་ཟེར་ཞིང་། ཁོ་རང་རྩིས་པའི་བུ་སྤུན་བཞི་དང་སྲིང་མོ་གཉིས་ཡོད་འདུག ཁོང་ཉིད་རོང་བོ་དགོན་ཆེན་གྱི་གྲྭ་བ་དང་། འཛིན་གྲྭ་འདུལ་རྙིང་། སྐྱེས་ཡུལ་རེབ་གོང་རྒྱལ་བོ་ལྡོང་ངེ་དང་། རྒྱུན་དུ་སློབ་ལ་བརྩོན་པ་དང་ཉམས་ཆུང་ཞི་དུལ་ཆེ་བ། གཟུགས་གཞི་ཧ་ཅང་བདེ་ཐང་བཅས་རེད་འདུག
རང་ལུས་མེར་སྲེག་སྐབས་ཁོང་གིས་དང་པོ་ཕྱག་གསུམ་འཚལ་རྗེས། “༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས།” “བོད་མི་རིགས་དང་སྐད་ཡིག་ལ་རང་དབང་དགོས། “ཞེས་སྐད་འབོད་པརྒྱབ་རྗེས་། ས་སྣུམ་བྱུགས་པའི་གཟན་ཤམས་ལ་མེ་སྦར་བས་མེ་ལྕེ་ལྷབ་ལྷབ་འབར་བ་དང་། མེར་བསྲེགས་གཏོང་དུས་རོང་བོ་དགོན་ཆེན་ཚོགས་ལ་ཚོགས་འདུག་པས། ཉེ་འཁྲིས་སུ་ཕྱག་བསྐོར་ཕེབས་མཁན་འགའ་རེ་མ་གཏོགས་མི་མང་པོ་མེད་པ་དང་ཉེ་འཁྲིས་ཀྱི་མི་ཞིག་གིས་རང་གི་སྟོད་གོས་ཕུད་དེ་མེ་གསོད་རྩིས་བྱས་ཀྱང་མེ་གསོད་ཐུབ་མི་འདུག དེ་མ་ཐག་ཉེ་འཁོར་གྱི་མི་མང་པོས་མཐོང་སྟེ་སྒྲོལ་མ་ཐང་ཆེན་དུ་ཡོད་པའི་ཕྱག་བསྐོར་བའི་གདན་གྱིས་མེ་གསོད་ཐུབ་འདུག ཡིན་ནའང་ཐུན་རིན་རྫོང་ཆོས་དོན་ཅུའུ་ཡི་མི་སྣ་དང་དམག་མིས་སྨན་ཁང་དུ་ཁྱེར་འདུག སྐབས་དེར་མི་མང་གིས་གཅིག་གིས་གཅིག་ལ་བརྡ་རྒྱབ་སྟེ་སྨན་ཁང་སྒོ་ཁར་འདུ་འཛོམས་སྐད་འབོད་ཀྱིས་ཁོང་ཕྱིར་སྤྲོད་དགོས་པའི་རེ་འདུན་བཏོན་པ་བཞིན་ཕྱིར་སྤྲད་དེ། རོང་བོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་གི་ཁྱམས་རྭར་གདན་འདྲེན་ཞུས་པ་སེར་སྐྱ་མི་མང་གིས་མཐོང་སྐབས་རྐང་པ་ལག་པ། རྒྱབ་དང་མགོ་ཕྱེད་བཅས་འཚིག་རྨས་ཚབས་ཆེན་བྱུང་བ་ལྟ་མི་བཟོད་པ་ཞིག་ཡིན་འདུག ད་ལྟ་ཁོང་རང་གི་གྲྭ་ཤག་ཏུ་གདན་འདྲེན་གྱིས་སྨན་བཅོས་ཞུ་བཞིན་ཡོད་ནའང་གསོན་རེ་ཐུབ་མིན་བཤད་ཚོད་དཀའ་བའི་གནས་སུ་གྱུར་འདུག
དེ་མ་ཐག་དགོན་པའི་མདུན་སྒྲོལ་མ་ཐང་ཆེན་དུ་སེར་སྐྱ་མི་མང་ཕོན་ཆེ་འདུ་འཛོམས་ཀྱིས་སྐད་འབོད་རྒྱབ་པར་དྲག་དམག་གིས་མནན་ཡོད་ནའང་། མི་མང་གིས་སྒྲོལ་མ་ཐང་ཆེན་དུ་ལུས་པའི་མེར་བསྲེགས་གཏོང་མཁན་གྱི་ཞབས་ལྷམ་མཐོང་སྟེ་སེམས་པ་མྱ་ངན་གྱིས་དྲག་ཏུ་གཡོ་བཞིན་༧རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་སྐད་ཤུགས་ཆེན་པོས་གསུངས་ཏེ་དམག་མིས་འདུ་འཛོམས་གྲོལ་དགོས་པའི་རེ་འདུན་བཏོན་ནའང་བོད་ནང་གི་ཕྱི་དྲོ་ཆུ་ཚོད ༣།༣༠ བར་གནས་འདུག་མ་ཟད། མང་ཚོགས་ཀྱིས་༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས༽ཞེས་སྐད་འབོད་བྱས་ཡོད་འདུག གྲྭ་མང་གིས་ཁོང་གསོན་རེ་ཐུབ་མིན་ལ་ཞབས་བརྟན་སྒྲུབ་ཀྱིན་ཡོད་ནའང་རོང་བོ་དགོན་ཆེན་གྱི་མཐའ་བསྐོར་ཡོངས་རྫོགས་ད་ལྟ་དྲག་དམག་གིས་མནན་འདུག
དེ་བཞིན་ད་ནངས་ཞོགས་པར་མེར་སྲེག་ལས་འགུལ་འདི་བྱུང་བའི་གནས་ཚུལ་བྱུང་མཇུག དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ཕྱི་དྲོའི་ཆར། རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། དབྱི་ཧྥུ་སློབ་འབྲིང་གཉིས་ཀྱི་སློབ་མ་རྣམས་ཁྲོམ་གཞུང་དུ་ཐོན་ནས། ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་མགོ་ཚུགས་ཡོད་པར། ས་གནས་ཉེན་རྟོག་པ་དང་དམག་མིས་བཀག་སྡོམ་འོག སློབ་གྲྭའི་ར་སྐོར་ནང་འཛོམས་ནས་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་དང་། རེབ་གོང་རྫོང་ཐོག་དང་དེའི་གཡས་གཡོན་གྱི་སློབ་ཆུང་སློབ་མ་དག་གིས་ཀྱང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་འདུག དགོན་པའི་འདབས་འབྲེལ་གྱི་མི་དམངས་དང་། གཞན་ཡང་། སྨད་པ་སྤེན་དཀར་ཐང་དགོན་པའི་དགེ་འདུན་པ་དང་ས་དེའི་མི་དམངས་མང་པོ་རོང་པོ་དགོན་པའི་ཕྱོགས་སུ་འགྲོ་བསྐྱོད་ཞུས་དང་ཞུ་མུས་ཀྱིས་མཚོན། དགོན་པ་དང་ཁད་ཉེ་རིང་གི་མི་དམངས་གང་མང་དེ་རིང་གི་མེར་སྲེག་ལས་འགུལ་འདིར་གདུང་སེམས་མཉམ་བསྐྱེད་དང་སྨོན་ལམ་ཆེད་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་ནའང་། གཞུང་དང་དམག་མིས་འདུ་འཛོམས་མཚམས་འཇོག་དགོས་པའི་དྲག་སྐུལ་འོག བོད་ནང་གི་ཆུ་ཚོད་གསུམ་དང་ཕྱེད་ཡོལ་ཙམ་ནས་མི་མདངས་རྣམས་རང་གནས་སུ་ལོག་མགོ་བརྩམས་ཡོད་འདུག
༼གནས་ཚུལ་ཡོངས་ཁུངས་ཁག་ཅིག་ནས་གནས་ཚུལ་མཁོ་སྤྲོད་དང་། གཞན་ཡང་། ཁ་པར་སོགས་ནས་གནས་ཚུལ་རྒྱུས་ལོན་བྱུང་རིམ་ནང་། དེ་རིང་རང་ལུས་མེར་སྲེག་གཏོང་མཁན་དགེ་འདུན་པ་འཇམ་དབྱངས་དཔལ་ལྡན་ལགས་འདས་གྲོངས་ཕྱིན་ཟིན་པའི་གནས་ཚུལ་དང་། འདས་གྲོངས་ཕྱིན་མེད་པར་ད་ལྟ་མྱུར་སྐྱོབ་ཀྱི་གནས་སྟངས་འོག་ཡོད་གནས་འབྱོར་བ་གཉིས་དུས་ཚོད་གང་འཚམ་གྱི་སྔ་རྗེས་རིམ་འབྱོར་བྱུང་རིམ་བཞིན་གསར་ལམ་ཁག་ཅིག་ཏུ་སྤེལ་ཡོད་ཀྱང་། ད་ལྟའི་ཆར་འདས་གྲོངས་ཕྱིན་མེད་པར་མྱུར་སྐྱོབ་ཀྱི་གནས་སྐབས་ན་ཡོད་འདུག༽
ཞི་བདེའི་དེད་དཔོན་མཆོག་གི་བཀའ་དགོངས་ལྟར།།
བྲིས་པའི་གདོང་དམར་བོད་པའི་མིང་བྱང་འདི།།
དགུང་དུ་འདེགས་པའི་དཔའ་བོ་དཔའ་མོ་ཚོའི།།
སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།
http://news.sina.cn/?sa=d5795001t124v71&sid=176153&vt=4 མཁས་བ་ཚོའི་འདི་ལ་ལན་ཞིག་གནང་རོགས་ཞུ།
དཔའ་བོ་ཁྱེད་མི་རིགས་འདིའི་གཟི་བརྗིད་ཉིད།།
སྙིང་སྟོབས་ཀྱི་མེ་དཔུང་དྲག་ཏུ་འབར།།
སྡུག་སྔལ་གྱི་ལོ་ཟླ་ཁུར་ཐབས་བྲལ།།
མྱ་ངན་འདི་སེམས་ཀྱི་རྨ་ཁ་ཡིན།།
ཁྱེད་ཀྱིས་སྐུ་སྲོག་དྲང་བདེན་དང་མི་རིགས་ཀྱིས་ཆེད་དུ་ཕུལ་བ་ལ་་རྗེས་སུ་ཡི་རིང་དང་དུང་སེམས་ཉམ་སྐྱེས་བྱེད་བཞིན་ཡོད་ལགས།ཁྱེད་ཀྱི་དགོང་བ་གཞན་དོན་དུ་ཕེབས་སོང་ན་་་སླར་ཡང་བོད་ཀྱིས་བདེ་སྡུག་ལ་གཟིགས་པར་མཁྱེན་མཁྱེན་ཞུ་་་རྒྱལ་སྲས་བྱང་ཆུབ་སེམས་དབའ་འཇམ་དབྱངས་དབལ་ལྡན་ལགས།
མྱ་ངན་གུས་འདུད་དང་བཅས་འདི་ནི་རེབ་གོང་གི་དྲན་ཐོ་རྡོ་རིང་ཞིག་རེད་ལ། རེབ་གོང་མུན་པ་གསལ་བྱེད་ཀྱི་སྒྲོན་མེ་ཞིག་ཀྱང་རེད།
མིའི་རིགས་ཀྱི་སེམས་དཔའ་ཆེན་པོ།
ད་ཅི་ཞིག་བྱས་ན་དགའ་འམ།
དཔའ་བོ་ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རངས་ཞུ།
ཁོང་གི་སྐུ་ལུས་ཀྱི་མེ་གསོད་མཁན་ནི་དོན་དངོས་ཀྱི་བོད་ཀྱི་དགྲ་བོ་དང་དཔའ་རྒོད་ལ་ངོ་རྒོལ། རྒྱ་ནག་གི་རོགས་སྐྱོར་ཚོགས་པ་ལྟ་བུ་རེད། རྒྱུ་མཚན་ནི། རྒྱ་ནག་གི་གཉེན་རྟོག་པས་ཞི་རྒོལ་བའི་ལུས་སྟེང་གི་མེ་གསོད་པ་ནི་སྲོག་ལ་གཅེས་བ་མིན་པ་གསོན་བཟུང་བྱས་དེ་མི་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཤེས་ཆེད། ཁོང་གི་འདོད་དོན་བཞིན་ཤི་མ་བཅུག་པ་སྡུག་ཤི་བྱེད་དུ་བཅུག་འདོད་པ་རེད། དེ་ནི་བོད་མི་རྣམས་ཀྱིས་ཤེས་གལ་ཆེ། མེ་གསོད་མཁན་ནི་སྡར་མ་དང་རྒྱུག་ཁྱི་རེད། མི་རིགས་ཀྱི་བླ་ཚོང་པ་རེད།
དཔའ་རྒོད་ཁོང་སྐུ་ཉིད་འདོད་དོན་བཞིན་ལྔ་ལམ་དུ་མགྱོགས་པོ་གཤེགས་པ་སྨོན། སྡུག་དེ་ཙམ་མཐོང་མ་དགོས་བ་འགྱོགས་པོ་གྲོངས་བ་སྨོན།
འཚོ་བ་ཇི་སྲིད་གདོང་དམར་བོད་པའི་ཕྱིར།།
བཞུད་པ་དེ་འང་བོད་པའི་བདེན་དོན་ཆེད།།
ཁྱེད་ཉིད་འཚོ་འམ་གཞན་དུ་བཞུད་ཀྱང་རུང་།།
བདེན་པའི་དཔལ་གྱིས་ཇི་སྲིད་ཁྱེད་ཉིད་རྒྱལ།།
རྒྱབ་ལྗོངས་ཀྱི་ལོ་རྒྱུས་སྔོགས་ནས་དེ་འདྲའི་རྣོ་ངར་ཆེ་བའི་ལས་འགུལ་བཙན་དབང་གི་ཐབས་ཤེས་སྣ་ཚོགས་སྤྱད་པའི་ཤེས་བྱ་འཚོལ་བསྡུ་བྱེད་ཆེད་རེད། རྒྱུ་མཚན་དུ་མ་ཞིག་གི་ཆེད་དུ་ལུས་སྟེང་གི་མེ་གསད་པ་ལས་རང་ལུས་མཆོད་སྦྱིན་བྱེད་མཁན་ཚོའི་སྲོག་ལ་གཅེས་བ་མིན།
སྐུ་ལུས་ན་མེ་འབར་བཞིན་པའི་སྐབས་མེ་གསོད་ཐབས་བྱེད་པ་ནི་སེམས་ཀྱིས་མ་བཟོད་པས་ཡིན་སྲིད་ཀྱང་དེ་ནི་ཕན་ཐོགས་རྒྱུའི་ཚབ་ལ་གནོད་སྐྱེལ་བྱེད་དུ་འགྱུར་ངེས་ཅན་ཡིན་པ་ནི་སྨྲོས་མ་དགོས་པ་ཞིག་རེད། བོད་ནང་བཞུགས་མཁན་ཚོས་དེ་འདྲའི་སྐབས་སུ་ངེས་པར་དུ་བློ་རྒྱ་ཆེར་བསྐྱེད་ཀྱིས་རང་ལུས་མེར་སྲེག་མཁན་གྱི་ཐུགས་དགོངས་རྫོགས་པར་རམ་འདེགས་བྱ་གལ་ཆེ་བ་ཡིན།
༄། རིག་འབྱུང་རྒྱ་མཚོ་སོཊ་ཁ་གསོན་པོ་ཅན་དེ་ཚོ་བཙན་བྱོལ་ནང་མི་འདུག་པར་རང་ཡུལ་ལོག་ནས་མེ་ལ་འབར་ན་དགའ་བསུ་ཡོད། དེ་མིན་ཅི་བཤད་རུང་སྙིང་བོ་མ་མཐོང་།
སྐུ་ཞབས་འཇམ་དབྱངས་དཔལ་ལྡན་གྱི་ལུས་སྟེང་གི་མེ་གསོད་མཁན་དེས་སྐུ་ཞབས་འཇམ་དབྱངས་དཔལ་ལྡན་ལ་གནོད་བྱས་པ་རེད། ད་རྒྱ་གཞུང་གི་སྡུག་ལས་སྣ་དགུའི་འོག་ངན་གསོད་བྱེད་ཀྱི་རེད།
དེ་བཞིན་རེད་་་་་་་་་་་་་་་མེ་གསོད་མཁན་ནི་དོན་དངོས་ཀྱི་བོད་ཀྱི་དགྲ་བོ་དང་དཔའ་རྒོད་ལ་ངོ་རྒོལ། རྒྱ་ནག་གི་རོགས་སྐྱོར་ཚོགས་པ་ལྟ་བུ་རེད། རྒྱུ་མཚན་ནི། རྒྱ་ནག་གི་གཉེན་རྟོག་པས་ཞི་རྒོལ་བའི་ལུས་སྟེང་གི་མེ་གསོད་པ་ནི་སྲོག་ལ་གཅེས་བ་མིན་པ་གསོན་བཟུང་བྱས་དེ་མི་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ཤེས་ཆེད། ཁོང་གི་འདོད་དོན་བཞིན་ཤི་མ་བཅུག་པ་སྡུག་ཤི་བྱེད་དུ་བཅུག་འདོད་པ་རེད། དེ་ནི་བོད་མི་རྣམས་ཀྱིས་ཤེས་གལ་ཆེ། མེ་གསོད་མཁན་ནི་སྡར་མ་དང་རྒྱུག་ཁྱི་རེད། མི་རིགས་ཀྱི་བླ་ཚོང་པ་རེད།
རྒྱལ་གཅེས་དཔའ་བོ་ཁྱེད་ཀྱིས་མི་རིགས་བཅངས་པའི་ལྷག་བསམ་ཞིག་གིས།
གཅེས་པའི་ལུས་སྲོག་མེ་ཁར་སྒྲོན།
དངོས་གནས་ཁྱེད་ཀྱི་ཐུགས་སྟོབས་ལ།
ངས་ནམ་ཡང་་རྗེས་སུ་ཡི་རང་དང་བླ་མེད་ཀྱི་གུས་འདུད་ཞུ
འཆི་ཡང་མི་རིགས་ལ་རྒྱའི་དོན་ཆེན་བསྒྲུབས། །སྲོན་ཀྱང་ལ་རྒྱའི་དཔུང་པས་མི་རིགས་སྐྱོབ། །གཞིས་སྡོད་དཔའ་ཐུལ་དག་ནི་གླང་ཆེན་ལྟར། །འཆི་གསོན་གཉིས་ཀར་རིན་ཐང་གཅིག་གིས་བསྒྲུན། །
མདོ་སྨད་རེབ་གོང་མི་མང་གི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ།
སྲོན་་་་གསོན་ལ་བཅོས།
༄། །སྐུ་ཞབས་འཇམ་དབྱངས་དཔལ་ལྡན་ལགས་ནི་རང་མི་རིགས་ཀྱི་ཆེད་དུ་བློས་གཏོང་མཛད་མཁན་གྱི་རྒྱལ་གཅེས་དཔའ་པོ་ཞིག་རེད་འདུག་ཁོང་ད་དུང་མི་རིགས་ཀྱི་ཆེད་དུ་བོད་ཁ་བ་ཅན་དུ་སླར་གསོན་པའི་ཐུགས་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་མཁྱེན་མཁྱེན་བཅས། བྱང་ཨ་རི་ནས་དགུ་རུམ་ཐུབ་བསྟན་ཤེས་རབ་པས་ཟླ་ཚེས་ལ།༢༠༡༢/༣ /༡༤/
མདོ་སྨད་རོང་པོ་དགོན་པོའི་དགེ་འདུན་པ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་རིང་མིན་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་འགྱུར་བ་མེད་པའི་ལྷག་བསམ་ལ་གུས་འདུད་ཞུ་རྒྱུ་ཡིན།
༡༽འཇམ་སྙན་གསུང་གིས་ཞི་བདེ་རབ་དྲངས་པས།།
༢༽དབྱངས་ཅན་ངག་གི་དབང་མོ་སྐྱེངས་མཛད་ཅིང་།།
༣༽དཔལ་དང་འབྱོར་བས་དྲེགས་པའི་རྒྱ་གཞུང་གི།།
༤༽ལྡན་མིན་འདུ་བྱེད་དཔོན་རྣམས་གདོང་ལྤགས་དབྲལ།།
བོད་ནང་ནས་མི་མང་གིས་བློས་གཏོང་ཆེན་པོ་བྱས་ཏེ། ལས་འགུལ་སྤེལ་བ་དང་། བློ་ཁོག་ཆེན་པོས་གནས་ཚུལ་ཕྱི་ཕྱོགས་སུ་བཏང་བ་ཁག དུས་གཅིག་ལ་བརྒྱུད་ལམ་ཚང་མར་གཏོང་ཐུབ་ན་ཁྱབ་བསྒྲགས་འགྲོ་རྒྱུར་ཕན་ཐོགས་ཆེ། བརྒྱུད་ལམ་གཅིག་ལ་བཏང་ན་ཕར་བཤུ་ཚུར་བཤུ་མི་བྱེད་པ་དང་། བརྒྱུད་ལམ་གཅིག་ལས་གཞན་ལ་མེད་དུས་ཁུངས་ལྡན་ཡིན་མིན་ལ་དོགས་པ་བྱས་ཏེ། བརྒྱུད་ལམ་ཚང་མས་གཅིག་གིས་གཅིག་ལ་བལྟས་ནས་འདུག་གི་འདུག དེར་བརྟེན་དུས་གཅིག་ལ་གཏོང་ཐུབ་ན། རྒྱལ་སྤྱིའི་བརྒྱུད་ལམ་ནས་ཀྱང་དོ་སྣང་བྱས་ཏེ། བོད་པའི་བརྒྱུད་ལམ་ནས་བཏོན་ཏེ། གང་སར་གཏོང་བ་སོགས་བྱེད་ཀྱི་འདུག དེ་བཞིན་ཐད་ཀར་རྒྱལ་སྤྱིའི་བརྒྱུད་ལམ་ལ་གཏོང་ཐུབ་ན་དེ་བས་བཟང་།
གནས་ཚུལ་ཁྱབ་བསྒྲགས་འགྲོ་མིན་ལ་ཁྱད་པར་ཆེན་པོ་ཤོར་བ་དེ་འདི་ནས་འགན་ཁུར་མཁན་གྱིས་ཁྱད་པར་ཆེན་པོ་འདུག
ཕྱོགས་ཞེན་འདྲ་བྱས་ཏེ་བརྒྱུད་ལམ་གཅིག་ལ་མ་བཏང་བ་དང་། དོ་སྣང་བྱེད་མ་ཐུབ་པར་བརྒྱུད་ལམ་གཅིག་ལས་གཞན་ལ་མི་གཏོང་བ་སོགས་རིགས་སྣ་ཚོགས་འདུག་པས། དོ་སྣང་གནང་གལ་ཆེ།
མདོ་སྨད་རེབ་གོང་ཚང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཁྱེད་ཚོའི་སྙིང་སྟོབས་ལ་ང་ཚོའི་སྤོབས་པ་དང་སྔགས་བརྗོད་ཡོད།
འཇམ་པའི་འཚེ་མེད་ཞི་བའི་བདག་དབང་རྩད།།
དབྱངས་ཀྱི་ང་རོས་མ་འོངས་བདེན་མཐའ་བསུ།།
དཔལ་ལ་འདྲན་པའི་བློ་གྲོས་ཇི་ཡང་མཐུས།།
ལྡན་པ་འདི་ཡང་བོད་པའི་གཟི་བརྗིད་ཉིད།།
འཇམ་པའི་འཚེ་མེད་ཞི་བའི་བདག་དབང་རྩད།།
དབྱཾངས་ཀྱི་ང་རོས་མ་འོངས་བདེན་མཐའ་བསུ།།
དཔཾལ་ལ་འདྲན་པའི་བློ་གྲོས་ཇི་ཡང་མཐུས།།
ལྡནཾ་པ་འདི་ཡང་བོད་པའི་གཟི་བརྗིད་ཉིད།།
ཾ
ཡེ་སྟོང་སྒྱུ་མའི་འཁྲུལ་གཞི་ཡེ་ནས་དག།
དག་པ་གསུམ་ལྡན་ཆོས་སྐུ་ཡེ་ནས་མངོན།།
གངས་ཅན་མགོན་པོ་པད་མ་ཀ་ར་ལ།།
གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ།།
ཟག་བཅས་ཕུང་པོ་འབྱུང་བཞིའི་ངོ་བོ་འདི།།
མི་རྟག་ཅིག་ཅར་ཟད་པ་ཆོས་ཉིད་ཡིན།།
དེ་ལུགས་མ་རྟོགས་བྱིས་པའི་རྩེད་མོ་ལ།།
རོལ་བའི་འཇིག་རྟེན་ཕོ་མོ་སྙིང་རེ་བརྗེ།།
དབང་བཞི་མནོས་ཤིང་དེ་དོན་མི་སེམས་པར།།
ངག་བཟླས་གྲངས་ཞེན་དབང་གྲལ་བསྙེག་ཐུབ་བྱེད།།
དེ་ཉིད་མི་སྒོམ་ཁ་ཡེངས་མིག་ཡེངས་བྱེད།།
ཡེངས་སྒོམ་བྱེད་པ་གངས་ཅན་བོད་པ་ཡིན།།
ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་བ་མེད།།
ཁ་ནས་མ་ཎི་བགྲང་བགྲང་བྱེད་ནའང་།།
དེ་དོན་མི་སེམས་མིག་སེར་ཆེ་བ་འདི།།
མ་བྲག་སྲིན་མོའི་རང་རྒྱུད་མངོན་ནམ་ཅི།།
ཐམས་ཅད་ལས་ལ་བཅོལ་བ་ལེ་ལོ་ཡིན།།
ལས་ནི་རྐྱེན་གྱིས་མ་བསྐྱེད་ཆེར་མི་འབྱུང་།།
ལས་འབྲས་མི་རྟོགས་གངས་ཅན་བོད་པ་ཚོ།།
རེམས་ཤིག་རང་དོན་རྩོད་པའི་དུས་ཡིན་ནོ།།
དབུ་མའི་ལམ་ལ་སྨོད་ནི་ཅི་ཐུབ་བྱེད།།
རང་བཙན་གཙང་མ་འཐོབ་པར་རེ་བ་བྱེད།།
གཞན་གྱི་ཆབ་སྲིད་མི་རྟོགས་བོད་པ་ཚོ།།
རང་དོན་རྩོད་ན་རང་གི་རིག་གནས་སློབ།།
ལ་ལས་ཁ་ནས་བོད་དོན་གླེང་ནའང་།།
ལྐོག་ནས་རྒྱ་མིའི་ཐོང་མཆན་འཐོབ་པར་རེམ།།
ངོ་གཉིས་འཁྲབ་པའི་སྣང་ཚུལ་འདི་རྟོགས་ན།།
ཞེན་ཁ་ལོག་ནས་བྲང་ཁ་གཟེར་གྱིས་ཁེངས།།
གཅེས་པའི་སྲོག་གི་མཆོད་མེ་སྒྲོན་པ་འདི།།
བདེན་མཐའ་རྩོད་པ་བོད་མིའི་སྙིང་སྟོབས་ཡིན།།
འདི་ལ་འགལ་འཁྲུལ་མེད་དོ་གངས་ཅན་པ།།
ད་ནི་ཞི་བདེའི་དར་ཆ་སྒྲེང་ན་ལེགས།།
དངོས་གནས་མེ་གསོད་མཁན་དེ་ཚོ་རྒྱ་མིའི་ཉུལ་མ་ཡིན་ཤེས་ཆེ་དོག་ཟོན་མཛད་རོགས་་་་་་་་་་་་་་་་་དབའ་བོ་ཁོང་ནི་མི་ཡུལ་གྱི་སེམས་དབའ་ཆེན་མོ་རེད་་་་་་་་་་་
དབའ་བོ་ཁོང་ནི་ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག།