ནམ་མཁས་༡༥/༣/
རེབ་གོང་རྒྱལ་བོ་ལྡོང་ངེ་རུ་༼ཚེ
ཁོང་གི་གཅེན་པོའི་མིང་ལ་དགེ་ལེ
ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐ
ངས་ཁོ་ལ་ཁྱེད་རང་འཇིགས་སྣང་སྐྱེ
དེ་རིང་གི་དཔའ་བོ་འཇམ་དབྱངས་
ལོ་ཤས་སྔོན་ལ་རྒྱ་གཞུང་གིས་དགེ
༡༩༩༢ལོའི་ཧོར་ཟླ་བཞི་བའི་ནང་རེ
གང་ལྟར་ཁོང་གཅེན་གཅུང་གཉིས་རྒྱ་
དྲག་དམག་དཀྱིལ་གྱི་རེབ་གོང་ཤར་
ཁ་སང་༡༤/༣/ཉིན་དཔའ་བོ་འཇམ་དབྱ
དེའི་སྐབས་རེབ་གོང་གི་ཤར་སྤྲུལ་
ངས་འདི་ནས་གསུངས་བཤད་ཁུང་ལྡན་
ཕན་གནོད་གང་འབྱུང་མིན་ལ་ཐེ་ཚོམ་
མེ་མདའི་འོག་གི་རེབ་གོང་ཤར་སྤྲུ
ཟླ་འདིའི་སྔོན་མའི་ཕྱི་ཟླ་གཉིས་
དུས་འཁོར་དབང་ཆེན་གནང་བའི་འགོ་
ནམ་མཁའ་ལགས་་་་ཐུགས་རྗེ་ཆེ་་་འདི་བྲིས་བ་ནོར་མེད་ཀི་་་་གང་ལྟར་ཀྱང་་་རྒྱ་ནག་ལ་ནུས་པ་ཡོད་ན་་་གནས་ལུགས་བཤད་མཁན་ཚང་མ་འཛུན་ཟུང་བྱེད་འཆར་ཡོད་ཡོད་པ་རེད།།གཡོ་ཐབས་ཀྱི་ངོ་བོ་བརྒྱུད་ནས་འཛུན་ཟུང་བྱེད་པ་མ་གཏོགས་་་ངོས་སུ་ཡུལ་ལུང་དེའི་བླ་ཆེན་དང་མི་ཆེན་ཚོ་འཛུན་ཟུང་བྱེད་པའི་ཕོད་པ་མེད་་་་རྒྱུ་མཚན་ནི་མི་དམངས་ཀྱིས་ཡར་ལངས་བྱེད་རྒྱུ་རེད་ཉམས་པས་ཡིན།
རེད་རེད། སྐལ་ལྡན་རྒྱ་མཚོ་དང་འཇམ་དབྱངས་བཤད་པ་སོགས་སྐོར་ཞིག་ཡོད།
ལྷ་ལྡན་ཟེར་པ་ནང་དཀྲུག་པ་ཁྱོས་ཉོན་ཨ།ཤར་སྤྲུལ་དང་འཇམ་བཞད་སོགས་ཀྱི་བཀའ་དྲིན་ལས་མདོ་སྨད་དེ་ཆོས་རིག་དང་མི་རིགས་ཀྱི་ལ་རྒྱ་གང་ཆ་ནས་འབུར་དོད་ཅིག་ཆགས་རེད་ད།བོད་ཆོལ་གསུམ་གྱི་མཐུན་སྒྲིལ་ལ་བསམ་ན་བླ་ཆེན་དེ་ཚོར་རྒྱ་དམར་ནང་བཞིན་མཚན་སྨད་མ་ཞུས་ན་ལེགས།
ལྷ་ལྡན་གྱིས་ཤར་སྤྲུལ་གྱིས་གསུང་བཤད་ཡག་པོ་གོ་ཡང་མི་འདུག་ལ། ཡག་པོ་ཞིག་ཀློག་ནས་ད་གཟོད་མཆན་བྲིས་ན་ལེགས། སྤྱིར་ཁྱེད་རང་རྒྱ་དགའ་ཞིག་ཡིན་ས་རེད།ནང་དཀྲུགས་བྱེད་མཁས་བོ་རེད།
ཤར་སྤྲུལ་ལགས་ཀྱིིས་དམངས་ཚོགས་ལ་སྐད་ཆ་ཡག་པོ་བཤད་འདུག དངོས་གནས་རེད། ད་ནི་ཐབས
་མཁས་ཀྱི་ངང་ནས་རྩོད་གླེང་བྱེད་པའི་དུས་ཚོད་ཡིན།
རེད་རེད། བྲག་ཞོལ་སྤེན་པ་དང་ཁ་བ་སྐྱབས་སོགས་སྐོར་ཞིག་ཡོད།
ལྷ་ལྡན་ལགས་ནས་ཅི་ཞིག་བསམ་ཀྱིན་པ་གསལ་བོ་ཤེས་ཀྱིན་མི་འདུག་སྟེ། དངོས་ཡོད་གནས་སྟངས་ཚུལ་བཞིན་གསུངས་རྒྱུ་གལ་ཆེན་རེད། ལྷག་ཏུ་རྒྱ་གཞུང་གིས་ག་ལེར་མི་རེ་རེ་བྱས་ནས་རྒན་གཞོན་དབྱེ་མེད་ལ་བཙུར་མནོན་བྱེད་སྟངས་ང་ཚོས་ཤེས་གསལ་ཡིན་ན། དེའི་ཕྱིར་གནས་ཚུལ་གང་ཡང་གསལ་བོ་བཟོ་རྒྱུ་གལ་ཆེན་རེད། བསམ་བློ་ཞིབ་ཏུ་བཏང་ན་རྒྱ་ནག་གཞུང་གི་མེ་མདའི་ཁ་མི་མང་གི་དཀྱིལ་ལ་བསྐོར་རྒྱུ་ཐེ་ཚོམ་ཅི་ཡང་ཡོད་བ་མ་རེད། སྤྱིར་རྒྱ་ནག་གཞུང་གི་བྱེད་ལས་འདི་རྒྱལ་སྤྱིའི་སྒང་ན་གདུག་རྩུབ་ཅན་འགྲོ་བ་མིའི་རང་དབང་རྡོག་རོལ་ཏུ་གཏོང་ཀྱིན་པ་ངོས་འཛིན་ཡོད་བ་རེད་དེ། དེ་ཙམ་གྱི་ནུས་ཤུགས་ཅིག་མི་མང་ཉམས་ཐག་ཚོའི་སར་ལ་སླེབས་ཐུབ་ཀྱིན་མེད་པ་གསལ་བོ་རེད། རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ཉིན་མོ་གཅིག་ལ་རྡུལ་འཚུབ་སེ་གཏང་བཞག་ན་དགེ་མཚན་གང་ཡང་ཡོད་བ་མ་རེད། ག་ལེར་དུག་སྤྲང་ནང་བཞིན་འཐབ་རྩོད་ཅིག་དང་བློ་ཐབས་ལ་བརྟེན་ནས་མང་མང་སྲུང་སྐྱོབས་དགོས་གལ་ཤིན་ཏུ་ནས་ཆེ་བ་འདུག མདོ་དོན་གནས་ཚུལ་གང་བྱུང་ཟིན་པ་དག་དངོས་ཡོད་ཀྱི་སྒོ་ནས་དྲིལ་བསྒྲགས་བྱེད་རྒྱུ་གལ་ཆེན་རེད། ད་བར་དུ་འུ་ཅག་གི་གནས་ཚུལ་མང་ཆེ་བ་ཚུལ་བཞིན་དུ་རྒྱལ་སྤྱིའི་སྒང་ལ་བསྒྲགས་མ་ཐུབ་པ་དང་བསྒྲགས་དབང་མེད་པའི་ཆ་ནས་ལུང་ཁུག་གི་གནས་སྟངས་དང་བོད་ཡིག་དྲ་རྒྱ་ཁག་གི་གསར་འགྱུར་རང་ཆགས་བསྡད་འདུག་བསམ་ཀྱིན་ཡོད།
རྒྱལ་གཅེས་དཔའ་བོ་འབྱམ་དབྱངས་དཔལ་ལྡན་ལགས་ཟེར་བྲིས་ན་མི་ལེན་ནམ། ཁྱོད་དང་འདྲ་འདྲའི་སྣང་བ་དེ་དོར་ན་དགའ། དཔའ་བོ་དཔའ་བོ་མི་ཟེར་དགོས་དོན་ཅི། ངོ་ཚ་་་་་།
བླ་ཆེན་འདི་དག་ནམ་ཡང་སྡར་མ་ཡིན། བླ་མ་མེད་ན་བོད་ཀྱི་ལུང་པའང་བརླགས་མེད། སྲིད་དོན་བླ་མ་ལ་ཉན་པ་ནི་རྒྱལ་ཁམས་འཇིག་པའི་སྔ་ལྟས་རེད།
དཔའ་རྒོད་ཚོས་བློས་བཏང་ལ་ལྟས་ན་སེམས་ཤུགས་འཕར་པའི་འཚོར་བ་སྐྱེས་ཀྱང་། སྲིད་དང་འཇིག་རྟེན་ལ་རྨོངས་བའི་བླ་མའི་ངག་ལ་ཉན་པ་བལྟས་ཚེ་བོད་ལ་རེ་བ་མེད་པ་མཐོང་། རྔ་བ་ཀིརྟིའི་རྒྱབ་སྐྱོར་དུ་ཀིརྟིའི་དགོན་ཁག་གཞན་དག་མ་ལངས་རྒྱུ་ཀིརྟི་ཚང་གིས་སྐུལ་མ་གནང་བ་སོགས་ནི་དོན་གྱིས་ལྷ་སྒྲུང་གཅིག་གི་གཏམ་རྒྱུད་ཡིན་ཞིང་། ཧོ་ཡི་ཞེན་འདོད་ཀྱང་དེ་ལྟར་ཡིན་པས་རྒྱ་ལ་རྒྱབ་སྐྱོར་བྱས་བ་བློ་ཕམ་གྱི་གཞི་རེད། ཆོས་ལུགས་བླ་མ་ཉན་དགོས་བ་ལས་སྲིད་ལུགས་བླ་ཁ་ཉན་པ་ནི་རང་ཉིད་ཕུང་བའི་གཞི་མ་ཡིན། ཁྱིམ་གཅིག་གི་ཉན་ན་ཁྱིམ་དེ་ཕུང་ལ། མི་ཞིག་གིས་ཉན་ན་མི་དེ་ཕུང་།
དམ་པ་ཁོང་ལ་ཡི་རང་དང་གུས་བཀུར་ཡོད་དེ་མིན་མང་པོ་ཞིག་གི་གཏམ་ངན་ལ་ཉན་ནས་བྱེད་ཀྱི་ཞིག་ཡོད་པ་མ་རེད།
རྔ་བའི་མེ་ལྕེ་ད་ཕྱོགས་གང་སར་ཁྱབ་བཞིན་འདུག་་་་་་
རེབ་གོང་སྐྱབས་མགོན་ཀྱིས་གསུངས་བ་བདེན་པ་རེད་་་
”ང་ཚོ་ཆ་ཚང་གིས་ཤེས་གསལ་རེད་༢༠༠༨ལོར་བོད་མི་ག་ཚོད་ཞིག་གི་ཚེ་སྲོག་ཤོར་སོང་བ་རེད།
ད་ང་ཚོ་བོད་མིའི་ཚེ་སྲོག་ཤོར་བ་མང་མེད་ན་ཉུང་སྐྱོན་མེད།” དེ་ངོས་འབྲེལ་རེད།
༼བོད་མིའི་ཚེ་སྲོག་ཤོར་བ་མང་མེད་ན་ཉུང་སྐྱོན་མེད།༽ ཇི་འདྲའི་ལྗིད་ཆེ་བའི་གསུང་ཞིག་ཨང། རེབ་གོང་སྐྱབས་མགོན་མཆོག་གིས་ཕྱོགས་བསྡོམས་གནང་བ་འདི། མི་ལོ་དྲུག་ཅུའི་རིང་གི་བོད་ཀྱི་ལོ་རྒྱུས་ལ་ལོ་རྒྱུས་སྡོམ་ཆིག་བཀོད་པ་ཞིག་ཆགས་འདུག ཁོང་གི་ཐུགས་སྟོབས་ལ་ཡི་རང་ཞུ།
བོད་ལ་རང་བཙན་རེག་པ་ཡིན་ན། ས་ཡ་་དྲུག་ལས་ས་ཡ་ལྔ་ཤི་ཡང་ཁེ་མེད་ན་གྱོང་མེད་པ་ཤེས་དགོས། མིག་རྒྱང་རིང་ཙམ་གཟིགས་རོགས། རང་བཙན་རེག་ཀྱང་མ་རེག་ཀྱང་། མི་སྲོག་བཏང་ནས་འཐབ་རྩོད་བྱེད་དགོས་པ་དེ་ང་ཚོར་ཆོས་ཉིད་གནམ་གྱི་རྒྱལ་མོས་གནང་བའི་བཀའ་ཡིག་རེད། རང་ཉིད་འཆི་མི་ཐུབ་ཀྱང་མི་གཞན་བོད་དོན་ཆེད་དུ་སྲོག་གཏོང་བར་བཀག་འགོག་བྱེད་མི་རུང་།
ལྷ་ལྡན་ལགས། དམར་ལྷོག་ལྷོག་གི་སྙིང་ཁུང་ན་ཡོད་པའི་བསམ་ཚུལ་དངོས་མ་ཕྱི་ལ་བཏོན་པ་ཡག་གི། གཞི་ནས་སྐུ་ཉིད་ཀྱང་གསོན་མི་ཐུབ་ལ་འཆི་མི་ཕོད་པ་ཡུལ་གྱར་བོད་མིའི་གྲལ་དང་། འཐབ་རྩོད་ཀྱི་ཉི་མ་ནམ་ཤར་ལ་ངང་སྒུག་བྱེད་མཁན་མི་ཆེན་དེ་དག་གི་གྲལ་ཡིན་པ་གཏོགས་སོང་། ལག་ནས་ཅི་ཡང་མི་འཇོན་ན་ཡང་ཁ་རྒྱགས་པ་ཁྱོད་ཀྱི་བསམ་གཞིགས་རྣལ་མ་བྱེད་ཀྱིན་པའི་ཁུལ་རེད། རང་བཙན་གྱི་ཆེད་དུ་མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་མི་ཆུང་བ་ཞིག་ཡོད་རྒྱུ་རེད། གནས་ལུགས་འདི་སྐུ་ཉིད་ཀྱི་ཁ་གསལ་བོ་མ་བཟོས་རུང་བོད་མི་མང་གི་མཁྱེན་མཁྱེན་པ་རེད།
ཕྲན་གྱིས་འདི་ནས་སྐུ་ཉིད་ཕུད་འདེད་བྱེད་དོན། སྐུ་ཞབས་ལྷ་ལྡན་ལགས། ཁྱེད་ཉིད་ལ་བོད་མི་སྤྱི་དང་མི་འདྲ་བའི་གནམ་དཔྱོད་ཅིག་དང་། བོད་མིའི་ཁ་གྲངས་ལ་བབས་པའི་ཁེ་གྱོང་གི་འཆར་འགོད་ཅིག་ཡོད་པས་ཡིན། ཡིན་ནའང་རྩིས་གཞི་འདི་བསམ་ཀྱིན་བསམ་ཀྱིན་བདག་གི་མགོ་ཐོམས་སོང་། རང་སྲོག་བློས་གཏོང་གི་མེ་རླབས་འདི་འཕྱུར་ནས་དེ་རིང་བར་དུ་ཁྱེད་ཐེ་བའི་ཡུལ་གྱར་བོད་མི་དག་གྲ་སྒྲིག་གི་དུས་ཚོད་འདང་ཚོད་ཡོད། གོ་ཐོས་ལ་རྐང་བ་མེ་སྲེག་གཏོང་མཁན་གཅིག་དང་དཔུང་བ་མེ་སྤར་མཁན་གཅིག་ལས་ཡུལ་གྱར་བོད་མིའི་ཁྲོད་ནས་བྱུང་མེད་པ་འདྲ། རྒྱུ་མཚན་ཅི་ཡིན་ནམ། དྲི་བ་འདི་ལ་ལྷ་ལྡན་ལགས་ནས་ལན་འདེབས་བྱེད་པའི་རེ་བ་ཤིན་ཏུ་ནས་ཆེ།
བདག་གི་བསམ་སྣང་ལ་སྐུ་ཞབས་ལྷ་ལྡན་ལགས་ལ་སེམས་ཤུགས་རི་རབ་འདྲ་བོ་ཞིག་ཡོད་གིན་ཡོད་གིན་རང་ལ་ཞེན་ཆགས་དོན་ཅིག་འདུག་གམ། གནས་ལུགས་འདི་ལ་བོད་མི་མང་རྒྱུས་མངའ་ཧ་ཅང་ཆེ་ཚོད་ཡོད། རང་བལྟ་མཆོག་འཛིན་དང་ང་རྒྱལ་ཁེངས་གྲགས། གཡོ་སྒྱུ་ཁྲམ་མ་སོགས་རང་ཉིད་ལས་ཅི་ཡང་བསམ་མི་ཐུབ་མཁན་ཞིག་གིས་ལས་དོན་ཅི་ཞིག་འགྲུབ་མིན། ཨ་ཁུ་དགེ་བཤེས་ཚོ་ལ་སྐད་ཆ་འདྲི་རོགས།
ལྷ་ལྡན་ལགས། གལ་སྲིད་བོད་མི་མང་གིས་ཉིན་གཅིག་ལ་རྡུལ་འཚུབ་སེ་ཡར་ལངས་ནས་རང་སྲོག་འབེན་ལ་བཞག་རེ་སོང་ན། སྐུ་ཉིད་ལ་རང་བཙན་ཐོབ་མིན་ཐད་གདེང་ཚོད་ཅི་ཙམ་ཞིག་ཡོད། དེ་རིང་གི་སྐད་ཆ་འདི་དག་ཐོལ་བྱུང་ཙམ་ཡིན། དུས་ལྟར་ལན་རེ་འབྱོར་སོང་ན་བོད་མི་མང་ལ་ཕན་ཐོགས་མིན་མི་ཤེས་སྟེ་བསམ་ཚུལ་གང་ཡོད་པ་བརྗོད་འདོད་ཡོད།
ནག་ཐར་སྐྱིད་ལགས། ཁྱེད་ཀྱིས་སྐད་བསམ་བློ་གུ་ཡངས་ཀྱི་སྐད་ཆར་ངས་གུས་ཞབས་ལན་བརྒྱར་ཞུ། བལྟས་ཚོད་ལ་ཁྱེད་ཀྱང་ང་དང་འདྲ་བར་སེམས་ཤུགས་ཡོད་ཀྱང་འཆི་མི་ནུས་པའི་མི་ཞིག་ཡིན་ངེས། དེ་ངེད་གཉིས་ཐུན་མོང་གི་ཞན་ཆ་ཞིག་རེད།
ཁྱེད་ཀྱིས་ངེས་པར་དུ་ལན་འདེབས་བྱེད་དགོས་པའི་སྐད་ཆ་དེར་ངས་ལན་འདེབས་ཆོག།
བོད་མི་རིགས་ཀྱི་འཐབ་རྩོད་ཁྲོད་ཀྱི་རང་ལུས་མེར་བསྲེགས་གཏོང་མཁན་ཐོག་མ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་རེད། དེ་ཁྱེད་ཀྱིས་སེམས་ལ་ངེས་པར་དུ་འཛིན་དགོས་པའི་གནད་དོན་གཅིག་ཡིན། བཙན་བྱོལ་ནང་བོད་པ་འབུམ་གཅིག་དང་ཕྱེད་ལས་མེད་མོད། རང་ལུས་མེར་བསྲེག་གཏོང་མཁན་གསུམ་བྱུང་ཡོད། གཞིས་ལུས་ས་ཡ་དྲུག་གི་ཁྲོད་ནས་མི་ཉེར་དགུ་མེར་བསྲེགས་ལས་འགུལ་ཁྲོད་ཞུགས་ཡོད། འདི་གྲངས་ཀའི་གནད་དོན་ཞིག་རེད། གྲངས་འབོར་འདིའི་ཁྲོད་ནས་བཙན་བྱོལ་བ་བརྒྱ་ཆའི་མཐོ་སར་སླེབས་ཡོད། ཤེས་སོང་ངམ། <> ང་ལ་གདེང་ཚོད་སྤུ་ཙམ་མེད། འོན་ཀྱང་གདེང་ཚོད་ཡོད་མིན་དེ་གནད་དོན་གཙོ་བོ་མ་རེད། མིག་སྨན་མིག་གཏོང་དེ་གནད་དོན་གཙོ་བོ་རེད། གནས་སྐབས་དེ་ཙམ་བྱ།
བོད་རྒྱལ་ཁབ་ཀྱི་ཆེད་མི་འབུམ་གཅིག་ལྷག་གི་རང་སྲོག་བློས་གཏང་བྱས་པར་ལྷ་ལྡན་ཁྱོད་ནས་ཞིབ་འཇུག་ཡག་པོ་གྱིས་༡༩༤༩ ནས་༡༩༦༩ བར་
མདོ་ཁམས་ཆུ་བཞི་སྒང་དྲུག་ནས་དཔའ་བོ་ཁྲི་ཚོ་མང་པོའི་རང་སྲོག་བློས་གཏང་བྱས་པ་རེད་བོད་རྒྱལ་ཁབ་ཀྱི་དོན་དུ་རྒྱ་གུང་བྲན་ཡང་མི་ཉུང་བ་གསད་པ་རེད་།
ཁྱེད་ཀྱི་སྐད་ཆ་་དེར་ཁྱོ་མི་འདུག གླིང་གེ་སར་ལགས། ང་ཚོས་རྟ་བཤད་སར་ཁྱེད་ཀྱིས་སྒ་བཤད་ཀྱིན་འདུག ཅི་ཡང་མི་ཤེས་ན་ཁ་ཙུམས་ནས་སྡོད་དང་ཁྱེད་ངག་ལྐུག་རེད་ལབ་མཁན་ཡོད་པ་མ་རེད།
ལྷ་ལྡན་ལགས། དུས་ལྟར་ལན་འབྱོར་སོང་བས་དགའ་ནས་ཡོད། ཡིན་ནའང་འུ་གཉིས་ལ་འདྲ་མཉམ་གྱི་ཞན་ཆ་ཞིག་ཡོད་པ་འདི་བཞིན། བློའི་འཁྱེར་སོ་མ་འདྲ་བ་ཅི་ཡིན་ནམ།
དང་པོ། ཕྲན་གྱིས་སྔོན་འདིར་བརྗོད་པ་བཞིན་བོད་མི་མང་སྡེབས་གཅིག་ལ་མེ་མདའི་ཁ་གཏད་དུ་ལངས་ནས་ཕུང་བོའི་རི་བོ་མཉམ་པའི་དབང་དུ་བཏང་རུང་། སྐུ་ཉིད་ལ་རང་བཙན་ལེན་ཐུབ་པའི་གདེངས་ཚོད་ཅི་ཡང་མེད་པ་ལྟར་ན། དོན་དངོས་ལ་ཁྱེད་ཀྱིས་ཅི་ཞིག་བསམ་ནས་འུར་རྒྱག་གི་ཡོད། བཤད་ཕོད་ཅིང་བསྒྲུབས་མི་ཕོད་པ་འུར་ཆེ་ཡང་ཐོག་རེག་མེད་པའི་བྱེད་ལས་འདི་རིགས་ཁ་སང་དེ་རིང་རིན་ཐང་ཅི་ཡང་ཡོད་བ་མ་རེད། རྒྱུ་མཚན་སྤྱི་དོན་བཤད་ན་གནད་ལ་འཁེལ་ཞིང་འབྲས་བུ་སོན་ཐུབ་པའི་བློ་སྤོབས་འདང་ཚོད་ཅིག་ཅིས་ཀྱང་མེད་དུ་མི་རུང་། ལྷག་པར་དུ་སྐུ་ཉིད་ཀྱིས་གསུང་༼བོད་དོན་ཆེད་དུ་སྲོག་བློས་གཏོང་བར་བཀག་འགོག་བྱེད་མི་རུང་༽ཞེས་བ་ལྟ་བུ་རེད། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་སྐད་འདི་ཤོར་སོང་བ་ཡིན་ནམ། གནས་ལུགས་ཅི་ཡང་མེད་པའི་ཨག་སྐད་ཅིག་ཤོར་སྲོལ་མེད་བ་ལྟར་ལན་འདེབས་ཡོང་བ་ཞུ།
གཉིས་བ། དགོངས་སེལ་དང་ལྷན་དུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་བདག་སེམས་ན་ལྷམ་མེར་ལྷུན་ནེ་བཞུགས་ཡོད། བོད་གངས་ཅན་པའི་དཔའ་བོ་དག་གྲངས་འདྲེན་བྱེད་ཕྱོགས་ཐད་ནས་གླེང་སློང་མང་ཙམ་བྱུང་དང་འབྱུང་བཞིན་པར་བརྟེན། སྐད་ཆ་གསལ་བོ་བཀའ་ཁྲི་བློ་སེང་མཆོག་གིས་བཟོ་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ། གཞན་རྐང་བ་མེར་གཏོང་དང་དཔུང་བ་མེར་སྤར་མཁན་རྣམ་གཉིས་ལ་རྒྱུས་ལོན་མང་ཙམ་དང་ཁ་གསལ་གཏིང་གསལ་གྱི་བཅར་འདྲི་རེ་བྱས་ནས་དཔའ་བོའི་མཚན་སྙན་ག་ལེར་བསྒྲགས་ན་འགྲིག་གི་རེད། ལས་དོན་འདི་ལྷ་ལྡན་ལགས་ཀྱི་ལས་སྐལ་ཆགས་ཡོད་པ་འདྲ།
མདོ་དོན་བོད་ཕྱི་ནང་གཉིས་ཀྱི་ཁ་གྲངས་ལ་བབས་པའི་ཁེ་གྱོང་གི་སྐད་ཆ་ཞིག་བཟོ་བཞིན་པ་འདི་རེད། སྤྱིར་ནས་བོད་དོན་ལ་བསམ་གཞིགས་བྱེད་མཁན་ཞིག་དང་ཤ་ཚ་ཡོད་མཁན་ཞིག་ཡིན་ཚེ་གླེང་སློང་འདི་འདྲ་ཡོང་སྲིད་པ་མ་རེད་དེ། སྐུ་ཉིད་ཅུང་ཙམ་ཐོམས་འདུག་པའི་བཟོ་འདུག་ན་དེ་ལུགས་བཞིན་གསལ་འགྲེལ་བྱེད་རྒྱུ་གལ་ཆེན་ལ་བརྩིས་བ་ཡིན།
ལྷ་ལྡན་ལགས། བསམ་གཞིགས་ཡང་དང་བསྐྱར་དུ་བྱོས་དང་། བོད་ནང་གི་ད་ལྟའི་གནས་སྟངས་མིག་གིས་ཕར་བལྟ་ཚུར་བལྟས་ཙམ་ཡང་སྲིད་དབང་སྒེར་འཛིན་པའི་དོགས་གཞི་བྱེད་ཡུལ་ཆགས་བསྡད་ཡོད་བ་རེད། ལུས་སྟེང་ན་མེ་ལྕེ་ལྷབ་ལྷབ་དུ་འཆད་ཀྱིན་པའི་སྒང་ལ་ལྕགས་དབྱུག་གིས་རྐང་བ་ལ་བསྣན་པའི་མྱོང་ཚོར་ཅི་འདྲ་ཞིག་ཡིན་ནམ། གསོན་པོ་བཙན་གྱིས་ཁྲིད་ནས་བཤས་ར་ན་ཡོད་པའི་སྐམ་ལུག་བཞིན་བར་སྣང་ལ་དཔྱངས་ནས་མནར་གཅོད་གཏོང་བ། བར་འདི་ནས་སྐུ་ཉིད་ཀྱི་བློ་ལ་ཅི་ཞིག་འཆར་ཡོད་དམ། ཁ་གསལ་གྱིས་ལན་འདེབས་རེ་བྱེད་རོགས།
རྒྱལ་སྤྱིའི་མིག་ལམ་ནས་རྒྱའི་གཞུང་ཚབ་འགྲམ་གྱི་རྐང་ལྷམ་སྒང་ལ་ས་སྣུམ་བྱུགས་པའི་བྱེད་ལས་འདི། བདག་གིས་ཁ་གསལ་གྱིས་གློག་བརྙན་འཁྲབ་པ་རང་རེད་ཟེར་འདོད་བྱུང་། གོ་ཐོས་ལ་དཔུང་བ་མེར་སྒྲོན་མཁན་གྱི་རང་སྲོག་བློས་གཏོང་བྱེད་འདོད་མེད་ཚུལ་ཁོ་རང་ནས་ངོས་ལེན་བྱས་ཡོད་པ་འདྲ། སྐུ་ཉིད་ཀྱིས་ཅི་ལྟར་བསམ་གཞིགས་བྱེད་ཀྱིན་ཡོད། བོད་སྤྱི་བའི་ལས་དོན་འདི་གཅིག་གིས་གཅིག་ལ་ཕུད་འདེད་ཀྱིས་འཆི་ལམ་ལ་བསྐྱལ་དགོས་བ་ཞིག་རེད་དམ། བོད་ཕྱི་རོལ་ན་ནམ་རྒྱུན་དུ་ནས་བོད་སྤྱི་བའི་དོན་ལ་རང་སྲོག་བློས་གཏོང་བྱེད་འདོད་ཡོད་ལབ་ནས་དཔའ་སྐད་འཐེན་མཁན་གང་མང་མང་ཡོད་ལ། དུས་ལ་བབས་ན་འཐབ་རྩོད་ལ་ངང་སྒུག་བྱེད་མཁན་རྐྱང་རྐྱང་ཡིན་པ། གལ་སྲིད་ཡིད་མི་ཆེས་ན་བོད་ཕྱི་རོལ་གྱི་ཡིག་ཚགས་སྔོགས་རོགས། མི་ཆེན་དང་ཚོགས་ཆེན་ལ་དྲི་བ་ཕྲིས། ད་ཐེངས་འདི་ཙམ་གྱིས་ག་ལེར་ཡིན་ད།
ནག་ཐར་སྐྱིད་ལགས། དྲང་མོར་བཤད་ན་ཚིག་མཚོན་མེད་པའི་ཁྱེད་ཀྱི་སྐད་ཆ་་འདི་དངོས་གནས་གུས་བཀུར་ཞུ་འོས་པ་ཞིག་རེད། མི་སྐོར་ཞིག་གིས་ལམ་སེང་རྒྱ་མིའི་གསང་ཉུལ་དང་། དོལ་རྒྱལ་བརྟེན་གསོལ་མཁན་ཞེས་རང་ཉིད་དང་ལྟ་སྤྱོད་མི་མཐུན་པ་ཚོར་ཐད་ཀར་མཚང་འབྲུ་བཞིན་ཡོད་མོད། ཁྱེད་ཀྱིས་རང་ནུས་ཡོད་དགུས་གནས་ལུགས་ཤོད་ཐུབ་པར་འབད་པ་འདི་ངས་ཁྱེད་ལ་དུས་ལྟར་ལན་འདེབས་བྱེད་པའི་རྒྱུ་མཚན་གཙོ་བོ་ཡིན། ད་ནི་བརྒྱ་བཤད་སྟོང་བཤད་ཅི་ལྟར་བྱས་ཀྱང་མཐར་གཏུགས་ན་བོད་དོན་ཆེད་ཅིག་བྱེད་དགོས་ཀྱི་འདུག་གམ་མི་དགོས། དགོས་ན། ད་ལྟའི་བོད་ནང་གི་རང་སྲོག་བློས་གཏོང་གི་གདོང་ལེན་འདི་ལས་ལྷག་པ་ཞིག་འདུག་གམ་མི་འདུག
འདི་ལྟར་བྱས་ན་བོད་རང་བཙན་རེག་པའི་གདེང་ཚོད་མི་འདུག། དེ་ལྟར་བརྒྱུག་ཀྱང་བོད་རང་བཙན་རེེག་པའི་རེ་བ་ཕྲ་མོ་རེད་ལབ་ནས་སྡོད་་རྩིས་ཡིན་ནམ། ལོ་ཅི་ཙམ་ལ་ཉལ་གི་ཡིན། བསྐལ་བའི་བར་དུ་ཉལ་གྱི་ཡིན་ནམ། འོན་ཀྱང་བོད་བསྐལ་བའི་བར་དུ་གནས་དང་མི་གནས་དེ་ད་ལྟའི་དུས་རབས་འདིའི་བོད་མི་རིགས་ཀྱི་འཐབ་རྩོད་ལ་་རེག་ལས་པ་ངས་མ་བཤད་ཀྱང་དཔྱོད་པ་ཞུགས་པ་ཁྱེད་ཀྱིས་མཁྱེན་ངེས། ཉེ་རབས་ལོ་རྒྱུས་ཁྲོད་རྒྱ་ནག་གིས་ཉི་ཧོང་གི་བཙན་འཛུལ་འགོག་རྒོལ་ཆེད་མི་ཅི་ཙམ་ཤི་འདུག གོ་གུང་ནང་འཛིངས་ཁྲོད་མི་སྲོག་ཅི་ཙམ་གྱིས་འགྲོ་སོང་བཏང་འདུག དེ་བཞིན་འབར་མར་ལྟོས་དང་། ཉེ་བའི་ལོ་འགའི་ནང་སྲོག་དང་ཁྲག་གིས་འགྲོ་གྲོན་ཅི་ཙམ་བཏང་འདུག ང་ཚོས་ཀྱང་དེ་དག་ལ་བལྟས་ནས་རང་དོན་ཆེད་སྲོག་གི་ལེགས་སྐྱེས་འབུལ་མཁན་ཚོར་བཀག་འགོག་བྱེད་དགོས་དོན་མི་འདུག བོད་དོན་འཐབ་རྩོད་པ་མང་དག་ཅིག་མིག་མདུན་ནས་མེད་པར་གྱུར་ན་སེམས་ཀྱིས་བཟོད་དཀའ་བ་བདེན་པ་རེད། འོན་ཀྱང་བོད་མི་རིགས་ཟེར་བ་འདི་འཛམ་གླིང་ལོ་རྒྱུས་ནས་སྟོང་འདོད་མེད་ན་འཐབ་རྩོད་འདི་རྒྱུན་མཐུད་རྒྱུ་རང་རེད། གལ་སྲིད་བོད་ཀྱི་གདོང་མཆོང་དཔའ་བོ་དག་འགོག་གི་་ཡིན་ན། བོད་ཀྱི་ཡིག་ཐོག་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས། ལག་ཤེས་སོགས་འགྲེམས་སྟོན་བྱེད་སའི་འགྲེམས་སྟོན་ཁང་ཆེན་པོ་ཞིག་གང་མགྱོགས་སྒོ་འབྱེད་བྱེད་རོགས། འོ་ད་དུང་ཞུ་རྒྱུ་ཞིག་ལ་ཁྱེད་ཀྱིས་སྐད་ཆ་ཤོད་སྟངས་ལས་བཅོས་མའི་ཁྱད་ཆོས་ཤིག་སྔ་ཕྱི་བར་གསུམ་དུ་མངོན་ཡོང་གི་འདུག སྐུ་མཁྱེན་གཟབ་གཟབ་གནང་རོགས། བུ་གོ་ལ་ཚིག་གཅིག་གིས་ཆོག་པར་བྱ།
བོད་ནང་ལ་འདི་འདྲའི་ཛ་དྲག་གི་གནས་སྟངས་སྐབས་ལ་ཀླད་མེད་འགའི་ད་དུང་བྱབ་ཆུང་དང་ནང་ཁུལ་དཀྲུགས་ཤིང་འཕེན་མཁན་སུ་ཡོད་ན་དྲ་རྒྱའི་དོ་དམ་པའི་བཀཀ་འགོག་བྱེད་རོགས་ཞུ། དྲ་འབུ་འདི་རིགས་ལ་བོད་མི་ཛཛཚོའི་དོ་སྣང་དང་རྩད་གཅོད་ནན་མོ་བྱོས། རེབ་གོང་སྐྱབས་མགོན་ལ་བསྔགས་བརྗོད་ཞུ།
ལྷ་ལྡན་ལགས། གནད་དོན་གང་ཞིག་གླེང་རུང་དགོས་བ་རྒྱུ་མཚན་རེ་ཡོད་ཡོད་པ་རེད། དེའི་རྐྱེན་གྱིས་སྐུ་ཉིད་ཀྱི་འདོད་བློ་ངོ་མ་དེ་མཐོང་འདོད་འདུག
དང་པོ། བོད་རང་བཙན་ཆེད་མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་འདས་བའི་དུས་ཚོད་ནང་ལའང་ནུས་ཚོད་ཀྱིས་བཏང་ཡོད་བ་རེད་ལ། མུ་མཐུད་ནས་མི་རྒྱུ་སྲོག་གསུམ་བློས་གཏོང་བྱེད་དགོས་བས་ཡིད་སྐྱོ་ནས་ཡོད། འདི་ལྟར་གླེང་མོལ་བྱས་ཡོང་དུས་ཉི་ཧོང་དང་འབར་མ་སོགས་ཀྱི་གནས་བབས་ལུང་འདྲེན་བྱེད་ཚུལ་འདི་ཕན་ཐོགས་ཆེ་བའི་སྐད་ཆ་ཞིག་མ་རེད། ལྷག་ཏུ་ཕྲན་ལ་མཚོན་ན་སྐུ་ཉིད་དང་ལྷན་དུ་གླེང་མོལ་བྱེད་པའི་དགོས་བ་རྒྱུ་མཚན་དེ་བས་ཀྱང་མ་རེད། ཁ་གསལ་བོ་བྱས་ན་བོད་ཀྱི་དཔའ་བོ་དཔའ་མོ་དག་མེ་མདའི་ཁ་སྤྲོད་ནས་བཀག་འགོག་བྱེད་མཁན་དེ་སུ་རེད་དམ། སྐུ་ཉིད་ཀྱི་བསམ་སྣང་ལ་མི་སྣ་དེ་དག་ཐོམས་བསྡད་པའི་བཟོ་ཞིག་འདུག་གམ། དྲི་བ་འདི་ཡང་བསྐྱར་ལྷ་ལྡན་ལགས་ལ་བསྐུར་ཡོད།
གཉིས་བ། བོད་ཕྱི་རོལ་གྱི་འཁྲབ་སྟོན་པ་ཚོ་དང་འཐབ་རྩོད་ལ་ངང་སྒུག་བྱེད་མཁན་འདི་དག་གི་ཐད་ནས་ཡིན། སྐུ་ཉིད་ལ་མཚོན་ན་རྒྱུས་ལོན་ཅི་ཙམ་ཞིག་བྱས་ཡོད། ཕྲན་གྱི་བསམ་སྣང་ལ་ཡུལ་གྱར་བོད་མི་ཚོའི་ཁྲོད་ན་གཏོང་ཕོད་ཅན་ཞིག་ཡོད་ཚེ། གནས་བབས་ཆ་ནས་དམངས་གཙོ་དང་རང་དབང་། གོ་སྐབས་ཀྱི་ཆ་ནས་རྒྱལ་སྤྱིའ་མིག་ལམ་དང་རྒྱ་ནག་གཞུང་ཚབ་ཀྱི་མདུན་ལ་རེད། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་ཁུ་སུམ་མེར་ལྷག་སོང་བ་རེད་དམ། མདོ་དོན་་་་་་་གལ་སྲིད་སྐུ་ཉིད་ཀྱི་བསམ་ཕྱོགས་གལ་ཆེ་བ་དང་དགེ་ཕན་མི་ཆུང་བ་རེ་ཡོད་ཚེ། བོད་ཕྱི་རོལ་ན་རང་བཙན་ཆེད་དུ་རང་སྲོག་བློས་གཏོང་བྱེད་རྒྱུ་ཡིན་ལབ་ནས་དམ་བཅའ་ལན་མང་དང་བསྐྱར་མང་ལ་འཇོག་མཁན་མང་ནི་རེད། ཁོ་བོ་དག་ལ་སྐད་ཆ་ཕྲིས་དང་སུ་ཞིག་བཀག་འགོག་བྱས་སོང་བ་རེད་དམ། གཞན་ངའི་སྐད་ཆའི་འགྲོས་འདི་ལ་བཅོས་མའི་རྣམ་པ་ཞིག་ཡོད་དབང་དུ་བཏང་རུང་དྲི་བ་ཕྲིས་དང་དགོས་བ་རྒྱུ་མཚན་ཞིག་ཡོད་ཡོད་པ་རེད།
བཀུར་འོས་པའི་སྐུ་ཞབས་ནག་ཐར་སྐྱིད་ལགས། སྐུ་ཉིད་དང་མཉམ་དུ་གླེང་མོད་བྱས་ན་དངོས་གནས་བགྲོ་གླེང་ཞིག་བྱེད་བཞིན་པའི་ཚོར་བ་དངོས་ཤིག་འདུག ད་དུང་ཉིད་ཀྱི་བརྡ་སྤྲོད་ཀྱི་འགྲོ་སྟངས་དང་། ཚིག་གི་སྙན་ཆ་་སོགས་ལའང་ཡིད་སྨོན་ཤོར་ཡོད། ངེད་གཉིས་ནས་མུ་མཐུད་བགྲོ་གླེང་བྱས་ཀྱང་ཐག་ཆོད་འགྲོ་བ་ཅི་ཡང་མེད་པས་གནས་སྐབས་འདི་ནས་མཚམས་འཇོག་གི་ཡིན། དེ་མིན་ཡིག་ངོ་ཆོད་ཙམ་དང་འུར་ལངས་ཆོག་ཆོག་ཡོད་པའི་དྲ་འབུ་མང་དག་ཅིག་ནས་དོན་མེད་རྙོག་གཏམ་གྱི་རི་ལུང་འགེངས་ངེས། ངེད་གཉིས་ནས་གླེང་སྟེགས་གཞན་ཞིག་བརྒྱུད་ནས་བགྲོ་གླེང་བྱེད་ཐུབ་པར་སྨོན།
སྐུ་ཉིད་ནས་ངལ་བར་མ་འཛེམས་པར་བགྲོ་གླེང་གླེང་བར་བཀའ་དྲིན་ཞུ།