པར་འདི་ནི་༢༠༡༢། ༣། ༨ ཉིན་རེབ་གོང་གི་སློབ་མ་ཚོས་སློབ་དེབ་རྒྱ་ཡིག་ཏུ་བརྗེ་བསྒྱུར་ལ་རེབ་གོང་སྒྲོལ་མ་ཐང་ཆེན་དུ་ངོ་རྒོལ་སྐད་འབོད་གནང་བཞིན་པ་རེད།
དེ་རིང་ཕྱི་ཚེས ༡༦ ཉིན་གནས་ཚུལ་ཐོན་གསལ་ལྟར་ན། རེབ་གོང་གི་སློབ་མའི་ངོ་རྒོལ་གནང་བར་བརྟེན་སློབ་གྲྭའི་དགེ་རྒན་རྣམས་ལ་ཐུན་རིན་རྫོང་སློབ་གསོ་ཅུའུ་ནས་བཀོད་ཁྱབ་སླེབས་ཏེ་བདུན་རེའི་གཟའ་མཇུག་ལའང་ངལ་གསོ་མི་ཆོག་པ་དང་། གཟའ་མཇུག་སྐབས་སློབ་གྲྭའི་ཕྱི་རོལ་དུ་ཐོན་མི་ཆོག་པ་བཟོས་འདུག
ཟླ་འདིའི་ཕྱི་ཚེས ༡༤ ཉིན་རྨ་ལྷོ་ཁུལ་ལག་ཤེས་སློབ་གྲྭའི་སློབ་མ་ཚོས་སློབ་གྲྭའི་ར་སྐོར་ནང་ངོ་རྒོལ་སྐད་འབོད་བྱས་པ་དང། གཞན་རེབ་གོང་ཐུན་རིན་རྫོང་བཅའ་སྡོད་སློབ་གྲྭའི་སློབ་མ་བརྒྱ་ལྷག་ཁྲོམ་སྲང་དུ་འབྱོར་ནས་ངོ་རྒོལ་སྐད་འབོད་བྱས་ཤིང་། སློབ་ཕྲུག་དེ་རྣམས་རེབ་གོང་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དུ་ཕྱིན་སྟེ་སྐད་འབོད་གནང་སྐབས། ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་དགེ་རྒན་རྣམས་ཀྱིས་འཛིན་ཁང་ནང་བཀག་སྟེ་ཕྱིར་བཏང་མི་འདུག་ཅིང། ཉིན་དེར་ཉིན་གུང་ཟ་མའང་འཛིན་ཁང་དུ་ཟ་དགོས་པ་ཆགས་འདུག ཕྱི་ཚེས ༡༥ ཉིན་ཐུན་རིན་རྫོང་སློབ་གསོ་ཅུའུ་ཟེར་བ་ནས་བཀོད་ཁྱབ་སླེབས་ཏེ་དགེ་རྒན་རྣམས་ཀྱིས་གཟའ་མཇུག་གི་གུང་གསེང་ཡང་བཏང་མི་ཆོག་པ་བཟོས་འདུག གནས་ཚུལ་ལྟར་ན་ཟླ་འདིའི་ཚེས ༨ ནས་སློབ་མའི་སློབ་དེབ་རྒྱ་ཡིག་དུ་བརྗེ་བསྒྱུར་ལ་ངོ་རྒོལ་གནང་འདུག་པ་དང་། སློབ་གྲྭ་ཁ་ཤས་དགུན་གནང་ཚང་སྟེ་སློབ་གྲྭ་ཚོགས་མཚམས་འཁེལ་ཡང་དུས་ཚོད་ཏག་ཏག་ཚོགས་མ་ཐུབ་པའི་དཀའ་ངལ་བྱུང་འདུག
སློབ་དེབ་རྒྱ་ཡིག་ཏུ་བརྗེ་བསྒྱུར་ཐད་རེབ་གོང་ཁུལ་གྱི་སློབ་གྲྭ་ཆེ་ཆུང་གི་སློབ་མ་ཚང་མས་ངོ་རྒོལ་སྐད་འབོད་གནང་ཡང་ད་བར་རྒྱ་གཞུང་གིས་ལན་གང་ཡང་སྤྲད་མི་འདུག
སོན་རྩ་ནི་སོན་རྩ་རང་རེད།
中国人大不是人,
ཁྱེད་ཅག་ནི་མ་འོངས་རེ་བ་དང་རྒྱུད་འཛིན་རེད་སེམས་ཤུགས་སྐྱེད་དང་རེ་བ་འགྲུབ་ངེས།
“རྒྱ་གཞུང་གིས་ལན་གང་ཡང་གནང་མི་འདུག”
འདི་ལྟར་བྲིས་ན་ག་འདྲ་འདུག རྒྱ་གཞུང་ཉེན་རྟོག་པས་བོད་མི་མང་པོ་དམར་གསོད་བཏང་གནང་སོང་།
ཨ་ལེ། ངའི་ཁྱི་དེས་དེ་རིང་བཞེས་ལག་མཉེས་པོ་ཞེ་བོ་གནང་སོང་། ཞེ་ས་འདི་གལ་ཆེ་གི་ཡ།
རྒྱ་ནག་གིས་བོད་ཀྱི་སློབ་བུ་མང་པོ་འཛིན་ཟུང་བྱེད་འཆར་ཡོད་པ་ངས་ཚོད་དབག་བྱས་ན་ཤེས་ཀྱིན་འདུག་་་་བོད་ནས་གསར་དུ་ད་ལོ་ཡོང་ནི་་་ངས་རྒྱ་ནག་གི་གཡོ་རྒྱུ་མང་པོ་ཤེས་རྟོགས་བྱུང་ཡོད།
ག་དུས་ཡིན་ན་ཡང་མི་མང་ལངས་སམ། སློབ་ཕྲུག་སྡེབ་ལངས་ཀྱི་ཞི་བའི་ངོ་རྒཽལ་མུ་མཐུད་ནས་གནང་དགོས་འདུག་གོ །
中国人大人是,